Skip to main content Skip to search
15 Dec 2011
4 min 13 sec
Rating
0
No votes yet
Video Overview
Creators: 
Unknown

Nicolas Tournadre interviews Ljang Bu about his poem "Lhasa" from his book Poetic Compositions: The Nine-eyed Zi Stone.

Show More

  • འདི་ཨན། ངན་དྲི་ཟེར་ན་ལོག་གཡེམ་གྱི་དྲི་མ་རེད་པས།
  • ཨན། ངན་དྲི་ཟེར་ན་ད་འདི་འདི་རེད། ལོག་གཡེམ་རང་མ་རེད། ད་གཡེམ་པ་ཁ་གཙང་།
  • གཡེམ་པ།
  • འོང་།འདི་བྱས་པ་ཁ་གཙང་འདི། འདི་དྲི་མ་ཁ། ད་ལྷ་ས་རྦད་དེ་ཞང་འཚོང་མས་ཁེངས་བསྡད་ཡོའོ་རེད་པཱ།
  • འོང་།རྒྱོ་བརྒྱབ་པའི་དྲི་མ་དེ།
  • འོང་། རྒྱོ་བརྒྱབ་པའི་དྲི་མ། ཞང་འཚོང་མས་ཁེངས་བསྡད་ཡོའོ་རེད་པཱ།
  • དམར་དྲི་ཞིག
  • དམར་དྲི་ད་འདི་དམར་དྲི།
  • དམར།དམར་གྱི་དྲི་མ།
  • ཨན།
  • ཨ་ལས་དམར། དམར་གྱི་དྲི་མ། འོང་།
  • དམར་རྩི། དཀར་རྩི་ཟེར་གྱི་རེད་པཱ།
  • ཨོའོ་རེད།
  • ཤ་དང་དེ་ཡིན་ན་དམར་དྲི་ཡོའོ་རེད་པཱ།
  • ཨོའོ་རེད།
  • འདི་གཅིག་བྱས། ཨ་ནི།
  • འདི་སྲོག་ཆེན་གཅིག་བཅད་བྱས་རེད་པཱ།
  • ད་ནང་དོན་གཉིས་རེད་པཱ། དྲི་མ་དམར་པོ་བྱས། འདི་བྱས། ཨེ་ཧེ།
  • ན་ཧ་ཧ་ཧུ་ཧེ་ཧུ་ཧེ་ཧུ་་་་་་་་་་་་་་་་་་་་ཆང་དྲི་བྱས།
  • ཨེ་ཧེ།
  • ཡུལ་ན་བརྒྱབ་ཀྱི་ལྐོག་ཤུལ་དང་འདར་སིག ལྐོག་ཏུ་བསད་པ།
  • ད།ཧ་མ་གོ་བ་ལྐོག་ལ་མང་པོ་བསད་ཀྱི་ཡོའོ་རེད་པཱ།
  • འོང་། འདར་སིག
  • འོང་། 
  • ཨན།ང་ཚོའི་ནང་གི་དོགས་སྲོལ་ལྡོག་ཕྱོགས་ཞིག
  • མི་མང་པོའི་ནང་སླེབས་ན། གཅིག་གིས་གཅིག་དོགས་པ་ཟས། ཉམས་ཆུང་ཆུང་བྱས་བསྡད་དགོས་རེད་པཱ། མི་མང་པོ་མི་ཚོགས་ནང་ལ་སླེབས་ན།
  • ཨན། གཅོམ་རོང་། གཅོམ་ཆུང་།
  • གཅོམ་ཆུང་ཟེར་ན་གཅིག་ཉམས་ཆུང་ཆུང་སྐད་ཆ་འདྲ་འདི་མ་བཤད་པ་བྱས། གཅོམ་ཆུང་བ་རེད་པཱ།
  • སྙིང་གཏམ་ལྡོག་བསྐྱེད། དྲི་ཞིག དྲི་རིགས་ཡིན་པས།  གཡེམ་དྲི། དམར་དྲི། ཆང་དྲི་མཚན་མོ་རེ་རེ་གོས་ཧྲུལ་ལ།
  • གོས་ཧྲུལ་ཟེར་ན་ད་མཚན་མོ་དེ་འདི་དཔེ་བཞག་པ་རེད། དུག་ལོག
  • ནང་དུག་ལོག་གོས་ཧྲུལ་ནང་བཞིན།
  • གོས་ཧྲུལ་ཟེར་ན་ད་རལ་བསྡད་ཡོའོ་རེད་པཱ།
  • རལ་བསྡད་ཡོའོ་རེད།
  • འོ།དེ་འདྲས་ཅིག་ལ།
  • རེད།རེད།
  • འདིའི་སྒང་ལ་ལྷན་པ་བརྒྱབ་ཡས་རེད་ཟེར།
  • མཚན་མོ་རེ་རེ་གོས་ཧྲུལ་ལ། འོ་རེད་རེད༎ འདི་གཉིས་སྙན་པོ་འདུག སྙན་པོ་འདུག
  • ཨ་ནི་སི་ཁྲོན་ཟེར།
  • ཡང་དེ་ལ་ཉོས། ཧྥ་རན་སིའི་སྐད་འེ་༼སྐད་ཡང་༽སྙན་པོ་འདུག། གོས་ཧྲུལ་ཟེར།
  • སི་ཁྲོན་ཟ་ཁང་ལ་ལྷན་པ་བརྒྱབ། ཨན།
  • གོས་ད་རལ་ན་འདིའི་སྒང་ལ་ལྷན་པ་ཟེར་རས་བརྒྱབ་དགོས་རེད་པཱ།
  • ད་འདི་ཕྱག་གསུམ་པད་ཚལ་་་་་་་་་་་་་་་་་།
  • ཨཱ༼ག་རེ།༽
  • སི་ཁྲོན་ཟ་ཁང་ད་སི་ཁྲོན་ཟ་ཁང་སྒང་ག།
  • ད་གང་ས་གང་ལ་རྒྱ་མིའི་ཟ་ཁང་འདིས། ཁྲོན་ཚས་༼རྒྱ་ནག་པའི་སྐད་ཡིན། ཁྲོན་ནི་སི་ཁྲོན་གྱི་བསྡུས་མིང་ཡིན་ཞིང་། བོད་སྐད་ལ་ཐད་སྒྱུར་ཐོག་ནས་མཚོན་ན་སི་ཁྲོན་གྱི་ཚལ་ཟེར་གྱི་ཡོད།༽ཟེར་ཁེངས་བསྡད་ཡོའོ་རེད་པཱ།
  • དུས་རབས་གཅིག་གི་གནམ་གང་ལ། ཨན།
  • ད་འདི་གནམ་གང་ཟེར་ཡས་ཀྱི་རྒྱུ་མཚན་འདི་རེད།
  • ཟླ་བ་བཅུ་གཉིས་པའི་ཚེས་པ་ཉི་ཤུ་གཅིག་དེ་དུས་ལོ་གསར་པ་དེར་སླེབས་གྲབས་ཡོའོ་རེད་པཱ།
  • འདིའི།ཚེས་ཉི་ཤུ་རྩ་གཅིག་གི་ཟླ་བ་བཅུ་གཉིས་པའི་ནང་ལ།ཨོའོ་རེད་བཞག།
  • སུམ་ཅུ་སོ་གཅིག། ད་སང་ཉིན་དེ་སླེབས་ཀྱི་ཡོའོ་རེད་པཱ། དུས་རབས་གསར་པ་འདི།
  • དུས་རབས་གསར་པ་འདི།
  • ཉི་ཤུ་རྩ་གཅིག་པའི་དུས་རབས།
  • ཨོའོ་རེད།
  • ད་དེ་རིང་གནམ་གང་རེད་པཱ།
  • ཨོའོ་རེད། ཨོའོ།
  • དུས་རབས་དེའི་གནམ་གང་ལ་ཨ་ནི། ད་ག་ས་གང་ལ་ནང་མ་སྤྲོ་སྐྱིད་ཁང་ལ་དེ་རེད་པཱ། སྦི་རག་རེད་པཱ།
  • ཨན།འདབས་རྭ་སྒྲིགས།
  • འདབས་རྭ་སྒྲིགས་ཟེར་ན། ད་འདི། ལྕགས་རྩེ་དང་ད་འདི་ཚོས་ཅིག་བཟོ་གྱི་མིན་འདུག་གས།
  • ཅོག།ཅོག་རྩེ་ཨས། ཨོའོ།མ་རེད།
  • ལྕགས་རྩེ། ད་དཔེར་བཞག་ན་མེ་ཏོག་ལྡུམ་རྭ་བཟོས་ན་ལྕགས་རི་འདྲ་པོ་གཅིག་འདབས་རྭ་ཟེར་གྱི་རེད་པཱ། དེ་མིང་ལ།
  • ཨོའོ་འོང་།
  • འོང་།
  • འོང་། ཕྱིར་ཐོན་པོའི་སྒོ་དེ་ག་ན་ཡོད། ཨོའོ།
  • ད་འདི་ཕྱི་ལོགས་ཐོན་པའི་་སྒོ་ག་པར་ཡོའོ་རེད་ཟེར།
  • ཡོའོ་མ་རེད་ཟེར། ཕོན་ཆེ་བའི་རྒྱ་སྨན།
  • འོ་ད་ཕར་འདྲི་ཡི་ཡོའོ་རེད་པཱ། ཕྱིར་ཐོན་པའི་སྒོ་དེ་གང་ན་ཡོའོ་རེད་ཟེར། སུས་སྐད་ཆ་འདྲི་ཡི་ཡོའོ་རེད་ཟེར་ན། འཕོན་ཆེ་བའི། འཕོན་ཆེ་བ་ཟེར་ན། ད་གཟུགས་ཆེན་པོ་འདི་རྒྱ་ཆེན་པོ་རེད་པཱ།
  • འོང་འོང་།
  • རྒྱ་སྨན་་མེ་ཏོག་ཟེར་ན་འདི་རེད། ཉལ་ཐ། ཉལ་ཐ་མེ་ཏོག་དམར་པོ་གཅིག་མེད་པས།
  • འོང་འོང་། 
  • དེའི་མིང་ལ་རྒྱ་སྨན་ཟེར་གྱི་རེད་པཱ། བོད་པ་ཡིན་ན།
  • ཨ་ལས། རྒྱ་ནག་དུས་ལ།
  • རྒྱ་སྨན་ཟེར་གྱི་རེད་པཱ།
  • འདི་ལས་དེ་ཉལ་ཐ་བཟོ་གི་རེད།
  • འདི་འདིའི་ནང་ནས་ཨ་ནི། འདི་མེ་ཏོག་ལོ་མ་གྱིས་༼ཡིས་༽ཨ་ནི།
  • ཨོའོ་འོང་འོང་།༼རེད།རེད།རེད།༽
  • ད་མི་སྒང་ག་སི་ཁྲོན་ཟ་ཁང་དང་། ནང་མའི་ནང་ལ་བསྡད་ཡོའོ་རེད། ངས་སོ་སོ་སོ་སོ་སྔོན་མ་ཞེ་པོ་ཅིག་བཏུང་གི་རེད་པཱ།
  • བསམ་བློ་མང་པོ་བཏང་། ལོ་མང་པོ་འཕྲོ་བརླག་བཏང་བྱས་ནི་་་་་་། ཆང་རག་ཡོའོ་རེད་པཱ། བོད་པ་ད། དེ་ནི་སྔ་མ་རྒྱ་མིས་དེ་དབྱིན་ཇིའི་ཉལ་ཐ་ཡིས་གཅིག་བྱས་པ་རེད་ཟེར། ཞེ་པོ་གཅིག་ལབ་པ་རེད་པཱ།
  • འདུག།འདུག།འདུག།འདུག།
  • ད་ཉལ་ཐ་ཆགས་བཞག མི་སྒང་ག་ཆང་རག་དང་མཱ་ཅང་འདིས་བྱས། ལས་ཀ་ཁྱོན་ནས་བྱེད་ཀྱི་ཡོའོ་མ་རེད་པཱ།
  • མི་ཚེའི་ཚེ་ལ་ཚེ་ལ་ཡིན་ཟེར་གྱི་རེད།རེད་པཱ།
  • ཚེ་ལ་ཟེར་ཕར་འདྲི་གི་༼ཡི༽ཡོའོ་རེད།
  • ཕར་འདྲི་གི་༼ཡི་༽་ཡོའོ་རེད། འོའོ།
  • ང་ག་པར་འགྲོ་དགོས་རེད། ཉི་ཀུ་ལགས་ལགས་ཟེར། ད།
  • ཨན་འོང་།༼རེད།རེད།༽
  • འོ་འདི། ཨ་ནི་འདི། འདི་གཉིས་ཚིག་གཅིག་རེད།
  • ཨོའོ་འོང་།༼ཨ་ལས།༽
  • ཨེ་ཧེ་འེ།
  • ཨ།ཕྱིར་ཐོན་པའི་སྒོ་ག་ན་ཡོད།
  • ག་ན་ཡོད་ཟེར།
  • འཕོན་ཆེ་བའི་ཆུན་པོ།
  • ག་ན་ཡོད། མཚན་མོ་ལགས།
  • འདིའི་མེ་ཏོག་ཆུན་པོ།
  • འོང་།༼རེད།༽
  • མེ་ཏོག་ཆུན་པོ་དང་།
  • འོང་། མེ་ཏོག་ཆུན་པོ་ལགས་ཟེར། ད།
  • མེ་ཏོག་ཆུན་པོ་ལགས།
  • ང་། གང་འདྲ་ཟེར་ཕྱི་ལོགས་ལ་ཐོན་དགོས་རེད་ཟེར། ད། ཕྱི་ལོགས་ཐོན་ཐུབ་ཀྱི་མེད་པ་འདིའི་ནང་ལོགས་ལ་འཛུལ་བྱས། ལྷ་ས་ནས།