Video Overview
This is a video of Drolle from Serchen, Amdo singing a song called "The Karma of the Fiancée." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་ཡ་རེ་ཡ་རེ་་་ངས་ཡ་རེ་ལེན་དགོ བྱང་ཡ་རེ་རང་གི་ལེན་ཕྱོགས་རེད༽
- འདི་ཐོ་རུ་ཐོར་མོ་མཉམ་སྐྱེས་རེད། །
- ཐོར་མོ་རྟ་མང་དཀྱིལ་ན་ཡོད། །
- ཐོ་རུ་བྱང་ལམ་མཚམས་ན་ཡོད། །
- ལྕག་ཕྲ་མོས་མ་རྒྱག་རྟ་བདག་ཚོ། །
- འགྲོ་དགོས་པ་ཐོ་རུའི་སྔོན་ལས་རེད། །
- འདི་ལག་ག་ལག་མོ་མཉམ་སྐྱེས་རེད། །
- འདི་ལག་མོ་ལུག་མང་གྲལ་ན་ཡོད། །
- ལག་ག་ཤན་པའི་ལག་ན་ཡོད། །
- རྡོ་འུར་ཆས་མ་རྒྱག་རྒྱུ་བདག་ཚོ། །
- འགྲོ་དགོས་པ་ལག་གའི་སྔོན་ལས་རེད། །
- འདི་མིང་ཆུང་སྲིང་ཆུང་མཉམ་སྐྱེས་རེད། །
- མིང་ཆུང་ཕ་མའི་རྩིབ་ན་ཡོད། །
- སྲིང་ཆུང་གནས་ཡུལ་མཚམས་ན་ཡོད། །
- ཚིག་སྡུག་ནོ་མ་བཤད་ཕ་མ་ཚོ། །
- འགྲོ་དགོས་པ་བུ་མོའི་སྔོན་ལས་རེད། །
- གླུ་ཤེས་ཁུལ་བྱེད་ལ་དགོད་ཁ་སློངས། །