Video Overview
A prominent monastic scholar from Eastern Tibet gives a lecture aimed at introducing the Jonang sect.
- དེ་ནས་སྦྱོར་བ་ཡན་ལག་དྲུག་ཟླ་བ་དྲུག་ལ་སྒོམས་ནས་་ད་བརྫུན་འཕྲུལ་ལ་ཐོགས་པ་མེད་པ་ཞིག་ཆགས་ནས་བྱང་ཕྱོགས་ཤ་པ་ལ་ལ་ཕེབས་དེ་ནས་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྒྱུད་དེ་རྒྱ་གར་འཕགས་པའི་ཡུལ་དུ་ཚུར་གདན་དྲངས།དེའི་སློབ་མ་དུས་ཞབས་པ་ཆུང་བོ་ཟེར་དེ་རེད
- དེ་ནས་ང་ཚོ་ཇོ་ནང་བ་དེ་གྲོལ་ལུགས་ལ་གཙོ་བོ་བྱེད་མཁན་ཞིག་རེད། ར་ལུགས་དེ་བཤད་པ་རྒྱ་ཆེར་བྱེད་མཁན་ཞིག་དང་གྲོལ་ལུགས་ཏེ་གྲུབ་པ། ད་ཨང་། གཟབ་གནན་་བྱེད་མཁན་གི་ཨང་། ད་གྲུབ་པའི་བཀའ་འབབ་དང་བཤད་པའི་བཀའ་འབབ་གཉིས་ཟེར་གི་རེད། ར་ལུགས་ལ་བཤད་པའི་བཀའ་བབ་དང་གྲོལ་ལུགས་ལ་གྲུབ་བའི་བཀའ་བབ་ཟེར་གི་རེད།
- དེ་ནས་གྲོལ་ཙ་བ་༼༽་ཤེས་རབ་བྲག་གི་སློབ་མ་གླིང་བ་ཧ་རྒྱས་དགོན་པ་དཀོན་མཆོག་དྲུང་ཟེར་བ་ཞིག་དང་དེ་ནས་བླ་མ་འགྲོ་སྟོན་རྣམ་བརྩེགས། ཨང་་་ཨང་། དེ་ཚོ་གསུམ་ཡོད་པ་རེད་དེ་ཚང་མ་ད་ཟླ་བ་དགོན་པོ་སློབ་མ་ཡང་རེད། ཁོ་ནང་ཕན་ཚུན། ཁོ་ཚོ་ནང་ཕན་ཚུན་ཡང་བླ་སློབ་གི་འབྲེལ་ཡོད་ནས་དི་མོ་ཙི་ཡང་རེད། དེ་ནས་ད་དེ་བླ་མ་འགྲོ་སྟོན་སྟོན་རྣམ་བརྩེགས་གི། འོ་དེ་ནས་གཡུ་མོ་བ་མི་བསྐྱོད་རྡོ་རྗེ། གྲུབ་ཆེན་གཡུ་མོ་བ་མི་བསྐྱོད་རྡོ་རྗེ་ཟེར་བ་དེ་བྱུང་བ་རེད།
- དེ་པཎ་ཆེན་ཟླ་བ་མགོན་པོ་ཞལ་ཏིག་ཙི་ཟིན་མ་ཟིན་ཚོད་རེད་། རབ་བྱུང་དང་པོ་དུས་སུ་རེད་། རབ་བྱུང་རྩིས་ན་རབ་བྱུང་དང་པོ་དུས་སུ་བྱོན་པ་ཞིག་རེད་། གྲུབ་ཆེན་གཡུ་མོ་པ་ད་དེ་ཡོངས་གྲགས་ལ་ད་ང་ཚོ་ཇོ་ནང་བས་མགོ་འདྲ་ཞིག་ལ་འཇོག་གི་འདུག་དང་། དེ་ཇོ་ནང་ཟེར་བ་ཡོད་བ་མ་རེད་ཕན་ཚུན་གཉིས་ལ་དེ་གཡུ་མོ་བ་དུས་འཁོར་གྱི་བླ་རྒྱུད་ཚང་མའི་ནང་ལ་འགྲོ་གི་ཡོད་མཁན་ཅིག་རེད་། གཡུ་མོ་བ་མི་བསྐྱོད་རྡོ་རྗེ་ཟེར་བ་དེ་པཎ་ཆེན་ཟླ་བ་མགོན་པོའི་སློབ་མ་རེད་། ད་དེ་ལ་ཆོས་འབྲེལ་ཙམ་མ་གཏོགས་པའི་རྒྱུན་རིང་པོ་བླ་སློབ་གི་འབྲེལ་བ་ཡོད་ས་མ་རེད་། དེ་ནས་ཁོ་ཨང་། ད་འགྲོ་སྟོན་རྣམས་བརྩེགས་བླ་མ་བསྟེན་ནས་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་དེ་ཉམས་ལེན་བྱས་ཡོད་བ་རེད། དེ་ནས་ཁོང་གི ཁོང་ལ་སྲས་དར་མའི་ཤོ་ར༼༽་ཟེར་བའི་སྲས་ཅིག་ཡོད་བ་རེད། དེ་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་པ་དེ་སྤེལ། སྲས་དར་མའི་ཤོ་ར་༼༽ལ་སློབ་མ་མཁས་པ་གནམ་མཁའ་འོད་ཟེར་ཟེར་བ་ཅིག་དང་། སྲས་མོ། སྲས་མོ། ཁོ་ལ་སྲས་གསུམ། སྲས་སྲས་མོ་གསུམ་ཡོད་བ་རེད། དེ་སྲས་མཆོག་དར་མའི་ཤོ་ར་༼༽ལ། དེ་ནང་ནས་ད་གཉིས་བསྟན་པ་ཕན་ཐོགས་མཁན་ཅིག་ཡིན་གསུང་གི་ཡོད་པ་རེད།
- དེ་སྲས་མོ་དེའི་མིང་ལ་མ་གཅིག་སྤྲུལ་སྐུ་གཅོད་དཔོན་ཟེར་བ་དེ་རེད། དེ་ཨང་། ཡིན་ཌ་པོ་པྲེ་༼༽ལྕམ་ལེགས་རྐྱང་དཀར་རའི་སྤྲུལ་བ་ཡིན་ཟེར་ནས་ཆུང་ངུ་དུས་ནས་དེ་འདྲ་ཞིག་ལ་ཐུགས་ཐག་བཅད་ཡོད་ནས་དེ་འདྲའི་སྤྲུལ་བའི་སྐུ་ཞིག་རེད། སྲས་མོ་དེ། མ་གཅིག་སྤུལ་སྐུ་གཅོད་དཔོན། དེ་དཔལ་མཆོག་དུས་ཀྱི་འཁོར་ལོ་རིམ་གཉིས་ཀྱི་ལམ་ལ་ཉམས་ལེན་བྱས་ནས་ཚེ་འདིར་མཆོག་གི་དངོས་གྲུབ་་ཐོབ་སོང་མཁན་གྱི་དེ་འདྲ་ཞིག་རེད།
- དེ་ནས་དེའི་མང་བོ་སྲས་མོ། ཨང་། སྲས་མོ་ཆེ་གནམ་མཁའ་རྒྱལ་མཚན་ཟེར་བ་དེ་རེད། དེའི་སློབ་མ་ཆོས་ཀྱི་འཇམ་དབྱངས་གསལ་མ་རེད། དེ་སློབ་མ་ཀུན་མཁྱེན་ཆོས་སྐུ་འོད་ཟེར་ཟེར་བ་དེ་རེད། དེ། ཨང་། དེ་བར་དུ་དཔལ་དུས་ཀྱི་འཁོར་ལོ་རིམ་གཉིས་ཟབ་མོ་ད་འཆད་ཉན་དེ་སྙན་བརྒྱུད་གྱི་ཚུལ་དུ་མ་གཏོགས་པའི་ཡི་གེ་ལ་བྲི་ནས་དེ་འདྲ་ཡོད་བ་མ་རེད། སྙན་ནས་སྙན་དུ་བརྒྱུད་པ་ལྟ་བའི་མན་ངག་གི་ཚུལ་དུ་བླ་མའི་སློབ་མ་ལ་སྙན་བརྒྱུད་ཚུལ་དུ་སྤེལ་བ་མ་གཏོགས་པའི་སྦྱོར་དྲུག སྦྱོར་བ་ཡན་ལག་དྲུག་གི་ཡིག་ཆ་ལ་སོགས་པ་མཛད་ནས་དེ་འདྲ་བྱས་ཡོད་བ་མ་རེད། སྙན་བརྒྱུད་གྱི་ཚུལ་དུ་སྤེལ་བ་རེད།
- དེ་ནས། ཨང་། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གི་སློབ་མ་ཞང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཟེར་བ་དེ་རེད། དེ་ཐན་གོང་ནས་བཤད་པ་ལྟར་ད་སྤྱི་ལོ་༡༢༤༣ལ་ཁོ་སྐུ་འཁྲུངས། དི་འུ་ད། ཨང་། དེ་གྲུབ་གནས་ཇོ་མོ་གནག་ཟེར་བ་དེ། ད་ལྟ་ལྷ་ས་གི་རྩེ། འདི་དེ་རེད། ལྷ་རྩེ་ཞན་ཟེར་བའི་དེ་མངའ་འོག་ལ་ཡོད་བ་རེད། ཨང་། ཡིན་རྒྱུ་གཞས་ཀ་བརྩེ་ཀྲོན་ཆེའོ། ལྷ་རྩེ་ཞང་ཟེར་བ་དེའི་མངའ་འོག་ན་གྲུབ་གནས་ཇོ་མོ་ནགས་ཟེར་ནས། ཇོ་ནང་གི་དགོན་པ་ཡོད་པ་རེད། དེ་ཇོ་མོ་ནགས་ཟེར་བ་དེ་ས་ཆ་ཅིག་གི་མིང་རེད། ཡིན་རྒྱུ་གནས་ཁྱད་པར་ཅན་ཙི་རེད།
- དེ་ལ། ཨང་། ད་སློབ་དཔོན་གུ་རུ་པད་མ་འབྱུང་གནས་དང་དེ་ནས་དམ་ཆེར་བ་ལ་སོགས་པའི་གྲུབ་ཆེན་མང་བོ་ཞིག་བྱོན་ནས་གྲུབ་པ་མཛད་ས་གི་གྲུབ་གནས་ཁྱད་པར་བ་ཞིག་རེད། དེ་གྲུབ་གནས་ཇོ་མོ་ནགས།
- ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་གི་སྐུ་དུས་ལ་དེ་ནང་དུ་ད་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་གྲཱ་ཞིག་འཛུགས་རེད། དེ་ནས་ད། ཨང་། དཔལ་དུས་ཀྱི་འཁོར་ལོ་རིམ་གཉིས་ཟབ་མོ་མན་ངག་སྙན་བརྒྱུད་གི་ཚུལ་དུ་ཡོད་པ་རྣམས་ཕྱོགས་གཅིག་དུ་དྲིལ་དེ། ཡིག་ཆ་ཞིག་བྱས་དེ་སྦྱོར་དྲུག་གི་ཁྲིད་ཡིག་དེ་ཐོག་མ་བོད་གངས་ཅན་གི་ལྗོངས་གི་སྦྱོར་བ་ཡན་ལག་དྲུག་གི་ཁྲིད་ཡིག་གི་ཐོག་མ་དེ་དེ་གསུངས་མཛད་པ་རེད།
- དེ་ནས་བཟུང་སྟེ་གྲུབ་མཐའ་དེ་ལ་ཇོ་ནང་པ་ཞེས་པའི་མིང་ཐོགས་པ་རེད། ཇོ་ནང་པ། ཇོ་ནང་པ་ཟེར་བ་དེ་ས་དེའི་མིང་གི་གྲུབ་མཐའ་དེ་ལ་ཐོགས་ནས་ཇོ་ནང་པ་ཞེས་ནས་མིང་ཐོགས་པ་རེད།
- དེ་ནས་ཁོང་གི དེ་ཁོང་༡༣༡༣་གི་ལོ་ལ་ད་ཁོང་གྲོངས་ཡོད་ས་རེད། གྲོངས་སོང་བ་རེད། དེ་ནས་དེའི་སློབ་མ་བྱང་སེམས་རྒྱལ་བ་ཡེ་ཤེས། མཁས་བཙུན་ཡོན་ཏན་རྒྱ་མཚོ་དེ་གཉིས་ཡོད་བ་རེད། ཁོང་གི་སློབ་མ་ལ། ཨང་ བྱང་སེམས་རྒྱལ་བ་ཡེ་ཤེས་རེད། དེའི་སློབ་མ་མཁས་བཙུན་ཡོན་ཏན་རྒྱ་མཚོ་རེད། དེ་ནས་ད་ཀུན་མཁྱེན་དོལ་པོ་བ་ཤེས་རབ་རྒྱལ་མཚན་ཟེར་བ་དེ། མཁས་བཙུན་ཡོན་ཏན་རྒྱ་མཚོའི་སློབ་མ་རེད། ཀུན་མཁྱེན་དོལ་པོ་བ་ཟེར། ད་ཇོ་ནང་ཡོངས་གྲགས་ན་ཀུན་མཁྱེན་དོལ་པོ་བ་ཟེར་ནས་ཇོ་ནང་གི་བླ་མའི་ཐོག་མ་ཁྱད་པར་ཅན། བླ་མ་ཐམས་ཅད་གི་ནང་ནས་ཇོ་ནང་བ་ཟེར་ནི་གི་ཡོད་དུས་ད་དོལ་པོ་བ་དེ་ལ་ངོས་འཛིན་གི་ཡོད་བ་རེད། དོལ་པོ་བ་ཤེས་རབ་རྒྱལ་མཚན། ཁོང་སྐུ་ཚེ་སྟོད་ལ་ས་སྐྱའི། ས་སྐྱ་བ་ཞིག་རེད། དེ་ནས་དགུང་ལོ་སུམ་ཅུ། སུམ་ཅུ་ནང་ལ་ཚུར། ཨང་ ཇོ་ནང་གི་དེ་ཡོང་ནས་བདག་པོ་རྒྱབ་བ་རེད། ཁོ་སངས་རྒྱས་བཅོམ་ལྡན་འདས་གིས་རྔ་བོ་ཆེ་དང་། གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལ་སོགས་པ་ལས་གསལ་བོ་ལུང་གིས་ཟིན་ནས་དེ་འདྲའི་ལུང་ཟིན་གི་སྐྱེས་བུ་ཅིག་རེད། དཔེ་བཞག་ན། གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། ༼ང་ནི་མྱང་ངན་འདས་ཡོད་རྩག་ལོང་གཉིས་སྟོང་དྲག་ཞེས་རིང་།༽ གདོང་དམར་ཡུལ་དུ་ང་འདྲ་བའི། བསྟན་པ་འཛིན་བའི་སྐྱེས་བུ་བྱུང་། ཡབ་ནི་ཡེ་ཤེས་དབང་ཕྱུག་གྲགས། ཡུམ་ནི་ཚུལ་ཁྲིམས་རྒྱན་བགྱིས་ཤིང་། སྲས་པོ་སངས་རྒྱས་མིང་ཅན་བྱུང་། ང་ཡི་བསྟན་པའི་རྒྱལ་མཚན་འཛིན། ཆོས་ཀྱི་དོན་དུ་དར་ཤར་གྱུར། ལུང་གི་གསལ་བོར་བསྟན་ཡོད་བ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུད་གཙུག་ཏོར་རྣམ་པར་རྒྱལ་བའི་རྒྱུད་ན། ལུང་གིས་དེ་ལྟར་གསལ་བོ་སྟོན་ཡོད་པ་རེད།
- དེ་བཞིན་དུ་ཁོང་། ཨང་། ད་ཡུལ་མངའ་རི་དོལ་པོ་ཟེར་ས་འོ་དེ་ལ་འཁྲུངས་པ་རེད། ཡུལ་མངའ་རི་དོལ་པོ། ཨང་། ད་འུ་ཅག་མངའ་རི་ནས་བཤད་དགོས་དོལ་པོ་ཟེར་ས་འོཨོ་དེ་གར་ཡོད་བའི་གྲོང་། ཨང་། གྲོང་ཁྱེར་ཟེར་ས་འོ་དེ་ལ་འཁྲུངས་རེད།
- ཁོང་གི་ཕ་ཡབ་གི་མཚན་ལ་ཡེ་ཤེས་དབང་ཕྱུག་དང་ མ་ཡུམ་གི་མཚན་ལ་ལྷ་མོ་ཚུལ་ཁྲིམས་རྒྱན་ཟེར་་ད་དེ་འདྲ་ཕན། ད་སངས་རྒྱས་བཅོམ་ལྡན་འདས་ལུང་གིས་ཟིན་པ་དེ་འདྲའི་ཇི་མ་ཇི་བཞིན་དུ། ད་དེ་འདྲའི་ཡབ་ཡེ་ཤེས་དབང་ཕྱུག་ནང་ཡུམ་ཚུལ་ཁྲིམས་རྒྱན་གཉིས་སུ་སྲས་སྤྱི་ལོ་༡༢༩༢་ལ་ཆུ་ཕོག་འབྲུག་གི་དུས་སུ། ཆུ་ཕོག་འབྲུག་གི་ལོ། ལོ་འཁྲུངས་པ་རེད། དི་འུ། དགུང་ལོ་སོ་གཅིག་ལ་ཇོ་ནང་དུ་ཕེབས་པ་རེད། དེ་ནས་ཇོ་ནང་གི་གནས་ལ་ཕེབས་བ་རེད། ལོ་ངོ་སུམ་ཅུ་སོ་གཅིག་གི་གོང་ལ་ཁོང་ས་སྐྱ་ལ་སོགས་པའི་ཆོས་རྒྱུད་གྲུབ་མཐའ་གཞན་དང་གཞན་ལ་སོགས་པ་ལ་གསན་བསམ་རྒྱ་ཆེན་མཛད་ནས་དེ་འདྲ་ཞིག་རེད། དགུང་ལོ་སུམ་ཅུ་ལ་ཇོ་ནང་དུ་ཕེབས་པ་རེད། ཇོ་ནང་དུ་ཕེབས་ནས་ཁོང་གི་ཇོ་ནང་གི་གྲུབ་གནས་དེ་བདག་པོ་རྒྱབ་པ་རེད། ཁོང་གི་བྱུང་མདོ་སྔགས་གི་བླ་མ། ཨང་། སུམ་ཅུ་ལྷག་བསྟེན་གི་ཡོད་བ་རེད། དེ་ནང་ནས་བླ་མ་གཙོ་བོ་ད་བླ་མ་སྐྱིད་སྟོན་པ་དང་མཁས་བཙུན་ཡོན་ཏན་རྒྱ་མཚོ་གཉིས་ལས། ད་དབང་ལུང་མན་ངག་གསན་པ་དེ་མཐའ་ཡས་བ་ཞིག་ཡོད་པ་རེད།
- དི་འུ། ཁོང་གི་སྐུ་འབུམ་མཐོང་གྲོལ་ཆེན་པོ། སྐུ་འབུམ་མཐོང་གྲོལ་ཆེན་པོ་ཟེར་བའི་མཆོད་རྟེན་ཆེན་པོ་ཞིག་བཞེངས་པ་རེད། ཇོ་ནང་ལ། དེ་ད་ལྟ་ཡོད་པ་རེད། རྒྱལ་རྩེ་དཔལ་མགོན་མཆོད་རྟེན་ལས་ཏིག་ཙི་ཆེ་བ་རེད། དེ་འདྲ་རེད། སྐུ་འབུམ་མཐོང་གྲོལ་ཆེན་པོ་མཆོད་རྟེན་ཞིག་བཞེངས་པ་རེད། དི་འུ་ད། དེ་མཆོད་རྟེན་དེ་བཞེངས་པ་ལ་རྟེན་ནས་ད། ཨང་། ད་ཁོང་གི་རྒྱུད་ལ་ཟབ་མོ་ངེས་དོན་དབུ་མ་ལྟ་བ་ཁྱད་པར་བ་འཁྲུངས། འཁྲུངས་པ་ཡིན་གསུངས་གི་ཡོད་པ་རེད། དི་འུ་ད། བོད་གངས་ཅན་གི་ལྗོངས་ལ་བསྒྱུར་ཡོད་པའི་བཀའ་མདོ་རྒྱུད་གི་ཆོས་མཐའ་དག་པོ་ཁོང་གིས་མ་གཟིགས་པ་གཅིག་ཅུང་མེད་པས་ཚང་མ་ཆ་ཚང་བ་ཞིག་ཞིབ་དག་པ་ཞིག་ཁོང་གིས་གསན་ཡོད་བ་རེད།
- ཨང་། དེ་ནས་ད་རྗེས་སུ་ཁོང་གིས་འང་ད་མཐར་ཐུག་ཐུན་མོང་མ་ཡིན་པའི་འང་ད་རི་ཆོས་ངེས་དོན་རྒྱ་མཚོ་ཞེས་དབུ་མ་གཞན་སྟོང་གི་གྲུབ་མཐའ་འང་དེ་འདྲ་ཞིག་བརྩམས། དེ་ནས་ད་བོད་གངས་རི་ལྗོངས་སུ་མི་འཇིགས་པའི་སེང་གེ་སྒྲ་བསྒྲོགས།་ འོ་ཁོང་གི་དེ་འདྲ་ཅིག ཅི་ཟེར་རེད། བཀའ་འཁོར་ལོ་མཐའ་མའི་རྗེས་འབྲང་གི་དབུ་མ་གཞན་སྟོང་གི་ལྟ་བ་འདི་ད་སངས་རྒྱས་བཅོམ་ལྡན་འདས་ཀྱི་དགོངས་པ་མཐར་ཐུག་ཡིན་ཚུལ་དེ་ཁོང་གིས་རྩད་དུ་འདོན་ནས་ད་དབུ་མ་གཞན་སྟོང་གི་གཞུང་མང་པོ་་བརྩམས། དེ་ནས་ད་དུས་ཀྱི་འཁོར་ལོ་སོགས་སྔགས་གི་རྒྱུད་སྡེ་མང་པོ་བཤད་པ་དང་དེ་འདྲ་མང་བ་གསུངས་ཡོད་པ་རེད།
- དེ་འདྲ་གསུང་འབུམ་མང་བོ་བརྩམས་ཏེ། དེ་འུ་དགུང་ལོ་བདུན་ཅུ་༡༣༦༡་གི་ལྕགས་མོ་གླང་གི་ལོ་ལ་ཁོང་སྐུ་གྲོངས་བ་རེད། དེ་ནས་ཁོང་གི་སློབ་མ། ཁོང་གི་གདན་ས་འཛིན་པ་ཁོང་གི་རྒྱལ་ཚབ་ལ། ཨང་། ཀུན་མཁྱེན་ཕྱོགས་རྒྱལ་བ་ཟེར་བ་ཞིག་ཡོད་བ་རེད། ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་ཟེར་གི་རེད། དེ་བུ་སྟོན་ཕྱོགས་རྒྱལ་མ་རེད། ཇོ་ནང་ཕྱོགས་ལས་རྣམ་རྒྱལ་ཟེར་བ་དེ་རེད། དེ་ལ་རྗེ་ཙོང་ཁ་བས་སྦྱོར་དྲུག་གསན་ས་དེ་རེད།
- ་
- ཀུན་མཁྱེན་རིན་པོ་ཆེ། ཀུན་མཁྱེན་དོལ་པོ་བའི་སློབ་མ་དང་ཁོང་གི་རྒྱལ་ཚབ་གཉིས་ཀ་རེད། དེ་ནས་་་་་ཨང་་་་་དེ་ནས་གཉའ་དབེན་ཀུན་དགའ། ཨང་་་་།་ ད་ཁོང་ལ་དེ་ཐུགས་སྲས་བཅུ་བཞི་ཡོད་བ་རེད། མཚན་ཡོངས་སུ་གྲགས་པའི་་་་གཉའ་དབེན་བ་ཡང་ཁོང་གི་སློབ་མ་ཅིག་རེད། གཉའ་དབེན་ཀུན་དགའ་ཟེར་ཡ་དེ། ཨང་། དེ་ཡང་རྗེ་རིན་པོ་ཆེ་གིས་ཕར་ཕྱིན་གསན་སའི་གི་བླ་མ་དེ་རེད། རྗེ་ཙོང་ཁ་བས་ཕར་ཕྱིན་གསན་ས་དེ་རེད། གཉའ་དབེན་ཀུན་་་། དེ་འུ་ད། དེ་སློབ་མ་གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། མགྲིན་མཆོག་གནམ་མཁའི་མཚན་ཅན། བཎ་ཆེན་གནམ་མཁའ་དཔལ་བཟང་། རྡོ་རྗེ་ར་ན་པ་པྲ། འཇམ་མགོན་གྲུབ་པའི་དཔའ་བོ། དཔལ་ལྡན་ཀུན་དགའ་གྲོལ། བློ་གསལ་རྒྱ་མཚོ་བདེ་སྐྱིད། ཐུགས་སྲས་ནཁས་གྲུབ་རྣམ་གསུམ།
- དེ་བར་དུ་ད་དེ་ཆོ། ད་བླ་སློབ་གི་རྒྱུད་པ་རེད། དེ་ནས་ད་ཁྱབ་བདག་འགྲོ་བའི་མགོན་པོའམ་ཇོ་ནང་ཏ་ར་ན་ཐ་ཟེར་ཡོངས་སུ་གྲགས་པ་དེ་བྱོན་པ་རེད། དེ་ཁོང་འཁྲུངས་ས་ནི་ད་ལྟ་ཆོས་འཁོར་གདེང་ཟེར་ས་འོ་དེ། དེ་ལ་ར་ཤར་ནུབ་གཉིས་ཡོད་པས་ཤར་བ་ཀུན་དགའ་སེང་གེ་ཟེར་ས་འོ་དེ་རྨང་གཞི་དེ་ལ་ཁོང་འཁྲུངས་་་འཁྲུངས་རེད། ད་ཁོ་ར་ལོ་ཙ༼༽བའི་གདུང་རྒྱུད་ཅིག་རེད། འོང་་་། ཁོང་༡༥༧༥་གི་ཤིང་ཕག་ལོ་ལ་སྐུ་འཁྲུངས་ཡོད་པ་རེད། ཁོང་སྐུ་འཁྲུངས་དུས་ཅོད་པུ་ཁ་གཏུམ། ཨང་་་་། ད་སྣེ་གཉིས། འོད་ཟེར་འཕྲོས་པ། འུ་དེ་འདྲ་ཅོད་པུ་ཅིག་གི་ནང་ལ་སྐུ་འཁྲུངས། དེ་ནས་ཁོང་ཆི་ཟེར་རེད། ཅོད་པུ་དེ་ནས་ཕྱིར་ཐོན་མ་ཐོག་ཏུ་ཁོང་གིས་སམ་པ་ར་ལ་སོགས་པའི་སྔགས་ཀློག་ནས། ཀློག་མཁན་གྱི་དེ་འདྲའི་སྐྱེས་བུ་ཁྱད་པར་ཅན་ངོ་མཚར་བའི་ལྟས་དུ་མ་་དང་བཅས་ཏེ་འཁྲུངས་ནས་དི་མོ་ཙི་རེད། དི་འུ་ཟེ། དེ་ནས་ད་རྗེ་བཙུན་ཏ་ར་ན་ཐས་ཇོ་ནང་གི་དེ་མདོ་དེ་ལ་དགོན་པ་ཅིག་བརྒྱབ་པ་རེད། དེ་ལ་ད་ཨང་་་། སྦྱིན་བདག་དེ་གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་ཟེར་ཅོ་དེ་སྦྱིན་བདག་བྱས་ནས་ད་དགོན་པ་རྒྱག་རྒྱུ་མཐུན་རྐྱེན་ད་འགྲིགས་པ་རེད།
- མཐུན་རྐྱེན་འགྲིགས་ནས་༡༦༡༥་ལ་དཔལ་རྟག་རྟེན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་ཟེར་བའི་དགོན་པ་ཅིག་བརྒྱབ་ཡོད་པ་རེད། ད་ལྟ་ཇོ་ནང་གི་མདོ་མདོ་ལ། ཇོ་ནང་ཟེར་བའི་ལུང་བ་དེའི་མདོ་ལ་ཏ་ར་ན་ཐས་དགོན་པ་ཅིག་བརྒྱབ་རེད། དེ་དགོན་པ་དེའི་མཚན་ལ་དེ་ཟེར་གི་རེད། དེ་རྗེས་ནས།
- ཨང་། དི་ད་རྗེས་སུ་རྒྱལ་དབང་ལྔ་བའི་གི་སྐུ་དུས་ལ་དེ་དགོན་པ་དེ་་ཨང་ད་ཆོས་རྒྱུན་གཞན་ལ། ད་དགེ་ལུགས་པ་བསྒྱུར་ནས་ཇོ་ནང་པ་བྱེད་མི་ཆོག་པ་བྱས་དེ་རོ་བྱས་ནོ་དེ་རེད། དེ་རིང་ཁ་སང་ད་དགེ་ལྡན་ཕུན་ཚོགས་གླིང་ཟེར་ནས། སྔ་མ་དེ་ཟེར་གི་མ་རེད། དཔལ་རྟག་རྟེན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་ཞེས་ཏ་ར་ན་ཐས་མཚན་བཏེག་དང་ནི་རེད། དེ་༡༦༡༥་ལ་བཏབ་བ་རེད།
- དི་འུ་་ཁོང་ལ་ད་གསུང་འབུམ་ད་སྟོན་པའི་མཛད་རྒྱས། རྒྱ་གར་ཆོས་འབྱུང་ལ་སོགས་པའི་ཆོས་འབྱུང་གི་རིགས་དང་བཟང་སྤྱོད་ལ་སོགས་པའི་མདོ་ཕྱོགས་ཀྱི་འགྲེལ་བ་མང་པོ་དང་། བཟང་སྤྱོད་དང་ཤེས་སྙིང་ལ་སོགས་པའི་མདོ་ཕྱོགས་ཀྱི་འགྲེལ་བ་མང་བོ་ཡོད་གི དེ་ནས་ད་ཐེག་མཆོག་རྒྱས་པའི་དབུ་མ་ལ་སོགས་པའི་དབུ་མ་གཞན་སྟོང་གི་གཞུང་མང་བོ་དང་། དི་འུ་ད་་དུས་འཁོར་བདེ་གསང་འཇིགས་གསུམ་ལ་སོགས་པ་སྔགས་གི་རྒྱུད་སྡེ་ཆོ་ག་ད་གྲངས་མེད་པ་ཅིག་ཡོད་བ་རེད། ཁོང་ལ། ད་ཕལ་ཆེར་སྔགས་གསར་བསྒྱུར་ལ་དེ་འདྲ་མཁས་པ་ཞིག་ད། དུས་རབས་དེ་ནང་ལ་བྱོན་མ་མྱོང་བ་ཞིག་དེ་གྲུབ་མཐའ་སུ་དང་གང་གི་ཡིན་ན་ཁས་ལེན་རྒྱུ་དེ་འདྲ་ཞིག་རེད། ཁྱད་པར་དུ་དགེ་ལུགས་པ་ཡིན་ནའང་དེ་རིང་ཁ་སེང་ཆོ་ག་ཡོངས་སུ་རྫོགས་པའི་ཁུངས་ཁོང་ལ་གཏུགས་དགོས་ས་འདྲ་བོ་དེ་་འདྲ་ཞིག་ཆགས་ཡོད་བ་རེད། སྔགས་གསར་བསྒྱུར་ལ་་དེ་འདྲ་མཁས་པ་ཞིག་འབྱུངས་མ་མྱོང་བ་ལྟ་བུ་དེ་འདྲ་ཞིག་བྱུང་ཡོད་བ་རེད།
- དི་འུ་་ད་དུས་འཁོར་དང་བདེ་གསང་འཇིགས་གསུམ་ལ་སོགས་པའི་དེ་ཆོ་ག་དེ་དག་གི་བསྐྱེད་རྫོགས་གི་་རྣམ་བཤད་ལ་སོགས་པའི་སྔགས་ཀྱི་གཞུང་མང་བོ་ཞིག་བརྩམས། ཨང་། དི་འུ་ད། བསྟོད་ཚོགས་ལ་སོགས་པ་སྨོན་ལམ་གི་བསྐོར་དང་བཅས་པའི་དེ་འདྲ། ཁོང་གི་གསུང་འབུམ་ལ་ཕལ་ཆེར་དུམ་པ་བཞི་ཅུ་ཙམ་ཡོད་ས་རེད། སྔོན་ལ། དེ་ནས་ད་ལྟ་འཐོར་འདྲེས་སུ་སོང་ནས་ཚུར་ལ་བསྡུས་ཐུབ་པ་དེ་དུམ་པ་ཉིས་ཤུ་ལྷག་མ་གཏོགས་པའི་་ང་ཚོས་་སྡུད་འཐུབ་ཡོད་བ་མ་རེད། ད་ལྟ་དུམ་པ་ཉིས་ཤུ་རྩ་གཉིས་འདྲ་བོ་ཅིག་ང་ཚོ་ལག་ལ་རྙེད་ཡོད་བ་རེད། དེ་ལས་གཞན་པ་ཚང་མ་ད་མཐོང་་་་མཐོང་ཡག་མི་འདུག ཚང་མ་བརླགས་་་ཚར་སོང་མ་གཏོགས་པའི་ཁོང་ལ་རྦེད་གསུང་འབུམ་མང་པོ་ཡོད་བ་རེད། གསུང་འབུམ་པོ་དུ་བཞི་ཅུ་ལྷག་ཡོད་པ་ཁོང་གི་་་རྣམ་ཐར་ལ་འཁོད་འདུག ཡིན་ན་ཡང་ད་ལྟ་ཉིས་ཤུ་རྩ་གཉིས་ལྷག་མ་གཏོགས་པའི་རྙེད་ཡོད་པ་མ་རེད། ཨང་། དེ་་་་། དི་འུ་ད་ཁོང་༡༦༣༥་ལ་ཁོང་གྲོངས་བ་རེད། དེ། དི་འུ་ད། ཁོང་གི་སློབ་མ་མང་ཀྱང་རིན་ཆེན་རྒྱ་མཚོ་། མཁས་གྲུབ་བློ་གྲོས་རྣམ་རྒྱལ། གྲུབ་ཆེན་ངག་དབང་འཕྲིན་ལས། ངག་དབང་བསྟན་འཛིན་རྣམ་རྒྱལ། ངག་དབང་མཁས་བཙུན་དར་རྒྱས། དེའི་སློབ་མ་བློ་ལྡན་ལྷུན་གྲུབ་རྒྱ་མཚོ། དེའི་སློབ་མ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ། དེའི་སློབ་མ་ངག་དབང་ཆོས་་འཕེལ་རྒྱ་མཚོ། དེའི་སློབ་མ་ངག་དབང་ཆོས་འཕགས་རྒྱ་མཚོ། དེའི་སློབ་མ་ངག་དབང་ཆོས་ཀྱི་རྣམ་འབྱོལ་རེད། དེའི་སློབ་མ་ངག་དབང་སྨོན་ལམ་བཟང་བོ་ཟེར་བ་དེ་རེད། དེའི་སློབ་མ་ངའི་བླ་མ་ད་ལྟ་ཕ་ཡུལ་ན་ཡོད་པ་དེ་རེད། དེ་བར་དུ་རྒྱུད་པ་དེ་མ་ཉམས་པ་དེ་འདྲ་ཡོད་བ་རེད། དེ་ད་ཐོག་མ་དབུས་གཙང་དུ་ཇོ་ནང་གི་ཆོས་རྒྱུད་བྱུང་ཚུལ་དེ་འདྲ་རེད། དེ་ནས་ད་ཁམས་དང་ཨ་མདོ་ལ་ཡང་ཇོ་ནང་གི་ཆོས་རྒྱུན་དེ་སྔོན་ནས་ཡོང་བ་རེད། ཀུན་མཁྱེན་རིན་པོ་ཆེ་ཁོང་རང་ཞལ་བཞུགས་པའི་དུས་ལ་ཁོང་ལ་སློབ་མ་ཞིག་ལ་བྱམས་པ་ཁ་བོ་ཆེ་ཟེར་བ་ཅིག་ཡོད་བ་རེད། དེ་ལ་ཁོང་གིས་ད་བཀའ་་་བཀའ་སློབ་བེབ་ནས་ཁྱོད་འདི་ནས་མ་བཞུག་ཟེར། ཁྱོད་སོང་ཨ་ཁམས་ཕྱོགས་བ་དགོན་པ་ཅིག་རྒྱོབ་ཟེར། རྒྱོབ་མ་གཏོགས་པས་མ་འོང་བ་ལ་རང་རེ་ཅག་གི་ཆོས་རྒྱུན་འདི་ལ་བར་བཅོད་ཆེན་པོ་ཅིག་ཡོང་དོག་ཁ་བོ་རེད། དེ་ཡིན་ན་ཁྱོད་རང་ཁམས་ཕྱོགས་ལ་་ཕེབས་ནས་དགོན་པ་ཅིག་རྒྱབ་དགོས་རེད་ཟེར་ནས་ལུང་བསྟན་གནང་ནས། ཁོང་ལ་དུང་དཀར་ཅིག་དང་བཀའ་བསྡུར་བཞི་བའི། ཀུན་མཁྱེན་རིན་པོ་ཆེས་གསུང་་གི་བཀའ་བསྡུར་བཞི་བའི་ལག་བམ་ཞིག་དང་སྤྲད་ནས། ཁྱོད་རང་ཡིན་ན་མིན་ན་སོང་ཟེར། ཁམས་ཕྱོགས་སུ་དགོན་པ་ཅིག་རྒྱོབ་ཟེར་ནས་དེ་ནས་ད་བྱམས་པ་ཁ་བོ་ཆེ་ལ་ལུང་བསྟན་དེ་གནང་ནས་ཁོང་ཁམས་ཕྱོགས་སུ་ཕེབས་བ་རེད། ཁམས་ཕྱོགས་སུ་ཕེབས་ནས་ཁམས་རྩེ་མདོ་ཟེར་ས་དེ་ནས་དགོན་པ་བརྒྱབ་ནས་དེ་ནས་ཁམས་ཕྱོགས་བ་ལ་ཇོ་ནང་གི་དགོན་པ་མང་པོ་ཞིག་སྔོན་མ་ནས་བྱུང་ཡོད་བ་རེད། དེ་ནས་ཡང་ཀུན་མཁྱེན་རིན་པོ་ཆེ་ཁོང་གི་རྒྱལ་ཚབ། ཀུན་མཁྱེན་ཕྱོགས་རྒྱལ་བ་ལ་ལུང་བསྟན་གནང་ནས། ཁོང་ད་གྲོངས་པའི་རྗེས་ལ་ཁྱོད་ལ་སློབ་མ་ཁྱད་པར་བ་ཙི་ཡོང་རྒྱུ་ཡོད་བ་རེད་ཟེར། དེ་སློབ་མ་དེ་ནི་ར་ན་ཤི་རུ་འམ་རིན་ཆེན་དཔལ་་ཞེས་བའི་དེ་འདྲའི་གི་མིང་ཅན་གི་སློབ་མ་ཁ་སྤུ་ཅན་གི་གཟུགས་པོ་ཐུང་ཐུང་གི་དེ་འདྲའི་སློབ་མ་ཞིག་ཁྱོད་རང་ལ་ཡོང་རྒྱུ་ཡོད་ཟེར། དེ་ང་ཚོ་བསྟན་པ་ལ་ཕན་ཐོགས་་རྒྱ་ཆེན་པོ་ཡོད་པའི་སྐྱེས་བུ་དམ་པ་ཅིག་རེད་ཟེར། དེ་ལ་ཁྱོད་རང་གིས་ང་ཚོའི་ཆོས་རྒྱུན་འདི་ལྷག་ལུས་མེད་པ་སྤེལ་ནས་དེ་ནས་ས་ཆ་འདིར་འདུག་མ་བཅུག་པ་མ་ར་ཕ་ཡུལ་ལ་སོང་ཟེར།
- ཕ་ཡུལ་ལ་སོང་བ་དགོན་པ་རྒྱོབ་མ་གཏོགས་པའི་ང་ཚོ་དབུང་གཙང་གི་གནས་འདི་ལ། ཡར་དབུས་གཙང་གི་ཕྱོགས་ནས་ང་ཚོ་བསྟན་པ་འདི་ལ་ཆག་འཇིགས་ཞིག་ཡོང་དོག་ཁ་བོ་རེད། དེ་འདྲ་ལུང་བསྟན་གནང་་རེད། དེ་ནས་ཀུན་མཁྱེན་རིན་པོ་ཆེ་གྲོངས་ནས་ཅུང་མ་འགོར་བ་ཀུན་མཁྱེན་ཕྱོགས་རྒྱལ་བའི་སློབ་མ་ང་ཚོ་ད་ལྟ་ཟི་ཁྲོམ་གི་ཕྱོགས་གི་ཚ་ཁོ་ཟེར་ས་དེ་ནས་སྐྱེས་བའི་ར་ན་༼ཤི་རེ༽་ཟེར་བའི་གྲོང་ཀ་ཅུ་བ་ཟེར་བ་དེ་ཡར་ཕེབས་པ་རེད། ཕེབས་ནས་ཀུན་མཁྱེན་ཕྱོགས་རྒྱལ་བའི་དྲུང་ནས་དཔལ་་དུས་ཀྱི་འཁོར་ལོ་ཨང་ད།
- དབང་མན་ངག་ལ་སོགས་པ་ཡོངས་སུ་རྫོགས་པ་གསན། དེ་ནས་ད་གཞན་སྟོང་དབུ་མ་ལ་སོགས་པ་མདོ་རྒྱུད་གི་བཤད་བ་རྒྱ་ཆེན་པོ་ཡོངས་སུ་རྫོགས་པ་ལྷག་ལུས་མེད་པར་གསན་ནས་དེ་ནས་མར་ཁམས་ཕྱོགས་སུ་སོང་ནས་ད་འཛམ་ཐང་གི་དགོན་པ་དེ་བཏབ་རེད། དེ་འཛམ་ཐང་གི་དགོན་པ་དེ་བཏབ་པ་དེ་ཏོག་ཙི་སྔ་བོ་རེད། ༡༤༢༥་ལ་ད་འཛམ་ཐང་ཟེར་ད་ལྟ་ཟི་ཁྲོམ་རང་ཐང་རྫོང་མངའ་ཁུངས་སུ་ཡོད་པའི་འཛམ་ཐང་གཙང་བ་སི་ཟེར་བ་ཡོད་པ་དེ་འཛམ་ཐང་དགོན་པ་ཟེར་བ་ཅིག་ཡོད་བ་རེད། དེ་བཏབ་རེད། དེ་གདབ་ཇོ་སྤྱཻ་ལོ་༡༤༢༥་ལ་འཛམ་ཐང་གི་དགོན་པ་དེ་བཏབ་པ་རེད། ད་ལྟ་གྲོང་ར་ན་༼ཤི་རེ༽་ཕེབས་ནས་དགོན་པ་དེ་རྒྱབས་ཡོད་རེད། དེ་ནས་བཟུང་དུས་མདོ་སྨད་ཨ་མདོ་དང་་ཁམས་་ཀྱི་ཕྱོགས་སུ་ཇོ་ནང་གི་དགོན་པ་མང་པོ་ཅིག་ཆགས་རེད། ད་ལྟ་དངོས་སུ་ཡོད་པ་་ནི་ང་ཚོ་ད་མདོ་སྨད་ཨ་མདོ་ལ་ཇོ་ནང་བའི་དགོན་པ་ལྔ་བཅུ་ལྷག་ཙམ་ཅིག་དང་དགེ་འདུན་པ་ཁྲི་གཅིག་ལྷག་ཙམ་ཡོད་ས་ཡོད། ཡོད་བ་རེད་ད་ལྟ། ཁྲི་ལྷག་ཅིག་ཡོད་བ་རེད། དེ་ནས་ཁམས་ཕྱོགས་སུ་དགོན་པ་བཅུ་དེ་འདྲ་ཅིག་ཡོད་བ་རེད། ཡང་དགེ་འདུན་པ་ག་ཚད་ཡོད་ཧ་གོ་གི་མེད། ང་ཚོ་ཕན་ཚུན་ལ་འགྲེལ་བ་མེད། འབྲེལ་བ་ཞེ་དྲག་མི་འདུག་ད་ལྟ། ད་རྗེས་མ་ང་ཚོ་འབྲེལ་བ་བྱ་བསམ་གྱི་ཡོད། ཁམས་ཀྱི་ཕྱོགས་ཁམས་ལི་ཐང་དང་དེ་ཡར་མར་དེ་ལ་དགོན་པ་བཅུ་ལྷག་ཅིག་ཡོད་བ་རེད། ད་ཁོང་ཚོ་ཁོང་ཚོ་ཇོ་ནང་པ་ཡིན་པ་དེ་ཧ་གོ་གི་ཡོད་བ་རེད། ཡིན་ན་ཡང་ང་ཚོ་ཕན་ཚུན་ལ་འབྲེལ་བ་ཞེ་པོ་ཞིག་བྱེད་འཐུབ་གི་མི་འདུག ཨ་མདོ་ལ་ང་ཚོ་འབྲེལ་བ་བྱེད་ཐུབ་ས་ལྔ་བཅུ་ང་གཉིས་ཙམ་ཡོད་བ་རེད། དགེ་འདུན་པ་ཁྲི་ཕྲག་གཅིག་ཙི་ཡོད་བ་རེད།
- ་
- ་
- ་
- ་
- ་
- ་
- ་
- ་
- ་
- ད་ང་ཚོ་ཇོ་ནང་བའི་གྲུབ་མཐའ་ཟེར་བ་སྟེ་མདོ་ལྟར་ན་འཁོར་ལོ་མཐའ་མའི་་རྗེས་འབྲང་གི་དབུ་མ་བ་དང་སྔགས་ལྟར་ན་དཔལ་དུས་ཀྱི་འཁོར་ལོ་མཚོན་པའི་སྔགས་བླ་མེད་དང་དེ་ནས་མ་ཡིན་བས་རྒྱུད་སྡེ་་གཞན་པ།
- རྒྱུད་སྡེ་བཞི་ལ་འཆད་ཉན་དང་བསྒོམ་སྒྲུབ་ཀྱི་སྲོལ་ད་ལྟའི་བར་དུ་མ་ནུབ་བར་བྱེད་ནས་ཡོད་མཁན་གྱི་དེ་འདྲ་གྲུབ་མཐའ་ཞིག་རེད།
- དེ་གྲུབ་མཐའ་དེ་ད་གཙོ་བོ་དཔལ་མཆོག་དུས་ཀྱི་འཁོར་ལོའི་རིམ་གཉིས་ཟབ་མོ་རྣམས་ལ་ཉམས་ལེན་མཐར་དུ་ཕྱིན་མཁན་གྱིགྲུབ་མཐའ་ཞིག་རེད།
- དེ་བླ་མ། དུས་ཀྱི་འཁོར་ལོ་དེ་ཐོག་མར་རྒྱ་གར་འཕགས་པའི་ཡུལ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་དཔལ་ལྡན་འབྲས་དཀར་སྤུངས་པའི་མཆོད་རྟེན་གྱི་དགོན་པའི་ནང་དུ་དཀྱིལ་འཁོར་མི་འདྲ་བ་གཉིས་རྩ་རྒྱུད་དང་བསྡུས་རྒྱུད་ལས་གསུངས་པའི་དཀྱིལ་འཁོར་གཉིས་ལལྷ་གྲངས་མི་འདྲ་བ་གཉིས་ཀྱི་སྒོ་ནས་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྒྱུད་དེ་གསུངས།
- གསུངས་ན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མདུན་ཞལ་ཐུགས་རྡོ་རྗེ་ལས་སྔགས་བླ་མེད་ཀྱི་རྒྱུད་སྡེ་དག་དང་དེ་ནས་རྒྱབ་ཞལ་དང་གཡས་ཞལ་གཡོན་ལ་སོགས་ལས་འོ་ད་ཞར་ཞོར་རྣལ་འབྱོར་གྱི་རྒྱུད་ལ་སོགས་པ་རྒྱུད་སྡེ་ལྷག་མ་རྣམས་གསུངས་པ་འང་དེ་འདྲ་ཞིག་རེད།
- དེ་ནས་དེ་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་ཞུ་བ་པོ་གཙོ་བོ་ནི་ཆོས་རྒྱལ་ཟླ་བ་བཟང་པོ་མཚོན་པའི་བྱང་ཕྱོགས་ཤམ་པ༼༽་ལའི་གྲོང་བྱེ་བ༩༦་གི་རྒྱལ་ཕྲན་རྣམས་དང་ལྷ་དང་མི་སོགས་པའི་འགྲོ་བ་དཔག་ཏུ་མེད་པ་རྣམས་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱུད་སྡེ་དེ་གསུངས་པ་རེད།
- དེ་ནས་བཟུང་བྱང་ཤམ་༼༽་པ་ལ་ཡུལ་ལ་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་རྒྱ་ཆེ་རུ་་དར། རྗེས་སུ་གྲུབ་ཆེན་དུས་ཞབས་པ་ཆེན་པོ་ཟེར་བ་གཅིག་དེ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྣལ་འབྱོར་བ་དེ་འདྲ་སྔགས་པ་ཆེན་པོ་ཞིག་གི་སྲས་རེད
- དུས་ཞབས་ཆེན་པོ་འཇམ་དཔལ་རྡོ་རྗེ་ཟེར། དུས་ཞབས་ཆུང་ངུ་མྱིང་ལ་ཤར་པ་པྲ་་༼༽ཟེར། དེ་འུ་དུས་ཞབས་ཆུང་ངུ་དེ་ལ་སྲས་༼ན་ལེ་ན་དྲ༽་པ་། ༼ན་ལེ་ན་དྲ༽འི་བདག་པོ་བྱང་ཆུབ་་བཟང་པོ་ཟེར་བ་དེ་དུས་ཞབས་ཆུང་ངུའི་སྲས་རེད། དེ་ལ་དཔལ་མཆོག་དུས་ཀྱི་འཁོར་ལོའི་བརྒྱུད་པ་དེ་མ་རུ་སྤེལ། དེའི་སློབ་མ་པཎ་ཆེན་ཟླ་བ་མགོན་པོ་ཟེར་བ་དེ་རེད།
- ཟླ་བ་མགོན་པོ་བོད་ལ་ཐེངས་མ་གསུམ་ཕེབས་མྱང་མཁན་གི་དེ་འདྲའི་པཎ་༼༽ཏ་ཆེན་པོ་ཅིག་རེད། དེ་པཎ་༼༽ཏ་ཆེན་པོ་ཟླ་བ་མགོན་པོ་ལས་གྲོལ་ལོ་ཙ་༼༽བ་ཤེས་རབ་བྲག ར་ཆོས་རབ་ད་དེ་འདྲ་གི་ཁོང་གི་སློབ་མ་གཉིས་ལ་གྲོལ་དང་ར་གཉིས་ཡོད་པ་རེད། དེ་ནས་དེ་ད་རྒྱུད་སྡེ་དང་ཆོ་ག་ལ་སོགས་པ། རྒྱུད་སྡེ་གཅིག་ནའང་ཆོ་ག་དང་ཕྱག་བཞེས་སོགས་མི་གཅིག་བའི་དབང་གིས་ར་ལུགས་དང་གྲོལ་ལུགས་ཟེར་ནས་དེ་ནས་བཟུང་ཏེ་དུས་འཁོར་ལ་བརྒྱུད་པ་མི་འདྲ་བ་གཉིས་སུ་འགྱེས་བ་རེད།
- ཁོང་ད་རྗེ་བཙན་འཇམ་པའི་དབྱངས་གི་ཞལ་གཟིགས་ནས་ལུང་བསྟན་གནང་སྟེ་་ཁྱོད་རང་བྱང་ཕྱོགས་ཤལ་པ་ལ་ལ་སོང་དེ་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྒྱུད་དེ་རྒྱ་གར་འཕགས་པའི་ཡུལ་དུ་བསྒྱུར་དགོས་གི་རེད་ཟེར་བའི་ལུང་བསྟན་གནང་དེ་ནས་ཁོང་དེ་ལ་འགྲོ་བར་བྱེད་ཙམ་ན་ད་རིགས་ལྡན་གྱི་སྤྲུལ་བ་ཞིག་དང་མཇལ་དེ་ལས་དཔལ་མཆོག་དུས་ཀྱི་འཁོར་ལོའི་རྒྱུད་གསན