Skip to main content Skip to search
20 Jan 2016
1 min 40 sec
Video Overview
Creators: 
Sherig Dhentshog

A local lay monk from Mendrelgang village in Pemagatshel district narrates a story about two smart friends, a frog and a tiger. It seems to be a popular story in the eastern part of Bhutan. The tiger wanted to eat the frog, but the frog was clever and already aware of his friend's murderous intent. After having eaten a wild board they killed, the tiger asked the frog if he should scratch his head and clean lice from his body. But the smart frog replied he would like to clean the tiger first. As he scratched the tiger's body, he plucked some hairs and nails within his teeth and some in his ass. Later the frog asked his friend what kind of meats the tiger eats. The tiger responded that he even eats grass when he cannot find any meat. The tiger asked the same question in return. The frog said that he even eats tigers when he gets them. They looked at each other's teeth and the tiger had grass in between his. The frog however showed lots of tiger hairs. This frightened the tiger into running away, thinking that the frog planned to eat him instead.

 

༉  པདྨ་དགའ་ཚལ་རྫོང་ཁག་ མནྜལ་སྒང་ལས་ གཡུས་ཁའི་ཆོསཔ་ཅིག་གིས་ མི་ཚུ་སྤྲོ་བ་འབྱུང་བཅུག་ནི་གི་དོན་ལས་ ཆ་རོགས་གཉིས་ཀྱི་སྐོར་ལས་དགོད་བྲོའི་སྲུང་ཅིག་གཏངམ་ཨིན་པས། སྲུང་འདི་ནང་ ཆ་རོགས་གཅིག་གིས་ གཞན་མི་མང་ཤོས་ཅིག་ ཕག་ཤ་ལུ་གནམ་མེད་ས་མེད་སྤྲོ་བ་བཏོནམ་མས་ ང་བཅས་ཡང་ཚར་གཅིག་བཟའ་བལྟ་གེ་ ཟེར་སླབ་སླབ་མས། དེ་འབདཝ་ད་ ཕགཔ་གསད་པར་ཁོང་གཉིས་ལུ་ཕགཔ་མེདཔ་ལས་ ཆ་རོགས་གཅིག་གིས་སླབ་སླབ་མས་ ཕྱི་རུ་མི་ཆ་མཉམ་ཉལ་ཚརཝ་ཅིག་ ཕྱུགཔོ་ཅིག་གི་ཕགཔ་གི་ཁྱིམ་ནང་འགྱོ་གེ་ ཟེར་སླབ་སླབ་མས། དེ་ལས་ གནས་སྐབས་སྟོན་མི་དེ་གིས་ ཕགཔ་ཨ་བ་བཟའ་བར་འཐོན་འོང་ ཆ་རོགས་དེ་ཨ་བ་གཏང་བཅུག་ནུག ཆ་རོགས་འདི་ མར་བཀུགཔ་སྦེ་ཨ་བ་བཏང་སྡོདཔ་ད་ཕགཔ་དེ་ཨ་བ་བཟའ་བར་འོངམ་ཅིག་ ཕགཔ་གུ་བླུགསཔ་ཨིན་ཟེར་ ཆ་རོགས་ཀྱི་ཨ་བུག་གུ་རྟས་ཐག་གིས་ཤུགས་སྦེ་བླུགས་བྱིནམ་ད་ ཆ་རོགས་འདི་ན་ཟུག་རྐྱབ་སྟེ་ སྐད་ཤུགས་སྦེ་སྔུ་སྔུཝ་མས། དེ་ལས་རྟས་ཐག་དྲངས་མི་ཆ་རོགས་དེ་གིས་ ཕགཔ་གི་སྦྱིན་བདག་གིས་ཤེས་འོང་ སྐད་མར་ཕབ་ཟེརཝ་ད་ ཁྱད་མེད་ཟེར་ ད་རུང་སྐད་ཤུགས་སྦེ་རྐྱབ་སྟེ་སྔུ་ ལོག་ལགཔ་སྟོངམ་སྦེ་ འོང་དགོཔ་བྱུང་ནུག

Transcript search
No results found for this search
0 of 0
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    གདོང་ཁར་ ཆ་རོགས་གཉིས་སྡོད་སྡོདཔ་མས་ལགས། སྡོདཔ་ད་ལུ་ དབའི་ ཁོང་ག་ར་ཕགཔ་ བསད་དེ་ ཤ་གསད་དེ་ བཟའ་དེས
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    འ་ནཱ་འདི་ ང་བཅས་ཀྱི་ཡང་ གནམ་མེད་ས་མེད་ བཟའ་དགོ་མནོཝ་མས། ང་བཅས་གཉིས་ཡང་ ཕགཔ་བདའ་བར་འགྱོ་གེ་ ཆ་རོགས་ཟེར་ སླབ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དབའི་ ཁྱོད་ཀྱི་ ག་ཏེ་ལས་ཐོབ་འོང་ཟེར་ སླབ་ནུག་ལགས། ཐབས་ང་ལུ་ཡོད་ཟེར་ སླབ་ད་ལགས། ཐབས་ག་དེ་སྦེ་ སྟོན་ནི་ཁྱོད་ཀྱི་ཟེར་ སླབ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཡ་ ང་གིས་ཏེ་ གནས་སྐབས་ཡོད་མས། ཁོང་ནུབ་མོ་ཉལ་སྡོདཔ་ད་ ཁྱོད་ཀྱི་ ཨ་བ་བཏང་ཟེར་ སླབ་ནུག་ལགས། ང་གིས་འབད་འོང་ འ་ནཱ་ ཤིང་ལྤགས་ཀོ་གི་ཟེར་ སླབ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    དེ་ལས་ ཁོང་གཉིས་སོང་ནུག་ལགས། ཕྱུགཔོ་ཅིག་གི་ཁྱིམ་ནང་ ནུབ་མོ་ཕགཔ་བཏང་བཞག་སྟེ་ཡོདཔ་ཨིན་མས། དེ་ལས་ ཆ་རོགས་འདི་གིས་ ཨ་བ་བཏང་སྟེ་ བླུག་ཆ་རོགས་ བླུག་ཆ་རོགས་ འོང་དོ་འོང་དོ་འོང་དོ་ཟེར་ སླབ་ནུག་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཤིང་ལྤགས་ཀོ་གི་ མགུ་ཏོག་གུ་ལས་མར་བླུགཔ་ད་ ཆ་རོགས་ཀྱི་ ཨ་བུ་གུ་དུག་འབདཝ་ད་ལུ་ ཨ་ལའུ་ཟེར་ད་ རོགས་ཤེས་དོ་ཟེརཝ་ད་ ཤེས་རུང་ཤེས་བཅུག་ཟེར་ རྔུ་དེས་ལོ་ལགས།
  • ཚེ་རིང་རྡོ་རྗེ་/ Tshering Dorji:
    ཆ་རོགས་འདི་གིས་ ནུབ་མོ་ ཤེས་འོང་ཟེར་ སྒལ་ཏོག་གུ་བཀལ་ཏེ་འབག་འགྱོ་ནུག། དེ་ལས་ ཤ་ཡང་མ་ཐོབ་པར་ ག་ཅི་ཡང་མ་ཐོབ་པར་ དགོད་བྲོ་དེམ་ཅིག་ཨིན་ལགས་ ཧི་ཧི་ཧི་ཧི་་་་།