Skip to main content Skip to search
15 Dec 2011
3 min 13 sec
Rating
0
No votes yet
Video Overview
Creators: 
Unknown

A prominent monastic scholar from Eastern Tibet gives a lecture aimed at introducing the Jonang sect.

Show More

  • བླ་མ།
    དེ་ནས་དབུ་མ་གཞན་སྟོང་བ་ཟེར་བ་དེ་བཀའ་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་ཟེར་བ་དེ་རེད།
  • བླ་མ།
    སྤྱིར་བཏང་སྟོན་པ་བཅོམ་ལྡན་འདས་ཀྱི་བཀའ་འཁོར་ལོ་རིམ་པ་བསྐོར་ཡོད་པ་རེད།
  • བླ་མ།
    དེའི་ནང་ནས་དབུ་མ་རང་སྟོང་བས་བཀའ་བར་བ་ངེས་དོན་དང་།
  • བླ་མ།
    ཐོག་མཐའ་གཉིས་དྲང་དུ་བཞེད་ཀྱི་ཡོད་པ་རེད།
  • བླ་མ།
    ང་ཚོ་གཞན་སྟོང་བ་དག་གིས་བཀའ་ཐ་མ་ངེས་དོན་ཡིན་ཟེར་གྱིན་ཡོད་པ་རེད།
  • བླ་མ།
    དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཕྲེང་བ་ལས།
  • བླ་མ།
    བརྡ་སྤྲོད་པ་དག་ཇི་ལྟ་བུར༎
  • བླ་མ།
    ཡི་གེའི་སྤྱི་མོ་ཀློག་འཇུག་ལྟར༎
  • བླ་མ།
    དེ་བཞིན་སངས་རྒྱས་གདུལ་བྱ་ལ༎
  • བླ་མ།
    ཇི་ལྟར་འཚམས་པའི་ཆོས་སྟོན་ཏོ༎
  • བླ་མ།
    ཞེས་གསུངས་པ་བཞིན་དུ།
  • བླ་མ།
    སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་འཁོར་ལོ་རིམ་པ་གསུམ་པོ་དེ་གདུལ་བྱ་འཁྲིད་ཚུལ་གྱི་གོ་རིམ་རེད་ཟེར་གྱིན་ཡོད།
  • བླ་མ།
    དེ་ལྟར་གདུལ་བྱ་རིམ་རིམ་གྱིས་འཁྲིད་ནས་མཐར་ཐུག་གི་གནས་ལུགས་བཀའ་འཁོར་ལོ་ཐ་མའི་དུས་སུ་གསུངས་པ་རེད།
  • བླ་མ།
    ཐོག་མར་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར།
  • བླ་མ།
    དེ་ནས་གདུལ་བའི་བློ་ཅུང་ཟད་སྨིན་པའི་དུས་ན་བཀའ་བར་བ་བསྟན།
  • བླ་མ།
    དེ་ནས་ཐེག་ཆེན་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་དེ་ལ་མི་འཇིགས་པའི་བཟོད་པ་ཐོབ་པ་ན།
  • བླ་མ།
    གཟོད་ངེས་དོན་ཕྱིར་མི་ལྡོག་པའི་ཆོས་ཀྱི་འཁོར་ལོའི་གཏམ་དེ་གསུངས་པ་ཡིན་པ་རེད།
  • བླ་མ།
    དེ་ལྟར་བཀའ་དགོངས་ངེས་འགྲེལ་ལས་ཀྱང་།
  • བླ་མ།
    བཀའ་དང་པོ་བར་བ་ནི་བླ་ན་མཆིས་པ་སྐབས་མཆིས་པ། དྲང་བའི་དོན།
  • བླ་མ།
    རྩོད་པའི་གཞིའི་གནས་སུ་ལེགས་སོ་ཞེས་སངས་རྒྱས་རང་ཉིད་ཀྱིས་གསུངས་ཤིང་།
  • བླ་མ།
    བཀའ་ཐ་མའི་ཆོས་འཁོར་བསྐོར་བའི་དུས་སུ་འདི་ནི་བླ་ན་མ་མཆིས་སྐབས་མཆིས།
  • བླ་མ།
    ངེས་པའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་བ་མ་ལེགས་སོ་ཞེས་ངེས་དོན་ཡིན་པར་སངས་རྒྱས་རང་ཉིད་ཀྱིས་བཀའ་དགོངས་ངེས་འགྲེལ་ལས་གསལ་བོར་ཐག་བཅད་ཡོད་པ་རེད།
  • བླ་མ།
    རྒྱུ་མཚན་དེའི་ཕྱིར་ན་བཀའ་ཐ་མ་ངེས་དོན་ཡིན་པར་ཁས་ལེན་མཁན་དེ་འདྲ་ཞིག་རེད།
  • བླ་མ།
    དེའི་ཕྱིར་བཀའ་ཐ་མའི་རྗེས་འབྲང་གི་དབུ་མ་གཞན་སྟོང་བ་ཡང་ཟེར་བ་རེད།
  • བླ་མ།
    གཞན་སྟོང་ཇོ་ནང་གཅིག་པོའི་བཞེད་པ་མ་རེད།
  • བླ་མ།
    རྙིང་མ་པར་མཚོན་པ་ཡིན་ན་ཀུན་མཁྱེན་ཀློང་ཆེན་པ་དང་།
  • བླ་མ།
    ལོ་ཆེན་དྷརྨ་ཤྲི།
  • བླ་མ།
    མི་ཕམ་ཕྱོགས་ལས་རྣམ་རྒྱལ་སོགས་མཁས་གྲུབ་མང་པོ་དབུ་མ་གཞན་སྟོང་བ་རེད།
  • བླ་མ།
    གཞན་སྟོང་ཟེར་བ་དེ་ཇོ་ནང་གཅིག་པོའི་ཐུན་མོང་མ་ཡིན་པའི་ཆོས་སྐད་ཅིག་མ་རེད།
  • བླ་མ།
    རང་སྟོང་དང་གཞན་སྟོང་གཉིས་སུ་ཕྱེ་བའི་གཞན་སྟོང་ཟེར་བའི་ཆོས་སྐད་དེ་སྔོན་ནས་ཡོད་པ་རེད།
  • བླ་མ།
    དེ་བཞིན་བོད་ཀྱི་ཡུལ་ལ་ཆ་བཞག་པ་ཡིན་ན་ཡང་།
  • བླ་མ།
    གཞན་སྟོང་ཞེས་བཤད་དུས་ཇོ་ནང་གཅིག་པོ་ལ་གོ་བ་བླང་ན་འགྲིགས་ཀྱི་མ་རེད།
  • བླ་མ།
    རྙིང་མ་དང་ཇོ་ནང་གཉིས་ཀས་གཞན་སྟོང་བཞེད་ཀྱི་ཡོད་པ་རེད།
  • བླ་མ།
    དེ་ནས་གཞན་སྟོང་གི་ཁུངས་གཏུགས་སའི་གཞུང་ལུགས་ནི།
  • བླ་མ།
    དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་ཚོགས་གསུམ་སྟེ་གཏམ་ཚོགས་དང་།
  • བླ་མ།
    རིགས་ཚོགས།
  • བླ་མ།
    བསྟོད་ཚོགས་གསུམ་ཡོད་པ་ལས་གཏམ་ཚོགས་འཁོར་ལོ་དང་པོའི་དགོངས་འགྲེལ་དང་།
  • བླ་མ།
    རིགས་ཚོགས་བཀའ་བར་བའི་དགོངས་འགྲེལ།
  • བླ་མ།
    ཆོས་དབྱིངས་བསྟོད་པ་ལ་སོགས་པའི་བསྟོད་ཚོགས་བཀའ་ཐ་མའི་དགོངས་འགྲེལ་རེད།
  • བླ་མ།
    དེ་འདྲ་ཡིན་དུས་ང་ཚོས་བཀའ་ལོ་ཐ་མ་ངེས་དོན་ཕྱིར་མི་ལྡོག་པའི་གཏམ་དེ་གནས་ལུགས་མཐར་ཐུག་སྟོན་པའི་གཞུང་བླ་ན་མེད་པ་ཞིག་ལ་ངོས་འཛིན་གྱི་ཡོད།
  • བླ་མ།
    དེ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་བསྟོད་ཚོགས་དང་།
  • བླ་མ།
    རྗེ་བཙུན་བྱམས་པ་མགོན་པོའི་བྱམས་ཆོས་སྡེ་ལྔ།
  • བླ་མ།
    དེ་ནས་ངེས་དོན་མདོ་བཅུ།
  • བླ་མ།
    སྙིང་པོའི་མདོ་ལྔ་ལ་སོགས་པ་ལ་ཁུངས་གཏུགས་ནས་གྲུབ་མཐའ་དེ་གསལ་བར་བཤད་ཀྱི་ཡོད་པ་རེད།