Skip to main content Skip to search
15 Dec 2011
21 min 20 sec
Video Overview
Creators: 
Unknown

Jangbu, a modern Tibetan poet, talks about poetry, literature, and Tibetan culture with Nicolas Tournadre.

Transcript search
No results found for this search
0 of 0
  • ད་ཕལ་ཆེར་དེ་ང་རང་གི་སྙན་རྩོམ་དང་པོ་དེ་དང་གཉིས་པ་དེ། ཏིག་ཙམ་མི་འདྲ་བ་ཞིག་འདུག  དང་པོ་དེ་ཟེར་ན། ཁ་དམ་པོ་གབ་ཚིག་ཟོ་འདྲ་གཅིག་བྱས།  མི་མང་པོས་ཧ་གོ་གི་མི་འདུག་ཟེར་མཁན་ཅིག་མང་པོ་བྱུང་། 
    da phal cher de nga rang gi snyan rtsom dang po de dang gnyis pa de/_tig tsam mi 'dra ba zhig 'dug__dang po de zer na/_kha dam po gab tshig zo 'dra gcig byas/__mi mang pos ha go gi mi 'dug zer mkhan cig mang po byung /_
  • གཞུག་གུ་དེ་ད་འདྲ་མི་འདྲ་ཚོད་ལྟ་བྱས། བསམ་བློ་བཏང་བྱས། མཇུག་གུ་དེ་ད་ཁ་སྐད་རང་བྱས། ཚིག་དང་དེ་གོ་བདེ་པོ་བྱས།
    gzhug gu de da 'dra mi 'dra tshod lta byas/_bsam blo btang byas/_mjug gu de da kha skad rang byas/_tshig dang de go bde po byas/
  • ད་དེ་འདྲས་བྱས་ནས་ད་སྙན་ངག་ཡིན་ན། མིས་བལྟ་མཁན་གཅིག་དགོས་རེད་པཱ། ཨ་ནི་ཏིག་ཙམ་ཁྱབ་ཆེ་བ་བྱེད་ཡས་དང་། ཨ་ནི་དེ་སོ་སོ་དེ་ཁ་རེ་ཁ་གཏུག སྟབས་བདེ་པོ།
    da de 'dras byas nas da snyan ngag yin na/_mis blta mkhan gcig dgos red pA/_a ni tig tsam khyab che ba byed yas dang /_a ni de so so de kha re kha gtug_stabs bde po/
  • སྔོན་མ་ཁྱེད་རང་གིས་ག་རེ་ཟེར་དགོས་རེད། གབ་ཚིག་དང་གོ་བ་ལེན་ཡས་དེ་ཏིག་ཙམ་དཀའ་ལས་ཁག་པོ་ཡོད་པ་དེ། རྐང་བཙུགས་ནས་དཀའ་ལས་ཁག་པོ་བཟོས་གནང་གི་ཡོད་པས་། གང་འདྲས་རེད་དེ།
    sngon ma khyed rang gis ga re zer dgos red/_gab tshig dang go ba len yas de tig tsam dka' las khag po yod pa de/_rkang btsugs nas dka' las khag po bzos gnang gi yod pas /_gang 'dras red de/
  • ད་དེ་ད་གིན་ཞུས་པ་ནང་བཞིན། སོ་སོ་བཤད་ཡས་ཅིག་ཡོད་པ་བྱས་སེམས་ནང་ལ། ཨ་ནི་དེ་ད་ཁོ་ཏག་ཏག་བསྡད་ཡོད་པ་ཅིག་བཤད་སྟངས་གཅིག་དགོས་རེད་པཱ། ད་དེ་གང་འདྲས་ཟེར་ཡིན་ཟེར་ནའི་ཟེར། དེ་ཁོ་རང་གཅིག་གུ་ཕ་གའི་དེ་ཚུར་ལེན་ཡས་ཡོའོ་མ་རེད་པཱ། 
    da de da gin zhus pa nang bzhin/_so so bshad yas cig yod pa byas sems nang la/_a ni de da kho tag tag bsdad yod pa cig bshad stangs gcig dgos red pA/_da de gang 'dras zer yin zer na'i zer/_de kho rang gcig gu pha ga'i de tshur len yas yo'o ma red pA/_
  • སོ་སོ་འཚལ་དགོས་རེད་པ་ད།  ག་ས་ག་ལ་འཚལ་བྱས་བྱས། ད་དེ་འཕེལ་རྒྱས་ཟེར་ནའང་འདྲ། ག་རེ་བྱས་ནའང་འདྲ་སྔ་མ་དང་ཏིག་ཙམ་མི་འདྲ་བ་བྱས། ག་ལེར་ག་ལེར་ཆགས་འགྲོ་གི་རེད།
    so so 'tshal dgos red pa da/__ga sa ga la 'tshal byas byas/_da de 'phel rgyas zer na'ang 'dra/_ga re byas na'ang 'dra snga ma dang tig tsam mi 'dra ba byas/_ga ler ga ler chags 'gro gi red/
  • དེའི་ནང་ལ་གཙོ་བོ་སྔ་མ་ཡིན་ན་གཙོ་བོ་ང་རང་གི་ང་རང་གི། མི་སོ་སོས་ཀྱི་མྱོང་ཚོར་དེ་མང་པོ་བྱས་། ཨ་ནི་གཞུག་གུ་ལ་ག་ལེ་ག་ལེ་མི་མང་པོ་ཅིག ཚོགས་པ་གཅིག་གི་མྱོང་ཚོར་དེ་ཏིག་ཙམ་རྒྱ་ཆེར་རུ་ཕྱིན།
    de'i nang la gtso bo snga ma yin na gtso bo nga rang gi nga rang gi/_mi so sos kyi myong tshor de mang po byas /_a ni gzhug gu la ga le ga le mi mang po cig_tshogs pa gcig gi myong tshor de tig tsam rgya cher ru phyin/
  • ལགས་སོ།
    lags so/
  • འོང་དེ་འདྲས་ཅིག་ཡིན།
    'ong de 'dras cig yin/
  • ལགས་སོ།
    lags so/
  • དེབ་དེ་ཁྱེད་རང་གི་ད་དེ་དེབ་དང་། ད་དེ་དང་པོ་དེ་བསམ་བློ་གཏང་ཡོའོ་རེད་པཱ། མཚམས་མཚམས་གཉིས་པ་དེའི་ནང་ལ་ཡ་ད་ནང་དོན་ད་སྐད་ཀྱི་དེ་འདྲས་གཅིག་གི་ཁ་སྐད་འདྲ་པོ་གཅིག་འགྱུར་པ་རེད་པཱ། དེ་ཁ་སྐད་དུ་འགྱུར་པ་རེད། ནང་དོན་ནང་དེ་ཡང་དེ་དང་མཉམ་དུ་འགྱུར་ཀྱི་རེད་པཱ། ཡིག་སྐད་དེ་འགྱུར་པ་རེད་པས།
    deb de khyed rang gi da de deb dang /_da de dang po de bsam blo gtang yo'o red pA/_mtshams mtshams gnyis pa de'i nang la ya da nang don da skad kyi de 'dras gcig gi kha skad 'dra po gcig 'gyur pa red pA/_de kha skad du 'gyur pa red/_nang don nang de yang de dang mnyam du 'gyur kyi red pA/_yig skad de 'gyur pa red pas/
  • ཁ་སྐད་ཟེར་ན། དང་པོ་དེ་ཨམ་མདོ་གི་ཡུལ་སྐད་དེ་ཤུགས་ཆེན་པོ་རེད་བམས་ཀྱིས། གཅིག་ཡིན་མིན་ཟེར་མཁན་འདྲ་པོ་གཅིག ཚིག་བཅས་མཚམས་ཐོག་ལ། གཞུག་གུ་ད་དབུས་གཙང་ལ་སླེབས། ཨ་ནི་དབུས་གཙང་ཏིག་ཙམ་སྦྱངས་དེ་བྱས་ནས། ད་མཐུན་མོང་གི་ག་ས་ག་ལ་གཅིག་ཁོ་རང་སྙན་ངག་ཡིན་ན། དབྱངས་དང་འགྲོས་དང་འགྱུར་ཁུག་དང་དེ་ཚོ་དགོས་རེད་པཱ། དེ་སྤྱིར་བཏང་གི་མི་སོ་སོའི་ལམ་ཁ་གཅིག་ཡུལ་སྐད་རང་མིན་པ་བྱས་དེ་མུ་སྐད་དེ་བྱུང་། བམས་བློ་བཏང་ཡས་དེ་འདྲས་གཅིག་ཡིན།
    kha skad zer na/_dang po de am mdo gi yul skad de shugs chen po red bams kyis/_gcig yin min zer mkhan 'dra po gcig_tshig bcas mtshams thog la/_gzhug gu da dbus gtsang la slebs/_a ni dbus gtsang tig tsam sbyangs de byas nas/_da mthun mong gi ga sa ga la gcig kho rang snyan ngag yin na/_dbyangs dang 'gros dang 'gyur khug dang de tsho dgos red pA/_de spyir btang gi mi so so'i lam kha gcig yul skad rang min pa byas de mu skad de byung /_bams blo btang yas de 'dras gcig yin/
  • བྱས་ཙང་དེང་སང་གི་ཨམ་མདོའི་སྐད་དེ་བདེ་སྤྱོད་བྱེད་ཡས་ཉུང་རུ་ཉུང་རུ་ཕྱིན་སོང་། དེའི་སྐོར་ལ་ཏིག་ཙམ།
    byas tsang deng sang gi am mdo'i skad de bde spyod byed yas nyung ru nyung ru phyin song /_de'i skor la tig tsam/
  • ཨམ་མདོའི་ཡུལ་སྐད་རང་ཉུང་རུ་ཕྱིན།
    am mdo'i yul skad rang nyung ru phyin/
  • ཡུལ་སྐད་རང་ཉུང་།
    yul skad rang nyung /
  • ཡིན་ན་ཡང་ཁ་སྐད་རང་དེ་བྱེད་དུས། དབུས་གཙང་སྐད་དེ་ག་རེ་དགོས་རེད། ལྷོད་ལྷོད་བྱས་འདྲ་ཆགས་པོ་འདྲ་གཅིག་བྱུང་གིས། བྱས་ཙང་ཨ་ནི་དཔེ་ཆ་བཞག་ན། ཨམ་མདོའི་མི་དེ་ཚོས་བལྟས་ན་ཡང་ཁྱེད་རང་ལྷ་སའི་སྐད་ཀྱིས་འབྲི་ཡི་འདུག་ཟེར།
    yin na yang kha skad rang de byed dus/_dbus gtsang skad de ga re dgos red/_lhod lhod byas 'dra chags po 'dra gcig byung gis/_byas tsang a ni dpe cha bzhag na/_am mdo'i mi de tshos bltas na yang khyed rang lha sa'i skad kyis 'bri yi 'dug zer/
  • ལགས་རེད་པས།
    lags red pas/
  • དེ་འདྲ་ཟེར་མཁན་འདུག ཡིན་ནའི་ད་སྤྱིར་བཏང་ད་དབུས་གཙང་སྐད་ལ་ད་རྒྱུས་ལོན་ཏིག་ཙམ་ཡོད་པ་གཅིག་ཡིན་ན། ལྷ་སའི་སྐད་རེད་ཟེར་གྱི་མི་འདུག ཁོང་ཚོ།
    de 'dra zer mkhan 'dug_yin na'i da spyir btang da dbus gtsang skad la da rgyus lon tig tsam yod pa gcig yin na/_lha sa'i skad red zer gyi mi 'dug_khong tsho/
  • ད་དེ་གཅིག་མཐུན་མོང་གི་འགྲོ་སྟངས་ཅིག ཁ་སྐད་དང་ཐག་ཉེ་པོ་ཅིག སྔ་མོའི་ཡིན་ན་ང་ཚོ་ཁ་སྐད་ཟེར་ན། ལུང་པ་སོ་སོའི་དེ་མི་འདྲ་བ་བྱས། ཡིག་སྐད་ཟེར་སྤྱི་སྐད་ཆགས་པ་རེད་པཱ།
    da de gcig mthun mong gi 'gro stangs cig_kha skad dang thag nye po cig_snga mo'i yin na nga tsho kha skad zer na/_lung pa so so'i de mi 'dra ba byas/_yig skad zer spyi skad chags pa red pA/
  • ད་ད་ལྟ་ང་ཚོ་གཙོ་བོ་དགོ་ཡས་དེ། ཁ་སྐད་ནང་ལ་སྤྱི་སྐད་དེ་འདྲས་དགོས་ཀྱི་འདུག་ག ད་དེ་བྱས་ན་དབུས་གཙང་སྐད་དེ་གཅིག་ཡིག་སྐད་དང་ཏིག་ཙམ་ཐག་ཉེ་པོ་བཟོ་འདྲ། དེ་འདྲས་གཅིག་བྱུང་ཙང་། ཨ་ནི་དེ་རང་བཞིན་གྱི་བྱུང་པ་མིན་འགྲོ་བམས་ཀྱིས་དེ།
    da da lta nga tsho gtso bo dgo yas de/_kha skad nang la spyi skad de 'dras dgos kyi 'dug ga_da de byas na dbus gtsang skad de gcig yig skad dang tig tsam thag nye po bzo 'dra/_de 'dras gcig byung tsang /_a ni de rang bzhin gyi byung pa min 'gro bams kyis de/
  • ནམ་རྒྱུན་ཁྱེད་རང་གིས་སོ་སོའི་སྙན་ངག་ལྗགས་ཀློགས་གནང་པའི་སྒང་ལ། ཨ་ནི་ཨམ་མདོའི་སྐད་ཀྱི་ཐོག་ནས་ཀློག་གི་ཡོའོ་རེད་པཱ་། ལྗགས་ཀློག་གནང་གི་ཡོའོ་རེད། དེ་ཨེ་སྤྱིར་བཏང་ཁྱེད་རང་གི་དབུས་གཙང་སྐད་ཀྱི་ཐོག་ནས་ག་དུས་ཡིན་ན་ཀློག་གནང་གི་མེད་པཱ།
    nam rgyun khyed rang gis so so'i snyan ngag ljags klogs gnang pa'i sgang la/_a ni am mdo'i skad kyi thog nas klog gi yo'o red pA /_ljags klog gnang gi yo'o red/_de e spyir btang khyed rang gi dbus gtsang skad kyi thog nas ga dus yin na klog gnang gi med pA/
  • ཨོའོ་། སྐད་ཤུགས་ཆེན་པོ་བྱས་ཀློག་གི་མེད་། ད་རྩོམ་གཅིག་བྲིས་པ་རེད་པཱ། ཨམ་མདོའི་སྐད་ཀྱི་སེམས་ནས་གཅིག་ཀློགས། དབུས་གཙང་སྐད་དེ་ད་སོ་སོས་ཏིག་ཙ་ཀློག ཀློག་གོག་བྱས་། ཨ་ནི་གཉིས་ཆ་ལོགས་སུས་ཀློག་པ་ཡིན་ནའི་ཏིག་ཙམ་བདེ་པོ་ཡོད་པ་དེ་འདྲས་གཅིག་བམས་བློ་གཏང་གི་ཡོད།
    o'o /_skad shugs chen po byas klog gi med /_da rtsom gcig bris pa red pA/_am mdo'i skad kyi sems nas gcig klogs/_dbus gtsang skad de da so sos tig tsa klog_klog gog byas /_a ni gnyis cha logs sus klog pa yin na'i tig tsam bde po yod pa de 'dras gcig bams blo gtang gi yod/
  • ད་སྙན་ངག་ཟེར་ན། ཡིན་གཅིག་མིན་གཅིག་གིས་ད་ཁོ་རང་ཁོ་རང་ད་ཡང་གཅིག དབྱངས་དང་དེ་ཏིག་ཙམ་གཅིག་སྙན་པོ་ཅིག་དགོས་ཀྱི་ཡོའོ་རེད་པཱ། ད་ག་ཟེར་མིའི་སྐད་བཤད་སྟངས་རང་མིན་པ་བྱས་། བྱས་ཙང་ཨ་ནི་བྲིས་ཚར་པ་ད་ག་དེ་བྱེད་ཀྱི་ཡོད། སྐད་འདྲ་མ་འདྲ་ཡི་ཐོག་ནས་སེམས་ནས་ཀློག མཚམས་མཚམས་དེ་སྐད་ཆེན་པོ་ཀློག་གི་ཡོད་ད་དེ་ཉུང་རེད། ཨ་ནི་བྲིས་ཚར་པ་ད་ག་དཔེར་ཆ་བཞག་པ་དབུས་གཙང་གི་མི་ཁོང་ཚོ་ཀློག་དགོས་བཅུག་གི་ཡོད། མཚམས་མཚམས་ལ།
    da snyan ngag zer na/_yin gcig min gcig gis da kho rang kho rang da yang gcig_dbyangs dang de tig tsam gcig snyan po cig dgos kyi yo'o red pA/_da ga zer mi'i skad bshad stangs rang min pa byas /_byas tsang a ni bris tshar pa da ga de byed kyi yod/_skad 'dra ma 'dra yi thog nas sems nas klog_mtshams mtshams de skad chen po klog gi yod da de nyung red/_a ni bris tshar pa da ga dper cha bzhag pa dbus gtsang gi mi khong tsho klog dgos bcug gi yod/_mtshams mtshams la/
  • ཁྱེད་རང་དེ་དུས་ཚོར་སྣང་ག་རེ་ཡོའོ་རེད། དཔེར་ན་དབུས་གཙང་གི་སྙན་ངག་མཁན་གྱིས་ཁྱེད་རང་གི་སྙན་ངག་དེ་ཀློག་དུས་ཙམ་ནས། གདངས་ལོག་ཀ་རེད་པཱ། ཁྱེད་རང་། ཁྱེད་རང་ལ་ཚོར་སྣང་ག་འདྲ་ཡོའོ་རེད།
    khyed rang de dus tshor snang ga re yo'o red/_dper na dbus gtsang gi snyan ngag mkhan gyis khyed rang gi snyan ngag de klog dus tsam nas/_gdangs log ka red pA/_khyed rang /_khyed rang la tshor snang ga 'dra yo'o red/
  • ཨོའོ་། ད་དེ་རེད། ངས་སྤྱིར་བཏང་མིས་ཀློག་དགོས་བཅུག་པ་དང་། སྙན་ངག་ལ་དོ་སྣང་བྱེད་མཁན།
    o'o /_da de red/_ngas spyir btang mis klog dgos bcug pa dang /_snyan ngag la do snang byed mkhan/
  • སྙན་ངག་ལ་དོ་སྣང་བྱེད་མཁན།  ཀློག་ན་ཨ་ནི་མི་ཁ་ཤས་སྙན་ངག་ཀློག་ན་ད་གཅིག་སྲོལ་རྒྱུན་སྙན་ངག་དང་དེ་ཤུགས་ཆེ་པོ་ཡོད་པ་། སྙན་ངག་ཀློག་ན་སྙན་ངག་གསར་པ་དེ། ཁོ་ཀློག་སྟངས་དེ་ང་རང་ཚོས་བསམ་ཡས་དེ་འདྲས་ཅིག་རེད་མི་འདུག
    snyan ngag la do snang byed mkhan/__klog na a ni mi kha shas snyan ngag klog na da gcig srol rgyun snyan ngag dang de shugs che po yod pa /_snyan ngag klog na snyan ngag gsar pa de/_kho klog stangs de nga rang tshos bsam yas de 'dras cig red mi 'dug
  • མཚམས་བཅད་སྟངས་དང་གཅིག་གཅིག ཁོ་རང་ཁོ་རང་ཅིག་བྱེད་དུས་ཙམ་ནས། ཨ་ནི་ཨ་ནི་སོ་སོའི་བསམ་བློ་དང་མི་འདྲ་བ་གཅིག་ཆགས་འགྲོ་གི་འདུག་ག ཐག་རིང་པོ་གཅིག་བྱས་ཙང་ཨ་ནི་དེང་ཞག་དེ་ཀློག་ཤེས་ཀྱི་ཡོད་པ། དོ་སྣང་བྱེད་མཁན་དེ་འདྲས་གྲོགས་པོ་དང་དེ་འདྲས་ཀློགས་དགོས་བཅུག་པ་ཡིན་ན།
    mtshams bcad stangs dang gcig gcig_kho rang kho rang cig byed dus tsam nas/_a ni a ni so so'i bsam blo dang mi 'dra ba gcig chags 'gro gi 'dug ga_thag ring po gcig byas tsang a ni deng zhag de klog shes kyi yod pa/_do snang byed mkhan de 'dras grogs po dang de 'dras klogs dgos bcug pa yin na/
  • ཁ་ཤས་ཁོང་ཚོས་དེ་ལབ་ཀྱིས། དེ་སྟོབས་བདེ་པོ་མི་འདུག དེ་ག་རེད། དཔེ་ཆ་བཞག་ན་ར་གསུམ་མཉམ་དུ་བྱས།  འདི་འདི་བར་རུ་ཟེར་བར་རུབ་ཟེར་མཁན་འདྲ་པོ་གཅིག་ཆགས། ཨ་ནི་དེ་སྙིང་རྗེ་པོ་མི་འདུག་ཟེར་ན།  
    kha shas khong tshos de lab kyis/_de stobs bde po mi 'dug_de ga red/_dpe cha bzhag na ra gsum mnyam du byas/__'di 'di bar ru zer bar rub zer mkhan 'dra po gcig chags/_a ni de snying rje po mi 'dug zer na/__
  • ཨོའོ་ཡང་བསམ་བློ་གཏང་། མཚམས་མཚམས་བཟོ་བཅོས་ཚིག་གི་སྒང་ལ་བཟོ་བཅོས་ཏིག་ཙམ་བརྒྱབ་གྱི་ཡོད།ད་བསམ་བློ་ནི་སོ་སོས་དེ་རེད། ད་གཙོ་བོ་དེ་བོད་ཡིག་དེ་ཤུགས་ཆུང་རུ་ཕྱིན། ད་དེང་སང་གི་གསར་པ་དང་དེ་བསྒྱུར་ཡས་དང་དེ་ཉུང་རུ་ཕྱིན། བརྙན་འཕྲིན་ཡིན་ནམ། ག་རེ་ཡིན་ནའི། ད་བེད་སྤྱོད་བཏང་ཡས་ཉུང་རུ་ཉུང་རུ་རེད་པཱ།གྲོང་ཁྱེར་ནང་ལ་སྤྱིར་བཏང་བེད་སྤྱོད་བཏང་གི་མ་རེད། བྱས་ཙང་ཨ་ནི་བོད་ཡིག་འབྲི་ཡས་དེ་ཁག་པོ་རེད།
    o'o yang bsam blo gtang /_mtshams mtshams bzo bcos tshig gi sgang la bzo bcos tig tsam brgyab gyi yod/da bsam blo ni so sos de red/_da gtso bo de bod yig de shugs chung ru phyin/_da deng sang gi gsar pa dang de bsgyur yas dang de nyung ru phyin/_brnyan 'phrin yin nam/_ga re yin na'i/_da bed spyod btang yas nyung ru nyung ru red pA/grong khyer nang la spyir btang bed spyod btang gi ma red/_byas tsang a ni bod yig 'bri yas de khag po red/
  • མིང་ཚིག་གཅིག་ཡིན་ནའི་མི་ཡིས་གོ་བ་ལེན་སྟངས་མི་འདྲ་བ་བྱས། དེ་རྒྱ་ཡིག་གི་གཅིག་རེད་པཱ་ཟེར།       
    ming tshig gcig yin na'i mi yis go ba len stangs mi 'dra ba byas/_de rgya yig gi gcig red pA zer/_______
  • དཔེ་ཆ་བཞག་ན་འདི་ནི་ཕར་གོ་བ་ལེན། བྱས་ཙང་ང་ཚོས་མཚམས་མཚམས་རྩོམ་འབྲི་དུས། བམས་བློ་ཁོ་འདྲ་རྗེས་ཟིན་གྱི་མི་འདུག ཚིག་དཔེར་ཆ་བཞག་ན་སྙིང་རྗེ་པོ་བྱས།  རྩོམ་དེ་རྒྱ་ཡིག་ནས་ཚུར་མཐོང་པ་རེད། སོ་སོའི་བོད་ཡིག་རེད་ད་དེ་ཧ་གོ་གི་མི་འདུག དེ་འདྲས་ཆགས་ཡོང་གིས།
    dpe cha bzhag na 'di ni phar go ba len/_byas tsang nga tshos mtshams mtshams rtsom 'bri dus/_bams blo kho 'dra rjes zin gyi mi 'dug_tshig dper cha bzhag na snying rje po byas/__rtsom de rgya yig nas tshur mthong pa red/_so so'i bod yig red da de ha go gi mi 'dug_de 'dras chags yong gis/
  • ཁྱེད་རང་གི་ད་དེ་སྤྱིར་བཏང་གི་རྩོམ་རིགས་ནང་ལོགས་ལ་ཡ། ཨ་ནི་ད་ཁྱེད་རང་གི་ད་གིན་གསུངས་པ་དེ་རེད། ད་ལྟ་རྒྱ་ཡིག་ཤུགས་རྐྱེན་ཏིག་ཙམ་ཡོད་པ་དང་ད་ལྟ་ཨམ་མདོའི་ཡུལ་སྐད་ཤུགས་རྐྱེན་ཡོད་པ་ད། སྤྱིར་བཏང་གི་ཨམ་མདོའི་མི་དམངས་ཀྱི་དེ་འདྲས་གཏམ་དཔེ་ལ་སོག་ས་པ་དེ། དེ་ནས་ཨཱ་རྒྱུན་སྲོལ་གྱི་དཔེ་ཆ་ག་རེ་ཟེར། འདི་རྒྱུན་སྲོལ་གྱི་ཤེས་རིག་ཡོའོ་རེད་པཱ། བོད་ཀྱི་ཤེས་རིག་དེ་ལས་དཔེ་ཆ་ཡིན་ནའི་ཆོས་ཀྱི་དེ་འདྲས་ཤུགས་རྐྱེན་ཡོའོ་རེད་པས་། ཁྱེད་རང་རྣམས་ལ།
    khyed rang gi da de spyir btang gi rtsom rigs nang logs la ya/_a ni da khyed rang gi da gin gsungs pa de red/_da lta rgya yig shugs rkyen tig tsam yod pa dang da lta am mdo'i yul skad shugs rkyen yod pa da/_spyir btang gi am mdo'i mi dmangs kyi de 'dras gtam dpe la sog sa pa de/_de nas A rgyun srol gyi dpe cha ga re zer/_'di rgyun srol gyi shes rig yo'o red pA/_bod kyi shes rig de las dpe cha yin na'i chos kyi de 'dras shugs rkyen yo'o red pas /_khyed rang rnams la/
  • ཆོས་ཀྱི་ཤུགས་རྐྱེན་ཡོད་དགོས་བྱུང་། དེ།
    chos kyi shugs rkyen yod dgos byung /_de/
  • ཆོས་ཟེར་ན། ང་རང་ཚོའི་སློབ་གསོའི་ཚད་བཀག་གཅིག་ཡོའོ་རེད་པཱ། དང་པོ་ཕྲུག་གུ་ཡིན་དུས་ནས། རིག་གནས་གསར་བརྗེ་ཆེན་པོ་འཁལ། ཕལ་ཆེར་ལོ་བཅུ་དྲུག་བཅུ་བདུན་སྔོན་ལ་མཆོད་མེ་ཟེར་གང་འདྲས་ཡིན་པ་མཐོང་མྱོང་མེད། དགོན་པ་ཟེར་གང་འདྲས་ཡིན་པ་ཧ་གོ་གི་མེད། དེ་འདྲས་རེད་པཱ།
    chos zer na/_nga rang tsho'i slob gso'i tshad bkag gcig yo'o red pA/_dang po phrug gu yin dus nas/_rig gnas gsar brje chen po 'khal/_phal cher lo bcu drug bcu bdun sngon la mchod me zer gang 'dras yin pa mthong myong med/_dgon pa zer gang 'dras yin pa ha go gi med/_de 'dras red pA/
  • ཨ་ནི་གཞུག་གུ་གཞུག་གུ་དེ་ད། རིག་གནས་གསར་བརྗེ་ཡི། ང་ད་དྲུག་ཅུ་རེ་གསུམ་ལ་སྐྱེས་པ་རེད་པཱ། 
    a ni gzhug gu gzhug gu de da/_rig gnas gsar brje yi/_nga da drug cu re gsum la skyes pa red pA/_
  • འོ་རེད།
    'o red/
  • དྲུག་ཅུ་རེ་དྲུག་ལོ་ལ་རིག་གསན་གསར་བརྗེ་ཆེན་པོ་རེད་པཱ། 
    drug cu re drug lo la rig gsan gsar brje chen po red pA/_
  • ལགས། འོང་།
    lags/_'ong /
  • ལོ་གསུམ་སྔོན་ལ་གང་འདྲས་ཡིན་པ་ཧ་གོ་གི་མ་རེད་པཱ། དེ་ནས་སོ་སོས་ཧ་གོ་དུས། ད་ཕ་ཡུལ་གྱི་དགོན་པ་དང་དེ་ཚོ་ནི། རྒྱང་རོ་མ་ཞིག་མི་འདུག རྒྱང་། ཨ་ནི་ཧ་གོ་གི་མེད།
    lo gsum sngon la gang 'dras yin pa ha go gi ma red pA/_de nas so sos ha go dus/_da pha yul gyi dgon pa dang de tsho ni/_rgyang ro ma zhig mi 'dug_rgyang /_a ni ha go gi med/
  • ད་གཞུག་གུ་སློབ་གྲྭའི་ནང་ལ་ཕྱིན་བྱས། སློབ་གྲྭའི་ནང་ལ་ད་བོད་ཡིག་བོད་ཡིག་ཁོ་ར་ད་བོད་ཀྱི་ཆོས་དང་འབྲེལ་བ་གཏིང་ཟབ་མོ་ཡོད་ཙང་། ཨ་ནི་ཁྱོན་ནས་ཤེས་ཀྱི་མེད་ཙང་། འགྲེལ་བཤད་བརྒྱབ་ཐུབ་ཀྱི་མི་འདུག ཚིག་གཅིག་ལ། བྱས་ཙང་ཨ་ནི་དགེ་རྒན་དེ་ཚོ། དགེ་རྒན་ཡག་པོ་ཡོའོ་རེད། ཏིག་ཙམ་ཏིག་ཙམ་གཅིག་ག་ལེར་ག་ལེར་བྱས་བྱས། ཨོའོ་དེ་འདྲས་གཅིག་རེད་བསམ་ཡོའོ་རེད། བསམ་ན། ད་དེ་གང་འདྲས་ཟེར་ཧ་གོ་གི་ཡོའོ་རེད། ཟེར་ན།
    da gzhug gu slob grwa'i nang la phyin byas/_slob grwa'i nang la da bod yig bod yig kho ra da bod kyi chos dang 'brel ba gting zab mo yod tsang /_a ni khyon nas shes kyi med tsang /_'grel bshad brgyab thub kyi mi 'dug_tshig gcig la/_byas tsang a ni dge rgan de tsho/_dge rgan yag po yo'o red/_tig tsam tig tsam gcig ga ler ga ler byas byas/_o'o de 'dras gcig red bsam yo'o red/_bsam na/_da de gang 'dras zer ha go gi yo'o red/_zer na/
  • ཡིན་གཅིག་མིན་གཅིག་བསྡུར་དགོས་རེད། མར་ཁེ་སི་རིང་ལུགས་དང་། ད་དེ་དངོས་གཙོ་རིང་ལུགས་ཟེར་གྱི་རེད་པཱ།  དེ་དང་བསྡུར་དེ་ལབ་དགོས་རེད་པ། ད་དེ་སྡུག་པ་ཡོའོ་རེད། ཟེར། ད་དངོས་གཙོ་རིང་ལུགས་ཟེར་ན། དངོས་གནས་རེད་ཟེར། ད་འདུག་བཟོ་ལབ་ན། ད་བསྡུར་ལེན་བྱེད་ཀྱི་ཡོའོ་རེད་དེ། དེ་གང་འདྲས་ཟེར་ཡིན་པ། ཡིན་ནའི་དེ་ད་སྡུག་པོ་གཅིག་བརྩིས་ཀྱི་ཡོའོ་རེད། དཱ།
    yin gcig min gcig bsdur dgos red/_mar khe si ring lugs dang /_da de dngos gtso ring lugs zer gyi red pA/__de dang bsdur de lab dgos red pa/_da de sdug pa yo'o red/_zer/_da dngos gtso ring lugs zer na/_dngos gnas red zer/_da 'dug bzo lab na/_da bsdur len byed kyi yo'o red de/_de gang 'dras zer yin pa/_yin na'i de da sdug po gcig brtsis kyi yo'o red/_dA/
  • འོང་འོང་། 
    'ong 'ong /_
  • བྱས་ཙང་ད་རྒྱུན་རིང་པོ་ཅིག་བསམ་བློའི་ནང་ལ་བྱས།  ཆོས་ལུགས་ཟེར་ན། རྗེས་ལུས། རྗེས་སུ་ལུས་པ། མངོན་ཐོན་མིན་པ། ད་ང་ལོ་མང་པོ་ཅིག་དེ་འདྲས་ཅིག་བསམ་བློ་ཅིག་ཡོད།
    byas tsang da rgyun ring po cig bsam blo'i nang la byas/__chos lugs zer na/_rjes lus/_rjes su lus pa/_mngon thon min pa/_da nga lo mang po cig de 'dras cig bsam blo cig yod/
  • རེད་པས་། འོང་། ཕྲུག་གུ་ཡིན་དུས་སྐབས་ལ། ད་སློབ་གསོའི་ཤུགས་རྐྱེན་སྤྲད་པ།
    red pas /_'ong /_phrug gu yin dus skabs la/_da slob gso'i shugs rkyen sprad pa/
  • བྱས་ཙང་ཨ་ནི་ང་སློབ་གསོ་བཏང་ཡས་ཡོད་ཟེར་གྱི་རེད་པཱ།  ད་སློབ་གསོ་ཟེར་ན། ཨ་ནི་མིས་ཀླད་པ་དེ་ཏིག་ཙ་གསར་པ་ཅིག་བླུགས་ཀྱི་རེད་པཱ་ད།  དེ་འདྲ་ཅིག་ཡིན། ད་གཞུག་གུ་ག་རེ་རེད་ཟེར་ན། 
    byas tsang a ni nga slob gso btang yas yod zer gyi red pA/__da slob gso zer na/_a ni mis klad pa de tig tsa gsar pa cig blugs kyi red pA da/__de 'dra cig yin/_da gzhug gu ga re red zer na/_
  • ནང་པའི་ཆོས་དེ་ད་བོད་ཀྱི་རིག་གནས་ནང་གོ་ས་གལ་ཆེན་པོ་ཡོའོ་རེད་པཱ། ད་ཏོག་ཙམ་ཤེས་དགོས་རེད་པཱ། ཨ་ནི་རྒྱ་ཡིག་སྒང་ལ་ཕྱི་རྒྱལ་དེ་ནང་པའི་ཆོས་ལུགས་ལ་བལྟ་ཚུལ་ག་རེ་ཡོད་ནའི། སོ་སོས་དེ་སློབ་གསོ་ག་རེ་བརྒྱབ་པ་དེ་་ཏིག་ཙ་ཏིག་ཙ་སྦྱངས། ཨ་ནི་སློབ་གྲྭའི་ནང་ནས་ད་དེ་ནི་དཔེར་ཆ་བཞག་པ་ཡིན་ན། ནང་དོན་རིག་པའི་སྐོར་ཏིག་ཙམ་གཅིག  ཚད་མ་རིག་པ་དེ་ཏིག་ཙ། ཏིག་ཙ་ཏིག་ཙ་སློབ་ཀྱི་རེད་པཱ། ཨ་ནི་སོ་སོས་དེབ་བལྟས་ད་དེའི་ནང་ནས་གཏིང་ཟབ་པ་ཆ་ཚང་པ་སྦྱངས་མྱོང་མེད།
    nang pa'i chos de da bod kyi rig gnas nang go sa gal chen po yo'o red pA/_da tog tsam shes dgos red pA/_a ni rgya yig sgang la phyi rgyal de nang pa'i chos lugs la blta tshul ga re yod na'i/_so sos de slob gso ga re brgyab pa de tig tsa tig tsa sbyangs/_a ni slob grwa'i nang nas da de ni dper cha bzhag pa yin na/_nang don rig pa'i skor tig tsam gcig__tshad ma rig pa de tig tsa/_tig tsa tig tsa slob kyi red pA/_a ni so sos deb bltas da de'i nang nas gting zab pa cha tshang pa sbyangs myong med/
  • ཆོས་ལུགས། ཨ་ནི་དེའི་ཤུགས་རྐྱེན་ཡོད་ཐག་ཆོད་རེད། སོ་སོའི་བསམ་བློ་གཏང་སྟངས། འཚོ་བ་སྐྱལ་སྟངས། ད་ངའི་སེམས་ནང་ལ་ཕྲུ་གུ་ཡིན་དུས། ཕ་མས་སློབ་གསོ་གཏང་སྟངས་དང་དེ། དེ་ཆོས་ལུགས་ཀྱི་ལུགས་སྲོལ་ཟེར་གྱི་མ་རེད་པཱ། ཡིན་ནའི་ད་ལྟ་བསམ་བློ་གཏང་ན་ཆོས་ལུགས་རང་རེད་།
    chos lugs/_a ni de'i shugs rkyen yod thag chod red/_so so'i bsam blo gtang stangs/_'tsho ba skyal stangs/_da nga'i sems nang la phru gu yin dus/_pha mas slob gso gtang stangs dang de/_de chos lugs kyi lugs srol zer gyi ma red pA/_yin na'i da lta bsam blo gtang na chos lugs rang red /
  • འདོད་ཡོན་ཆོག་ཤེས་པ།  ཅ་ལག་གཅིག་ཡིན་གཅིག་མིན་གཅིག་ང་དགོས་ཟེར། དེ་མེད་པཱ།
    'dod yon chog shes pa/__ca lag gcig yin gcig min gcig nga dgos zer/_de med pA/
  • མི་ལ་རོགས་པ་བྱེད་དགོས་པ། སེམས་ཡག་པོ་ཡོད་པ། སེམས་ཅན་གྱི་སྲོག་བཅད་ཡས་མེད་པ།  ད་ཆོས་ལུགས་དེ་འདྲ་ཅིག་མ་རེད་པས།  
    mi la rogs pa byed dgos pa/_sems yag po yod pa/_sems can gyi srog bcad yas med pa/__da chos lugs de 'dra cig ma red pas/__
  • ངས་དེ་འདྲས་གཅིག་བསམས་ཀྱིས། བྱས་ཙང་ང་ཚོ་བོད་ལ་ཡོད་པའི་ནང་པའི་ཆོས་ལུགས་ཡང་། རྒྱ་གར་ཆོས་དང་ཡང་ཧེ་བག་ཆེན་པོ་ཡོད་པ། བོད་ལ་ཡང་སོ་སོ་གཅིག་ཆགས།  ཨ་ནི་ཆོས་ལུགས་ང་རང་གི་བསམ་བློའི་ནང་བྱས་ན། རྒྱ་གར་ལ་དང་པོའི་སངས་རྒྱས་ཀྱིས་སྟོན་པའི་ཆོས་དེ་དཔེ་རླབས་ཆེན་པོ་རེད། བསམས་ཀྱིས། བསམ་བློ་བཏང་གི་ཡོད། ད་འདིར་སླེབས་རྗེས། དེ་མི་ནག་གི་འཚོ་བ་དང་འདྲེས་མང་དྲགས་བྱས།  སྤྱིར་བཏང་ཏིག་ཙམ་གཅིག་སོསོས་བསྡམ་ཡས་གཅིག་ཆགས་ཤག
    ngas de 'dras gcig bsams kyis/_byas tsang nga tsho bod la yod pa'i nang pa'i chos lugs yang /_rgya gar chos dang yang he bag chen po yod pa/_bod la yang so sogcig chags/__a ni chos lugs nga rang gi bsam blo'i nang byas na/_rgya gar la dang po'i sangs rgyas kyis ston pa'i chos de dpe rlabs chen po red/_bsams kyis/_bsam blo btang gi yod/_da 'dir slebs rjes/_de mi nag gi 'tsho ba dang 'dres mang drags byas/__spyir btang tig tsam gcig sosos bsdam yas gcig chags shag
  • མ་གཞི་ནང་པའི་ཆོས་་རྒྱ་ཆེན་པོ་རེད་པ། འདིར་སླེབས་དུས་གུ་དོགས་པ་ཆགས། མི་ཕྱི་ལོགས་དེ་ཡོང་ན་ཞེད། ཨོའོ་དེ་འདྲ་གཅིག་ཆགས་བཞག་བསམས་ཀྱིས།
    ma gzhi nang pa'i chos rgya chen po red pa/_'dir slebs dus gu dogs pa chags/_mi phyi logs de yong na zhed/_o'o de 'dra gcig chags bzhag bsams kyis/
  • དེ་འདྲས་བཤད་ན་ཡང་བོད་ལ་ཡང་མི་ཁ་ཤས་དགའ་པོ་བྱེད་ཀྱི་མ་རེད་པ་ཡང་།
    de 'dras bshad na yang bod la yang mi kha shas dga' po byed kyi ma red pa yang /
  • ཨོའོ་། ད་མི་མང་པོ། ཐམས་ཅད་དགའ་པོ་བྱེད་ཡས་དེ་ཁག་པོ་རེད། བོད་ཀྱི་གཏམ་དཔའི་ནང་། སེམས་ཅན་གྱི་ཁ། སངས་རྒྱས་ཀྱིས་ཆོག་གི་མ་རེད། ཟེར། དེ་རེད་པ་ད་།
    o'o /_da mi mang po/_thams cad dga' po byed yas de khag po red/_bod kyi gtam dpa'i nang /_sems can gyi kha/_sangs rgyas kyis chog gi ma red/_zer/_de red pa da /
  • ཁྱེད་རང་གི་སྤྱིར་བཏང་དེ།  དེའི་ཤེས་རིག་འབྱུང་ཁུངས་ཁྱེད་རང་གི་རྩོམ་རིག་དང་ཁྱེད་རང་གི་སྙན་ངག་ནང་ལ་ཤེས་རིག་གི་འབྱུང་ཁུངས་སྣ་མིན་སྣ་ཚོགས་ཡོད་པ་དེའི་ནང་ནས་ད་མདོར་བསྡུས་ཞུས་པ་ཡིན་ན། ཕལ་ཆེར་བཤད་སྟངས་དེ་རྒྱ་ཡིག་གི་ཞོའོ་ཧྲོའོ་དང་རྩོམ་ཐུང་རྩོམ་རིག་ལ་སོགས་པ་་དང་། ད་ག་ནང་བཞིན་ཕྱི་རྒྱལ་གྱི་དེ་འདྲས་རྩོམ་རིག ད་ག་ནང་བཞིན་ཆོས། ད་ག་ནང་བཞིན་ཨམ་མདོའི་མི་དམངས་ཀྱི་གཏམ་དཔེ་ལ་སོགས་པ་དེ་འདྲས། དེ་ཚོ་བལྟས་ནས་བརྒྱ་ཆ་བཀོར་པ་ཡིན་ན། མདོར་བསྡུས་རེད་པ་ད་དེ། དཔེར་ན། ཤེས་ན་ཤུགས་རྐྱེན་གལ་ཆེ་ཤོས་དེ། གོ་རིམ་རིམ་པ་ནང་བཞིན་བྱས་པ་བཤད་པ་ཡིན་ན་གང་འདྲས་འདུག
    khyed rang gi spyir btang de/__de'i shes rig 'byung khungs khyed rang gi rtsom rig dang khyed rang gi snyan ngag nang la shes rig gi 'byung khungs sna min sna tshogs yod pa de'i nang nas da mdor bsdus zhus pa yin na/_phal cher bshad stangs de rgya yig gi zho'o hro'o dang rtsom thung rtsom rig la sogs pa dang /_da ga nang bzhin phyi rgyal gyi de 'dras rtsom rig_da ga nang bzhin chos/_da ga nang bzhin am mdo'i mi dmangs kyi gtam dpe la sogs pa de 'dras/_de tsho bltas nas brgya cha bkor pa yin na/_mdor bsdus red pa da de/_dper na/_shes na shugs rkyen gal che shos de/_go rim rim pa nang bzhin byas pa bshad pa yin na gang 'dras 'dug
  • ད་དེ་རྒྱ་ཆ་དང་དེ་བཟོས།  གཅིག་གི་ཞིབ་ཚགས་པོ་འདྲ་གཅིག་ལབ་ཤེས་ཀྱི་མི་འདུག
    da de rgya cha dang de bzos/__gcig gi zhib tshags po 'dra gcig lab shes kyi mi 'dug
  • ལབ་ཤེས་ཀྱི་མ་རེད་པ། ད་ཡིན་ནའི་དེ་གོ་རིམ་་་་་་།
    lab shes kyi ma red pa/_da yin na'i de go rim /
  • ད་དཔེར་ཆ་བཞག་ན། ང་རང་དེ་བྱས། ཆུ་གདོང་ཕན་གང་བྱས། དེའི་ནང་ལ་ཨམ་མདོ་ཏིག་ཙ་བརྒྱབ། བོད་ཏིག་ཙམ་བརྒྱབ། ཕྱི་རྒྱལ་ཏིག་ཙམ་བརྒྱབ། རྒྱ་མི་ཏིག་ཙམ་བརྒྱབ་དེ་འདྲེས་པ་རེད་པཱ། བྱས་ཙང་ཨ་ནི་ང་རང་ཆགས་པ་རེད་པཱ།
    da dper cha bzhag na/_nga rang de byas/_chu gdong phan gang byas/_de'i nang la am mdo tig tsa brgyab/_bod tig tsam brgyab/_phyi rgyal tig tsam brgyab/_rgya mi tig tsam brgyab de 'dres pa red pA/_byas tsang a ni nga rang chags pa red pA/
  • ཨ་ནི་སོག་པོ།
    a ni sog po/
  • ཨོའོ་། སོག་པོའི་རིག་གནས་ཤུགས་རྐྱེན་ད་སྤྱིར་བཏང་ཡོའོ་མ་རེད།
    o'o /_sog po'i rig gnas shugs rkyen da spyir btang yo'o ma red/
  • ལགས་སོ།
    lags so/
  • དེ་ག་རེ་ཟེར་ན། ང་ཚོ་ཕྲུ་གུ་ཡིན་དུས། བོད་སྐད་ཤེས་ཀྱི་མེད་པཱ། ཨ་ནི་སོག་པོའི་སྐད་ཤེས་ཀྱི་མེད་པཱ། བོད་སྐད་རྐྱང་རྐྱང་བརྒྱབ། ང་ཚོའི་ལུང་པའི་མི་ཡིན་སྐད་ཆ་བཤད་ན་འདི་ཟེར་གྱི་རེད།  ང་ཚོ་བོད་ལ་གཏམ་དཔེ་ཡོའོ་རེད་ད། ཟེར་གྱི་རེད། དེ་མ་གཞི་ང་ཚོ་སོག་པོ་གཅིག་བྱས་ཟེར་གྱི་མ་རེད། ཨ་ནི་དེ་ང་ཚོ་བོད་ཀྱི་བཤད་སྟངས་མ་རེད་དམ། ཟེར་གྱི་རེད། ང་ཚོ་བོད་པའི་བཤད་སྟངས་གཅིག་གཅིག་ཟེར་གྱི་རེད། ང་ཚོ་སོག་པའི་གཅིག་གཅིག་ཟེར་གྱི་མ་རེད།
    de ga re zer na/_nga tsho phru gu yin dus/_bod skad shes kyi med pA/_a ni sog po'i skad shes kyi med pA/_bod skad rkyang rkyang brgyab/_nga tsho'i lung pa'i mi yin skad cha bshad na 'di zer gyi red/__nga tsho bod la gtam dpe yo'o red da/_zer gyi red/_de ma gzhi nga tsho sog po gcig byas zer gyi ma red/_a ni de nga tsho bod kyi bshad stangs ma red dam/_zer gyi red/_nga tsho bod pa'i bshad stangs gcig gcig zer gyi red/_nga tsho sog pa'i gcig gcig zer gyi ma red/
  • ད་གཞུག་གུ་སྔ་མ་དེ་འདྲས་ཡིན་པ་འདྲ། ད་བླ་བྲང་གི་ཤུགས་རྐྱེན་དེ་ཡོའོ་རེད་པ། ང་ཚོ་མཐའ་བཞི་གང་ག་བོད་རིགས་བྱས། སོ་སོ་བོད་རིགས་ཆགས་ཚར་པ་རེད་པ། ཨ་ནི་ད་རིག་གནས་གསར་བརྗེ་ཆེན་པོ་ཡིན་ན། དམངས་གཙོའི་བཅོས་བསྒྱུར་དེའི་སྔོན་ལ་དེ་འདྲས་གཅིག་ཡིན་པ་འདྲ། ངས་རྒན་ཁོག་དེ་ཚོར་སྐད་ཆ་འདྲིས་ན། ད་གཅིག་གི་བསམ་བློ་གཏང་སྟངས་དང་དེ།  སོག་པོ་ཁོ་རང་ལུང་པ་གཅིག་གི་ནང་ནས་ཁོ་དེ་སོག་པོ་རེད། ང་ཚོ་གཅིག་གཅིག་གི་ཡིན་ཟེར་གྱི་རེད།
    da gzhug gu snga ma de 'dras yin pa 'dra/_da bla brang gi shugs rkyen de yo'o red pa/_nga tsho mtha' bzhi gang ga bod rigs byas/_so so bod rigs chags tshar pa red pa/_a ni da rig gnas gsar brje chen po yin na/_dmangs gtso'i bcos bsgyur de'i sngon la de 'dras gcig yin pa 'dra/_ngas rgan khog de tshor skad cha 'dris na/_da gcig gi bsam blo gtang stangs dang de/__sog po kho rang lung pa gcig gi nang nas kho de sog po red/_nga tsho gcig gcig gi yin zer gyi red/
  • ད་དཔེར་ཆ་བཞག་ན། ང་ཚོའི་ཕ་ཡུལ་ལ་དག་ཚང་ཟེར་གྱི་རེད་པ།  ང་ཚོ་དག་ཚང་ཡིན། ཁོང་རང་ཚོ་སོག་པོ་རེད། ཟེར་གྱི་རེད།  དེ་འདྲ་ལབ་ཀྱི་རེད། ཁྱད་མཚར་པོ། 
    da dper cha bzhag na/_nga tsho'i pha yul la dag tshang zer gyi red pa/__nga tsho dag tshang yin/_khong rang tsho sog po red/_zer gyi red/__de 'dra lab kyi red/_khyad mtshar po/_
  • བྱས་ཙང་ཨ་ནི་ད་སོག་པོའི་རིག་གནས་ཀྱིས་ཤུགས་རྐྱེན་ད་ཞེ་དྲགས་ཡོའོ་མ་རེད། ད་ང་ཚོ་སོག་པོའི་རིག་གནས་ལ་ག་རེ་ཡོའོ་རེ་ད་ཟེར་ན།་
    byas tsang a ni da sog po'i rig gnas kyis shugs rkyen da zhe drags yo'o ma red/_da nga tsho sog po'i rig gnas la ga re yo'o re da zer na/
  • ཆུང་ཆུང་ད་འབྲོག་པ་ལ་བསྡད་དུས།  སོག་པོའི་སོག་གུར་ནང་ལ་བསྡད་ཀྱི་ཡོའོ་རེད། ད་སྦྲ་མ་རེད། ད་དེ་ཚོ་སོག་པོའི་དེ་རེད་དེའི་ནང་ལ་ཅ་ལག་གང་ག་དཔེར་བཞག་ན།  ཨ་ར་ཆི་ཟེར་ན། ཐེམ་མ་ཟེར་ན། ཨ་ཉི་ཟེར་ན།  གང་ག་སོགས་པོའི་སྐད་རེད།
    chung chung da 'brog pa la bsdad dus/__sog po'i sog gur nang la bsdad kyi yo'o red/_da sbra ma red/_da de tsho sog po'i de red de'i nang la ca lag gang ga dper bzhag na/__a ra chi zer na/_them ma zer na/_a nyi zer na/__gang ga sogs po'i skad red/
  • ཨ་ནི་ཕྱིང་ཡོའོ་རེད་པ། ཕྱིང་པ་གདན་ལ་བཏང་ཡས་དེ་ཚོ། ཨ་ནི་གཅིག་གཉིས་ཟེར་དུས། སོག་པའི་སྐད་བརྒྱབ་ཀྱི་རེད། ཛ་་་་་་་་། ད་དེ་ང་ཚོ་སོག་པོ་ཡིན་ཟེར་གྱི་རེད་པཱ།  དེ་ག་རེ་རེད་པས་ཟེར་ན། དེ་ང་ཚོ་སོག་པོའི་སྐད་རེད་ཟེར་གྱི་རེད། སྔོན་མ་སྔོན་མ་ང་ཚོ་སོགས་པོ་ཡིན་ལབ་ཀྱི་རེད།
    a ni phying yo'o red pa/_phying pa gdan la btang yas de tsho/_a ni gcig gnyis zer dus/_sog pa'i skad brgyab kyi red/_dza /_da de nga tsho sog po yin zer gyi red pA/__de ga re red pas zer na/_de nga tsho sog po'i skad red zer gyi red/_sngon ma sngon ma nga tsho sogs po yin lab kyi red/
  • ཨོའོ་རེད་། 
    o'o red /_
  • བྱས་ཙང་སྤྱིར་བཏང་འཚོ་བ་ཡི་གོམས་གཤིས་དེ་སོག་པོ་དང་བོད་པ་འདྲ་པོ་རེད་འདུག་ག འབྲོག་པ་ཡིན་ན།
    byas tsang spyir btang 'tsho ba yi goms gshisde sog po dang bod pa 'dra po red 'dug ga_'brog pa yin na/
  • ལགས་འོང་། 
    lags 'ong /_
  • གླུ་དང་སེམས་ཅན་འཚོ་ཡས། ཁ་ལག་བཟས་གང་ག་བྱས་ཙང་དེ་སོག་པོའི་ཤུགས་རྐྱེན། དངོས་གནས་དྲང་པོ་བཤད་ན།   སོག་པོ་རང་གི་དེ་ཟེར་དབྱེ་བ་འབྱེད་ཐུབ་ཀྱི་མི་འདུག   སོག་པོ་དང་བོད་པ། གཞུག་གུ་ང་ཚོ་སློབ་གྲྭ་ཕྱིན་བྱས་སོག་པོའི་མི་དང་ཐུགས་པ་རེད་པ།  ད་ང་ཚོ་སོག་པོ་ཡིན་ཟེར་བཤད་ཙང་སོག་པོ་དང་འཆམ་པོ་བྱེད་ཀྱི་ཡོའོ་མ་རེད། སྤྱིར་བཏང་གི་བོད་པའི་འབྲོག་པ་དང་སོག་པོ་ཁོང་ཚོ་འཆམ་པོ་ཆགས་འགྲོ་གིས། ད་དེ་གཤིས་ཀ་འདྲ་པོ་གཅིག་ཡོད་པ་འདྲ། དེ་འདྲས་གཅིག་རེད།
    glu dang sems can 'tsho yas/_kha lag bzas gang ga byas tsang de sog po'i shugs rkyen/_dngos gnas drang po bshad na/___sog po rang gi de zer dbye ba 'byed thub kyi mi 'dug___sog po dang bod pa/_gzhug gu nga tsho slob grwa phyin byas sog po'i mi dang thugs pa red pa/__da nga tsho sog po yin zer bshad tsang sog po dang 'cham po byed kyi yo'o ma red/_spyir btang gi bod pa'i 'brog pa dang sog po khong tsho 'cham po chags 'gro gis/_da de gshis ka 'dra po gcig yod pa 'dra/_de 'dras gcig red/
  • ཁྱེད་རང་གི་རྩོམ་རིག་ད་ལྟ། ཕ་ཡུལ་ལ་དཔེར་ཆ་བཞག་ན་ད་ལྟ་ཁྱེད་རང་གི་ག་རེ་ཟེར་དགོས་རེད། ཕ་མ་ཡིན་ནའི་འདྲ་། ཁྱེད་རང་གི་ངོ་ཤེས་པ་དེ་ཚོ། ལོ་དགུང་ལོ་མཐོ་པོ་ཡོའོ་རེད་པ། བགྲེས་སྲོང་གི་མི་དེ་ཚོས་ཁྱེད་རང་གི་སྙན་ངག་དེ་འདྲས་ལྗགས་ཀློག་གནང་མཁན་ཡོའོ་རེད་པས། ཀློག་མཁན་ཡོའོ་རེད་པས་དང་།  ཁོང་ཚོས་བསམ་བློ་གང་འདྲས་འདུག དེའི་སྐོར་ལ།
    khyed rang gi rtsom rig da lta/_pha yul la dper cha bzhag na da lta khyed rang gi ga re zer dgos red/_pha ma yin na'i 'dra /_khyed rang gi ngo shes pa de tsho/_lo dgung lo mtho po yo'o red pa/_bgres srong gi mi de tshos khyed rang gi snyan ngag de 'dras ljags klog gnang mkhan yo'o red pas/_klog mkhan yo'o red pas dang /__khong tshos bsam blo gang 'dras 'dug_de'i skor la/
  • ང་རང་གི་ཧ་གོ་ཡས་ལ། སྤྱིར་བཏང་མེད་པ་འདྲ་།
    nga rang gi ha go yas la/_spyir btang med pa 'dra /
  • མེད་པ་འདྲ་རེད་པ། རྒྱུན་སྲོལ་གྱི་རྩོམ་རིག་གཅིག་པོ་བལྟས་བྱས་བསྡད་ཀྱི་ཡོའོ་རེད་པ།
    med pa 'dra red pa/_rgyun srol gyi rtsom rig gcig po bltas byas bsdad kyi yo'o red pa/
  • ད་ང་རང་གི་ཕ་ཡུལ་ལ་ངོ་ཤེས་པ་དེ་ཚོསྤྱིར་བཏང་དེབ་བལྟ་མཁན་ཞེ་དྲག་མེད། ཨ་ནི་འབྲོག་པ་ཡིན་གཅིག་བྱས་པ་རེད་། སེམས་ཅན་འཚོ་མཁན་དང་།  ཚོང་ཏིག་ཙམ་ཏིག་བརྒྱབ་མཁན། དངོས་གནས་དེ་འདྲས་ཡིན། ཨ་ནི་དགའ་པོ་བྱེད་ཡས་ད་དེ་ཤག་ག་རེ་དགའ་པོ་བྱེད་ཀྱི་ཟེར་ན། བརྙན་འཕྲིན། བོད་སྐད་བརྙན་འཕྲིན་ཡོའོ་རེད་པཱ། དེ་བལྟ་ཡས་དགའ་པོ་བྱེད་ཀྱི་རེད།
    da nga rang gi pha yul la ngo shes pa de tshospyir btang deb blta mkhan zhe drag med/_a ni 'brog pa yin gcig byas pa red /_sems can 'tsho mkhan dang /__tshong tig tsam tig brgyab mkhan/_dngos gnas de 'dras yin/_a ni dga' po byed yas da de shag ga re dga' po byed kyi zer na/_brnyan 'phrin/_bod skad brnyan 'phrin yo'o red pA/_de blta yas dga' po byed kyi red/
  • ཨ་ནི་བརྙན་འཕྲིན་འདྲ་མི་འདྲ་ཨམ་མདོའི་་སྐད་ཀྱིས་བཟོས་ཡོའོ་རེད་ད། ཨ་ནི་ཅིག་ལྟས་མོ་འཁྲབ་ས་མི་འདུག་གམ། གཞས་གཏང་མཁན། ཞབས་བྲོ་རྒྱོབ་མཁན། མཚན་ཚོགས་ཟེར། དེ་འདྲས་དགོངས་ཚོགས་ལོ་གསར་གྱི་ཨ་ནི་དེ་ཡི་སྐབས་ཡོའོ་རེད་། ད་དེ་འདྲས་དགའ་པོ་ཡོའོ་རེད།
    a ni brnyan 'phrin 'dra mi 'dra am mdo'i skad kyis bzos yo'o red da/_a ni cig ltas mo 'khrab sa mi 'dug gam/_gzhas gtang mkhan/_zhabs bro rgyob mkhan/_mtshan tshogs zer/_de 'dras dgongs tshogs lo gsar gyi a ni de yi skabs yo'o red /_da de 'dras dga' po yo'o red/
  • དེ་ཆོས་ཀྱི་དཔེ་ཆ་མ་གཏོགས་དེ་གཞན་དག་ཡང་དེབ་བལྟ་མཁན་ཕལ་ཆེར་ཧ་ལམ་ཉུང་ཉུང་རེད། རེད་པཱ། 
    de chos kyi dpe cha ma gtogs de gzhan dag yang deb blta mkhan phal cher ha lam nyung nyung red/_red pA/_
  • ད་ཆོས་ཀྱི་དཔེ་ཆ་རྒན་རྒོན་ད་ཆོས་ཀྱི་དཔེ་ཆ་རེད་པ།
    da chos kyi dpe cha rgan rgon da chos kyi dpe cha red pa/
  • འོང་། རེད་། 
    'ong /_red /_
  • སྔ་མ་གྲྭ་པ་་ཡིན་པ་ད་གྲྭ་ལོག ང་ཚོའི་པཱ་ལགས་ཡིན་ནའི་་སྔར་མ་གྲྭ་པ་བྱས་པའི་གཞུག་གུར་གྲྭ་པ་ལོག་པ་རེད་པ།
    snga ma grwa pa yin pa da grwa log_nga tsho'i pA lags yin na'i sngar ma grwa pa byas pa'i gzhug gur grwa pa log pa red pa/
  • ལགས་སོ། 
    lags so/_
  • དེ་འདྲ་པོ་མང་པོ་ཡོའོ་རེད། ཨ་ནི་གྲྭ་པ་་མང་པོ་ཁོང་ཚོ་གང་ག་ཡང་རྨོ་བོ་ལགས་དེ་ཚོས་ཁ་ཤས་ཡི་གེ་་ཏིག་ཙ་ཤེས་ཀྱི་འདུག ཡི་གེ་མ་ཤེས་པའི་ཆོས་མང་པོ་ཀློག་ཤེས་ཀྱི་འདུག
    de 'dra po mang po yo'o red/_a ni grwa pa mang po khong tsho gang ga yang rmo bo lags de tshos kha shas yi ge tig tsa shes kyi 'dug_yi ge ma shes pa'i chos mang po klog shes kyi 'dug
  • ཨོའོ་། འོང་། 
    o'o /_'ong /_
  • སྤྱིར་བཏང་སྙན་ངག་ཟེར་ན། ལོ་རབས་བརྒྱད་ཅུ་མགོ་བཙུགས་པ་ད་ག་ད་ཚགས་པར་ཁ་ཤས་ཐོན་བོད་ཡིག དུས་དེབ་ཁ་ཤས་ཐོན། སྤྱིར་བཏང་བོད་ཡིག་ཟེར་མཁན། གང་ག་སྙན་ངག་པ་རེད། དུས་དེབ་གཅིག་ནང་ལ་སྤྱིར་བཏང་བོད་ཡིག་ལས་ཀ་བྱེད་མཁན་སྙན་ངག་གཅིག་མ་བརྩོམ་པ་ཕལ་ཆེར་ཨམ་མདོ་ཆ་ལ་ཉུང་ཉུང་རེད།
    spyir btang snyan ngag zer na/_lo rabs brgyad cu mgo btsugs pa da ga da tshags par kha shas thon bod yig_dus deb kha shas thon/_spyir btang bod yig zer mkhan/_gang ga snyan ngag pa red/_dus deb gcig nang la spyir btang bod yig las ka byed mkhan snyan ngag gcig ma brtsom pa phal cher am mdo cha la nyung nyung red/
  • ད་དཔེ་ཆ་བཞག་ན། དང་པོ་ནས་ཆ་བཞག་ན་ཚེ་ཏན་ཞབས་དྲུང་། དམུ་དགེ་བསམ་གཏན། ད་དོར་ཞི་གདོང་དྲུག་སྙེམས་བློ། ཁོང་ཚོས་བྲིས་ཀྱི་རེད་པ། དེ་མི་རབས་ནས་མི་རབས། ད་དེང་སང་ཆ་བཞག་ན་དགེ་རྒན་ཆེ་བ་ཁ་ཤས་མགོ་འཁྲིད་ཀྱི་ལས་ཀ་བྱེད་ཀྱི་ཡོའོ་རེད། ཁ་ཤས་བོད་རིག་པ་ཞིབ་འཇུག་བྱེད་མཁན་འདྲ་མི་འདྲ་ཡོའོ་རེད་།
    da dpe cha bzhag na/_dang po nas cha bzhag na tshe tan zhabs drung /_dmu dge bsam gtan/_da dor zhi gdong drug snyems blo/_khong tshos bris kyi red pa/_de mi rabs nas mi rabs/_da deng sang cha bzhag na dge rgan che ba kha shas mgo 'khrid kyi las ka byed kyi yo'o red/_kha shas bod rig pa zhib 'jug byed mkhan 'dra mi 'dra yo'o red /
  • སྤྱིར་བཏང་སྙན་ངག་འབྲི་ཡི་ཡོའོ་རེད། དེ་འདྲ་ཅིག་ཁོ་རའི་ཁོར་ཡུག་གི་བཟོ་འདྲ་ཅིག་སྙན་ངག་མ་གཞི་མེད་པའི་བཟོ་འདྲ་ཅིག་ཆགས་པ་རེད་ད།  
    spyir btang snyan ngag 'bri yi yo'o red/_de 'dra cig kho ra'i khor yug gi bzo 'dra cig snyan ngag ma gzhi med pa'i bzo 'dra cig chags pa red da/__
  • རྩོམ་རིག་གི་དུས་རབས་ཟེར་གྱི་རེད། ང་ཚོས་དེར། ད་ཆབ་ཚ་པོ་བྱས། མི་གང་ག་རྩོམྲིག་པ་ཆགས་པ་རེད་པཱ། ཨ་ནི་་གཞུག་གུ་ག་ལེར་ག་ལེར་ད་ཁོ་དེ་ཁོར་ཡུག་དེ་ཡོའོ་མ་རེད་པཱ།
    rtsom rig gi dus rabs zer gyi red/_nga tshos der/_da chab tsha po byas/_mi gang ga rtsomrig pa chags pa red pA/_a ni gzhug gu ga ler ga ler da kho de khor yug de yo'o ma red pA/
  • ཅ་ལག་ཡིན་བཙོང་ཐུབ་ཀྱི་ཡོའོ་མ་རེད་པཱ། ཨ་ནི་ད་མི་ཁ་ཤས་ད་ལྟ་སྙན་ངག་ཨུ་ཚུགས་བྱས་འབྲི་ཡི་ཡོའོ་རེད།
    ca lag yin btsong thub kyi yo'o ma red pA/_a ni da mi kha shas da lta snyan ngag u tshugs byas 'bri yi yo'o red/
  • ད་ང་ཚོ་གྲོགས་པོ་དེ་ཚོ་ཐུག་ན། དཔེར་ན་ཆོབ་སྐུལ་གྱི་ཡོའོ་རེད།  ད་ལྐུགས་པ་རེད་ཟེར་གྱི་འདུག
    da nga tsho grogs po de tsho thug na/_dper na chob skul gyi yo'o red/__da lkugs pa red zer gyi 'dug
  • ཁྱེད་རང་ཚོ་ད་ལྟ་དེ་ད་དཔེ་ཆ་གཞན་དག ཁྱེད་རང་གིས་ད་གིན་གསུངས་པ་ལྟར། ཨཱ།  མི་རྒན་ཁོག་དེ་གས་ཡང་ཁོང་ཚོ་སྤྱིར་བཏང་ཡིན་ན་དེབ་བལྟ་ཡས་ཀྱི་ལུགས་སྲོལ་ཞེ་དྲག་ཡོའོ་མ་རེད། 
    khyed rang tsho da lta de da dpe cha gzhan dag_khyed rang gis da gin gsungs pa ltar/_A/__mi rgan khog de gas yang khong tsho spyir btang yin na deb blta yas kyi lugs srol zhe drag yo'o ma red/_
  • རེད།
    red/
  • དེའི་མི་མང་པོ་དེ་དེ་ཡང་ཡིག་རྨོངས་ད་དུང་མང་པོ་ཡོའོ་རེད་ཟེར། དེ་དང་ཡང་་མི་ཁ་ཤས་ཡང་རྩོམ་རིག་གསར་པར་མཉེས་པོ་ཞེ་དྲག་དགའ་པོ་ཞེ་དྲག་བྱེད་ཀྱི་མ་རེད་ཟེར། 
    de'i mi mang po de de yang yig rmongs da dung mang po yo'o red zer/_de dang yang mi kha shas yang rtsom rig gsar par mnyes po zhe drag dga' po zhe drag byed kyi ma red zer/_
  • ཨ་ནི་དེ་འདྲས་ཡིན་དུས་ཙམ་ནས། ཀློག་པ་པོ་སོ་སོའི་ཕ་ཡུལ་ལ་ཡིན་ནའི་འདྲ། འདིའི་ཡིན་ནའི་འདྲ། ཀློག་པ་པོ་དེ་འདྲས་མང་པོ་མེད་པ་དེ། སེམས་ནང་ལ་སྐྱོ་པོ་ཡོའོ་རེད་ཡང་མིན་ན། དེའི་སྐོར་ལ་བསམ་བློ་རྒྱུ་ནས་གཏང་གི་ཡོའོ་མ་རེད་། སོ་སོས་བྲིས་སོ་སོས་བརྩམས་བྱས། ཨ་ནི་ག་རེ་ཟེར་དགོས་རེད། སོ་སོའི་གྱི་དོན་དག་གཙོ་བོ་གཅིག་བརྩམ་བྱས་དང་པོ། སྐུལ་ལོངས་འདྲ་པོ།
    a ni de 'dras yin dus tsam nas/_klog pa po so so'i pha yul la yin na'i 'dra/_'di'i yin na'i 'dra/_klog pa po de 'dras mang po med pa de/_sems nang la skyo po yo'o red yang min na/_de'i skor la bsam blo rgyu nas gtang gi yo'o ma red /_so sos bris so sos brtsams byas/_a ni ga re zer dgos red/_so so'i gyi don dag gtso bo gcig brtsam byas dang po/_skul longs 'dra po/
  • རེད་རེད། ད་དེ་ཕྱོགས་གཉིས་འདུག གཅིག་བྱས་ན། རྩོམ་འབྲི་ཡས་མི་གས་མིག་བལྟ་ཡས་རེད་པ། མི་མང་པོ་ཡོད་ན་སྤྱིར་བཏང་དགའ་པོ་བྱེད་ཀྱི་རེད་པ། བལྟ་མཁན་མང་པོ་ཡོད་ན། དེ་གཅིག་བྱས།
    red red/_da de phyogs gnyis 'dug_gcig byas na/_rtsom 'bri yas mi gas mig blta yas red pa/_mi mang po yod na spyir btang dga' po byed kyi red pa/_blta mkhan mang po yod na/_de gcig byas/
  • ཡིན་ན་ཡང་ང་ཚོའི་མི་རབས་ང་ཚོའི་མི་རབས་དེ་སློབ་གྲྭར་ཕྱིན་པ་དང་། ད་ང་ཚོ་སྤྱིར་བཏང་འབྲེལ་བ་བྱས། སློབ་གྲྭར་ཕྱིན་པ་དང་སོ་སོ་ཅིག་བསམ་བློའི་ཐོངས་པ་ད་མང་པོ་ཡོའོ་རེད་པཱ། དེས་སྐད་ཆ་བཤད་ན་ད་གནད་དོན་ཅིག་འདུག་ཟེར། གནད་དོན་དེ་ག་པར་ཡོའོ་རེད།
    yin na yang nga tsho'i mi rabs nga tsho'i mi rabs de slob grwar phyin pa dang /_da nga tsho spyir btang 'brel ba byas/_slob grwar phyin pa dang so so cig bsam blo'i thongs pa da mang po yo'o red pA/_des skad cha bshad na da gnad don cig 'dug zer/_gnad don de ga par yo'o red/
  • ད་དེ་འཚལ་དགོས་རེད་པཱ།  ཨ་ནི་འདྲ་མི་འདྲ་ཕྱོགས་མང་པོ་ནས་འཚལ་གྱི་ཡོའོ་རེད་པ་ད། ང་རང་ཡིན་ན་རྩོམ་བྲིས་བྱས། རྩོམ་དེ་ནི་ད་ངས་བྱས་ན་སྐད་ཆ་གཅིག་འདུག་ཟེར་ད། ད་དེ་གང་འདྲས་ཟེར་ལབ་དགོས་ཀྱི་ཡོད་ནམ།
    da de 'tshal dgos red pA/__a ni 'dra mi 'dra phyogs mang po nas 'tshal gyi yo'o red pa da/_nga rang yin na rtsom bris byas/_rtsom de ni da ngas byas na skad cha gcig 'dug zer da/_da de gang 'dras zer lab dgos kyi yod nam/
  • ད་དེ་རེད་པཱ། ལབ་སྟངས་འདྲ་མི་འདྲ། མཚམས་མཚམས་ལ་ལྷུག་རྩོམ་འབྲི་གི་རེད།  མཚམས་མཚམས་རྩོམ་ཐུང་འབྲི་གི་ཡོའོ་རེད། ངས་དེའི་རྒྱབ་ལོགས་ལ་ངས་གཅིག་བྲིས་བཞག་ཡོད། 
    da de red pA/_lab stangs 'dra mi 'dra/_mtshams mtshams la lhug rtsom 'bri gi red/__mtshams mtshams rtsom thung 'bri gi yo'o red/_ngas de'i rgyab logs la ngas gcig bris bzhag yod/_
  •  ང་རང་གིས་དེ་ལབ་དགོས་ཡས་དེ་ཐབས་ཤེས་འདྲ་མི་བྱས་ངས་ལབ་ཀྱི་ཡོད་ཟེར་ད། ད་དེའི་ནང་ན་མིང་ཡའི་མང་པོ་འདུག ད་ཁ་ཤས་བཤད་ཁག་པོ་འདུག ཨོའོ་དེ་འདྲས་རེད།
    _nga rang gis de lab dgos yas de thabs shes 'dra mi byas ngas lab kyi yod zer da/_da de'i nang na ming ya'i mang po 'dug_da kha shas bshad khag po 'dug_o'o de 'dras red/
  • ཨཱ། དང་པོ་དེར་་ཁྱེད་རང་གི་བཀའ་མོལ་གསུངས་དུས། དེའི་སྔོན་མ་ད་དེ་རྩོམ་སྟངས་དང་པོའི་ནང་ལ། ཁྱེད་རང་སོ་སོས་སོ་སོས་ཀྱི་ཚོར་སྣང་སྐོར་ལ་ད་ཤུགས་ཆེན་པོ་ཅིག་ཡོའོ་རེད།  ད་གཙོ་བོ་དེ་དེའི་སྐོར་ལ་གསུངས་ཀྱི་ཡོའོ་རེད། 
    A/_dang po der khyed rang gi bka' mol gsungs dus/_de'i sngon ma da de rtsom stangs dang po'i nang la/_khyed rang so sos so sos kyi tshor snang skor la da shugs chen po cig yo'o red/__da gtso bo de de'i skor la gsungs kyi yo'o red/_
  • ད་རྩོམ་སྟངས་གཉིས་པ་དེར་ཆ་བཞག་ན། དེབ་གསར་པའི་ནང་ལ་ཡ་ཨ་ནི་སྤྱི་ཚོགས་ད་ཡང་མིན་ན། མི་དམངས་ཀྱི་ས་ནས་དེའི། ཁྱེད་རང་སེམས་ཁམས་རིག་པའི་སྐོར་ལ་འགྱུར་ལྡོག་འདྲ་པོ་གཅིག་བྱུང་པ་རེད་པས། ཁྱེད་རང་གི་མིའི་ཚེའི་ནང་ལ་ཡ། ཁྱེད་རང་གིས་འཛམ་གླིང་ལྟ་སྟངས་དང་། ཁྱེད་རང་དེའི་ཐོག་ལ་འགྱུར་ལྡོག་བྱུང་ཡོའོ་རེད་པས།
    da rtsom stangs gnyis pa der cha bzhag na/_deb gsar pa'i nang la ya a ni spyi tshogs da yang min na/_mi dmangs kyi sa nas de'i/_khyed rang sems khams rig pa'i skor la 'gyur ldog 'dra po gcig byung pa red pas/_khyed rang gi mi'i tshe'i nang la ya/_khyed rang gis'adzm gling lta stangs dang /_khyed rang de'i thog la 'gyur ldog byung yo'o red pas/
  • ད་ང་རང་གི་ད་ག་ཟེར་བལྟས་ན། ད་ལྟ་བར་དུ་རྩོམ་འབྲི་ཡས་གོ་རིམ་གསུམ་འདུག་བསམ་གྱིས། དང་པོ་དེ་ག་རེ་རེད་ཟེར་ན།
    da nga rang gi da ga zer bltas na/_da lta bar du rtsom 'bri yas go rim gsum 'dug bsam gyis/_dang po de ga re red zer na/
  • ད་རྩོམ་རིག་ཟེར་དེ་འདྲས་སློབ་གྲྭའི་ནང་ནས་སྤྱིར་བཏང་ཡོའོ་མ་རེད། ད་སློབ་དེབ་ཅིག་ཡོའོ་རེད་པཱ། དེའི་མིང་ལ་རྒྱ་ཡིག་ནས་ཚུར་བསྒྱུར་བཞག་ཀྱོག 
    da rtsom rig zer de 'dras slob grwa'i nang nas spyir btang yo'o ma red/_da slob deb cig yo'o red pA/_de'i ming la rgya yig nas tshur bsgyur bzhag kyog_
  • གང་འདྲ་ཟེར་གྱི་ཡོའོ་རེད། རྒྱ་ཡིག
    gang 'dra zer gyi yo'o red/_rgya yig
  • རྒྱ་ཡིག་ནས་ཚུར་བསྒྱུར་པ་རྩོམ་ཡིག་དེ་འདྲས། གཅིག་རི་འགོག་དམག་འཁྲུག་་རི་པིན་ལ་དམག་འཁྲུག་བརྒྱབ་དུས་གཅིག ཕྲུག་གུ་ཆུང་ཆུང་དཔའ་བོ་ཅིག་ཡོའོ་རེད། ཟེར། ཨ་ནི། གོའོ་མིན་ཏང་ལ་དམག་འཁྲུག་བརྒྱབ་དུས་ཡང་ཕྲུག་གུ་གཅིག་དཔའ་བོ་ཅིག་ཡོའོ་རེད་ཟེར། ད་ཚུར་བསྒྱུར་པ་དེ་འདྲས་རེད་པཱ། 
    rgya yig nas tshur bsgyur pa rtsom yig de 'dras/_gcig ri 'gog dmag 'khrug ri pin la dmag 'khrug brgyab dus gcig_phrug gu chung chung dpa' bo cig yo'o red/_zer/_a ni/_go'o min tang la dmag 'khrug brgyab dus yang phrug gu gcig dpa' bo cig yo'o red zer/_da tshur bsgyur pa de 'dras red pA/_
  • མ་གཞི་ནས་རྩོམ་དེ་ཚོ་ཡ་ཕྲུག་གུའི་་སྐད་ཆའི་ནང་ལ་རྩོམ་ཡག་པོ་ཡོའོ་མ་རེད་པ།  དེ་འདྲས་ཁ་ཤས་བལྟས། ཨ་ནི་རྒྱ་མིས་བསྒྱུར་བའི་གྱི་རྩོམ་རིག་དེ་ཤུགས་ཆེན་པོ་བྱུང་པ་རེད། རྩོམ་རིག་པ་ཟེར་ན། ག་རེ་རེད་ཟེར་ན།
    ma gzhi nas rtsom de tsho ya phrug gu'i skad cha'i nang la rtsom yag po yo'o ma red pa/__de 'dras kha shas bltas/_a ni rgya mis bsgyur ba'i gyi rtsom rig de shugs chen po byung pa red/_rtsom rig pa zer na/_ga re red zer na/
  • མིག བླ་སྲོག སྲོག་གཉིས་ཡིན་ཟེར་་གྱི་ཡོའོ་རེད་ད། ད་ཁོ་འགན་ཞེ་པོ་གཅིག་ཡོད། ད་ཁོང་རང་གིས་ལབ་ན་ད་དཔེ་་དེ་འདྲས་ཀླད་ཞེན་ཡིན་ཟེར་གྱི་ཡོའོ་རེད་ད།  
    mig_bla srog_srog gnyis yin zer gyi yo'o red da/_da kho 'gan zhe po gcig yod/_da khong rang gis lab na da dpe de 'dras klad zhen yin zer gyi yo'o red da/__
  • བསམ་བློ་དེ་རེད་པཱ། ཨ་ནི་བསམ་བློ་གཏང་ཡས་དེ་ནི། ཏིང་ཞོའོ་ཕིང་གི་་དུས་རབས་དེར་་སླེབས་བྱས་ཏིག་ཙ་སྲིད་ཇུས་དེ་ཚོ་ཏིག་ཙམ་ཡག་རུ་ཕྱིན་པ་རེད་པཱ། མི་གང་གས་ད་ང་ཚོ་མི་རིགས་དེ་རྗེས་ལུས་རེད་ཟེར། ད་སྡུག་པོ་རེད། ད་གསར་པ་གཅིག་བྱེད་དགོས་རེད་ཟེར་སྐད་བརྒྱབ་ཀྱི་ཡོའོ་རེད་པ། ཨ་ནི་དེ་འདྲས་འབྲི་གི་ཡོའོ་རེད། ང་གཅིག་ཡིན་མདོག་མདོག་བྱས།
    bsam blo de red pA/_a ni bsam blo gtang yas de ni/_ting zho'o phing gi dus rabs der slebs byas tig tsa srid jus de tsho tig tsam yag ru phyin pa red pA/_mi gang gas da nga tsho mi rigs de rjes lus red zer/_da sdug po red/_da gsar pa gcig byed dgos red zer skad brgyab kyi yo'o red pa/_a ni de 'dras 'bri gi yo'o red/_nga gcig yin mdog mdog byas/
  • དཔེ་ཆ་བཞག་ན། སྙན་ངག་ཅིག་ཡིན་ན་དང་པོ་དེའི་ནང་ལ་བུ་མོ་ཁ་ཤས་གཅིག་གཙང་པོའི་ནང་ལ་གཟུགས་པོ་འཁྲུ་གི་ཡོའོ་རེད་པ།  ད་ཨམ་མདོའི་་ལུང་པ་དེ་འདྲས་ལ་བལྟས་ན། བུ་མོ་དེ་ཚོས་མིག་་་མིག་གི་མཐོང་ས་ནས་འཁྲུ་ཡི་མ་རེད་པཱ་འཁྲུ་ཡི་མ་རེད་པཱ། འཁྲུས་རྒྱག་གི་མ་རེད་པཱ།
    dpe cha bzhag na/_snyan ngag cig yin na dang po de'i nang la bu mo kha shas gcig gtsang po'i nang la gzugs po 'khru gi yo'o red pa/__da am mdo'i lung pa de 'dras la bltas na/_bu mo de tshos mig mig gi mthong sa nas 'khru yi ma red pA 'khru yi ma red pA/_'khrus rgyag gi ma red pA/
  • ཨ་ནི་ད་སྤོ་བོ་ལགས་འགའ་ཤས་ཀྱིས་དེ་མཐོང་བྱས།  ཁོང་ཚོ་ག་རེ་རེད། མ་རེངས་ལ་བསྡད་བྱས་ཟེར།   ད་དེ་གའི་ཡོའོ་མ་རེད་ཟེར།  
    a ni da spo bo lags 'ga' shas kyis de mthong byas/__khong tsho ga re red/_ma rengs la bsdad byas zer/___da de ga'i yo'o ma red zer/__
  • ད་ཁོང་རང་ཚོ་སྙིང་རྗེ་པོ་རེད།  ཁོ་རང་ཚོ་སོ་སོ་རང་དབང་ཡོའོ་རེད་། འཁྲུ་ཡས་གཙང་མ་བྱེད་དགོས་རེད། ད་དེ་འདྲས་བྲིས་ཡོའོ་རེད། ཡག་གོ་རེད། ཟེར། ང་ཚོས་ཁྱེད་རང་ཚོའི་གཅིག་བྱས་དགོས་ཟེར།  དཔེར་ཆ་བཞག་ན། ང་རང་་་་་་་་། ང་ཞེ་པོ་གཅིག་ཡིན་ཟེར་།  ང་འབར་གྱི་ཡིན་ཟེར། དེའི་གཞུག་གུ་གཞུག་གུ་དེར། དེ་གོ་རིམ་དང་པོ་རེད་པཱ།
    da khong rang tsho snying rje po red/__kho rang tsho so so rang dbang yo'o red /_'khru yas gtsang ma byed dgos red/_da de 'dras bris yo'o red/_yag go red/_zer/_nga tshos khyed rang tsho'i gcig byas dgos zer/__dper cha bzhag na/_nga rang /_nga zhe po gcig yin zer /__nga 'bar gyi yin zer/_de'i gzhug gu gzhug gu der/_de go rim dang po red pA/
  • དེའི་གཞུག་གུ་དེ་སོ་སོ།  ད་ང་ག་རེ་རེད་ཟེར། ཁྲག་གི་སྒང་ནས་ད་རུས་བརྒྱུད་དེ་སོག་པོ་བྱས། རིག་གནས་སྒང་ལ་བོད་པ་བྱས། ཨ་ནི་བོད་པ་གིས་གནས་ཚུལ་དེ། སྤྱིར་བཏང་བྱས་ན་ངས་བྱས་ན། གནས་ཚུལ་དེ་སྐྱོ་པོ་བྱས། ད་ང་ག་རེ་རེད་ཟེར། དེའི་སྒང་ལ་བསམ་བློ་མང་པོ་བཏང་། ད་ད་ལྟ་ཧེ་མ་ལ་ཡ་གདུང་རི་ཟེར་མཁན།  
    de'i gzhug gu de so so/__da nga ga re red zer/_khrag gi sgang nas da rus brgyud de sog po byas/_rig gnas sgang la bod pa byas/_a ni bod pa gis gnas tshul de/_dspyir btang byas na ngas byas na/_gnas tshul de skyo po byas/_da nga ga re red zer/_de'i sgang la bsam blo mang po btang /_da da lta he ma la ya gdung ri zer mkhan/__
  • སོ་སོ་དང་།  ད་འཚལ་དགོས་རེད་པ། ད་ང་སོག་པོ་རེད་ཟེར། བོད་ཀྱི་རིག་གནས་རེད་ཟེར། ད་དེ་ག་རེ་རེད་ཟེར། དེ་འཚལ། ད་དེ་ཞག་གཅིག ཕལ་ཆེར་དེ་གཅིག་ལམ་ཁག་གཅིག་བརྙེད་པ་བྱས།  སྐད་ཆ་བཤད་སྟངས་ཏིག་ཙམ་གཅིག་བརྙེད་པ་བྱས། དེ་འདྲས་གཅིག་གི་མགོ་བཙུགས་པ་རེད། བྱས་ཙང་གོ་རིམ་གསུམ་རེད་ཟེར། འབྲེལ་བ་དེ་འདྲས་གཅིག་རེད།
    so so dang /__da 'tshal dgos red pa/_da nga sog po red zer/_bod kyi rig gnas red zer/_da de ga re red zer/_de 'tshal/_da de zhag gcig_phal cher de gcig lam khag gcig brnyed pa byas/__skad cha bshad stangs tig tsam gcig brnyed pa byas/_de 'dras gcig gi mgo btsugs pa red/_byas tsang go rim gsum red zer/_'brel ba de 'dras gcig red/
  • ལགས་སོ། ཐུགས་ཆེ་གནང་།
    lags so/_thugs che gnang /