Skip to main content Skip to search
15 Dec 2011
14 min 28 sec
Rating
0
No votes yet
Video Overview
Creators: 
Unknown

Jangbu speaks with Nicolas Tournadre about his literary influences.

Show More

  • ཨ་ནི་ད་ལྟ་ཉན་པ་འདི་ད་ལྟ་ཁྱེད་རང་གིས་འདིར་ཀློག་པ་དེ་ག་རེ་ཟེར་དགོས་རེད།
  • སྙན་ངག་དག་གང་འདྲས་སྦྱངས་ཡོད་མེད་དང་། ཨ་ནི་སློབ་གྲྭའི་གནས་ཚུལ་ཅིག་གསུང་ཚར་པ་རེད་པཱ།
  • ད་ལྟ་འདི་གཞུག་གུ་དེ་ད་ཁྱེད་རང་གི་དེ་ག་རེ་ཟེར་དགོས་རེད། ཀ་བཤད་དང་སྙན་ངག་ཁ་ཤས་འདི་དཔེ་བསྐྲུན་གནང་ཚར་པ་རེད་པཱ།
  • ཨ་ནི་དེ་རྒྱ་མིའི་རྩོམ་པ་པོ་དང་། ཨ་ནི་ཡང་ན་བོད་རིགས་ཀྱི་རྩོམ་པ་པོ། ཕྱི་རྒྱལ་གྱི་རྩོམ་པ་པོ་དེ་གཙོ་བོ་དེ་མཚན་དྲངས་ནས་ཨ་ནི་ཨོང་ཤུགས་རྐྱེན་ཆེ་ཤོས་གང་ནས་ཐོབ་པ་རེད། ཟེར།
  • ལྗང་བུ།
    ཤུགས་རྐྱེན་ཆེ་ཤོས་ཟེར་ན། ད་དང་པོ་དེ་ད། ད་བོད་ཡིག་རང་སྦྱངས་བྱས། བོད་ཡིག་དེའི་རྨང་གཞིའི་ཤུགས་རྐྱེན་དེ་ཡོད་ཐག་ཆོད་རེད་པཱ།
  • དམིགས་བསལ་གྱི་ད་རྩོམ་པ་པོ་དེ་འདྲས་དྲན་གནང་གི་འདུག་གམ།
  • ལྗང་བུ།
    ད་དམིགས་བསལ་གྱི་རྩོམ་པ་པོ་ཟེར། ད་མང་ཐག་ཆོད་ཞག་དེ་ད། དངོས་གནས། ང་རང་སོ་སོས་ཧ་གོ་གི་མ་རེད། གཅིག་བྱས་ན་མི་ཅིག་གི་ཤུགས་རྐྱེན་དེ་ཐེབས་ཡོད་ཀྱི་རེད་པཱ། དེབ་ནི་མང་པོ་བལྟས། ད་ངའི་ཁྱད་ཆོས་དེ་འདི་རེད།
  • ལྗང་བུ།
    ད་མི་ཁ་ཤས་ཡིན་ན་དེབ་གཅིག་བལྟས་ན་ལམ་སེང་སྒང་ག་ངེས་ཐུབ་ཀྱི་འདུག་གང་དེ། ཚིག་ད་དེ་ཚོ་སྒང་ག་སེམས་ལ་ངེས་ཐུབ། མང་པོ་ཅིག ང་སྤྱིར་བཏང་དེ་ངེས་ཐུབ་ཀྱི་མི་འདུག་དེ། ཀླད་པ་ཡག་པོ་མེད་པ། འདི་བརྗེད་འགྲོ་ཡིས། འདི་ཟེར་ན་ཨོའོ་དེ་འདྲས་ཅིག་ཡིན། དེ་འདྲས་ཅིག་ཡིན་བསམ་པ་ཅིག་མ་གཞི་ཐུབ་ཀྱི་མི་འདུག ད་གཅིག་བྱས་ན་ཤུགས་རྐྱེན་བཟོ་འདྲ་དེ་ནི་ཡོད་ཐག་ཆོད་རེད་པཱ་འདི།
  • དེ་ནི་ཁྱེད་རང་རེབ་གོང་གི་སློབ་གྲྭར་ཡོད་པའི་སྐབས་ལ་གཙོ་བོ་དེ་བོད་ཡིག་རེད་པཱ།
  • ལྗང་བུ།
    བོད་ཡིག་རེད།
  • དེ་ནི་རྒྱ་ཡིག་དེ་ཀློག་ཡས་དེ།
  • ལྗང་བུ།
    རྒྱ་ཡིག་དེ། རྒྱ་ཡིག། ང་སློབ་གྲྭར་ད། འབྲིང་རིམ་མཐོ་རིམ་ཡོའོ་རེད་པཱ། འདི་ད་དགེ་རྒན་གྱི་སློབ་གྲྭ་རེད་པཱ། དེ་ཐོན་ཚར་དུས་རྒྱ་ཡིག་ཐེབས་ཆག་ཅིག་ཀློག་ཐུབ་ཀྱི་ཡོད། སྐད་གཅིག་ཡའི་ཤེས་ཀྱི་མེད། ཁྱོན་ནས་ཤེས་ཀྱི་མེད། སྨན་ཁང་ནང་ལ་འགྲོ་ཡས་དང་དེ་དེ་ཡིན་ན། སྐད་བསྒྱུར་མཁན་གཅིག་ཁྲིད་འགྲོ་ཡི་ཡོད།
  • ལྗང་བུ།
    ཨ་ནི་གཞུག་གུ་སློབ་གྲྭའི་དགེ་རྒན་བྱས། རྫས་འགྱུར་སྦྱངས་ཀ་ཕྱིན་པ་རེད་པཱ། པེ་ཅིང་ལ། དེ་དུས་ཨ་ནི་སློབ་གྲྭ་ཡི་བརྡ་ཐོ་ཅིག་ཡོའོ་རེད་པཱ་སློབ་གྲྭའི་ནང་ལ་ཁྱེད་རང་ཚུད་པ་རེད་ཟེར།
  • ལྗང་བུ།
    ཨ་ནི་བོད་སྐད་ནང་ཕབ་པ་དང་དེ་མིག་བསྟན། ཨ་ནི་ཕར་ཕྱིན་པས། འདི་འདུག སློབ་གྲྭ་ཡིས་དེ་ནི་བསུ་ག་ཡོང་། སླེབས་བཞག་དེར། ཨ་ནི་མཉམ་དུ་ཕྱིན་པ་རེད། ཨ་གཞི་ནས་སྐད་སྦྱངས་པ་རེད་ད།
  • པེ་ཅིང་ལ།
  • ལྗང་བུ།
    པེ་ཅིང་ལ།
  • ག་ཚོད་བཞུགས་པཱ།
  • ལྗང་བུ།
    པེ་ཅིང་ལ་ཟླ་བ་བརྒྱད་ཙམ་བསྡད་པ་ཡིན། ད་དེ་དུས་སྐད་མ་བརྒྱབ་རང་བརྒྱོབ་རེད་པཱ། སོ་སོར་ཁ་ལག་རག་མེད་པ་ད། སྔོན་མ་སྐད་ཤེས་ཀྱི་མེད།
  • དེ་དུས་ལོ་ག་ཚོད་སླེབས་ཀྱི་ཡོད་ནམ།
  • ལྗང་བུ།
    ལོ་བཅོ་བརྒྱད།
  • འོང་།
  • ལྗང་བུ།
    དེ་དུས་ད་སྐད་སྦྱངས་ཡས་དེ་མ་གཏོགས། ཡི་གེ་ད་ཚགས་པར་ད་ཏིག་ཙེ་ཐེབས་ཆག་ཀློག་ཐུབ་ཀྱིས། ཀློག་ཡས་དང་པོ་ག་རེ་རེད་ཟེར་ན། བརྩམས་སྒྲུང་རིང་པོ་ཡོའོ་རེད་པཱ།
  • ལྗང་བུ།
    རྒྱ་ཡིག་བརྩམས་སྒྲུང་གཅིག་བཀླགས་པ་ཡིན། བརྩམས་སྒྲུང་རིང་པོ་གཅིག ཁྲག་དམར་ཟེར་མཁན་གཅིག མིའི་ཁྲག་ཡོའོ་རེད་པཱ། ཁྲག་དམར་པོ། འདི་རྒྱ་མི་གི་ད་འདི་འདི་རེད། གོ་མིན་ཏང་གི་བཙོན་ཁང་ནང་ལ་གུང་ཁྲན་ཏང་གི་གསང་མྱུལ་དེ་འདྲས་ཡོའོ་རེད་པཱ། མང་པོ་བླུགས་བཞག་ཡོའོ་རེད་པཱ།
  • ལྗང་བུ།
    བཙོན་ཁང་ནང་སྡུག་པོ་ཞེ་པོ་ཅིག་མྱང་པོ་རེད་པཱ། ད་དེ་བཀག་གི་པ་མ་རེད་པཱ། དེབ་དེ་འདྲས། དེ་འདྲས་དེབ་མཐུག་པོ་ཅིག་ཡོད། གང་འདྲས་བལྟ་ཡི་ཡོད་ཟེར་ན།
  • ལྗང་བུ།
    དེ་ཚིག་མཛོད་ཆེན་པོ་ཡོད་པ། རྒྱ་ཡིག་བོད་ཡིག་གི་དེ། དེ་སྒང་ག་བརྩལ་ཡི་གེ ཡི་གེ་རེ་རེ་རེ་བརྩལ། ཟུར་དེར་དེ་བྲིས། ཨ་ནི་རྒྱ་ཡིག་དེ་ཚོ་ཡག་པ་དེ་ཚོ་དགེ་རྒན་ལ་འདི་སྐད་ཆ་དྲིས། དེའི་ཟུར་དེར་ཕལ་ཆེར་དེ་བསྒྱུར་བཞག་ཡོད་དེ། དེ་འདྲས་ཅིག་བྱས་ཚར་པ་དང་ཨ་ནི་གཞི་ནས་བལྟས། འདུག་བཟོ་བསྡུར་བྱས།
  • ལྗང་བུ།
    ཉི་མ་རེ་རེ་ལ་ལེའུ་རེ་རེ་བྱས། དགོང་དག་ང་ཚོ་ད་ཕྲུག་གུ་ཉི་བཤུ་ལྷག་ཙམ་ཅིག་ཁང་པ་གཅིག་ནང་བསྡད་ཡོའོ་རེད། ཁང་པ་གཉིས་གཉིས་བྱས། ཉལ་ཁྲི་གཉིས་བརྩེགས་བྱས་ཡོད་པ། ཨཱ་དགོང་དག་རེ་རེ་ཁོ་ཚོས་སྒྲུང་རེ་རེ་བཤད་དགོས་རེད་ད་དེ།
  • ལྗང་བུ།
    ཤེས་ཡོན་ཕན་༼མིང་༽ཟེར་མཁན་གྱི་མི་གཅིག་ཡོད་སློབ་གྲྭ་ཆེན་མོའི་ནང་ལ། ཨ་ནི་ཁོང་ཚོ་ག་རེ་བྱས་པ་ག་རེ་བྱས་པ་ཟེར་ན།
  • ལྗང་བུ།
    ད་བོད་པར་དེ་ནི་དམིགས་བསལ་གཅིག་ཡོའོ་རེད། ཕྲུག་གུ་དེ་ཚོ་མར་ཉལ་ཚར་པ་རེད་པཱ། སྒྲུང་བཤད་དགོས་རེད། ཁྲལ་བཞག་གི་རེད་ད། དེ་རིང་ཁྱེད་རང་ཡིན་དང་། དེ་ནས་ཁྱེད་རང་། དེ་ནས་ཁྱེད་རང་། དེ་བྱེད་ཀྱི་རེད་ང་ཚོ།
  • ལྗང་བུ།
    རྟག་པར་བཞིན་སྒྲུང་བཤད་བསྐོར་བྱས་འགྲོ་ཡི་རེད། ཕྲུག་གུའི་སྐབས་དུས་ནས་འདི་བྱེད་ཀྱི་རེད། ཕྲུག་གུ་ཡིན་དུས་ང་གཉིས་གྲོང་པ་རེད་པཱ།
  • དེ་ཁེད་དང་དེ་དེབ་བསྐོར་ཡས་དེ་འདྲ་པོ་རེད། ཡང་མར་མ་ཉལ་གོང་ལ་ཡང་འདི་ཅིག་བཤད་ཀྱི་རེད།
  • ལྗང་བུ།
    ཨོའོ་འདི་རེད་རེད་རེད། མར་ཉལ་ཚར་པ་ད་ག་བཤད་ཀྱི་རེད་སྒྲུང་སྤྱིར་བཏང་། ཁེད་ཡིན་ན་ད་ཉལ་བྱས་ཁ་ལག་བཟས་ཚར་པ་བྱེད་དུས་དེ་འདྲས་བྱས་བཤད་ཀྱི་རེད་པཱ།
  • ལྗང་བུ།
    ཉལ་ཚར་པ་དང་ཕྲུག་གུ ང་གཉིས་གྲོང་པའི་ཕྲུག་གུ་རེད་པཱ། ད་ང་གཉིས་གྲོང་པའི་ཡིན་ན། དཔེར་ན་ང་གཉིས་ཕྲུག་གུ་གཉིས། དེ་རིང་ང་ཁོང་ཚོའི་ནང་ལ་ཉལ་ཀ་འགྲོ་ཡི་ཡིན་ཟེར། ཚུར་ཉལ་ཀ་འགྲོ་གི་ཡིན་ཟེར། ཕྲུག་གུ་མང་པོ་མཉམ་དུ་ཉལ་གྱི་རེད། ཨ་ནི་མི་གཅིག་གིས་བཤད་ཀྱི་རེད།
  • ལྗང་བུ།
    ཨ་ནི་མི་རྒན་པ་དེ་ཚོས་བཤད་ཀྱི་རེད། ཉལ་བྱས་བཤད་ཀྱི་རེད། མཚམས་མཚམས་ཕྲུག་གུ་ཉལ་བྱས་གཉིད་ཁུག་འགྲོ་ཡི་རེད་པཱ། དེ་འདྲས་ཡིན་གཅིག་མིན་གཅིག་བཤད་དགོས་རེད། སློབ་གྲྭའི་ནང་ལ་སླེབས་པ་དང་ཕྲུག་གུ་རྐྱང་རྐྱང་སླེབས་པ་རེད།
  • ལྗང་བུ།
    ང་ཚོ་ལོ་བདུན་ཡིན་དུས། མི་ཉི་བཤུ་ལྷག་ཙམ་ཁང་པོའི་ནང་ལ་བསྡད་ཡོའོ་རེད། དེ་དུས་ནས་སྒྲུང་བཤད་དགོས་རེད། ཅིག་ཕར་ཚུར། ཨ་ནི་རེས་བསྐོར་སླེབས་དུས་ཡའི་འདི་རེད། དེ་རིང་ཁྱེད་རང་ཡིན་དང་། ཉལ་ཁྲི་འདུག་ཟེར་བསྐོར་ར་བརྒྱབ་བྱས་འགྲོ་ཡི་རེད་པཱ།
  • ལྗང་བུ།
    ཁ་ཤས་བཤད་ཡས་ཡོའོ་མ་རེད་ད། སྐུ་གཅིག་ད་རྒྱུན་ནས་བཤད་ཡས་མི་འདུག་ཟེར། ཨཡང་འདི་ད་ཁྱེད་རང་ཤོད་ཟེར་འགྲོ་ཡི་རེད། ཨ་ནི་གཞུག་གུ་དེར་ངས་འདི་བཤད་ཀྱི་ཡོད། སོ་སོ་ཁྲལ་དེ་སླེབས་དུས།
  • ལྗང་བུ།
    ཨ་ནི་གཅིག་བྱས་བཞག། བཙོན་ཁང་ནང་ནས་མར་འདོན་བྱས་བྱས། ཨ་ནི་ཡོའོ་རེད་པཱ། ད་འདི་ནང་དོན་འདི་ཞེ་དྲག་དྲན་གྱི་མི་འདུག འདུག་ཟེར་འདི་དང་པོ་ཡིན། དེབ་རིང་པོ་འདི་བལྟ་ཡས་འདི། ད་སྤྱིར་བཏང་ད་འདི་སློབ།
  • ཞོའོ་ཧྲོ་༼ཅོའོ་ཧྲོའོ་ཞེས་པ་འདི་ནི་རྒྱ་སྐད་ཡིན། དོན་དག་ནི་བརྩམས་སྒྲུང་ཐུང་གྲས་ལ་ཟེར།༽ཟེར་ཡས་འདི་གས།
  • ལྗང་བུ།
    ཞའོ་ཧྲོ་༼རྒྱ་སྐད་༽ཟེར་འདི། རིང་པོའི། རྩོམ་རིང་དེ་འདྲས། ཨོང་། དེའི་གཞུག་གུ་བདུན་བཅུ། བདུན། བརྒྱད། བདུན་བདུན་བདུན་བརྒྱད་དེ་འདྲས་ལ་ང་ཚོས། འདི། དེབ་ཀློག་ས། འདི་བཙུགས་སོང་།
  • ལྗང་བུ།
    དེབ་ཀློག་ས་འདིའི་འཁྲིས་དེའི་ཅིག་སྤོ་ལོ་རྩེས་ཡས་དང་དེ་གས་ད་ཅིག སྤོ་ལོ་དཀར་པོ་འདི། དེ་འདྲས་ཡོད་པ་བྱས། ནང་ལོགས་ནས་པིང་ཕང་ཆུའུ་༼རྒྱ་སྐད་ཀྱི་སྒྲ༽རྩེས་ཡས་ཡོད་པ་བྱས། ཨ་ནི་ཕར་ཕྱིན་ན་དེབ་བལྟས། དེ་དུས་དེབ་ཁག་ཞིག་འདུག མི་དམངས་རྩོམ་རིག་ཟེར་མཁན། དེ་མིན་གཅིག་རེད་པཱ།
  • ལྗང་བུ།
    རེད་པཱ། རན་མིང་ཝུན་ཞོའོ།༼རྒྱ་སྐད་༽པེ་ཅིང་གི་མི་དམངས་རྩོམ་རིག་ཟེར་མཁན་འདི། པེ་ཅིང་ཝུན་ཞོའོ་༼རྒྱ་སྐད་༽པེ་ཅིང་གི་རྩོམ་རིག། དེ་ཚོ་དེབ་ཁ་ཤས་ད་ཚུར་བསྐུར་ཡོང་གི་འདུག་ག ཨ་ནི་བོད་ཀྱི་འདི་ཡོའོ་རེད། རྒྱ་ཡིག་གི་ཤི་ཙང་ཝུན་ཞོས་༼རྒྱ་སྐད། དོན་དག་ནི་བོད་ཀྱི་རྩོམ་རིག༽ཟེར་དེ།
  • དེབ་ཀློག་ས་ག་པར་འདུག དེ།
  • ལྗང་བུ།
    སློབ་གྲྭའི་ནང་ལ་བཙུགས་སོང་། དེ་འདྲས་ཅིག
  • ལྗང་བུ།
    གསར་པ་གཅིག། རེབ་གོང་དེའི་ནང་ལ། ཨ་ནི་དེའི་ནང་ལ་བལྟ་ག་འགྲོ་ཡས་རེད། དགེ་རྒན་ཡག་པོ་གཅིག་ཡོད། ང་འདི་ད་དེབ་ཟེར་བལྟ་ཡས། ད་ཕྲུག་གུ་བལྟ་ཡས་ཁ་ཤས་དགའ་པོ་ཡོའོ་རེད། ཁ་ཤས་དགའ་པོ་ཡོའོ་མ་རེད་པཱ།
  • ལྗང་བུ།
    དགའ་པོ་ཡོད་པ་དེ་དྲིས་ཀྱི་ཡོད། བྱས་ཙང་ཨ་ནི་དེབ་ཐེར་གསར་པོ་སླེབས་ན། རྒན་ལགས་འདིས་མར་གཅིག་བསྣན་བཞག་གི་རེད་དེའི། ཨཱ་ང་ཚོ་ཕྱིན་ན་ཨ་དེབ་གསར་པ་གཅིག་སླེབས་བཞག ཁྱེད་རང་ཚོ་བལྟ་ག་རྒྱུགས་ཟེར་གྱི་རེད།
  • ལྗང་བུ།
    རྨོ་བོ་ལགས་གཅིག་ཡོའོ་རེད་དེར།  ད་དེ་འདྲས་ད་རྒྱ་མིའི་རྩོམ་མང་པོ་བལྟས་པ་རེད། དེ་ནི་དཔྱད་རྩོམ་རྩོམ་སྟངས་ད་སྤྱིར་གཏང་བལྟ་མྱོང་ཡོད་ཀྱི་མ་རེད། དེའི་ནང་ལ། ད་འདི་རྒྱ་མིའི་ད་སྲི་རན་པང་༼རྒྱ་སྐད་ཀྱི་སྒྲ་༽ཟེར་གཅིག་ཡོའོ་རེད་བ།
  • ལྗང་བུ།
    མི་བཞི་ཤོག་ཁག་དེ། ཅང་ཅིན་དང་ཅིག་ཟེར་མི་བཞི་མི་འདུག་གམ། དེ་གཏོར་བྱས་དེ་ཁོང་ཚོས་རིག་གནས་གསར་རྗེ་ཆེན་པོའི་སྡུག་པོ་མྱང་པ་རེད་ཟེར་བྱས། ལུའུ་ཞུན་འུང་ཟེར་ཉན། ཝང་མཱང་ཟེར་མཁན་ད་སྐད་གྲགས་ཆེ་ཤོས་དེ་ཚོ་མཐོང་གི་ཡོའོ་རེད།
  • ལྗང་བུ།
    རྩོམ་དེ་འདྲས་མང་པོ་བལྟ་མྱོང་ཡོད། ད་དེ་འདྲས་ཅི་དང་། ད་སྤྱིར་བཏང་ང་འདི་ལུས་རྩལ་དང་འདི་དགའ་པོ་ཡོའོ་མ་རེད་པཱ། ཕྲུག་གུ་ཅིག་ཁ་ཤས་སྤོ་ལོ་རྩེས་ཡས་དང་། ད་ཅིག་འབྲི་ཡས་དང་དེ་བསམ་བློ་གཏང་གི་ཡོའོ་མ་རེད་པཱ། ཡང་སོ་སོ་སོ་དུས་ཚོད་དེ་ཕར་འབུད་རྒྱག་གཏང་དགོས་རེད་པཱ།
  • པེ་ཅིང་ལ་ཟླ་བ་བརྒྱད་མ་གཏོགས་བཞུགས་ཡོའོ་མ་རེད་པས།
  • ལྗང་བུ།
    པེ་ཅིང་ལ་ཟླ་བ་་བརྒྱད་པ་ཡིན་དེ་དུས། རྫས་འགྱུར། དེ་དུས་པེ་ཅིང་ལ་བསྡད་དུས་ང་འདི། ཁོང་ཚོའི་འདི་ཉན་ཀ་ཕྱིན་པ་ཡིན། རྒྱ་མི་འདི་རྨོ་བོ་ལགས་དེའི་པིང་ཤིན་༼རྒྱ་སྐད་ཀྱི་སྒྲ་༽ཟེར་འདི་བྱས། ཨ་ནི་བེའེ་ཏ་ཝའེ་གི་ཤེ་མན་ཟེར་འདི་བྱས། ཝང་མང་བྱས། ལའེ་གོའོ་ཝུན་བྱས། ལེའུ་ཤིང་ཝུའུ། རྒྱ་མི་འདི་རྩོམ་པ་པོ་དང་དེ་དཔྱད་རྩོམ་འབྲི་མཁན་སྐད་གྲགས་ཆེན་པོ་དེ་ཚོ་དེ་ཅིག་བྱེད་ཀྱི་འདུག་ག
  • ལྗང་བུ།
    དགོང་དག། དགོང་དག་ནང་ལ་ད་འདི་བྱེད་ཀྱི། གཟའ་སྤེན་པའི་དགོང་མོ་དེ་ལ། ཚོགས་ཁང་ཆེན་པོ་ནང་ལ་ཅིག་རྩོམ་རིག་ལ་དགའ་པོ་བྱེད་མཁན་དེ་ཚོས་དངུལ་སྤྲད་ན། ཁོང་ཚོས་སྐད་ཆ་བཤད་ཀྱི་འདུག་ག
  • ལྗང་བུ།
    དེ་འདྲས་པེ་ཅིང་ལ་མང་པོ་ཕྱིན་པ་ཡིན། ཁོང་ཚོས་རྩོམ་གཅིག་གང་འདྲས་བྲིས་པ་ཡིན། གང་འདྲས་ཟེར་བྲིས་པ་ཡིན་ཟེར་ལབ་ཀྱིས། འབྲི་སྟངས་གང་འདྲས་ཟེར་ཡིན་པ་ཅིག་ཅིག་དེ་ཚོ་ལབ་ཀྱིས།
  • ལྗང་བུ།
    འདི་ཉན་མྱོང་ཡོད། ད་དེ་དུས་ད་ཏོག་ཙམ་ཧ་གོ་གི་འདུག ག་རེ་ཡིན་ན། དེ་དུས་ད་ཕྱི་རྒྱལ་དེབ་བལྟ་ཡི་ཡོད། ང་སློབ་གྲྭ་ཐོན་པ་དང་ཨ་ནི་ང་ཚོ་འདིར་རྒྱ་ཡིག་རྩོམ་འབྲི་མཁན་རྡོ་རྗེ་ཚེ་བརྟན་ཟེར་ཅིག་ཡོའོ་རེད།
  • ལྗང་བུ།
    མར་ཨམ་མདོ་ཕྱོགས་ལ་འདི་རྒྱ་ཡིག་རྩོམ་འབྲི་མཁན་སྐད་གྲགས་ཆེན་ཤོས་འདི་རེད། ཁོས་ད་གཅིག་བལྟ་དགོས་རེད་གཉིས་བལྟ་དགོས་རེད་ཟེར། ད་ཨུ་རུ་སུ་གི་དེབ་བལྟ་ཡི་ཡོའོ་རེད་ད། ཨུ་རུ་སུ་ད་འདི་སུའུ་ལན་༼རྒྱ་སྐད་ཀྱི་སྒྲ་༽རྩོམ་རིག་དེ་ཚོ་མང་པོ་བལྟ་ཡི་ཡོའོ་རེད།
  • ལྗང་བུ།
    དེའི་གཞུག་གུར་ཧྥ་རན་སེ་རེད། ཨ་ནི་དབྱིན་ཇི། ད་ཇར་མན་དེ་གསུམ་རེད། གཙོ་བོ། རྒྱ་ཡིག་ལ་འགྱུར་པ་མང་པོ་ཡོའོ་རེད་པཱ། རྙིང་པ་རྙིང་པ་དེ་འདྲས་དུས་རབས་བཅུ་དགུ་པ་དང་། ད་ཅིག། པར་ཊ་ཁེ་ཟེར་ན། མོའོ་པོ་སངས་ཟེར་ན། དེ་ཚོ་ཡོའོ་རེད་པཱ།
  • ལྗང་བུ།
    ཧོའོ་གོ་བ་དེ་ཚོ། ད་དེ་འདྲས་བལྟ་ཡི་ཡོའོ་རེད། ཨ་ནི་ཏི་ཁན་སེ། ཨན་ཊི། ད་ཞོའེ་ལེའེ། སྙན་ངག་མང་པོ་བལྟ་གི་ཡོད་དེ་གའི། དེ་ནི་ད་རྙིང་པ་རྙིང་པ་དེ་འདྲས་རེད། དེ་གསར་པ་མི་འདུག
  • ལྗང་བུ།
    དེའི་གཞུག་གུར་ད་རྒྱ་མི་ད་འདི། སྙན་ངག་རབ་རབ་ཟེར་མཁན་ཅིག་འདུག་ག མོང་ལོང་ཧྲེ་ཟེར་མཁན་དེ། བེའེ་ཏ་ཝང་ཧྲུའུ་ཐིང་ཟེར་མཁན་དེ་ད་དུང་ཕྱི་སློབ་ལ་ཡོའོ་རེད་པཱ་ད་ལྟ། ཁོང་ཚོ་མང་པོས་རྩོམ་གཅིག་ཧ་གོ་ལ་མ་གོ་བཟོ་འདྲ་ཁྱད་མཚར་པོ་ཅིག་བྱེད་ཀྱི་འདུག་ག ད་དེ་ཚོའི་ཤུགས་རྐྱེན་ད་ཡོད་ཐག་ཆོད་རེད།
  • དེ་ལ་ཤུགས་རྐྱེན་ཐེབས་སོང་ངས།
  • ལྗང་བུ།
    དེ་ད་མ་ཐེབས་རང་ཐེབས་ཡིན་གྱི་རེད། བལྟ་སའི་འདི་འབྱུང་བའི་ཁུངས་དེ་རེད་པཱ། ད་དོན་གྲུབ་རྒྱལ་དེ་བརྒྱ་བཅུ་གྱ་གསུམ་ལོར་ཐོན་པ་རེད་པཱ། ལང་ཚོའི་རྦབ་ཆུ། ལང་ཚོའི་རྦབ་ཆུ་ཐོན་པ་རེད། ད་རང་མོས་སྙན་ངག་ཡོའོ་རེད་པཱ།
  • ལྗང་བུ།
    བོད་ཡིག་གི་རང་མོས་སྙན་ངག་ང་རང་མཐོང་པ་ཡིན་ན་དྲུག་ཅུ་རེ་གསུམ་ལོ། རིག་གནས་གསར་བརྗེ་ཆེན་པོའི་སྔོན་ལ། ངས་དེ་ནས་ངས་ལབ། ཆེད་ཉོའོ་གིས་ཁྱེད་རང་གི་ལག་པར་ཅིག་སྤྲད་སོང་ངས། ཚགས་པར་གཅིག། ངར་སྤྲད་ཤོག་ཟེར་ཅིག སྤྲད་སོང་ངས།
  • དྲན་མ་སོང་།
  • ལྗང་བུ།
    ཚགས་པར་གཅིག་སྤྲད་མ་སོང་། བོད་ཡིག་ཚགས་པར་གཅིག དྲུག་བཅུ་རེ་གསུམ་ལོ་རེད་འདི། འདི་ད་ངས་མཐོང་པ་དང་པོ་དེ་རེད། དེའི་རྐུབ་ལ་མང་པོ་ཅིག་འདུག བཟོ་བཅོས་བརྒྱབ་ཀྱོག་ད་ཅིག དམངས་གཞས་ད་འདི་བཟོ་བཅོས་བརྒྱབ་བྱས། རྐང་པ་དང་དེ་འདྲས་མི་འདྲ་བ་དེ་འདྲས་བཟོ་ཡས་དེ་འདྲས་མང་པོ་ཅིག་འདུག ད་དེ་དུས་དོ་སྣང་ཡོའོ་མ་རེད་པཱ།
  • ལྗང་བུ།
    ད་ལང་ཚོའི་རྦབ་ཆུ་ཟེར་ན། ད་ལམ་སང་གཅིག་གིས་ཁྱབ་བསྒྲགས་འདི་བྱས་པ་རེད་པཱ། ད་ང་ཚོས་དེའི་མཇུག་ལ་ཕྱིན་ཡོའོ་རེད། དེའི་སྔོན་ལ་ང་ཚོས་འདི་འབྲི་དང་བྲིས་ཀྱི་ཡོད། ད་འགྱུར་མེད་ཀྱིས་ཧ་གོ་གི་རེད། སྦྲང་ཆར་གྱི།
  • ལྗང་བུ།
    ངས་དེ་འདྲས་ཅིག་འདྲ་པོ་ཅིག་རྒྱ་ཡིག་གི་དེ་འདྲས་འདྲ་པོ་ཅིག་བྲིས། ད་ངས་རྩོམ་འདིའི་ནང་དོན་འདི་ངས་དྲན་གྱིས། སྤོ་བོ་ལགས་གཅིག་གཙང་པོ་གཅིག་གི་འགྲམ་ལ་བསྡད། མེ་ཏོག་གཅིག་ལག་པར་ཟིན། མེ་ཏོག་འདི་འདུག་ཟེར་གཏོར་ཆུའི་ནང་འདིའི་ནང་ལ་ཆུ་འདི་རྒྱུགས་འགྲོ་གི་ཡོའོ་རེད་པཱ།
  • ལྗང་བུ།
    དེ་འདྲས་ཅིག་ཁ་ཤས་འབྲི་ཡོད། འགྱུར་མེད་ལ་ཕུལ་པ་ཡིན།
  • རྒྱ་ཡིག་ཐོག་ནས་བྲིས་ཡོད།
  • ལྗང་བུ།
    བོད་ཡིག་ལ། རང་མོས་སྙན་ངག འགྱུར་མེད་ལ་འཕུལ་པ་ཡིན། ད་འདི་གང་འདྲས་ཟེར་ཡིན་ན་ད་དེ་ཞག་དེ་འདྲ་བསྐུར་མཁན་ཁ་ཤས་འདུག་ཟེར། རྩོམ་དེ་འདྲས། ད་ང་ཚོས་བེད་སྤྱོད་གཏང་དགོས་ཡོད་ན་ཧ་གོ་གི་མི་འདུག་ཟེར།
  • ལྗང་བུ།
    ཨ་ནི་དོན་གྲུབ་རྒྱལ་གྱིས་གཅིག་བསྐུར་བཞག་ ད་འདི་དཔེ་ཡག་པོ་འདུག ང་ཚོས་ད་འདི་གཏང་བྱས་ཚོད་ལྟ་ཅིག་བྱེད་ཀྱི་ཡིན་ཟེར་སོང་། དེའི་གཞུག་གུར་དེ་ནི་སྐད་གྲགས་བྱུང་སོང་ང་འདི། འདི་དངོས་གནས་དཔེ་ཡག་པོ་བྲིས་བཞག་ད་དེ་སྤྱིར་བཏང་མ་རེད།
  • ལྗང་བུ།
    སེམས་ཤུགས་ཡོད་པ་འདི། ད་དོན་གྲུབ་རྒྱལ་འདི་བྲིས་ཡས་འདི་གཙོ་བོ་འདི་འདི་ཡིན་ཟེར་གྱི་འདུག་གང་འདི། མི་རིགས་སློབ་གྲྭ་ཆེན་པོ་ཁོང་ཚོ་སྙན་ངག་དེ་ཚོ་ཀློག་པ་རེད་པཱ།
  • ལྗང་བུ།
    ཨ་ནི་སྲོལ་རྒྱུན་སྙན་ངག་ནང་ལ་ལ་ལ་་་་་། ཟེར་སྙིང་རྗེ་པོ་ཡོའོ་མ་རེད་པཱ། ཨ་ནི་རྐང་བཙུགས་ནས་འདུག་ཟེར། ཀློག་འདོན་བྱེད་ཡས་འདི་བཟོས་པ་ཡིན་ཟེར་གྱི་འདུག ད་ཝང་་་་། བྱེད་དགོས་རེད་པཱ། ད་འདི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོའོ་རེད། མི་སྒང་ག་གིས་ད་གང་ཟེར་། ད་དགའ་པོ་བྱེད་ཡས་ཀྱི་ཅིག་ཆག་སོང་ང་འདི།
  • འདི་ལ་མི་རིགས་སློབ་གྲྭ་འདི། ཀན། ཀན་སུའུ་ལན་ཀྲུའུ། ལན་ཀྲུའུ་ལ།
  • ལྗང་བུ།
    དེ་དུས་ང་ལན་ཀྲུའུ་ལ་ཕྱིན་པ་ཡིན། ང་བརྒྱ་བཅུ་གྱ་བཞི་ལོ་ལ་ཕྱིན་པ་རེད། དེ་བརྒྱ་བཅུ་གྱ་གསུམ་ལོ་ལ་ཐོན་པ་རེད། སྙན་ངག་དེ། དོན་གྲུབ་རྒྱལ་གྱི། བརྒྱ་བཅུ་གྱ་གསུམ་ལ་ཐོན་པ་དང་། ལམ་སང་གཅིག་སྐད་གྲྭགས་བྱུང་སོང་འདི། ཨ་ནི་ལན་ཟློས་བྱེད་མཁན་མང་པོ་བྱུང་སོང་ད།
  • ཨ་ནི་ཁྱེད་རང་འདིའི་ནང་ལ་འདུག་བཟོ་བག་ཆགས་བྱུང་པ་རེད་པས།
  • ལྗང་བུ།
    ད་འདི་ད་བྱུང་ཐག་ཆོད་རེད་པཱ། ད་འགོ་འཛུགས་དགོས་རེད་པཱ། ལམ་མཁའ་འདི་རེད་ཟེར་ན། འགྲོ་མཁན་མང་པོ་ཅིག་ཆགས་པ་རེད།
  • དེ་དུས་ཀྱི་ལང་ཚོའི་རྦབ་ཆུ་འདི། ཀློག་པའི་སྐབས་ལ་ཁྱེད་རང་དོན་གྲུབ་རྒྱལ་གྱི་རྩོམ་ཡིག་གཞན་དག་འདི། ཧ་གོ་ཚར་པ་རེད་པས།
  • ལྗང་བུ།
    ཧ་ད་གོ་དགོས་བྱུང་། དོན་གྲུབ་རྒྱལ། དོན་གྲུབ་རྒྱལ་སྔ་མ་དུས་དེབ་ཡོའོ་མ་རེད་པཱ། མཚོ་སྔོན་ཚགས་པར་གང་ལ་རྟག་པར་གཏང་གི་རེད། མཚོ་སྔོན་མི་རིགས་གསར་འགྱུར་ཟེར་ཡས་ཅིག་ཡོའོ་རེད་པཱ། དེའི་ནང་ལ་རྟག་པར་གཏང་གི་རེད།
  • ལྗང་བུ།
    ང་ཚོས་ངག་སྐྱོར་བྱེད་ཀྱི་ཡོད། ཚགས་པར་གཅིག་འཁྱེར། ཞོགས་པ་སྔ་པོ་ལངས། བློ་ལ་ཟིན་གྱི་ཡོད་འདི། དེ་འདྲས་ཅིག་ཡིན། ཁོ་རང་གི་བརྩམས་སྒྲུང་དང་འདི། ཨ་ཁུ་སྒྲུང་པ་ཟེར། འབྲུག་འཚོ་ཟེར། པད་འཚོ་ཟེར་དེ་ཚོ། སྒང་ག་ཚགས་པར་གང་ལ་ཐོན་པ་རེད། གཞུག་གུ་ལ་སྦྲང་ཆར་འདི་བྱས་འདི་ཕ་གི་རྩོམ་བྱས་གཞུག་གུ་མ་བཞིན་སྔ་མ་སྔ་མ་གཏང་མ་སོང་ཁོས།
  • ལྗང་བུ།
    སྦྲང་ཆར་དང་། ད་སྦྲང་ཆར་གང་ལ་རྟག་པར་ཡོང་གི་ཡོའོ་རེད་པཱ། ཨ་ནི་ཁ་བྱང་དེའི་ཅིག་བལྟས། དང་པོ་དེར། དོན་གྲུབ་རྒྱལ་འདུག་གས་ཅིག་བལྟས། ཨོའོ་འདུག་ཟེར་ག་བྱས། དེ་འདྲས་ཆགས་བསྡད་ཡོའོ་རེད།
  • རྒྱ་ཡིག་ཐོག་ནས་ཁྱེད་རང་གི་སྙན་ངག་རྩོམ་ཡོད་པས།
  • ལྗང་བུ།
    རྒྱ་ཡིག་བརྩམས་ཡོང་མེད། སོ་སོས་འདི་བསྒྱུར་གྱི་ཡོད་མཚམས་མཚམས། ད་རྒྱ་ཡིག་བྲིས་ན་སྐད་གྲགས་བྱུང་ས་རེད། ཡང་དགའ་པོ་མི་འདུག དངོས་གནས། སྔོན་མ་དང་པོ་ལ་དཔེ་ཆ་བཞག་ན། བརྩམས་སྒྲུང་། རྒྱ་ཡིག་བརྩམས་སྒྲུང་དེའི་ཡི་གེ་བཅོ་བརྒྱད་མ་གཞི་མེད། ངས་བརྩམས་སྒྲུང་གཅིག་བྲིས་པ་ཡིན།
  • ལྗང་བུ།
    ཁོང་ཚོའི་དེའི་ཅིག་རིག་གནས་ཐིང་དང་ཅིག་རྩོམ་པ་པོ་ཚོགས་པ་དང་དེ་ཚོས། དཔྱད་བསྡུར་བྱས་བྱས་བྱ་དགའ། བྱ་དགའ་སྤྲད་སོང་ག ཨ་ནི་འབྲི་མཁན་མང་པོ་འདུག་ཟེར། སེར་པོ་ཟེར་མཁན་ཅིག། ད་འདི་མང་པོ་བྲིས་བཞག ངའ་ཨང་དང་པོ་འདི་རག་བཞག
  • ལྗང་བུ།
    ད་འདུག་ཟེར་བསམ་གཏང་ན་ཅིག ཅིག་བྱས་ན་ད་ཅིག་ལམ་ཁ་འདིར་འགྲོ་ཐུབ་ས་རེད། ཡིན་ནའི་དེ་ང་དགའ་པོ་མི་འདུག ང་ཡི་གེ་འདིར་དགའ་པོ་འདུག སྐད་འདི་དང་ཡི་གེ་འདི། དངོས་གནས། ང་སེམས་ཤུགས་ཆེ་ཤོས་དེ་འདི་རེད་ད། ད་འདི་ཁྱད་མཚར་རེད།
  • ལྗང་བུ་ལགས། ཐུགས་རྗེ་ཆེ།