Skip to main content Skip to search
26 Nov 2015
5 min 19 sec
Video Overview
Creators: 
Penchela, Tshering Bidha

The Azhi Zomba is a Boedra song performed by the women of Sangkari from Haa district. The purposes of Boedra songs are always good as the lyrics of the songs talks about religion, parents and masters' love, country's charm. This Particular song and dance conveys us the happiness and joy one acquires when they meet the person who is highly respected and most beautiful like Azhi Zomba. People get impressed in watching her stuffs like her jewelry, dresses and many more.

 

ཨ་ཞེ་འཛོམས་པ་ཟེར་མི་བོད་སྒྲའི་གླུ་གཞས་འདི་ ཧཱ་རྫོང་ཁག་ དབུས་སུ་རྒེད་འོག་ སངས་སྐྱིད་རི་གཡུས་ཚན་གྱི་ ཨམ་སྲུ་ཚུ་གིས་རྐྱབ་ཨིནམ་ད་ བོད་སྒྲའི་གླུ་གཞས་ཚུ་ མང་ཤོས་ཅིག་དམ་པའི་ཆོས་ཀྱི་སྐོར་དང་ ཕམ་ བླ་མའི་བརྩེ་གདུང་དང་ རྒྱལ་ཁབ་ཀྱི་སྐོར་ལས་ཡོདཔ་ལགས་ གནམ་མེད་ས་མེད་ལེགས་ཤོམ་ཅིག་་ཨིན་པས། གླུ་གཞས་འདི་ གུས་ཞབས་ཐོབ་པའི་མི་སྦོམ་ དཔེར་ན་ཨ་ཞེ་འཛོམས་པ་བཟུམ་ཚུ་དང་ཕྱད་པའི་སྐབས་ དགའ་བའི་དགའ་སྤྲོ་འགྱུར་ཏེ་ རྐྱབ་པའི་གླུ་གཞས་ཅིག་ཨིན་པས། མི་ཚ་མོ་གི་ཅ་ལ་ དཔེར་ན་མོ་གི་རྒྱན་ཆ་དང་ གྱོན་ཆས་ དེ་ལས་གཞན་ཡང་ ཅ་ལ་འདི་ཚུ་ལུ་ སེམས་ཤོར་བའི་ཚིག་ཨིན་པས།

 

Transcript search
No results found for this search
0 of 0
  • གསང་སྐྱིད་རིའི་ཨམ་ཚུ:
    ཨ་ཞེས་འཛོམས་པ་མཇལ་བའི་དཔའ་བྱུང་དོ། །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་དྲུང་དུ་དཔའ་བྱུང་དོ། །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ཞལ་སོང་དགའ་ཡང་དགའ། །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླམ་མའི་ཞལ་སུ་སྐྱིད་ཡང་སྐྱིད། །
  • གསང་སྐྱིད་རིའི་ཨམ་ཚུ:
    ས་གནས་གྱང་སས་བཞུགས་ལ་སྐུ་ཆས་ཕོག །
  • གསང་སྐྱིད་རིའི་ཨམ་ཚུ:
    རིན་ཆེན་ནོར་པའི་རིང་ལ་འབག་ཆགས་བཞགས། །
  • གསང་སྐྱིད་རིའི་ཨམ་ཚུ:
    འབག་ཆགས་བཞགས་ཅིག་བཞགས་གཉིས་ཨ་རོགས་ཚུ། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཁྲོམ་ལ་གྱལ་གཅིག་གྱལ་གཉིས་འཛོམས་པ་ཞེས། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཨ་ཞེས་འཛོམས་པ་ཞེས་པའི་ན་བཟའ་དོ། །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ཞེས་པའི་ན་བཟའ་འདུག །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ལུས་སུ་དགའ་ཡང་དགའ། །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ལུས་སུ་སྐྱིད་ཡང་སྐྱིད། །
  • གསང་སྐྱིད་རིའི་ཨམ་ཚུ:
    ས་གནས་འཇམ་ཅིག་བཞུགས་ལ་སྐུ་ཅིག་སྤུར། །
  • གསང་སྐྱིད་རིའི་ཨམ་ཚུ:
    རིན་ཆེན་ནོར་པའི་ལུས་ལ་འབག་ཆགས་བཞགས། །
  • གསང་སྐྱིད་རིའི་ཨམ་ཚུ:
    འབག་ཆགས་བཞགས་ཅིག་བཞགས་གཉིས་ཨ་རོགས་ཚུ། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཁྲོམ་ལ་གྱལ་གཅིག་གྱལ་གཉིས་འཛོམས་པ་ཞེས། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཨ་ཞེས་འཛོམས་པ་མཇལ་བའི་ན་བཟའ་འདུག །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ཞེས་པའི་ན་བཟའ་དོ། །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ལུས་སུ་དགའ་ཡང་དགའ། །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ལུས་སུ་སྐྱིད་ཡང་སྐྱིད། །
  • གསང་སྐྱིད་རིའི་ཨམ་ཚུ:
    ས་གནས་བཟང་ཚེ་བཞུགས་ལ་སྐུ་ཆེ་དོ། །
  • གསང་སྐྱིད་རིའི་ཨམ་ཚུ:
    རིན་ཆེན་ནོར་པའི་ལུས་ལ་འབག་ཆགས་བཞགས། །
  • གསང་སྐྱིད་རིའི་ཨམ་ཚུ:
    འབག་ཆགས་བཞགས་ཅིག་བཞགས་གཉིས་ཨ་རོགས་ཚུ། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཁྲོམ་ལ་གྱལ་གཅིག་གྱལ་གཉིས་འཛོམས་པ་ཞེས། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཨ་ཞེས་འཛོམས་པ་བཞེས་བའི་རྒྱན་ཆ་འདུག །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་བཞུགས་པའི་རྒྱན་ཆ་འདུག །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ལུས་སུ་དགའ་ཡང་དགའ། །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ལུས་སུ་སྐྱིད་ཡང་སྐྱིད། །
  • གསང་སྐྱིད་རིའི་ཨམ་ཚུ:
    ས་གནས་བཟང་ཚེ་བཞུགས་ལ་སྐུ་ཆེ་དོ། །
  • གསང་སྐྱིད་རིའི་ཨམ་ཚུ:
    རིན་ཆེན་ནོར་པའི་ལུས་ལ་འབག་ཆགས་བཞགས། །
  • གསང་སྐྱིད་རིའི་ཨམ་ཚུ:
    འབག་ཆགས་བཞགས་ཅིག་བཞགས་གཉིས་ཨ་རོགས་ཚུ། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཁྲོམ་ལ་གྱལ་གཅིག་གྱལ་གཉིས་འཛོམས་པ་ཞེས། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཨ་ཞེས་འཛོམས་པ་བཞེས་བའི་དབུ་ཞྭ་འདུག །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་བཞེས་པའི་དབུ་ཞྭ་འདུག །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ལུས་སུ་དགའ་ཡང་དགའ། །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ལུས་སུ་སྐྱིད་ཡང་སྐྱིད། །
  • གསང་སྐྱིད་རིའི་ཨམ་ཚུ:
    ས་གནས་བཟང་ཚེ་བཞུགས་ལ་སྐུ་ཆེས་དོ། །
  • གསང་སྐྱིད་རིའི་ཨམ་ཚུ:
    རིན་ཆེན་ནོར་པའི་ལུས་ལ་འབག་ཆགས་བཞགས། །
  • གསང་སྐྱིད་རིའི་ཨམ་ཚུ:
    འབག་ཆགས་བཞགས་ཅིག་བཞགས་གཉིས་ཨ་རོགས་ཚུ། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཁྲོམ་ལ་གྱལ་གཅིག་གྱལ་གཉིས་འཛོམས་པ་ཞེས། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཨ་ཞེས་འཛོམས་པ་བཞེས་བའི་ཞབས་ལྷམ་འདུག །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་བཞེས་པའི་ཞབས་ལྷམ་འདུག །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ལུས་སུ་དགའ་ཡང་དགའ། །
  • གསང་སྐྱིད་རིའི་ཨམ་ཚུ:
    འཛོམས་པ་བླ་མའི་ལུས་སུ་སྐྱིད་ཡང་སྐྱིད། །
  • གསང་སྐྱིད་རིའི་ཨམ་ཚུ:
    ས་གནས་བཟང་ཚེ་བཞུགས་ལ་སྐུ་ཆེས་དོ། །
  • གསང་སྐྱིད་རིའི་ཨམ་ཚུ:
    རིན་ཆེན་ནོར་པའི་ལུས་ལ་འབག་ཆགས་བཞགས། །
  • གསང་སྐྱིད་རིའི་ཨམ་ཚུ:
    འབག་ཆགས་བཞགས་ཅིག་བཞགས་གཉིས་ཨ་རོགས་ཚུ། །
  • གསང་སྐྱིད་རིའི་ཨམ་ཚུ:
    ཁྲོམ་ལ་གྱལ་གཅིག་གྱལ་གཉིས་འཛོམས་པ་ཞེས། །
  • གསང་སྐྱིད་རིའི་ཨམ་ཚུ:
    ལ་སོགས།