15 Dec 2011
5 min 31 sec
Video Overview
Creators:
Unknown
Könchok Gyatso visits a doctor for a diagnosis.
- [སྒོ་རྡུང་བ་][Door knocking]
- ཨམ་ཆི Doctorཡར་ཕེབས།Please come inside.
- དཀོན་མཆོག་རྒྱ་མཚོ Könchok Gyatsoཨོའོ། ཨེམ་ཆི་བཞུགས་འདུག་གOh, the doctor is here.
- ཨམ་ཆི Doctorའོ་ལགས། འདའི་བཞུགས་དང་།Yes. Please sit here.
- དཀོན་མཆོག་རྒྱ་མཚོ Könchok Gyatsoའོ་འོ།Okay.
- ཨམ་ཆི Doctorའདའི་བཞུགས། འདའི།Please sit here. Here.
- དཀོན་མཆོག་རྒྱ་མཚོ Könchok Gyatsoདེ་ན།Here.
- ཨམ་ཆི Doctorའོ།Yes.
- དཀོན་མཆོག་རྒྱ་མཚོ Könchok Gyatsoཨོའོ། ཨམ་ཆི་ལགས་བཞུགས་འདུག་གOh, glad you are here.
- ཨམ་ཆི Doctorམཚན་ལ་ག་རེ་ཞུ་གི་ཡོད།What is your name?
- དཀོན་མཆོག་རྒྱ་མཚོ Könchok Gyatsoཨཱ་ནི་ང་དཀོན་མཆོག་རྒྱ་མཚོ་ཡིན།My name is Könchok Gyatso.
- ཨམ་ཆི Doctorའོ་དགུང་ལོ་ག་ཚོད་ཕེབས་པ་རེད།How old are you now?
- དཀོན་མཆོག་རྒྱ་མཚོ Könchok Gyatso༤༩49
- ཨམ་ཆི Doctorའོ་འོ། བཞུགས་ས་གང་ནས་རེད།I see. Where do you live?
- དཀོན་མཆོག་རྒྱ་མཚོ Könchok Gyatsoལྷ་ས་བསྡད་ཡོད་སྤྱི་ཚོགས་ཚན་རིག་ཁང་ནས།I am from the Bureau of Social Science in Lhasa.
- ཨམ་ཆི Doctorའོ་འོ།I see.
- སྙུང་ནས་ག་ཚོད་འཐད་སོང་།How long have you been sick?
- དཀོན་མཆོག་རྒྱ་མཚོ Könchok Gyatsoལྟ་ཉིན་མ། ཟླ་བ་ཕྱེད་ཀ་ཙམ་ཕྱིན་སོང་།For about half a month.
- ཨམ་ཆི Doctorའོ་འོ། ལགས་སོ།I see, okay.
- དཀོན་མཆོག་རྒྱ་མཚོ Könchok Gyatsoཞེ་དྲགས་ན་གི་འདུག ཨཱ་ནི་ཨར་ཐེབས་ཀྱི་མི་འདུག་ཨཱ་ནི།The pain is excruciating, and I can't bear it.
- ཨམ་ཆི Doctorམདང་དགོང་ཞལ་ལག་ག་རེད་མཆོད་པ།What did you eat last night?
- དཀོན་མཆོག་རྒྱ་མཚོ Könchok Gyatsoཨཱ་ནི་སྤྱི་ཐབ་ནས་ཐུག་པ་ཞིག་འཐུང་བ་ཡིན།I eat noodles at the mess hall.
- ཨམ་ཆི Doctorའོ་འོ། འདིས་མི་བདེ་བ་ཆགས་པ་རེད་པས།I see. Do you think that caused the discomfort?
- དཀོན་མཆོག་རྒྱ་མཚོ Könchok Gyatsoདེ་འདྲ་མ་རེད། ལྟ་ཟླ་བ་ཕྱེད་ཀ་གོང་ལ།No. It happened half a month back.
- ཨམ་ཆི Doctorའོ་འོ།I see.
- དཀོན་མཆོག་རྒྱ་མཚོ Könchok Gyatsoཞེ་པོ་ན་གི་འདུགI am in great pain.
- ཨམ་ཆི Doctorལཱ་སེ། ལཱ་སེ། འོ།I see, okay.
- ཨམ་ཆི Doctorསྐེད་པ་དྲོད་མ་ཁུག་པ་འདི་འདྲས་གནང་གི་འདུག་གས།Do you feel there is not enough body heat in your torso?
- དཀོན་མཆོག་རྒྱ་མཚོ Könchok Gyatsoལྟ་གྲོད་མ་ཁུག་པ་རེད།Yes, that is correct.
- ཨམ་ཆི Doctorའོ་འོ། པས་མོ་(པུས་མོ་)ན་གི་འདུག་མི་འདུགOkay. Any pain in the knees?
- དཀོན་མཆོག་རྒྱ་མཚོ Könchok Gyatsoཔས་མོ་ཏིག་ཙམ་ན་གི་འདུགThere is a little knee pain.
- ཨམ་ཆི Doctorའོ་ལགས་སོ།I see.
- ཇ་མངར་མོ་འདི་འདྲས་མཆོད་པ་རེད་པས།Did you drink sweet tea or such things?
- དཀོན་མཆོག་རྒྱ་མཚོ Könchok Gyatsoའཐུང་གི་ཡོད།I do drink it.
- ཇ་མངར་མོ་འཐུང་གི་ཡོད།I drink sweet tea.
- ཨམ་ཆི Doctorལགས་སོ།Okay.
- མཚན་ནག་དགུང་ལ་མཉལ་འདི་འདྲས་ཁུག་གནང་གི་འདུག་གམ།Are you able to sleep well at night?
- དཀོན་མཆོག་རྒྱ་མཚོ Könchok Gyatsoམཉལ་མཚམས་མཚམས་ཡག་པོ་ཁུག་གི་འདུག མཚམས་མཚམས་ཡང་འདི་འདྲས་འདྲ་པོ་རེད།Sometimes I can sleep well, sometimes it is so-so.
- ཨམ་ཆི Doctorལོའོ་སོ།Okay.
- དཀོན་མཆོག་རྒྱ་མཚོ Könchok Gyatsoཞེ་དྲགས་ཁུག་ཡག་མི་འདུགI couldn't sleep that much.
- ཨམ་ཆི Doctorསྔས་མ་ཨཱ་ནི་འབྲུམ་བུའི་སྙུང་གཞི་འདི་འདྲས་སྣུང་མྱོང་ཡོད་རེད་པས།In the past, did you suffer from hemorrhagic disease?
- དཀོན་མཆོག་རྒྱ་མཚོ Könchok Gyatsoམེད་འདི་འདྲས།No.
- ཨམ་ཆི Doctorཨ་ལས། ལཱ་སེ།I see. Okay.
- འདིའི་སྔས་ལ་ཡ་སྨན་བཅོས་ག་རེ་གནང་པ།What was the last treatment you received?
- དཀོན་མཆོག་རྒྱ་མཚོ Könchok Gyatsoསྨན་བཅོས། ཨིམ་ཆེ་ལ་བསྟེན་མེད།I did not consult a doctor.
- ཨམ་ཆི Doctorའོ་འོ། ལགས་སོ།Okay.
- དཀོན་མཆོག་རྒྱ་མཚོ Könchok Gyatsoན་ན་བ་བསྡད་བསྡད་པ་རེད།I have been sick for a long time.
- ཨམ་ཆི Doctorལགས་སོ།Okay.
- མགོ་ཡུ་འཁོར་གནང་གི་མི་འདུག་གDo you feel any dizziness?
- དཀོན་མཆོག་རྒྱ་མཚོ Könchok Gyatsoམགོ་ཡུ་འཁོར་གྱིི་མི་འདུགNo, I don't feel any dizziness.
- ཨམ་ཆི Doctorཨོའོ། ལཱ་སེ།Okay.
- འདིའི་སྔོན་ལ་ཕྱི་ལུགས་སྨན་ཁང་འདི་འདྲས་བསྟེན་གནང་བ་རེད་པས།Did you previously consult a western doctor?
- དཀོན་མཆོག་རྒྱ་མཚོ Könchok Gyatsoབསྟེན་མེད།I didn't.
- ཨམ་ཆི Doctorཨམ། འོ།Okay.
- ཨམ་ཆི Doctorཔས་མོ་མར་ཚིགས་འདའི་སྙུང་གི་འདུག་གས།Is the pain coming from the knee joint?
- ཚིགས་རྡོག་ལ།At the ankle?
- དཀོན་མཆོག་རྒྱ་མཚོ Könchok Gyatsoཚིགས་རྡོག་བྱུང་མི་འདུག འདི་ནས་ཏིག་ཙམ་སྐས་ཛ་ཡར་བབ་དུས་ཏིག་ཙམ་ན་གི་འདུགNot in the joints. I have little pain here when I use the stairs.
- ཨམ་ཆི Doctorལཱ་སེ།Okay.
- ཕོ་བ་ཏིག་ཙམ་སྙུང་གི་མི་འདུག་གས་ནམ་རྒྱུན་ནས།Do you have any stomach pains?
- དཀོན་མཆོག་རྒྱ་མཚོ Könchok Gyatsoཕོ་བ་ན་གི་མེད། ཕོ་བ་ན་གི་མི་འདུགI don't have any stomach pain.
- ཨམ་ཆི Doctorལཱ་སེ།Okay.
- དཀོན་མཆོག་རྒྱ་མཚོ Könchok Gyatsoཕོ་བ་ལྟ་གལ་གལ་ན་གི་མི་འདུག ཁ་ལག་ག་ཚོད་བཟས་ནའི་ག་ཚོད་བཟའ་ཐུབ་ཀྱི་འདུགMy stomach is fine. I am able to eat a lot.
- ཨམ་ཆི Doctorལཱ་སེ།Okay.
- གནམ་གཤིས་ཀྱི་ཁྱད་པར་འདུག་མི་འདུགDoes the weather have any effects on you?
- དཀོན་མཆོག་རྒྱ་མཚོ Könchok Gyatsoགནམ་གཤིས་ཀྱི་ལྟ་ཏིག་ཙམ་འདུགThere are some effects.
- ཨམ་ཆི Doctorལཱ་སེ།Okay.
- གནམ་ཐིབ་པ་འདི་འདྲས་གནང་ལ་སྡུག་རུ་འཐད་ཀྱི་འདུག་གས།If it is cloudy, does your pain get worse?
- དཀོན་མཆོག་རྒྱ་མཚོ Könchok Gyatsoརེད། སྡུག་ཏུ་འགྲོ་གི་འདུགYes. It does.
- ཨམ་ཆི Doctorལཱ་སེ།Okay.
- དཀོན་མཆོག་རྒྱ་མཚོ Könchok Gyatsoགནམ་ཐང་ཐང་ཡོད་དུས་ཨཱ་ནི་ཞེ་དྲགས་ན་ཡ་སེ་མི་འདུགIf it is a sunny day, it is less severe.
- ཨམ་ཆི Doctorལཱ་སེ།Okay.
- ལྟ་ནམ་རྒྱུན་གསོལ་ཇ་མངར་མོ་དེ་འདྲས་མཆོད་རྒྱུ་ཡོག་མ་རེད་ད།You should limit drinking sweet things like tea.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorམངར་མོའི་རིགས་ཀྱི་གནོད་ཀྱི་རེད། ཕག་ཤ་གནོད་ཀྱི་རེད།Any sweet food will harm you. Eating pork will also harm you.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལགས་སོ། ཕག་ཤOkay. Pork?
- ཨམ་ཆི Doctorའོ། ཕག་ཤ། གནམ་གཤིས་འགྱུར་ལྡོག་་་Yes, pork. When the weather changes...
- དཀོན་མཆོག་རྒྱ་མཚོ Könchok Gyatsoཨཱ་ནི་བོད་ཕག་དང་རྒྱ་ཕག་གཉིས་ཁྱད་པར་ཡོག་རེད་པས།Are there any differences between Chinese pork and Tibetan pork?
- ཨམ་ཆི Doctorཡོག་རེད་ད། བོད་ཕག་ཏིག་ཙམ་དྲག་གི་རེད། རྒྱ་ཕག་དེ་ཡང་གནོད་ཀྱི་རེད་པ།Yes, there is. The Tibetan pork is little better than the Chinese. The latter is more harmful.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཞེ་དྲག་གིVery much.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorམངར་ཆའི་རིགས་ཏིག་ཙམ་འཛེམ་གནང་དང་།Limit the consumption of sweets.
- ཁོལ་པ་སྦོས་ཀྱི་མི་འདུག་གDo you feel bloated?
- དཀོན་མཆོག་རྒྱ་མཚོ Könchok Gyatsoན་གི་མི་འདུགNo.
- ཨམ་ཆི Doctorལཱ་སེ།Okay.
- དཀོན་མཆོག་རྒྱ་མཚོ Könchok Gyatsoཁོག་པ་སྦོས་ཡཱ་སེ་མི་འདུགI don't feel bloated.
- ཨམ་ཆི Doctorལྕེ་ལེབ་མར་རྐྱོང་གནང་དང་། ལྕེ་ལེབ།Please stick out your tongue.
- འོ་འོ།Good.
- ལྕེ་ཡར་བརྐྱངས་གནང་དང་།Please raise it.
- འོ་འོ།Okay.
- སྤྱན་མར་གཟིགས་གནང་ཨཱ།Please look down.
- སྙན་ལྕོག་གཅིག་སྟོན་དང་།Please let me see your ears.
- འོ་འོ།Okay.
- ཁ་ཏིག་དང་སྐྱུག་མེར་ལངས་འདི་འདྲས་གནང་གི་མི་འདུགDo you suffer from nausea or a bitter taste in your mouth?
- དཀོན་མཆོག་རྒྱ་མཚོ Könchok Gyatsoཞོགས་ཀས་ལངས་དུས་ཏིག་ཙམ་འདུགA little bit when I get up in the morning.
- ཨམ་ཆི Doctorའོ་འོ།Okay.
- འདི་སེར་པོ་བྱས།It's yellow.
- སྔས་མ་མཁྲིས་པའི་སྙུང་གཞི་འདི་འདྲས་སྙུང་མྱོང་ཡོག་མ་རེད་པ།Did you have jaundice in the past?
- དཀོན་མཆོག་རྒྱ་མཚོ Könchok Gyatsoམཁྲིས་པའི། མཁྲིས་པའི་ཏིག་ཙམ་ཡོག་རེད།Jaundice, I did have some.
- ཨམ་ཆི Doctorའོ་འོ།Okay.
- དཀོན་མཆོག་རྒྱ་མཚོ Könchok Gyatsoཏིག་ཙམ་ན་མྱོང་།I suffered a little.
- ཨམ་ཆི Doctorལྟ་སྨན་བོད་སྨན་ཏིག་ཙམ་རྒྱུན་རིང་ཙམ་མཆོད་དགོས་འཁེལ་གྱི་རེད་ད་ཁྱེད་རང་།You have to take Tibetan pills for a long period.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorའོ་འོ་ཁྱེད་རང་ཏིག་ཙམ་རྒྱུན་རིང་ཙམ་མཆོད་རྒྱུ་རེད་ལྟ།Yes, you have take the pills for a long period.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ། ལཱ་སེ།Sure. Sure.
- ཨམ་ཆི Doctorལྟ་ཉིན་མ་ཕལ་ཆེར་བཅོ་ལྔ་ཉི་ཤུ་གིས་ལམ་སེང་འགྱུར་ལྡོག་འགྲོ་ཟེར་ཡག་དེ་ཁག་པོ་རེད་པ།Within 15 to 20 days, we won't see big difference.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཨཱ་ལའི་སྔོན་རྒྱུན་རིང་ཙམ་ཞིགFirst, take the pills for a little longer duration.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ། ལཱ་སེ།Sure. Sure.
- ཨམ་ཆི Doctorགསོལ་སྨན་མཆོད་རྒྱུ་རེད།You have to take pills.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ། ལཱ་སེ།Sure. Sure.
- ཨམ་ཆི Doctorཨཱ་ནི་ཞོགས་ཀས། ཉིང་དགུང་། དགོང་དག་བྱས་བྱས་ཐུན་གསུམ་བྱས།You have morning, afternoon, and evening pills.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཨཱ་ནི་འདི་ཞོགས་ཀས་འདི་ཞལ་ལག་མཆོད་ཚར་བའི་གཞུག་གུར་གཏང་རྒྱུ་བྱས།Take the morning pills after breakfast.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཉིང་དགུང་དེ་ཆབ་དེ་འདྲས་དྲོད་འཇམ་གྱིས།Take the afternoon pill with lukewarm water.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཉིང་དགུང་གསོལ་སྨན་བཞེས་རྒྱུ་བྱས།That is for the afternoon pills.
- དགོང་དག་དེ་གཟིམ་ཁ་སླ་མོ་འདའི་གསོལ་སྨན་དེ་མཆོད་གནང་མཉེས་པོ་ཡོག་རེད།If you take the evening pills before going to bed, they are more effective.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorགཙོ་བོ་ལྟ་ཟས་སྤྱོད་སྤངས་བླང་གནང་ཡ་དེ་གལ་ཆེ་ཤོས་རེད་ད།The main thing is, you have to control your diet.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཟས་སྤྱོད་སྤངས་བླང་ཡག་པོ་མ་གནང་བ་ཡིན་ན། ཁྱེད་རང་མཁལ་མ་དང་། འབྲུམ་པ་འདི་གས་གང་ག་སྡུག་ཏུ་འཐད་ཀྱི་རེད་པཱ།If you fail to control your diet, it will affect the kidneys and all others.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorགཙོ་བོ་ལྟ་སྤང་བྱ་བྱེད་དགོས་ཡག་འདི་གས་རེད།The main thing is controlling your diet.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཨཱ་ནི་ནམ་རྒྱུན་ནས་དགོངས་པ་ཡག་པོ་བཞེས་རྒྱུ་རེད་ལྟ། སྔས་ལ་ཡ་ལྟ་བོད་སྨན་ཁོ་ར་བསྟེན་བྱས་དེ་འདྲས་གནང་འདི་ཡག་པོ་ཡོག་རེད། འདི་ནས་ག་ལེར་ག་ལེར་བྱས་བྱས་ལུང་གཅིག་སྐྱོན་ན།It is also important to think positively. Treat with the Tibetan medicines first, then gradually undergo a lung treatment.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ། ལུང་།Okay. Lung?
- ཨམ་ཆི Doctorའོ། ལུང་ཞིག་བརྒྱབ། ང་རང་ཚོའི་མེ། མེ་གསོས་ཀྱི་ལུང་ཞིག་བརྒྱབ་པ་ཡིན་ན་ལྟ་ཡག་ཤོས་ཡོག་རེད།Yes, lung. Our fire treatment is very effective.
- ཨམ་ཆི Doctorཨཱ་ནི་ཁོ་སྟོན་ཀའི་དུས་འདི་འདྲས་ཤིག་ལ་སྐྱོན་ན།Take that treatment in the autumn.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ། ལཱ་སེ།Sure. Sure.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ། ལཱ་སེ།Sure. Sure.
- ཨམ་ཆི Doctorཨཱ་ནི་མཉེས་པོ་ཡོག་རེད།Then it is more effective.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཨཱ་ནི་དེའི་གཞུག་གུར་གང་འདྲས་བྱེད་ཀྱི་འདུག་གཟིགས་ཀྱིན་གཟིགས་ཀྱིན་གནང་ཆོག་གི་རེད་པ།After that, we will see what need to be done.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ། ལཱ་སེ།Sure. Sure.
- གཅིག་བརྗེད་ཤགI forgot.
- ཨམ་ཆི Doctorའོ་འོ།I see.
- དཀོན་མཆོག་རྒྱ་མཚོ Könchok Gyatsoཨཱ་ནི་འདའི་ཉིན་མ་རེ་ལ་ཐེངས་མ་ག་ཚོད་རེད། ཨཱ་ནི་རིལ་བུ་ག་ཚོད།How many pills do I have to take per day?
- ཨམ་ཆི Doctorའོ་འོ།I see.
- དཀོན་མཆོག་རྒྱ་མཚོ Könchok Gyatsoདེ་བརྗེད་ཤགI forgot.
- ཨམ་ཆི Doctorལཱ་སེ། ལཱ་སེ། ཉིན་མ་གཅིག་ལ་ཡ་འོ་ཐེངས་མ་གསུམ་བྱས།No problem. You have to take three times a day.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཞོགས་ཀས་གསོལ་སྨན་མིང་ལ་ཡཱ་སམ་གྱུར་ཟེར་གྱི་རེད།The morning pill is called samgyur.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorསམ་གྱུར་ཟེར་གྱི་རེད།It is called samgyur.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorརིལ་བུ་བཞི་བཞི།You have to take four pills at a time.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཞལ་ལག་མཆོད་ཚར་བའི་རྗེས་ལ་གཏོང་གནང་།Take them after breakfast.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཉིན་དགུང་གི་དེ་རིང་སེལ་ཉེར་ལྔ།The afternoon pill is called Ringsel Nyernga.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཉིང་དགུང་གི་དེ་ཞལ་ལག་མ་མཆོད་གོང་ལ་བཏང་ན་འགྲིག་གི་རེད།You can take the afternoon pills before lunch.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཆབ་དྲོད་འཇམ་འདི་འདྲས་ཤིག་གིས་རིལ་བུ་བརྒྱད་རེ།Take eight pills with lukewarm water.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཨཱ་ནི་མཆོད་རོགས་གནང་།Take like that.
- དགོང་དག་དེ་ཨཱ་ནི་ཨ་གར་སོ་ལྔ་རེད།The evening pill is Agar Songa.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ།Okay.
- ཨམ་ཆི Doctorཨཱ་ནི་མར་གཟིམ་རན་དུས་རིལ་བུ་བཞི་བཞི།Before bed, you have to take four evening pills.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ། ལཱ་སེ།Okay.
- ཨམ་ཆི Doctorཨཱ་ནི་སྔས་ལ་གསོལ་སྨན་འོ་འདི་གས་ཤིག་མཆོད། གཞུག་གུར་གཅིག་ཕེབས་གནང་དང་།Take these pills first, and then pay another visit.
- དཀོན་མཆོག་རྒྱ་མཚོ Könchok Gyatsoལཱ་སེ། ལཱ་སེ། འོ་ཡག ཐུགས་རྗེ་ཆེ།Sure. Sure. Great. Thank you very much.