Skip to main content Skip to search
22 Jan 2016
4 min 6 sec
Video Overview
Creators: 
Sherig Dhentshog

This song known as Ngachey Pelden Drukpay Gyalkhabnang, which can be loosely translated as “In out country of Druk the Bhutan,” was probably an old rigsar or the early modern composition in praise to the country of Bhutan. The song was praise to the country that ends with a wish of continued peace and happiness.  In brief the song says, in our country Bhutan, by the grace of the triple gem and with grateful noble leaders. We have the best guidance. We are like one family and with the glory of compassion; there shall be the circumstances for continued peace and happiness.

༉  སྐལ་བཟང་གསེར་ཁྲིའི་སྟེང་ལ་ ཟེར་བའི་གླུ་གཞས་འདི་ འབྲུག་རྒྱལ་ཁབ་ནང་གི་རང་ལུགས་ཀྱི་གླུ་གཞས་ཚུ་ལས་ བོད་སྒྲའི་དབྱེ་ཁག་ནང་ཚུད་པའི་གླུ་གཞས་ཅིག་ཨིནམ་ད་ གླུ་གཞས་འདི་ནང་ སྐལ་བཟང་གསེར་ཁྲིའི་སྟེང་ལུ་ དྲིན་ཅན་རྩ་བའི་བླམ་གིས་ ཡར་ཡར་རི་གསུམ་འཛོམས་སར་ ཤིང་ཆེན་འཛོམས་ས་རུག་རུག་ཟེར་ ཤིང་གི་ནང་ལས་རྩ་ཆེ་བའི་ཤིང་ཆེན་གསུམ་ཡོད་ས་ལས་ ཤིང་ཆེན་ཆེ་བའི་མཚན་འདི་ ཙནྡན་སྡོང་པོ་ཟེར་དང་ ཤིང་ཆེན་བར་མའི་མཚན་འདི་ ལྷ་ཤིང་ཤུག་པོ་ཟེར་ དེ་ལས་ ཤིང་ཆེན་ཆུང་བའི་མཚན་འདི་ བ་ལུ་སུ་ལུ་ཟེར་ ཤིང་གི་ནང་ལས་མཆོག་ཏུ་གྱུར་པའི་ཤིང་འབདཝ་ལས་ འ་ནཱི་ཤིང་གསུམ་འཛོམས་པའི་ཕུ་ལས་བསང་ཤིང་བཅག་འབག་ཤོག་ཟེར་ དྲིན་ཅན་རྩ་བའི་བླམ་གིས་བཀའ་གནང་གནངམ་གི་ཚུལ་ཅིག་ཨིནམ་ད་ ལྷ་ལུ་བསང་མཆོད་ཕུལ་ཏེ་ སྐྱབས་རྟེན་ལྷ་ལས་ཞུ་ཆོག་ཟེར་ ལྷ་ལུ་བསང་མཆོད་ཕུལ་ཞིནམ་ལས་ ལྷ་ལུ་གསོལཝ་བཏབ་སྟེ་སྐྱབས་དང་རྟེན་ཞུ་དགོ་པའི་སྐོར་ལས་ཨིན་མི་བོད་སྒྲའི་གླུ་གཞས་འདི་ པདྨ་དགའ་ཚལ་ནོར་བུ་སྒང་ལས་ པདྨ་དབང་མོ་གིས་འཐེནམ་ཨིན་པས།

Transcript search
No results found for this search
0 of 0
  • པདྨ་དབང་མོ་/ Pema Wangmo:
    སྐལ་བཟང་གསེར་་ཁྲིསྟེང་ལ། །བདེ་ཆེན་རྩ་བའི་བླ་མ། །
  • པདྨ་དབང་མོ་/ Pema Wangmo:
    སྐྱིད་པ་བཟང་སོང་ལ་ངའི་ནོར་བུ་ལས་རིགས་ཁྲོད་ཕྲེད་སོང་། །ནོར་བུ་བཟང་སོང་ལ་ངའི་ནོར་བུ་ལས་གླུ་ལ་གཙན་མདའ། །
  • པདྨ་དབང་མོ་/ Pema Wangmo:
    ཡར་ཡར་རི་གསུམ་འཛོམས་ས། །ཤིང་ཆེན་འཛོམས་ས་རུང་རུང། །
  • པདྨ་དབང་མོ་/ Pema Wangmo:
    བཀོད་པ་བཟང་སོང་ལ་ངའི་ནོར་བུ་ལས་གླུ་ལ་གཙན་མདའ། །
  • པདྨ་དབང་མོ་/ Pema Wangmo:
    བཀོད་པ་བཟང་སོང་ལ་ངའི་ནོར་བུ་ལས་གླུ་ལ་གཙན་མདའ། །
  • པདྨ་དབང་མོ་/ Pema Wangmo:
    ཤིང་ཆེན་ཆེ་བའི་རྩེ་ལ། །གཙན་ལྡན་དོང་པོ་ཟེརཝ་མས། །
  • པདྨ་དབང་མོ་/ Pema Wangmo:
    སྐྱིད་པ་བཟང་སོང་ལ་ངའི་ནོར་བུ་ལས་རིགས་ཁྲོད་ཕྲེད་སོང་། །ནོར་བུ་བཟང་སོང་ལ་ངའི་ནོར་བུ་ལས་གླུ་ལ་གཙན་མདའ། །
  • པདྨ་དབང་མོ་/ Pema Wangmo:
    ཤིང་ཆེན་བར་མའི་རྩེ་ལ། །ལྷ་ཤིང་ཤུགས་པོ་ཟེརཝ་མས། །
  • པདྨ་དབང་མོ་/ Pema Wangmo:
    སྐྱིད་པ་བཟང་སོང་ལ་ངའི་ནོར་བུ་ལས་གླུ་ལ་མཛད་ཕྲེད་(?)སོང་། །ནོར་བུ་བཟང་སོང་ལ་ངའི་ནོར་བུ་ལས་གླུ་ལ་གཙན་མདའ། །
  • པདྨ་དབང་མོ་/ Pema Wangmo:
    ཤིང་ཆེན་ཆུང་བའི་རྩེ་ལ། །བ་ལུ་སུ་ལུ་ཟེརཝ་མས། །
  • པདྨ་དབང་མོ་/ Pema Wangmo:
    སྐྱིད་པ་བཟང་སོང་ལ་ངའི་ནོར་བུ་ལས་རིགས་ཁྲོད་ཕྲེད་སོང་། །ནོར་བུ་བཟང་སོང་ལ་ངའི་ནོར་བུ་ལས་གླུ་ལ་གཙན་མདའ། །
  • པདྨ་དབང་མོ་/ Pema Wangmo:
    ཤིང་གསུམ་འཛོམས་ས་རྩེ་ལ། །སངས་ཤིང་ལྕགས་སུ་ཟེརཝ་མས། །
  • པདྨ་དབང་མོ་/ Pema Wangmo:
    སྐྱིད་པ་བཟང་སོང་ལ་ངའི་ནོར་བུ་ལས་རིགས་ཁྲོད་ཕྲེད་སོང་། །ནོར་བུ་བཟང་སོང་ལ་ངའི་ནོར་བུ་ལས་གླུ་ལ་གཙན་མདའ། །
  • པདྨ་དབང་མོ་/ Pema Wangmo:
    ལགས་སོ།