Skip to main content Skip to search
29 Sep 2014
6 min 49 sec
Video Overview
Creators: 
Rinzin Dema

༉  ང་བཅས་ར་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ རང་དབང་རང་བཙན་གྱི་རྒྱལ་ཁབ་ཅིག་ཨིན། དེ་ཡང་ ཆོས་སྲིད་གཉིས་ལྡན་གྱི་རྒྱལ་ཁབ་ཅིག་འབདཝ་ལས་ ཆོས་ཀྱི་ཁ་ཐུག་ལས་རྒྱལ་ཁབ་ནང་ཞི་བདེ་དང་དགའ་སྐྱིད་འབྱུང་ཐབས་ལུ་ རྒྱལ་ཁབ་ཀྱི་ས་གནས་མཐའ་དབུས་མེད་པར་ རྫོང་ཁ་ག་རའི་ནང་ལོ་བསྟར་བཞིན་དུ་ བརྩི་སྲུང་ཞུ་དོ་ཡོད་པའི་ནང་གསེས་ལས་ ཧཱ་རྫོང་ཁག་གི་ལོ་བསྟར་ཚེས་བཅུའི་བརྩི་སྲུང་ཞུ་བའི་སྐབས་ གླུ་གཞས་སྐྱིད་པའི་འབྲུག་ཡུལ་ཟེར་ དགའ་བའི་གླུ་ལེན་ སྐྱིད་པའི་བྲོ་འཁྲབ་སྟེ་གིས་འབད་ ལོ་རེའི་བར་ན་ཚར་རེ་བརྩི་སྲུང་ཞུ་བའི་སྐབས་ལུ་ ཚེས་བཅུ་མཇལ་བར་འོང་མི་ཚུ་ལུ་ སྤྱན་འབུལ་ཕུལཝ་ཨིན་མས། དེ་སྦེ་འབད་དགོ་མི་དེ་ཡང་ ང་བཅས་ར་ག་ར་ཨིན་རུང་ ལོ་གཅིག་གི་རིང་ ཉིན་ནུབ་མེད་པར་ བཟའ་འཐུང་གི་དོན་ལས་ལཱ་འབད་ དཀའཝ་སྤྱད་ འུ་སྡུག་ཐང་ཆད་པའི་ངལ་གསོ་བཟུམ་ཅིག་ དུས་ཡུན་ཐུང་ཀུ་ཅིག་གོ་སྐབས་ཐོབ་པའི་སྐབས་ལུ་ ཚེས་བཅུ་དང་འབྲེལ་ཏེ་ སྟོནམོ་དེ་ཚུ་སྟོན་པའི་སྐབས་ལུ་ དེ་ཚུ་ལུ་སེམས་ཡེངས་ཏེ་ དགའ་བ་དང་སྤྲོ་བའི་ངང་ལུ་ དུམ་གྲ་ཅིག་གནས་ཚུགས་པའི་ཁེ་ཕན་ཡང་ཡོདཔ་ཨིན།

Performed in 2014 as entertainment in between masked dances at the Haa Tshechu (festival), the song "Keype Drukyul" is categorized as a "Boedra Rigsar" (court dancer tune of recent composition). It is a song and dance praising Bhutan (Drukyul) as the most peaceful country. The dance steps are mostly improvised within the bounds of a set of traditional movements.

Transcript search
No results found for this search
0 of 0
  • ཆུ་རི་མོ་ཡ་ལ་སོྭོ། །དགུང་སངས་ཀྱི་མཐོན་པོ། །དགུང་དང་ཁྲི་གདུགས་ཉི་མ། །ཞབས་བྲོ་བཞེས་ལ་ཕེབས་ཤོག །དགུང་དང་ཁྲི་གདུགས་ཉི་མ། །ཞབས་བྲོ་བཞེས་ལ་ཕེབས་ཤོག །
    རྫོང་ཁག་ཞབས་བྲོ་རྐྱབ་མི་/Dzongkhag Dancers;
  • ཆུ་རིས་མོ་ཡ་ལ་སོ། །གངས་སྟོད་ཀྱི་མཐོན་པོ། །གངས་དང་སེང་ཆེན་དཀར་མོ། །ཞབས་བྲོ་བཞེས་ལ་ཕེབས་ཤོག །གངས་དང་སེང་ཆེན་གཉིས་ཀུ། །ལྟད་མོ་གཟིགས་ལ་ཕེབས་ཤོག །
    རྫོང་ཁག་ཞབས་བྲོ་རྐྱབ་མི་/Dzongkhag Dancers
  • སྐྱིད་པའི་འབྲུག་ཡུལ་ཙན་དན་བཀོད་པའི་གནས། །ཤར་ནས་ཙཱ་རི་གནས་ཀྱི་ཞིང་ལ་ཁམས་གནས། །ཞིང་ཁམས་ནས་་་ཤར་ནས་ཙཱ་རི་གནས་ཀྱི་ཞིང་ལ་ཁམས་གནས། །
    རྫོང་ཁག་ཞབས་བྲོ་རྐྱབ་མི་/Dzongkhag Dancers;
  • ལྷོ་ནས་བྱང་ཐང་པདྨ་མས་མཛེས་པར་རྒྱན། །ནུབ་ནས་སྦས་ཡུལ་ཕུག་གིས་བདེ་ལ་བར་བཀོད། །བདེ་བར་བཀོད་་་ནུབ་ནས་སྦས་ཡུལ་ཕུག་གིས་བདེ་ལ་བར་བཀོད། །
    རྫོང་ཁག་ཞབས་བྲོ་རྐྱབ་མི་/Dzongkhag Dancers;
  • བྱང་ནས་གངས་ཆེན་རི་རབ་རྭ་བས་བསྐོར། །དབུས་ནས་སྐྱེད་ཚལ་བཟང་པོའི་གནས་ལ་མཆོག་གནས། །གནས་མཆོག་གནས་་་དབུས་ས་སྐྱེད་ཚལ་བཟང་པོའི་གནས་ལ་མཆོག་གནས། །
    རྫོང་ཁག་ཞབས་བྲོ་རྐྱབ་མི་/Dzongkhag Dancers;
  • བདེ་སྐྱིད་ཕུན་ཚོགས་ཞིང་ཁམས་ལྟ་བུའིགནས། །རང་དབང་རང་བཙན་གཙང་མའི་ལྡུམ་ར་འདྲ། །ལྡུམ་ར་འདྲ་་་རང་དབང་རང་བཙན་གཙང་མའི་ལྡུམ་ར་འདྲ། །
    རྫོང་ཁག་ཞབས་བྲོ་རྐྱབ་མི་/Dzongkhag Dancers;
  • སྒྲ་སྙན་ཚིག་གིས་རྒྱན་པའི་ཞབས་བྲོ་འདི། །བཀྲིས་དགའ་སྟོན་དགའ་བའི་དུས་ལ་སུ་ཕུལ། །དུས་སུ་ཕུལ་་བཀྲིས་དགའ་སྟོན་དགའ་བའི་དུས་ལ་སུ་ཕུལ། །
    རྫོང་ཁག་ཞབས་བྲོ་རྐྱབ་མི་/Dzongkhag Dancers;
  • འདིར་ཚོགས་ལྷ་མི་ཡོངས་ཀྱི་སྙན་སྒྲོན་དུ། །བདེ་ལེགས་བཟང་པོའི་དར་དང་བཅས་ལ་ཏེ་ཕུལ། །བཅས་ཏེ་ཕུལ་་་་བདེ་ལེགས་བཟང་པོའི་དར་དང་བཅས་ལ་ཏེ་ཕུལ། །
    རྫོང་ཁག་ཞབས་བྲོ་རྐྱབ་མི་/Dzongkhag Dancers;
  • ཆུ་རིས་མོ་ཡ་ལ་སྭོ། །དགུང་སངས་ཀྱི་མཐོན་པོ། །དགུང་དང་ཁྲི་གདུགས་ཉི་མ། །ཞབས་བྲོ་བཞེས་ལ་ཕེབས་ཤོག །དགུང་དང་ཁྲི་གདུགས་ཉི་མ། །ལྟད་མོ་གཟིགས་ལ་ཕེབས་ཤོག །
    རྫོང་ཁག་ཞབས་བྲོ་རྐྱབ་མི་/Dzongkhag Dancers;
  • ཆུ་རིས་མོ་ཡ་ལ་སྭོ། །གངས་སྟོད་ཀྱི་མཐོན་པོ། །གངས་དང་སེང་ཆེན་དཀར་མོ། །ཞབས་བྲོ་བཞེས་ལ་ཕེབས་ཤོག །གངས་དང་སེང་ཆེན་གཉིས་ཀུ། །ལྟད་མོ་གཟིགས་ལ་ཕེབས་ཤོག །
    རྫོང་ཁག་ཞབས་བྲོ་རྐྱབ་མི་/Dzongkhag Dancers;