Skip to main content Skip to search
23 Aug 2018
2 min 27 sec
Video Overview
Creators: 
Penchela, Yeshi Wangchuk

Kuenzang Wangmo learned about Khasha (quarreling) from her mother. In the past, Khasha was considered to be sharing feelings and emotions with each other. Khasha is about dialogue between two people, who share their emotions with one another.

 

ཀུན་བཟང་དབང་མོ་གིས་ མོ་རའི་ཨའི་ལས་ལྷབ་ལྷབ་ཨིན་མས། དང་ཕུག་འབད་བ་ཅིན་ ཁ་ཤག་འདི་ གཅིག་གི་གཅིག་ལུ་ ཧིང་གཏམ་ ཡང་ན་སེམས་སྐྱོ་བའི་ལོ་རྒྱུས་འདི་ཚུ་ ཁ་ཤག་ཐོག་ལས་ སླབ་སྲོལ་ཡོདཔ་ཨིན་མས། ཁ་ཤག་ཟེར་མི་འདི་ མི་གཉིས་ཅིག་གིས་ཅིག་ལུ་ ལན་ཕར་དང་ཚུར་རྐྱབ་འདི ་འགྱུར་མི་འདི་ལུ་ སླབ་དོ་ཡོདཔ་ཨིན་མས། དཔེར་ན་ རྒྱ་ནང་ཤིང་གི་རྩ་བ་ལུ་ བུམོ་རྒྱ་བཟང་སྐུ་འཁྲུངས། གནམ་སྐོད་ཨྱོན་བོད་ལུ་བསྐོད་ད་ནུག། ཡབ་རྒྱལ་པོ་བཀའ་བརྩན་རུང་ རྒྱ་ནག་རྒྱལ་པོ་བཀག་མ་ཚུགས། རྒྱ་འབྲམ་ཚད་ཁ་འཆམ་རུང་ བོད་བློན་པོ་ ཁ་ལན་མ་མཇལཝ་ལས། བུ་མོ་རྒྱ་བཟང་བོད་ལུ་བྱོན་དགོ་འབད། ཁ་ཤག་ཟེར་མི་འདི་ མི་གཉིས་ གཅིག་གིས་གཅིག་ལུ་ ལན་ཕར་དང་ཚུར་རྐྱབ་མི་འདི་ལུ་ སླབ་ཨིན་མས། 

 

Transcript search
No results found for this search
0 of 0
  • ཀུན་བཟང་དབང་མོ་ Kuenzang Wangmo
    རྒྱ་རྒྱ་ནག་ཤིང་གི་རྩ་བར་ལུ། །བུམོ་རྒྱ་བཟའ་དབང་ཕྱུག་སྐུ་འཁྲུངས་ནུག །སྐུ་འཁྲུངས་པ་རྒྱ་ཤིང་རྩ་བར་འཁྲུངས། ད་གནམ་བསྐོས་ཨོ་རྒྱན་བོད་ལུ་བཀོད།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཡབ་མི་དབང་རྒྱལ་པོའི་བཀའ་བཙན་རུང་། །བོད་བློན་པོའི་ཤགས་ལན་འབྱོར་མ་ཚུགས། །ཡུམ་ཚེ་རིང་རྒྱལ་མོའི་ཞལ་བཞེད་ནུག །
  • ཀུན་བཟང་དབང་མོ་ Kuenzang Wangmo
    བོད་བློན་པོ་ཟས་ཀྱི་ལྷུ་མ་ཚུགས། །ནུབ་ཨ་ཡ་བདེ་བ་ནོར་མང་རུང་། །བོད་བློན་པོ་ནོར་གྱི་ལྷུ་མ་ཚུགས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    རྒྱ་བྲམ་ཟེ་(??)རྒྱལ་མོ་ཁ་འཆམ་རུང་། ། བོད་བློན་པོའི་ཤགས་ལན་འབྱོར་མ་ཚུགས། །
  • ཀུན་བཟང་དབང་མོ་ Kuenzang Wangmo
    བོད་བློན་པོའི་ཤགས་ལན་མ་འབྱོར་བར། །བུམོ་རྒྱ་བཟའ་བོད་ལུ་ཤོར་སོང་ཡི། །འ་ནེམ་ཅིག་འབད་མི་ཅིག་ཕུལ་གེ་ལགས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་དང་ཕུ་ཏེ་ ཨ་ཞེ་རྒྱ་བཟའ་ཏེ་ མནའམ་འབད་ཡར་བོད་ཀྱི་རྒྱལ་པོ་འབད་སར་མནའ་མར་འཁྱིད་འགྱོ་འགྱོ་བའི་ འ་ནཱི་ཨིན་པས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འ་ནཱི་གི་ལོ་རྒྱུས?
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་འདི་གི་ སྐུ་འཁྲུངས་པ་རྒྱ་ཤིང་རྩ་བར་འཁྲུངས། སྐུ་འཁྲུངས་ནི་མར་རྒྱ་ཤིང་གི་རྩ་བར་འཁྲུངས་རུང་ གནམ་བསྐོས་འདི་ ཨོ་རྒྱན་བོད་ལུ་བཀོད་ནུག་ཟེར་ཨིན་པས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཏེ་ རོགས་བོད་བློན་པོ་གིས་ ཏེ་ མནའམ་སྦེ་ལེན་པར་འོངམ་ད་ལུ་ ཏེ་ མར་གྱི་ཚུ་གྱིས་བཏང་མ་བཏུབ་པར་ ཏེ་ ཡབ་ཀྱིས་གསུངས་རུང་ ཏེ་ བློན་པོལུ་འབད་མ་ཚུགས་ཚུགསཔ་མས་ ཡུམ་གྱིས་གསུངས་རུང་བློན་པོ་ལུ་འབད་མ་ཚུགས་ཚུགསཔ་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ ཕྱུག་པོ་ནོར་དང་ལྡན་པ་འོང་བ་སྨོ་ ནོར་གྱི་ལྷུ་རུང་བློན་པོ་ལུ་ འབད་མ་ཚུགས་ཚུགསཔ་མས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་ལས་ རྒྱ་བྲམ་ཟེ་རྒྱལ་མོ་ཁ་རྒྱལ་མོ་ དེ་ལས་ མི་དམངས་ཨིན་མས་སྨོ་ ཏེ་ མི་དམངས་འབད་དེ་རྐྱབ་རུང་ཁོ་གི་ཤགས་ལན་མ་འབྱོར་བར་ བུམོ་རྒྱ་བཟའ་ཤོར་ཤོརཝ་ཨིན་ཟེར་བའི་ འདི་ཅིག་ཨིན་པས་ལགས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    ད་འ་ནེམ་ཅིག་ཕུལ་གེ་ ནེམ་བློ་བཙོང་སི་སི་འབད་མི་ག་ཅི་འབད་ནི།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཁ་བཤགས་འབད་ནཱ་ལས་འབད་བ་ཅིན?
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་་་ཁ་བཤགས་འབདཝ་ད་ མི་བཏང་ཟེརཝ་ད་ ཁོ་གིས་ འཁྱིད་འགྱོ་དགོ་ཟེར་སླབ་དོ་མས་ཏེ་ ཐག་ཆོད་རྦད་བཅད་མི་བཏང་ཟེར་འབད་དོ་མས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    དེ་འབད་རུང་ ཁ་ཤགས་ཟེར་ ང་བཅས་འཐབ་མས་མེན་ན་ཏེ།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་།
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་་་།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཁ་བཤགས།
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་་་ཁ་ཤགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་ལགས་སོ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་་་དེ་ལས་ ཁོ་བོད་བློན་པོ་གིས་ འཁྱིད་འགྱོ་དགོ་ཟེརཝ་ད་ ཁོང་ཆ་ཁྱབ་ཀྱིས་འབད་མ་ཚུགས་ཚུགསཔ་མས་ཏེ་ ཁ་ཤགས་མ་འབྱོར་འབྱོརཝ་མས་ རྩ་ལས་འབྱོར་མ་ཚུགས་ཚུགསཔ་མས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་ཅི་ཁ་ཤགས་ཟེརཝ་ད་ལུ་འདི་ ང་བཅས་རའི་བུམ་ཐང་པའི་ཁ་ནང་འབད་ཡ?
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་་་ང་བཅས་ཀྱིས་ཁ་ཤགས་ ཁའི་ཤགས་རྐྱབ་རྐྱབ་མི་ལུ་ཁ་ཤགས་ཟེར་སླབ་ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་བུམ་ཐང་པའི་ཁ་ལས?
  • ཀུན་བཟང་དབང་མོ་ Kuenzang Wangmo
    ཨིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་ལགས་སོ་ལགས་སོ་ ཡ་ཡ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    འོང་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་འབད་ས་ལས་ལྷབ་ཅི་ལགས?
  • ཀུན་བཟང་དབང་མོ་ Kuenzang Wangmo
    འེང་་་ང་རའི་ཨ་མ་གིས་རང་བཏང་ནི་ཡོད།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འེང་་་ལགས་སོ།
  • ཀུན་བཟང་དབང་མོ་ Kuenzang Wangmo
    འེང་་་།