Skip to main content Skip to search
31 Aug 2018
3 min 42 sec
Video Overview
Creators: 
Sherig Dentshog

ཀ་རྩོམ་ཟེར་མི་འདི་ སྙན་རྩོམ་གྱི་ནང་གསེས་ལས་ གསལ་བྱེད་སུམ་ཅུ་ཐམ་པའི་ཀ་རྟགས་དང་འཁྲིལ་ཏེ་བརྩམས་བརྩམསམ་ཅིག་ཨིནམ་ད་ སྙན་རྩོམ་ལ་ལུ་ཅིག་ ཞབས་བྲོ་སྦེ་འཐེན་ནི་ཡོདཔ་མ་ཚད་ ལ་ལུ་ཅིག་ཚིག་ལྷུག་སྦེ་སླབ་སྲོལ་ཡོད། པདྨ་དགའ་ཚལ་རྫོང་ཁག་འུང་ཆི་ལོ་ལས་ བསོད་ནམས་ཀྱིས་ ཀ་རྩོམ་ཅིག་འཐེན་མི་འདི་ ག་གིས་བརྩམས་ཅི་ག་དང་ ནམ་བརྩམས་ཅི་ག་མ་ཤེས་རུང་ གཡུས་ཁ་ལུ་ཕམ་རྒས་ཤོས་ཚུ་ལས་བརྒྱུད་དེ་ དར་ཁྱབ་བྱུང་ཡོདཔ་ད་ སྙན་རྩོམ་འདི་ཚངས་ལའི་ཁ་སྐད་ནང་སྦེ་བརྩམས་ཏེ་འདུག

Transcript search
No results found for this search
0 of 0
  • བསོད་ནམས་ Sonam
    ཀ་ལི་ཁོ་ལས་ཨུན་ཐཱན། །ཁ་གླིང་མཐོང་གྲོལ་མཇལ་བ་སྭོ་ཡ་ལ། ། ཀ་ལི་ཁོ་ལ་ལས་འོང་སྟེ། །ཁ་གླིང་མཐོང་གྲོལ་མཇལ་ཡི་སྭོ་ཡ་ལ། །
    Coming from Kalikhola, [I] happend to see scroll of Buddha painting (thongdroel)
  • བསོད་ནམས་ Sonam
    ག་གླིང་འཆང་མི་གཤེགས་པ། །ང་ཐུར་རུམ་ཉི་ང་མ་སྭོ་ཡ། ། ག་གླི་འཆང་མི་ལྷོདཔ་ད། །ཉ་གཅིག་འཕྱད་དེ་ཟ་ཡི་སྭོ་ཡ། །
    Having reached Galing Changmey, [I] came across a fish and was eaten
  • བསོད་ནམས་ Sonam
    ཅ་ལ་མ་ཀ་སོ་ངོ་། །ཆ་རོགས་ཨ་མཁན་མ་ལ་སྭོ་ཡ་ལ། ། ཅ་ལ་མེད་པའི་མི་ལུ། །ཆ་རོགས་འབད་མི་མིན་འདུག་སྭོ་ཡ་ལ། །
    With no possession of materials, there is nobody to befriend me.
  • བསོད་ནམས་ Sonam
    ཇ་ཐུར་ཇ་མེ་དག་ནེ་བུ། །ཉ་ཏ་ཨོ་དོ་དག་ལ་སྭོ་ཡ། ། ཇ་ཅིག་འཐུང་གེ་ཟེར་རུང་། །ཕར་ལུ་ཤོག་ཟེར་སླབ་མས་སྭོ་ཡ། །
    Just thought of having tea but [they] said to come there
  • བསོད་ནམས་ Sonam
    རྟག་བུ་མ་ཆོ་ནེ་བུ། །ཐ་དང་དམ་ཚིག་བཙུང་མས་སྭོ་ཡ་ལ། ། རྟག་བུ་སྡོད་ནི་མེད་རུང་། །ཐ་དང་དམ་ཚིག་བཟུང་འོང་སྭོ་ཡ་ལ། །
    Though [we] won't live forever, [I] will be always faithful.
  • བསོད་ནམས་ Sonam
    ད་རེས་ཐུར་ཤ་མང་གི །ན་ག་ཉ་རང་ཆོ་ལེ་སྭོ་ཡ། ། ད་རེས་རྐྱངམ་ཅིག་མེན་པར། །ཁྱོད་ཀྱི་ཕར་རང་སྡོད་འོང་སྭོ་ཡ། །
    Not only this year, [I] will stay at your home forever.
  • བསོད་ནམས་ Sonam
    སྤང་ཐང་སང་མོ་ནང་ཀ །ཕ་མས་བཅགས་པ་ས་གོ་སྭོ་ཡ་ལ། ། སྤང་ཐང་སྐམ་པའི་ནང་ན། །ཕ་མས་བཅགས་པའི་ས་གོ་སྭོ་ཡ་ལ། །
    In the dry land pasture, where [my] parents settled there
  • བསོད་ནམས་ Sonam
    སྦ་སྒོར་ཕེ་ག་ནང་ཀ །མ་ལ་ཤོ་ནང་ཕེ་ལོ་སྭོ་ཡ། ། སྦ་སྒོར་ཁྱིམ་གྱི་ནང་ན། །སེམས་དགའ་བ་མིན་འདུག་སྭོ་ཡ། །
    A hut, being inside it is sorrowful
  • བསོད་ནམས་ Sonam
    སྦ་སྒོར་ཕེ་ག་ནང་ཀ །མ་ལ་ཤོ་ནང་ཕེ་ལོ་སྭོ་ཡ། ། སྦ་སྒོར་ཁྱིམ་གྱི་ནང་ན། །སེམས་དགའ་བ་མིན་འདུག་སྭོ་ཡ། །
    A hut, being inside it is sorrowful
  • བསོད་ནམས་ Sonam
    ཙ་མང་ཏོ་ཀ་རི་ག །ཚ་ལུབ་བཟའ་ལེ་དེ་བ་སྭོ་ཡ་ལ། ། ཙ་མང་ཏོ་ཀ་རི་ལུ། །ཚལ་ལུ་བཟའ་བར་སོང་ཡི་སྭོ་ཡ་ལ། །
    At Tsama Tokari [I] went for eating an organge
  • བསོད་ནམས་ Sonam
    འཛམ་གླིང་ཨོ་ག་གཤེགས་ནེ་བུ། །ཝམ་རོང་ཤོ་ནང་ཕེ་ན་སྭོ་ཡ། ། འཛམ་གླིང་ག་ཏེ་ལྷོད་རུང་། །ཝམ་རོང་འདི་རང་དགའ་བས་སྭོ་ཡ། །
    Wherever place [I] reach, [I] like Wamrong the more Wherever place [I] go, [I] like Wamrong the more
  • བསོད་ནམས་ Sonam
    འཛམ་གླིང་ཨོ་ག་དེ་ནེ་བུ། །ཝམ་རོང་ཤོ་ནང་ཕེ་ན་སྭོ་ཡ། ། འཛམ་གླིང་ག་ཏེ་འགྱོ་རུང་། །ཝམ་རོང་འདི་རང་དགའ་བས་སྭོ་ཡ། །
    Wherever place [I] reach, [I] like Wamrong the more Wherever place [I] go, [I] like Wamrong the more
  • བསོད་ནམས་ Sonam
    ཞྭ་ནག་རྔ་འཆམ་ཇོང་ཉི། །ཟང་ང་ཟིང་ངེ་ཨུ་ཕ་སྭོ་ཡ་ལ། ། ཞྭ་ནག་རྔ་འཆམ་རྐྱབ་སྟེ། །ཟང་ང་ཟིང་ངེ་ཐལ་སོ་ཡི་སྭོ་ཡ་ལ། །
    Having danced the black hat dance, [I] became dizzy
  • བསོད་ནམས་ Sonam
    འ་ར་འུ་རུ་ཨ་ཉི། ཡ་མ་ཡོ་མོ་ལུས་པ༌སྭོ་ཡ་ལ། ། འ་ར་འུ་རུ་བཏང༌སྟེ། །ཡ་མ་ཡོ་མོ་ལུས་སོ་ཡི་སྭོ་ཡ་ལ། །
    So noisy, I remained in the mid of disturbance.
  • བསོད་ནམས་ Sonam
    འ་ར་འུ་རུ་ཨ་ཉི། ཡ་མ་ཡོ་མོ་ལུས་པ༌སྭོ་ཡ། ། འ་ར་འུ་རུ་བཏང༌སྟེ། །ཡ་མ་ཡོ་མོ་ལུས་སོ་ཡི་སྭོ་ཡ། །
    So noisy, I remained in the mid of disturbance.
  • བསོད་ནམས་ Sonam
    ར་སྡེ་ཕོངས་མེད་གཤེགས་པ། །ལ་དག་པ་ཐུར་རུ་མ་སྭོ་ཡ་ལ། ། ར་སྡེ་ཕོངས་མེད་ལྷོདཔ་ད། །ལ་དག་པ་ཅིག་འཕྱད་ཅི་སྭོ་ཡ་ལ། །
    Having reached Radhi Phongmey, [I] met a Ladakpa
  • བསོད་ནམས་ Sonam
    ཤ་ཝ་མ་བུ་བསམ་བུ། །ས་ཕྱོགས་ཨོ་ཉ་ལུས་པ་སྭོ་ཡ། ། ཤ་ཝ་མ་བུ་གསུམ་ཡང་། །ས་ཕྱོགས་དེ་ཁར་ལུས་སོ་ཡི་སྭོ་ཡ། །
    Three familied deers were left in that place Three fanilied deers were left in that place
  • བསོད་ནམས་ Sonam
    ཤ་ཝ་མ་བུ་བསམ་བུ། །ས་ཕྱོགས་ཨོ་ཉ་ལུས་པ་སྭོ་ཡ། ། ཤ་ཝ་མ་བུ་གསུམ་ཡང་། །ས་ཕྱོགས་དེ་ཁར་ལུས་སོ་ཡི་སྭོ་ཡ། །
    Three familied deers were left in that place Three fanilied deers were left in that place
  • བསོད་ནམས་ Sonam
    ཧ་ཧ་ཧི་ཧི་ཨ་ཉི། །ཇ་ཇི་ཨ་ལེ་མང་ཕ་སྭོ་ཡ་ལ། ། ཧ་ཧ་ཧི་ཧི་འབད་དེ། །ཇ་ཇི་འབད་ནི་མི་འོང་སྭོ་ཡ་ལ། །
  • བསོད་ནམས་ Sonam
    ཨའི་ཀ་སྤུར་ཡེན་ཐཱན། །འཛམ་གླིང་བསྐོར་བེ་དེ་ལེ་སྭོ་ཡ། ། ཨའི་ཀ་སྤུར་གྱོན་ཏེ། །འཛམ་གླིང་བསྐོར་བ་འགྱོ་ནི་སྭོ་ཡ། །
    [We] should not over laugh Haha hehe... By wearing Aye karpo [I] will roam in the world.
  • བསོད་ནམས་ Sonam
    ལགས་སོ།། །།
    Thanks