Skip to main content Skip to search
28 Jun 2018
2 min 9 sec
Video Overview
Creators: 
Sherig Dentshog

Naku and Sempa from Wangphu village in Martshala gewog, Samdrup Jongkhar share some jokes about reproduction. The jokes focus on the male and female reproductive organs. The story tells of Choekhor Ponpo’s daughter, who could not get a husband because of the strange sound that comes from her vagina. Dirty jokes such as these are told to make time pass, for instance when they are doing work in the farm.  

བསམ་གྲུབ་ལྗོངས་མཁར་རྫོང་ཁག་ མར་ཚ་ལ་རྒེད་འོག་ ཝང་ཕུག་གཡུས་ཚན་ནང་ལས་ ན་ཀུ་དང་ སེམས་པ་གིས་ སྐྱེ་རྒྱུན་གྱི་སྐོར་ལས་ དགོད་བྲ་བསྒྱུར་ནི་འདུག དགོད་བྲ་འདི་ ཕོ་མཚན་དང་ མོ་མཚན་གྱི་སྐོར་ལས་ཨིན་མས། ཁོ་གི་དགོད་བྲ་ནང་ལུ་ དཔེ་ཅིག་བཀོད་ནི་ཡོདཔ་དང་ དེ་ཡང་ ཆོས་འཁོར་དཔོན་པོ་གིས་བུམོ་འདི་ རྨགཔ་མ་འཐོབ་པར་ མོ་གིས་ མོ་མཚན་ནང་ལས་ པེད་པེད་ཟེར་བའི་སྐད་རྐྱབ་པའི་སྐོར་ལས་སླབ་ནི་འདུག ཨིན་རུང་ དགོད་བྲ་བཙོག་པ་འདི་ ཁོང་ཚུ་ ཞིང་ལཱ་འབད་བའི་སྐབས་སླབ་དོ་ཡོདཔ་ཨིན་མས།  

 

Transcript search
No results found for this search
0 of 0
  • ནག་ཀུ་ Naku
    ང་བཅས་ན་གཞོན་གྱི་ དབའེ་དབའེ་ ཁྱོད་ཀྱི་ཅོ་ཀ་ཤིང་ཀཝ་ལྷོང་སྟེ་འདུག་ རང་འཐག་ལྟེའུ་ཁ་ཡར་ལྟ་ བྱཱོ་ཕྱེ་འཐགས་ད་ནུག སངས་རྒྱས་་་་ མིའི་ལྟེའུ་ཁ་མར་ལྟ་ སངས་རྒྱས་ཐམས་ཅད་དར་རྒྱས་འདུག་ ཟེར་སླབ་ནུག
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    འ་ནཱི་འདི་ ག་ཅི་སླབ་པའི་ཚུལ་སྨོ? དོན་དག་ངོ་མ་འབད་བ་ཅིན།
  • ནག་ཀུ་ Naku
    རང་འཐག་ལྟེའུ་ཁ་ཡར་ལྟ་འབདཝ་ད་འདི་ བྱཱོ་ཕྱེ་འཐག་ནི་ཏེ་ ང་བཅས་ཚུ་གི་འདི་ ཁ་མར་ལྟ་འདུག་བ། འ་ནཱི་འདི་ སངས་རྒྱས་བསྟན་པ་ག་ར་དར་ འ་ནཱི་ ཁ་མར་ལྟ་མ་མ་འབད་བ་ཅིན་ སངས་རྒྱས་བསྟན་པ་མི་དར། ང་བཅས་ག་ར་སངས་རྒྱས་ཨིན་ཏེ།
  • སེམས་དཔའ་ཆོས་སྒྲུབ་ Sempa Chedrup
    དེམ་ཅིག་སྦེ་རྫོགས་འོང་ག་ དེ་འདི?
  • ནག་ཀུ་ Naku
    རྫོགས་སོ་ཡི་ དེ་འདི་ འ་ནཱི་དེ་ དེ་སྦེ་ཨིན་ལོ། སྡོད་ཤིག་སླབ་གེ་ ཆོས་འཁོར་དཔོན་པོ་བཟའ་མོ་ཟེར་ཡོད་ལོ། ཆོས་འཁོར་དཔོན་པོ་བཟའ་མོ་འདི་ ཕོ་རྒྱ་མ་ཐོབ་པས་ དེ་ལས་ནཱ་ལས་སྐད་རྐྱབ་ནུག་འ་ནཱ་ལས་ ཆོས་འཁོར་དཔོན་པོ་བཟའ་མོ། །སྟུ་གིས་ལོ་གསུམ་སྐད་རྐྱབ་འོང་། །པེ་པེ་ཟེར།
  • ནག་ཀུ་ Naku
    ཆོས་འཁོར་དཔོན་པོ་བཟའ་མོ། །ཐུ་གིས་པེ་པེ་ཇིག་ཉི། །དགོན་པའི་བླ་མ་ཞུ་དོང་། །ཚེ་དབང་བརྒྱ་སྟོང་གནང་མ། །པེ་པེ་ཇིག་པ་མ་སངས། །ཆོས་འཁོར་དཔོན་པོ་བཟའ་མོ། །པེ་པེ་ལོ་གསུམ་ཇིག་པས། ། ཆོས་འཁོར་དཔོན་པོ་བཟའ་མོ། །སྟུ་སྐད་པེ་པེ་རྐྱབ་འོང་། །དགོན་པའི་བླ་མ་ཞུ་གེ། །ཚེ་དབང་བརྒྱ་སྟོང་གནང་ཡི། །པེ་པེ་སྐད་རྐྱབ་མ་སངས། །ཆོས་འཁོར་དཔོན་པོ་བཟའ་མོ། །པེ་པེ་ལོ་གསུམ་རྐྱབ་འོང་། །པེ་པེ་ཟེར།
  • ནག་ཀུ་ Naku
    ངག་པ་ཕ་ཇོ་ཞུ་དོང་། །བཟློག་པ་བརྒྱ་སྟོང་བཏང་མ། །པེ་པེ་ཇིག་པ་མ་སངས། །ཆོས་འཁོར་དཔོན་པོ་བཟའ་མོ། །པེ་པེ་ལོ་གསུམ་ཇིག་པས། །ཁུ་ང་ཡམ་ལང་ཞུ་ལེ། །ཡམ་ལང་གཡོབ་ཚོང་བཏང་ནས། །པེ་པེ་ཇིག་པ་སངས་ཏེ་ཟེར།། །། ལྟག་གི་ཕ་ཇོ་ཞུ་གེ། །བཟློག་པ་བརྒྱ་སྟོང་བཏང་ཡི། །པེ་པེ་སྐད་རྐྱབ་མ་སངས། །ཆོས་འཁོར་དཔོན་པོ་བཟའ་མོ། །པེ་པེ་ལོ་གསུམ་རྐྱབ་འོང་། །འོག་གི་ཕོ་གཞོནམ་ཞུ་གེ། །ཕོ་གཞོནམ་འོག་སྟེང་བཏང་ནས། །པེ་པེ་སྐད་རྐྱབ་སངས་སོ་ཡི་ཟེར།། །།