Skip to main content Skip to search
15 Sep 2015
4 min 57 sec
Rating
0
No votes yet
Video Overview
Creators: 
Monika Subba, Kuenzang Wangmo

༉ གསར་སྤང་ དགེ་ལེགས་ཕུག་ བདེ་སྐྱིད་གླིང་ལུ་ ཨམ་ཚེ་རིང་དང་ཆ་རོགས་ཚུ་གིས་འབད་ རྒྱ་བཟའ་བོད་ལ་མི་འགྲོ། ཟེར་བའི་གླུ་གཞས་འདི་ སྒོར་སྒོམ་འབད་ལེའུ་དང་བཅསཔ་སྦེ་འཐེན་ནི་འདུག མ་གཞི་གླུ་གཞས་འདི་ གཞུང་སྒྲ་ཨིན་རུང་ སྒོར་སྒོམ་སྦེ་ཡང་འཐེནམ་ཨིན་མས། གསར་སྤང་རྫོང་ཁག་ནང་ མང་ཤོས་ཅིག་ལྷོ་མཚམས་པ་ཨིན་རུང་ འ་ནི་ཞབས་ཁྲ་རྐྱབ་མི་ཚུ་འདི་ ཞི་གསརཔ་ཆ་ཁྱབ་ཨིན་མས།

Show More

  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    རྒྱ་བཟའ་བོད་ལ་མི་འགྲོ་མཚེར་བ་ཡོད་ལ། །
    I the princess of India feel awe, so would decline to go to Tibet.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    དབང་ཕྱུག་བོད་ལ་མི་འགྲོ་ལ་སྒོམ་པ་རང་བཞུགས། །སྒོམ་པ་རང་བཞུགས།
    Mighty decline to go to Tibet, do mediation.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    ཡབ་ཆེན་མི་དབང་རྒྱལ་པོ་བདག་ལ་གསོན་ལ། །
    My father, your highness, listen to me.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    ཡབ་ཆེན་གསེར་ཁྲི་སྟེང་ལུ་སྒོམ་པ་རང་བཞུགས། །སྒོམ་པ་རང་བཞུགས།
    On your golden thorn spend time for meditation.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    ཡུམ་ཆེན་མི་དབང་རྒྱལ་མོ་བདག་ལ་གསོན་ལ། །
    My mother, your highness, listen to me.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    ཡུམ་ཆེན་དངུལ་ཁྲི་སྟེང་དུ་ལ་སྒོམ་པ་གནང་བཞུགས། །སྒོམ་པ་རང་བཞུགས།
    On your silver thorn spend time for meditation.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    བུམོ་ལ་རྒྱ་བཟའ་བཞུགས་པ་གཡས་ཕྱོགས་ལས་བཞུགས་ལ། །
    At the right side of where I be seated.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    སེར་པོ་གསེར་གྱི་རང་ཐགས་ཆ་གཅིག་ཡོད། །ཆ་གཅིག་ཡོད།
    There is a pair of golden grinder.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    གནམ་ལ་ལེགས་པ་གསེར་གྱི་བརྒྱ་ཐུན་ཡོད་ལ། །
    Good features of hundred golden flour for devotion in the sky.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    ས་ལུ་བྱང་ཉེས་དངུལ་གྱི་བརྒྱ་ཐུན་ཡོད། །བརྒྱ་ཐུན་ཡོད།
    Hunderd inferior silver flour for devotion in the land.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    འདི་ཡང་ང་རང་མི་དགོ་བློན་པོ་ཕུལ་ལ། །
    I don’t need those assets, instead want to offer to minister.
  • ཨམ་ཚེ་རིང་དང་ཆ་རོགས Aum Tshering and Friends
    འདི་ཡང་བོད་ཀྱི་བློན་པོའི་ཕྱག་ལུ་ཕུལ། །ཕྱག་ལུ་ཕུལ།
    The minister of Tibet as a present. .