Skip to main content Skip to search
05 Sep 2018
2 min 32 sec
Video Overview
Creators: 
Sonam Tobgye

"Janamsum Galagala" is a Boedra song with multiple layers of meaning. On the surface it is an offering to a stupa. But the inner meaning reveals the song as making an offering to a spiritual master. The lyrics begin by offering the sun and moon to the head of a stupa, water to the 'waist' of the stupa, prostration offerings, and lastly it offers incense and other scent offerings to the base of the stupa.

 

༉  ལྷུན་རྩེ་ཆ་འོག་ ཀུར་སྟོད་རྒེད་འོག་ རྒྱ་ས་སྦི་ལས་བསོད་ནམས་གཡུ་སྒྲོན་གྱིས་ བོད་སྒྲའི་གླུ་གཞས་ཅིག་འཐེན་ཏེ་འདུག མོ་གིས་འཐེན་མི་བྱ་རྣམ་གསུམ་དགའ་ལ་དགའ་ལ་ཟེར་བའི་བོད་སྒྲའི་གླུ་གཞས་ཀྱི་དོན་དག་འདི་  མཆོད་རྟེན་ལུ་མཆོདཔ་ཕུལ་བའི་སྐོར་ལས་ཨིན་རུང་ བཅུད་དོན་ངོ་མ་འདི་ དགེ་བའི་བཤེས་གཉེན་ལུ་ བསྟོདཔ་ཕུལ་ཕུལཝ་བཟུམ་སྦེ་འདུག གླུ་གཞས་ཀྱི་ཚིག་ནང་ དང་པ་ར་མཆོད་རྟེན་གུ་ ཉིམ་དང་ཟླཝ་ཕུལ་ཞིནམ་ལས་ མཆོད་རྟེན་གྱི་སྐེད་པར་ བདུད་རྩིའི་མཆོད་པ་དང་ མཆོད་རྟེན་གྱི་མཇུག་ལུ་སྤོས་དང་བསང་གི་མཆོད་པ་ཕུལ་བའི་སྐོར་ལས་འཐོནམ་ཨིན་མས།

Transcript search
No results found for this search
0 of 0
  • བསོད་ནམས་གཡུ་སྒྲོན་ Sonam Youden
    བྱ་རྣམ་གསུམ་དགའ་ལ་དགའ་ལ། །བྱ་རྣམ་གསུམ་སྐྱིད་ལ་སྐྱིད་ལ། །སེར་པོ་གསེར་གྱི་མཆོད་རྟེན་བཞེངས། །མཆོད་རྟེན་བཞེངས། སེར་པོ་གསེར་གྱི་མཆོད་རྟེན་བཞེངས། །མཆོད་རྟེན་བཞེངས།
    Joyful three birds were, delighted three birds were, The golden stupa was built.
  • བསོད་ནམས་གཡུ་སྒྲོན་ Sonam Youden
    རྩེ་མོ་ཡས་ལ་གཟིགས་དང་། །རྩེ་མོ་ཡས་ལ་གཟིགས་དང་། །ཉིན་དང་ཟླ་བའི་མཆོད་པ་བཞེས། །མཆོད་པ་བཞེས། ཉིན་དང་ཟླ་བའི་མཆོད་པ་བཞེས། །མཆོད་པ་བཞེས།
    Watch to the peak, have the offering of sun and moon.
  • བསོད་ནམས་གཡུ་སྒྲོན་ Sonam Youden
    སྐེད་པ་ཡས་ལ་གཟིགས་དང་། །སྐེད་པ་ཡས་ལ་གཟིགས་དང་། །ཕྱག་དང་ཡོན་ཆབ་མཆོད་པ་བཞེས། །མཆོད་པ་བཞེས། ཕྱག་དང་ཡོན་ཆབ་མཆོད་པ་བཞེས། །མཆོད་པ་བཞེས།
    Watch to the mid, have the offering of bow and oblation.
  • བསོད་ནམས་གཡུ་སྒྲོན་ Sonam Youden
    རྩ་བ་མས་ལ་གཟིགས་དང་། །རྩ་བ་མས་ལ་གཟིགས་དང་། །བསང་དང་གསུར་གྱི་མཆོད་པ་བཞེས། །མཆོད་པ་བཞེས། བསང་དང་གསུར་གྱི་མཆོད་པ་བཞེས། །མཆོད་པ་བཞེས།། །།
    Watch to the root fire, have the offering of smoke.