Skip to main content Skip to search
15 Dec 2011
27 min 43 sec
Rating
0
No votes yet
Video Overview
Creators: 
Unknown

Jangbu speaks with Nicolas Tournadre about his education and his formative years as a Tibetan poet.

Show More

  • ཎིགུལ
    ཨ་ནི་ང་ཚོའིད་ལྟ་འདི་འདྲི་བ་འདྲི་ལན་འདི་ཡིན།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ལགས་སོ།
  • ཎིགུལ
    འདྲི་བ་འདྲི་ལན་དེ་ད་བཀའ་འདྲི་དང་པོ་ཞུ་ཡས་དེ་འདི་རེད། ཁྱེད་རང་དང་པོ་ད་དགུང་ལོ་ཆུང་ཆུང་སྐབས་ལ། སྙན་ངག་ལ་མདོར་ན། གང་འདྲས་ཟེར་བཞུགས་ཡོད་མེད། དེ་ནས་སྙན་ངག་དེ་དམིགས་བསལ་གྱིས་སློབ་སྦྱོང་བྱས་ཡོད་མེད། དཔེར་ཆ་བཞག་ན་རྒྱུན་སྲོལ་གྱི་སྙན་ངག་མེ་ལོང་ལྟ་བུ་ཅིག་སྦྱང་མྱོང་ཡོད་མེད་དེ་དེའི་སྐོར་ལ་ཅིག་བཀའ་འདྲི་དང་པོ་དེ་ཡིན།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་ང་རང་ཕྲུག་གུ་ཡིན་དུས་ནས་སློབ་གྲྭར་ཕྱིན་པ་རེད། སློབ་གྲྭར་ཕྱིན་ནས་དང་པོ་ནས་བོད་ཡིག་སྦྱངས་པ་རེད། ད་དེ་སྟབས་ཡག་པ་ཅིག་ལ་དེ་དུས་རིག་གནས་གསར་བརྗེ་ཆེན་པོའི་བར་རུ་དེ་ལ་ཡིན་ན་ད། སློབ་གྲྭ་མང་པོ་ཅིག་ལ་བོད་ཡིག་ཡོའོ་མ་རེད། སྤྱིར་བཏང་ད་ཕྲུག་གུ་དེ་ཚོས་ང་ཚོ་འཁྲིས་དང་ང་ཚོ་རྫོང་གཅིག་རེད་པ། རྫོང་དེ་འཁྲིས་ཟེར་ད་ད་འཁྲིས་དེ་ང་ཚོ་ལོ་འདྲ་པོ་གཞུག་གུ་སློབ་གྲྭར་བཏང་དུས་ཙམ་པ། ཁོང་ཚོ་དེ་དུས་བོད་ཡིག་ཡོའོ་མ་རེད་ཟེར་གྱི་འདུག
  • ལྗང་བུ་ཚེ་རིང་རྡོ་རྗེ་
    འབྲོག་པ་དེ་ཚོ་སློབ་གྲྭ་འབྲིང་བ་ཐོན་ན། ཨ་ནི་ཅིག་རྒྱ་ཡིག་དེབ་དང་དེ་བལྟ་ཐུབ་ཀྱི་ཡོད་པ་འདྲ། དེ་འདྲས་བལྟས་བསྡད་ཀྱི་ཡོའོ་རེད་ཟེར། སེམས་ཅན་འཚོ་གར་ཕྱིན་བྱས། རྒྱ་ཡིག་དེབ་ལྟས་བསྡད་དེ་འདྲས་ཅིག་ཆགས་བསྡད་ཡོད་པ་འདྲ། ཡིན་ནའི་ང་ཚོ་ད་ཕྲུག་གུ་ཡིན་དུས་ནས། དེ་གཙོ་བོ་དེ་མཚོ་སྔོན་གྱི་བོད་ཡིག་དེ་ཤུགས་ཆེན་པོ་ཅིག་ཆགས་སོང་།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་གཙོ་བོ་དེ་གསུང་རབ་རྒྱ་མཚོ་ཟེར་ཡས་དེ་སྔ་མ། སློབ་གྲྭ་མང་པོ་བཙུགས་འདུག་ག་ཁོ། དགེ་རྒན་སློབ་གྲྭ་མང་པོ་བཙུགས། ད་དེ་དུས་རིག་གནས་གསར་བརྗེ་ཆེན་པོའི་སྔོན་ལ། དགེ་རྒན་སློབ་གྲྭ་དེ་བཙུགས་དུས། ད་ག་ལེར་ག་ལེར་བྱས་ན་ཕྲུག་གུ་ཅིག་སློབ་གྲྭ དགེ་རྒན་སློབ་གྲྭའི་ནང་ལ་ཕྱིན་ན། ལོ་གསུམ་བཞི་བསྡད་ནས་གཞི་ནས་དགེ་རྒན་ཆགས་ཐུབ་ཀྱི་རེད་པ། ཨ་ནི་ཁོ་དེ་འདྲས་ཡོང་གི་མི་འདུག་ཟེར། མགྱོགས་པོ་བྱེད་དགོས་འདུག་ཟེར། ཨ་ནི་དགེ་རྒན་སློབ་གྲྭ་མགྱོགས་པ་དེ་བཙུགས།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    རྦད་དེ་ཉིན་ཉིན་དགུང་ཡིན་ནའི་འདྲ་མཚན་ལ་ཡིན་ནའི་འདྲ་བོད་ཡིག་ཡག་པོ་ཅིག་སྦྱངས་། ཨ་ནི་མར་ག་ས་ག་ལ་སློབ་གྲྭར་བཏང་པ་རེད་ཟེར། བྱས་ཙང་ཨ་ནི་ང་ཚོ་འདི་རུ།
  • ཎིགུལ
    གསུང་ག་རེ་ཡིན་ཟེར་གྱི་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    གསུང་རབ་རྒྱ་ཚོ།
  • ཎིགུལ
    གསུང་རབ་རྒྱ་ཚོ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    མཚོ་སྔོན་གྱི་དེ་རེད་སློབ་གསོ་ཐིང་གི་ཐིང་ཀྲང་རེད་སྔ་མ། རིག་གནས་གསར་བརྗེ་ཆེན་པོའི་སྔོན་ལ། རིག་གནས་གསར་རྗེ་ཆེན་པོའི་བར་རུ་ལ་ཤི་འདུག་ག དེ་ད་མཚོ་སྔོན་ལ་བོད་ཡིག་གི་རྨང་གཞི་བཙུགས་མཁན་གསར་པ་དེ། ད་ཁོ་རང་ད་དངོས་གནས་བཀའ་དྲིན་ཆེན་པོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེས་དེ་བྱས་ང་ཚོ་ཐོན་དུས་དགེ་རྒན་མང་པོ་འདུག ང་ཚོ་སོ་སོ་ང་ཚོ་ད་རྫོང་དེའི་འབྲོག་པ་རྫོང་ད་སློབ་གསོ་དེ་འདྲས་ཞེ་དྲག་ཡོའོ་མ་རེད། བྱས་ཙང་དགེ་རྒན་ཟེར་མི་འདུག་དའི་ཕྱི་ལོགས་ནས་ཡོང་པ་དེ་འདྲས། ད་དཔེར་ན་ང་རང་ཚོ་ཡོའོ་རེད་པ་ང་ཚོ་སློབ་ཆུང་གི་དགེ་རྒན་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ང་ཚོའི་དགེ་རྒན་དེ་ཚོ་གཞུག་གུ་ལ་སློབ་གྲྭ་ད་ཕྱིན། ཚེ་ཏན་ཞབས་དྲུང་དང་ཨ་ལག་ཤར་གདོང་དེ་ཚོའི་དགེ་ཕྲུག་ཆགས དཔེ་ཡག་པོ་ཆགས་བཞག་ཁོང་ཚོ། སྔ་མ་ནས་རྨང་གཞི་ཡག་པོ་ཡོད་པས། དགེ་རྒན་དེ་འདྲས་མང་པོ་ཡོད་ཙང་། ཨ་ནི་སློབ་དེབ་ཟེར་ན། ད་དེ་དུས་བོད་ཡིག་གསར་པ་དེ་སློབ་ཀྱི་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ག་གི་གུ་གི་གཅིག་པུ་མ་གཞི་མེད་པ། ཞིང་བོད་ཡིག་གསར་པ་ཟེར་ཡས་ཅིག་ཡོད་པ། རིག་གནས་གསར་བརྗེ་ཆེན་པོའི་བོད་ཡིག ཝང་ཡོའོ་ཁོང་ཚོས་བཟོས་ཀྱོག་དེ། དེ་སྦྱངས་ཀྱི་ཡོའོ་རེད་ད། ཟུར་དེ་ཏོག་ཙམ་ཏོག་ཙམ་ཁག་ཁག་འཁྲིད་ཀྱི་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཀླུ་རྒྱལ་འབུམ་ཟེར་ཡས་དེ་ད་ལྟ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེ་མོ་བ་ཅིག་འདུག་ག ཁོ་དཔེ་ཡག་པོ་ཡོའོ་རེད་དེ། ཁག་ཁག་ཁྲིད་ཀྱི་རེད། སུ་ར་རུ་ཏུ་ན་ལ་དུ་ཅིག་ཅིག་ཟེར་ན། དེ་གོ་མ་མྱོང་པ་ཁྱད་མཚར་ཅིག་བསམ་གྱི་ཡོད། ས་སུ་ག་བ་ད་དྲག་ཏུ་ཟེར་ན། འདི་ཐོབ་ཐང་ཡོའོ་རེད་པ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་ནི་རྣམ་དབྱེ་ཅིག་ཅིག་རྣམ་དབྱེ་ཅིག་ཟེར་འཚོ་བ་ནང་ལ་རྣམ་དབྱེ་ཟེར་བའི་སྐད་དེ་ཡོའོ་མ་རེད་པ། ཕྲུག་གུ་ཡིན་ཙང་ཧ་ཞེ་དྲག་གོ་གི་མེད། ངའི་ཅོ་ཅོག་རྒན་པ་དང་ང་གཉིས་འཛིན་གྲྭ་ཆ་རེད་པ། ཁོང་ཚོས་ཧ་གོ་གི་ཡོད་པ་འདྲ། ཨོའོ་ཐོབ་ཐང་ཟེར་ན་ཅིག་ཅིག་འདྲ་ཞིག་ཅིག་ཅིག་འདྲ་ཞིག་ཟེར་ཧ་གོ་བྱས། གཞུག་གུ་དེ་དུས་ཕྲུག་གུ་ཡིན་དུས་སྤྱིར་བཏང་སློབ་གྲོགས་ང་ཚོའི་དུས་རབས་འདིར་ཕྲུག་གུ་རྐྱང་རྐྱང་རྩོམ་ཡིག་འབྲི་མྱོང་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ག་རེ་རེད་ཟེར་ན། ཡིག་ཆེན་ཚགས་པར་ཟེར་ཡས་ཅིག་ཡོའོ་རེད། ཡིག་ཆེན་ཚགས་པར་ཟེར་ན། ཡིག་གེ་བྲིས། གྱང་གི་སྒང་ལ་སྦྱར་ཡས་ཅིག་འདུག་ག རྒྱ་ཡིག་གི་ཏཱ་ཙེ་པོའོ་ཟེར་མཁན་གཅིག ཡིག་ཆེན་ཚགས་པར་ཟེར་གྱི་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཕྲུག་གུ་ལོ་རིམ་གསུམ་པ་ཡིན་ནའི་འབྲི་དགོས་རེད། སློབ་ཆུང་ལོ་རིམ་གསུམ་པ་ནས། ད་འབྲི་ཤེས་ཀྱི་ཡོའོ་མ་རེད་པ། ཆབ་སྲིད་ཀྱི་ཅིག་ཅིག་ལིན་པེའོ་ཡིས་ཅིག་ཅིག་བཤད་པ་རེད་ཟེར། ཡང་ཁུང་ལའོཨར་ཡིས་ཅིག་ཅིག་བྱས་པ་རེད་ཟེར་དགག་པ་རྒྱག་དགོས་རེད། རྩོམ་འབྲི་དགོས་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཨ་ནི་ཚགས་པར་ད་བོད་ལྗོངས་ཉིན་རེའི་ཚགས་པར་དེ་ཆབ་སྲིད་མང་པོ་ཡོའོ་རེད་པ། དེའི་སྒང་ལ་བཤུས། ད་དེ་རེད་རེད་བསམ་བསམ་བྱས་བཤུས། ཨ་ནི་སོ་སོས་འབྲི་དགོས་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཤོག་བུ་ཆེན་པོ་དེའི་སྒང་ལ་སྣག་ཚ་དང་སྨྱུ་གུ་དེ་གཞུང་ནས་སྤྲད་ཀྱི་རེད། ཨ་ནི་གྱང་སྒང་ལ་ག་ས་ག་ལ་སྦྱར། དེ་དུས་ང་ཚོའི་ཅོ་ཅོག་དང་དེ་ཚོས་ཐོབ་ཐང་ལྟར་དེ་བྲིས་པ་རེད། ག་ཡ་བཏགས་གྱ་གྱི་ཟེར་ཡས་ཅིག་དེ་འདྲས་བྲིས་རེད་པ། ཅ་གི་གུ་ཅིང་ཟེར། ཤ་གི་གུ་ཤིང་། ཅིང་ཤིང་ཟེར་ཡས་དེ་ཚོ་ཅིང་ཤིང་དེ་ཚོ། ཨ་ནི་རྒན་ལགས་དེ་ཞེད་དག་ཆོད་བྱས། ཁྱེད་རང་ཚོ་དེ་འདྲས་བྲིས་བྱས། ངས་ཁྱེད་རང་ཚོ་དེ་ཧ་གོ་དགོས་རེད་ཟེར་བ་མ་གཏོགས། བེད་སྤྱོད་གཏོང་ཡས་ཡོའོ་མ་རེད་ད། 
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ང་ཅིག་བྱེད་ཀྱི་རེད་ད་ཟེར། དེ་དུས་ཞེ་དྲག་ཧ་གོ་གི་མི་འདུག ད་དེ་དུས་ང་ཚོ་ལྟ་ཡས་ཅིག་ཡོའོ་རེད། ཡང་པད་ཞིའི་ཟེར་ཡས་ཅིག་འདུག་ག རྒྱ་མི་རྒྱ་མིའི་ཁྲང་ཞིའི་འཁྲབ་ཡས་དེ། དེ་དུས་ད་ཀྲུང་གོ་རང་ལ་དེ་ཡོའོ་རེད་བརྒྱད་ཡོའོ་རེད། ཁྲང་ཞིའི་མི་འདྲ་བ་གློག་བརྙན་བསྟན་ན་འཁྲབ་ན། ལུང་པ་སོ་སོ་འཁྲབ་དགོས་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    འདི་ཕྲུག་གུས་བལྟ་ཡས་ཀྱི་རི་མོ་ཡོད་པ། མུ་འབྲེལ་རི་མོ་རི་མོ་ཡོད་པ་ཡི་གེ་ཡོད་པ་དེ། དེ་འདྲས་བཟོས་ཡོའོ་རེད། སྔོན་མ་བཅིངས་དཀྲོལ་དམག་གིས་དམག་མིས་ཅིག་ཅིག་ཇག་པ་བཟུང་གར་ཕྱིན་པ་རེད། གཅིག་རིག་པ་དེ་བཏང་ནས་ཇག་པ་དེ་འཛིན་པ་རེད་པ་ཟེར་མཁན། ཨ་ནི་ཡང་སོ་པ་ཡོའོ་རེད་པ་ལྕགས་ལམ་གྱི་སོ་པ། དེ་འདྲས་གཅིག་གིས་ཅིག་ཡི་གེ་ཅིག་ཁ་ཁར་ལ་ཅིག་གིས་དམག་མི་ལ་སྤྲད་པ་རེད་ཟེར་མཁན་དེ་འདྲས། དེ་འདྲས་འཁྲབ་ཡས་དེ་འདྲས་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཡང་སྐྱེ་དམན་དེ་འདྲས་དཔའ་བོ་ཅིག་ཅིག དམར་དམག་ནང་ཕྱིན་བྱས་ཅིག་མི་མང་པོ་བསད། དེ་ཚོ་འཁྲབ་ཡས་ཡོའོ་རེད་གློག་བརྙན་རྟག་པར་བསྟན་གྱི་རེད། ད་ལྟ་ཁྲང་ཤི་དེ་ད་རྣམ་ཐར་འདྲ་པོ་ཅིག་རེད་པ། སྐད་ཧ་གོ་གི་མ་རེད། ང་ཚོས་ཨ་ནི་བོད་ཡིག་དེ་འདྲས་བཟོས་པ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་ཁྲང་ཞིའི་ནང་གི་ཚིག་དེ་ཚོ་ད་ང་ཚོའི་རྣམ་ཐར་འདྲ་པོ། སྙན་ངག་རེད་པ། དེ་ཡང་ཁ་བ་ལྷབ་ལྷབ་འབབ་པའི་མཚན་མོ་ལ། ཅིག་ཅིག་ཅིག་ཟེར་ནས། དེ་འདྲས་ཅིག་བྲིས་པ་རེད། ད་དེ་ཚོ་ལྟ་ཡས་ལ་དགའ་པོ་ཞེ་པོ་ད་ཕྲུག་གུ་མང་ཆེ་བས་བལྟ་ཡི་རེད།
  • ཎིགུལ
    ཁྲང་ཞི་དེ་རྒྱ་སྐད་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཅིང་ཅུས།༼པེ་ཅིང་གི་འཁྲབ་གཞུང་༽
  • ཎིགུལ
    བོད་སྐད་ཐོག་ནས་ཁྲང་ཞི།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་བོད་སྐད་འདི་བར་ཁྲང་ཞི་ཟེར་གྱི་འདུག་ག ད་ཅིག་རྒྱ་མིའི་ལྷ་མོ་རེད་པ། ད་རྣམ་ཐར་དེ་འདྲ་པོ་ཡོའོ་རེད། ཅིང་ཅུས་ཟེར་པི་ཅིང་གི་ཡིན་པ་ཅིག་འཁྲབ་ཡས་འདུག་ག དེ་གཙོ་བོ་རེད་པ། ད་གཙོ་བོ་དེ་དེའི་གཞུག་གུ་དེ། འགྱུར་མེད་ཡོད་པ། སྦྲང་ཆར་གྱི་དེ། འགྱུར་མེད་ཀྱིས་ཁོ་རང་གི་རྒྱ་མིའི་སྙན་ངག་པ་ད་དེའི་ནང་གི་དམག་མི་ཅིག་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    གཡོད་ནན་དང་རྒྱ་མི་དམག་འཁྲུག་བརྒྱབ་པ་རེད་པ། རྒྱ་མཚོའི་སྒང་ལ། དེ་སྙན་ངག་དེ་ཚོ་བྲིས་བཞག་ཡོའོ་རེད། སྒྲུང་བཟོ་འདྲའི་སྙན་ངག་གི། དེ་ཁོ་རང་གིས་བོད་ཡིག་ལ་བསྒྱུར་ཡོའོ་རེད། ད་བསྒྱུར་ཡས་ཀྱི་རྩལ་དེ་དཔེ་ཡག་པོ་གཅིག་འདུག བོད་པ་རང་གི་དེ་འདྲ་པོ་ཅིག་བྱས། གཞས་འདྲ་པོ་ཅིག་བྱས། དཔེ་སྙན་པོ་བྱས་བཞག་འདུག
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་ཅིག་དམག་འཁྲུག་རྒྱག་དུས་ཅིག་ཅིག་རྒྱ་ཡིག་གི་དེ་རང་མོས་སྙན་ངག་ཡིན་པ་འདྲ། གཞུག་གུར་ངས་དེ་མཐོང་བྱུང་། ཨ་ནི་བོད་སྐད་ནང་ལ་བལྟས་ན། དང་པོ་ཡུལ་ལྗོངས་དང་དེ་བལྟ་དུས། ས་ཆུ་མོ་ཕྱི་བཞག་གཡུ་མཚོ། གནམ་དགུང་མོ་ཐང་ལ་ལྷུང་འདྲ། གསེར་བྱེ་མ་མུ་ཏིག་གཏེར་འདྲ། དེ་འདྲས་བསྒྱུར་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཡང་དམག་འཁྲུག་རྒྱག་དུས་ཅིག་གི་ག་རེ་མེ་ལྕེ་གཅིག དགྲ་ལག་ཅིག་ལྡིར་ལྡིར་ཅིག་ཅིག་དེ་དཔེ་སྙན་པོ་གཅིག་བསྒྱུར་ཡོད། ད་དེ་དུས་ང་ཚོ་དེ་ཕལ་ཆེར་ངག་སྐྱོར་ཐུབ་ཀྱི་ཡོད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་དགའ་པོ་ཞེ་པོ་བྱེད་ཀྱི་རེད། ཐེངས་གཅིག་དེབ་དེ་ང་ཚོ་གཙང་པོའི་འགྲམ་ལ་མར་རྩེད་མོ་རྩེད་བར་ཕྱིན། ངས་དེབ་དེ་ལས་འདུག་ག ཆར་པ་ཞེ་པོ་ཅིག་གཏང་གིས། ད་དེབ་དེ་ལས་ན་དེ་ཡོང་གི་མ་རེད། ད་དགའ་པོ་བྱེད་ཀྱི་ཡོའོ་རེད་པ། གོམ་པ་བརྒྱབ་བྱས་རྒྱུགས་ཕྱིན་པ་ཡིན།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཨ་ནི་གཙང་པོའི་འགྲམ་ལ་སླེབས་དུས་མི་འདུག ད་ཆུ་རྒྱུགས་བྱས་ཕལ་ཆེར་ཆུས་འཁྱེར་པ་འདྲ། བློ་ཞེ་པོ་ཅིག་ཕམ་སོང་། དེབ་དེ་དངོས་གནས་ཤུགས་རྐྱེན་ཆེན་པོ་ཡོད་ས་རེད། ད་རྩོམ་རིག་ཟེར་དམིགས་བསལ་ཡོའོ་མ་རེད་དེ་དུས། གངས་དཀར་རྩེ་མོ་ཟེར་ཡས་ཅིག་ཡོད་པ། ཕྱི་རྒྱལ་གྱི་དེ་གངས་དཀར་རྩེ་མོ་ཅིག་ཡོའོ་རེད་ཟེར། གངས་དཀར་རྩེ་མོ་དེ་འདྲས་ཅིག་ཡོད་པ། དེ་ནི་རིག་གནས་གསར་བརྗེ་ཆེན་པོ་སྒང་ལ་བོད་ཡིག་ལ་ཐོན་ཡོད་པ་འདྲ།
  • ཎིགུལ
    བོད་ཡིག་སྒང་ནས།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    འོང་། ག་རེ་ཟེར་ན། ང་ཚོ་སློབ་གྲྭར་མ་ཕྱིན་སྔོན་ལ་སློབ་གྲྭ་ཆུང་བ་དེ། ཨ་ནི་སྐད་ཆ་འདྲི་ཡས་བྱུང་མ་སོང་། ང་ཚོའི་ཅོ་ཅོག་རྒན་པ་དེ་ཁོ་ཡང་སློབ་གྲྭར་ཕྱིན་ང་གཉིས་མཉམ་དུ་ཕྱིན་པ་རེད་པཱ། ང་ཚོ་མི་ཚང་ཡག་པོ་ཡོའོ་མ་རེད། པཱ་ལགས་དེ་བྱས་པ་རེད་པ། སྡུག་པོ་མྱངས་པ་རེད། རིག་གནས་གསར་བརྗེ་ཆེན་པོར། སྔ་མ་གྲྭ་པ་རེད་པ།
  • ཎིགུལ
    ཁྱེད་རང་གི
  • ལྗང་བུ་ཚེ་རིང་རྡོ་རྗེ་
    འོང་ངའི་པ་ལགས་སྔོན་མ་གྲྭ་པ་རེད། བྱས་ཙང་ཨ་ནི་སྡུག་པོ་མྱངས་དེ་བསྡད་ཡོའོ་རེད། སློབ་གྲྭར་འགྲོ་ཆོག་གི་མ་རེད་པ། ཨ་ནི་ཅོ་ཅོག་རྒན་པ་ལོ་བཅུ་གཅིག་ལ་གཞི་ནས་སློབ་གྲྭར་ཕྱིན་པ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཨ་ནི་སྲིད་ཇུས་ཅིག་སླེབས་སོང་འགྲོ་ཆོག་གི་རེད་ཟེར། ང་ནང་ལ་བསྡད་ཡོའོ་རེད། འབྲོག་པ་ལ། ཁོ་ཕར་བྱས་དེབ་དེ་འདྲས་ཅིག་རགས་སོང་། ད་ངས་དེ་ག་ནས་རགས་པ་ཡིན་ནམ། གཅིག་བྱས་ན་ཁོ་དྲན་གྱི་ཡོད་ཀྱི་རེད། མདུན་ཤོག་དེ་མིན་འདུག ནང་ལོགས་ཆ་ཚང་འདུག། རི་མོ་ཚོས་གཞི་ཡོད་པ་དེ་བྱས། ཨ་ནི་བོད་ཡིག་བྲིས་བཞག། ང་ཚོ་བོད་ཡིག་ཤེས་ཀྱི་ཡོའོ་མ་རེད་པཱ། བོད་ཡིག་ཤེས་པ་དེ་ཚོ་ད་ཅིག་ཀློག་བཅུག། ད་དཔེ་ཡག་པོ་ཅིག་མཐོང་གི་ཡོད།
  • ཎིགུལ
    དེ་ནི་གངས་དཀར་རྩེ་མོ་དེ་དེ་ནི་ཡང་།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    མི་ཆུང་ཡོད་པཱ། མི་ཆུང་བདུན། དེའི་རི་མོ་དེ་ད་ལྟ་ངས་དྲན་གྱིས། དངོས་གནས། མི་ཆུང་བདུན་དེ་སྣ་ཁུག་དེ་འདྲས་དམར་པོ་ཆེན་པོ་ཅིག་བྲིས་ཡོའོ་རེད་རི་མོའི་སྒང་ལ། ཨ་ནི་མི་ཆུང་ཅིག་ཁ་འདུག་བཟོ་ཟེར་ཀྱོག་བྱས། སྣ་ཁུག་དེ་གྱང་སྒང་ལ་བརྡབ་སོང་ང་། རི་མོ་དེའི་སྒང་ལ་ག་རེ་ཟེར་ན། འོད་ཟེར་བཟོ་འདྲ་ཅིག་བྲིས་བཞག་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    སྣ་ཁུང་ཕ་གིར་བརྡབ་ན་ན་ཚ་བཏང་གི་རེད་མ་གཞི། འོད་ཟེར་དེ་གང་འདྲས་ཐོན་པ་ཡིན་ནམ་བསམས་བྱས། གཞུག་གུ་དེ་བདུད་མོ་བཟོ་འདྲ་ཅིག་ཡོད་པ། གདོང་འདྲེ་དེ་འདྲས་ཅིག སྐྱེ་དམན་ཅིག་འོང་། དེས་ཤིང་ཏོག་གཅིག་གི་ནང་ལ་དུག་བརྒྱབ་བྱས་བུ་མོ་དེར་སྤྲད་པ་རེད་པ། ཤིང་ཏོག་དེའི་སྒང་ལ་སོ་ཅིག་བརྒྱབ། ཤོག་བུ་རང་སྒང་ལ་ཤིང་ཏོག་ཅིག་བྱས། སོ་རྒྱབ་ཤུལ་ཡོད་པ་གཅིག་བྱས། ཆེན་པོ་ཡོད་པ་གཅིག ངས་ད་ལྟ་དྲན་གྱིས་དེ་དངོས་གནས། དེ་ཤུགས་ཆེན་པོ་ཡིན། ད་ཤུགས་ཆེན་པོ་བྱས་ན་དེ་འདྲས་ཅིག་བྱས་ཨ་ནི།
  • ཎིགུལ
    དེ་དུས་དཀོན་པོ་ཞེ་དྲག་ཡོའོ་རེད་པཱ་དེབ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེབ་དཔེ་དཀོན་པོ་ཡོའོ་རེད། ཨ་ནི་ང་ཚོ་ཡང་ལས། ད་ཅིག་ལས་ཁུངས་ནང་ལ་བསྡད་མཁན་དེ་འདྲས་མ་རེད་པ། འབྲོག་པ་ལ་བསྡད་ཡོའོ་རེད་པ།
  • ཎིགུལ
    མདོར་བསྡུས་ན་ཁྱེད་རང་གིས་བོད་ཡིག་ཤེས་ཡས་དེ་གཙོ་བོ་དེ། གཡོད་ནན་གྱིས་དམག་རྒྱག་ཡས་དེ་རྒྱ་མི་ཡིས་དེ་བྱས།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    སྙན་ངག་གི་དེ་ད་ང་དེ་དེ་བྱེད་ཀྱི་ཡོད།
  • ཎིགུལ
    ཨ་ནི་ག་རེ་ཟེར་དགོས་རེད། སྙན་ངག་དེ་གངས་དཀར་རྩེ་མོ་ཡི་བཀའ་དྲིན་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཨ་ནི་ད་ང་ཚོའི་ཨ་མ་དེ་ད་གེ་སར་སྒྲུང་ལ་དགའ་པོ་ཞེ་པོ་ཅིག་ཡོའོ་རེད། ཡིན་ནའི་བཤད་ཤེས་ཀྱི་མི་འདུག། ཉན་ཡས་ལ་དགའ་པོ་འདུག
  • ཎིགུལ
    གླིང་གེ་སར་གྱི་སྒྲུང་མཁན་ཡོའོ་རེད་པས་ཁྱེད་རང་ཚོའི་ས་ཁུལ་ལ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་དུས་སྒྲུང་བཤད་ཆོག་གི་མ་རེད་པཱ། སྒྲུང་བཤད་མཁན་ཡང་ཧ་གོ་གི་མེད། ཡོད་མེད་ངས་ཧ་གོ་གི་མེད། ད་ཁོང་ཚོ་མི་རྒན་པ་དེ་ཚོ་ཐུག་པ་རེད་པཱ། ད་སྐད་ཆ་ག་རེ་བཤད་ཀྱི་ཡོའོ་རེད་ཟེར་ན། རྟག་པར་གེ་སར་བཤད་ཀྱི་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཅིག་ཅིག་ལྡན་མ་ཡིས་ཅིག་བྱས་པ་རེད། ཁྲ་རྒན་གྱིས་ཅིག་བྱས་པ་རེད། ཁྲོ་ཐུང་གིས་ཅིག་ཅིག། མི་གཅིག་དཔེ་བཞག་ན། ད་ཁོ་ཁྲོ་ཐུང་འདྲ་པོ་ཅིག་ཅིག་ཅིག་དེ་འདྲས་རྟག་པར་ལབ་ཀྱི་རེད། ད་བག་ཆགས་ཞེ་པོ་ཅིག་ཡོའོ་རེད་དེ། གཞུག་གུར་ངས་ཧོར་གླིང་གཡུལ་འགྱེད། ཡང་དེབ་དེ་འདྲས་གཅིག་རགས་སོང་། ཕྱེད་ཀ་མེད་པ་གཅིག། དེ་དུས་ཙམ་པ་ཀློག་ཐུབ་ཀྱིས་དེ།
  • ཎིགུལ
    འོང་། ལོ་ག་ཚོད་རེད་དེ་དུས་དགུང་ལོ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་དུས་ལོ་བཅུ་གཉིས་བཅུ་གསུམ་ཡིན་གྱི་རེད། ཨོའོ་ཐུགས་རྗེ་ཆེ། ཨོའོ་ཡག
  • འདི་བཞེས་དང་།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་ནི་ལོགས་དེར་ཡང་ལཱ་གཅིག་སྤར། འབྲོག་པ་རེད་པཱ། ད་མར་ཉལ་བྱས་འདུག་བཟོ་་ཀློག་བྱས་བསྡད་ན།
  • ཎིགུལ
    དེ་དུས་སྦྲ་ནང་ལ་བཞུགས་ཀྱི་ཡོའོ་རེད་པས།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    སོག་པོའི་གུར། འོང་དེའི་ནང་དེར་ཡོའོ་རེད། ཨ་ནི་ཁྱོན་ཡོངས་ཀྱི་ཁོང་ཚོ་ད་ཕལ་ཆེར་ཁོང་ཚོ་སློབ་ཚར་ཤག ད་ཁོང་ཚོ་སྐད་ཆ་བཤད་པ་རེད་པ། བོད་སྐད་ཉན་བསྡད་པ་རེད་པ། ད་ཧོར་གླིང་གཡུལ་འགྱེད་ཁོང་ཚོའི་སྐབས་ལ། ད་དེ་ཞག་ང་ཚོ་ཉིན་དགུང་ཆུ་ཚོད་དང་པོ་ལ་རླུང་འཕྲིན་ནང་ལ་སྒྲུང་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    མཚོ་སྔོན་གྱི་དེ། ང་ཚོའི་ཨ་མ་ལགས་ག་པར་ཡོད་ནའང་ལམ་སང་ནང་ལ་ཡོང་གི་རེད། ཁ་ཕྱེ་ཡི་རེད་། ཡིན་གཅིག་མིན་གཅིག་ཉན་གྱི་རེད། དེ་འདྲས་དགའ་པོ་ཅིག་ཡོའོ་རེད། བྱས་ཙང་ཁོང་ཚོ་སྐད་ཆ་ཤོད་ཡས་མང་ཆེ་བ་སྒྲུང་རེད་པཱ་ད། དེ་དུས་གེ་སར་བལྟས་རྗེས་ད་དེ་དུས་སློབ་དེབ་ནང་ལ་ཡང་ད་རྒྱ་མིའི་སྒྲུང་དང་གཏམ་རྒྱུད་དེ་ཚོ་ཡོའོ་རེད་པ་ད། བསྒྱུར་བ་དེ་འདྲས། དེ་ནས་ཨ་ནི་སོ་སོ་འདྲ་མི་འདྲ་ཅིག་བལྟས་པ་རེད་པ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    སྒྲུང་ཁོ་རང་འབྲི་སྟངས་དེ་ད་དེ་དུས་དགའ་པོ་རང་བྱེད་ཀྱི་མེད་པ་འདྲ་ད་བསམ་བློའི་ནང་ལ། ད་ཁོ་དེ་སྐྱག་བརྫུན་རེད་ཟེར་མི་དེ་གཅིག་གཅིག་བྱེད་དུས། རྔ་གཅིག་བརྡུངས་པ་ཡིན་ན། ག་ས་ག་ནས་ལུང་པ་མང་པོ་ནས་རྟ་བཞོན་པ་གཅིག  དེ་འདྲས་ཀྱི་རྔ་ཆེན་པོ་གཅིག་ག་པར་ཡོའོ་རེད་ཟེར། ཨ་ནི་གཅིག་ལུང་བསྟན་བྱས་པ་རེད་ཟེར། ལྷ་ནི་ག་ནས་ཡོང་པ་ཟེར།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ལྷ་ཟེར་ཡས་ཅིག་ག་པར་ཅིག་ལ་ཡོའོ་རེད། ལྡོག་ཕྱོགས་ཀྱི་བསམ་བློ་མང་པོ་གཏང་གི་ཡོད། ཡིན་ནའི་ཚིག་དཔེ་སྙིང་རྗེ་པོ་འདུག ཚིག་ད་དེ་ནི་དཔེ་མི་སྲིད་རེད། ད་ཁོང་ཚོའི་དེ་ད་ད་དངོས་གནས་ཡག་པོ་འདུག གཅིག་དཔེ་བཞག་སྟངས། ད་དངོས་གནས་ཡིན་པ་མ་ཟད་ད་དེ་ཞག་རྩོམ་འབྲི་སྟངས་ད་བོད་སྐད་རང་རང་མེད་པ་ཅིག་ཆགས་བསྡད་ཡོའོ་རེད་པ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    རྒྱ་སྐད་ནས་ཚུར་བསྒྱུར་པ་མང་དྲག་བྱས། མ་གཞི་ད་ཁོང་ཚོའི་ཚིག་དེ་ལྟ་དངོས་ནས་དཔེ་ཡག་པོ་ཞེ་དྲག་འདུག ད་དེའི་ཤུགས་རྐྱེན་དེ་ད་སྦྱངས་ན་ཡོང་གི་མི་འདུག རང་ཤུགས་ཀྱིས་ད་ཁོར་ཡུག་དེའི་ནང་ནས། སྐད་ཆ་ཤོད་སྟངས་ད་ཅིག་ཆགས་ཡོང་པ་རེད་པ། བྱས་ཙང་ང་ཚོ་དེ་ཞག་གང་བྱུང་མ་བྱུང་ཞིག་གིས་བསྒྱུར་པའི་བཟོ་འདྲ་ཅིག་འདུག ད་བོད་པ་རང་གི་དམིགས་བསལ་དེ་མི་འདུག
  • ལྗང་བུ་ཚེ་རིང་རྡོ་རྗེ་
    རྒྱ་གར་གྱི་དེ་ཕྱི་ལོགས་ནས་བྲིས་པ་དེ་འདྲས་ཡོའོ་རེད་པ། རྩོམ་ཁ་ཤས། ཁོང་ཚོའི་དེ་དམིགས་བསལ་ཅིག་འདུག། བོད་པ་རང་གི་སྐད་གཙང་གཙང་དེ་བྱས། ཤུགས་ཡོད་པ་བྱས། ཨ་ནི་གཅིག་རྙིང་པ་བཟོ་འདྲ་དེ་འདྲས་གཅིག་མིན་པ་བྱས། དུས་རབས་དང་མཐུན་པ་དེ་ནང་གི་ཤུགས་ཏོག་ཙམ་ཆེ་བ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    བརྩམ་སྒྲུང་ཡིན་ན་བལྟས་པས་འདི། པད་མ་ཚེ་རིང་གི་་་་་་། ཟེར་ཡས་ཅིག་འདུག་ག་དེ་བརྩམ་སྒྲུང་ཅིག་འདུག་ག་་་་་་་་དང་་་་་་་་དེའི་ནང་བལྟས་པ་ཡིན་ན། ཁོའི་སྐད་དེ་རྨང་གཞི་དེ་ཡག་པོ་འདུག ང་ཚོ་དང་འདྲ་ཡི་མི་འདུག། ཆུ་ཡི་སྒང་ལ་འདུག་བཟོ་འགྲོ་མཁན་འདྲ་ཞིག། གཞུག་གུར་ད། བྱས་ཙང་ཨ་ནི་རྨ་ལྷོ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་ཕྱིན་པ་རེད་པཱ། ད་དེ་དམིགས་བསལ་དེ་སློབ་གྲྭ་དེ་ནི། བོད་ཡིག་ཡག་པོ་ཅིག་ཁྲིད་ཀྱི་རེད། ནང་ལ་སླེབས་པ་ད་ག་སུམ་རྟགས།
  • ཎིགུལ
    ག་པ་ཡོའོ་རེད་ས་ཆ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    རྨ་ལྷོ་རེབ་གོང་གི་དེ་མི་རིགས་དགེ་རྒན་སློབ་གྲྭ་ཟེར་ཡས་ཅིག་ཡོའོ་རེད།
  • ཎིགུལ
    དགེ་རྒན་སློབ་གྲྭ་ཟེར་དགེ་འོས་སློབ་གྲྭ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དགེ་འོས་སློབ་གྲྭ་རེད་འོང་།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    འོ་ད་དེའི་ནང་ན་དགེ་རྒན་ཅིག་ཡོའོ་རེད། རྡོ་རྗེ་ཚེ་རིང་ཟེར་མཁན་ཅིག་ཡོའོ་རེད། ཁོ་རང་སྦྱོང་བྱས་ནས་དེ་ནི་མཁས་པ་ཆགས་པ་དེ་འདྲས་ཅིག་རེད། རྒྱ་ཡིག་གི་ད་སྐད་ཡག་པོ་ཡོད་པ་བྱས་ཡིན་ནའི་མི་རིགས་ཀྱི་རིག་གནས་དང་དེ་ད་ང་ཚོར་བག་ཆགས་ཞེ་པོ་ཅིག་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཁོ་རང་དངོས་གནས་གཤིས་ཀ་དང་དེ་དམིགས་བསལ་བྱས། གང་གང་ཡང་བྱེད་ཀྱི་མ་རེད། སློབ་གྲྭའི་ནང་ནས་མར་ཕུད་པ་རེད། ཡང་ཡར་ཐེན་པ་རེད། ཡང་ཕུད་པ་རེད། དེ་འདྲས་བྱེད་ཀྱི་ཡོའོ་རེད། ཁོས་ཤུགས་ཞེ་པོ་བརྒྱབ་པ་རེད། ཁོ་རང་གིས་སློབ་དེབ་བཟོས། སུམ་རྟགས་དང་དེ། ཁོ་རང་གིས་དེ་འདྲས་བྱེད་ཀྱི་རེད། ཡང་སློབ་གྲྭའི་ནང་ནས་ཅིག་མར་ཕུད་པ་རེད་ཟེར།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཡང་གྲོང་གསེབ་ལ་ཕྱིན་པ་རེད། གྲོང་གསེབ་ལ་ཕྱིན་ནའི་ཕོགས་ཟེར་ཞེ་དྲག་ཡོའོ་མ་རེད་པཱ། དེ་དུས་སྒོར་མོ་གསུམ་བཅུ་བཞི་བཅུ་ཅིག་ཡོད་ཀྱི་རེད། གློག་བརྙན་བསྟན་མཁན་དང་དེ་ཚོ་སྐད་བཏང་། ཁོ་རང་གིས་དངུལ་སྤྲད། ཕྲུག་གུ་དེ་ཚོ་གློག་བརྙན་བལྟ་རུ་བཅུག ཡང་མེ་ཏོག་ལྡུམ་རྭའི་ནང་ལ་ཆུ་ཅིག་གཏོར་ཡོད་ད་ཟེར་གྱི་རེད་ཁོས། དེ་འདྲ་ཅིག་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་དཔེ་མི་སྲིད་པ་ཅིག། ཁོང་གི་བསམ་བློ་ཅིག་རིག་པ་དྭངས་པོ་དེ་འདྲས། དེས་ད་ཞེ་པོ་ཅིག་བྱས་པ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཨ་ནི་ང་ཚོ་དེ་ཚོ་དུས་ཚོད་དེ་ཏོག་ཙམ་ཡག་པོ་ཅིག་ཁེལ་སོང་། བདུན་ཅུ་དོན་བརྒྱད་བདུན་དགུ་དེའི་བར་རུ་དེ་ལ་ཏོག་ཙམ་ཡག་ཏུ་འགྲོ་ཡི་ཡོའོ་རེད་པ། བདུན་ཅུ་དོན་དགུ་ཡིན་ན་ད་དེ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཟེར་ཡས་དེ་ཚོགས་པ་རེད་པཱ་ཏིང་ཞོའོ་ཕིང་གིས། བདུན་བཅུ་དོན་དགུ་ནས་དྲི་མེད་ཀུན་ལྡན་དང་དེ་འདྲས་སློབ་དེབ་བྱེད་ཀྱི་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་ཧང་སངས་་ཀྱི་ཡོའོ་རེད་ད་མི་སྒང་ག། དྲི་མེད་ཀུན་ལྡན་ཡིན་ན་དྲི་མེད་ཀུན་ལྡན་གྱི་དང་པོ་དེ། ཨོཾ་མ་ཎི་པདྨེ་ཧཱུྃ་ཡོའོ་རེད། ཉིན་མ་གཅིག་ཁོང་སློབ་ཁང་ནང་ལ་ཡར་འཛུལ་པ་རེད་པཱ། གཟུགས་པོ་རིང་པོ་མི་རྫིག་པོ་ཅིག་ཡོའོ་རེད། ང་ཚོ་དེར་ཕྱིན། ཨོཾ་མ་ཎི་པདྨེ་ཧཱུྃ་ཟེར་སོང་ང་། ཕྲུག་གུ་དེ་ཚོ་ཞེད་ཀྱི་ཡོའོ་རེད་པ། འོང་ཞེད་དགོས་མ་རེད་ཞེད་དགོས་མ་རེད་ཟེར། སློབ་གྲྭའི་མགོ་ཁྲིད་ཡོའོ་རེད་པ། ངས་དྲི་མེད་ཀུན་ལྡན་གྱི་སློབ་དེབ་ཅིག་ཡོད་བསླབ་སོང་ཟེར། ཨ་ནི་ཚིག་དང་པོ་དེ་དེ་རེད་པ་ཟེར། ཨ་ནི་ཁོ་རང་གིས་ངག་སྐྱོར་བྱེད་ཐུབ་ཀྱིས།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་ཡང་སྔོན་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ན་ཡོད་པའི་གྲོང་ཁྱེར་ཆེན་པོ་ཞིག་བྱ་བ་ན། རྒྱལ་པོ་ས་སྐྱོང་གྲགས་པའི་དཔལ་ཞེས་བྱ་བ་ནོར་ལོངས་སྤྱོད་དང་བཙུན་མོ་ལྔ་བརྒྱ་ཡོད་པ།  དེ་ནས་མཱ་་་་་་་་་་་་་་་་་་་་་་་་་་ཟེར། ཁོས་ཀློག་སོང་།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཀློག་བྱས་ཁྱེད་རང་ཚོས་དེ་སེམས་ལ་ངེས་དགོས་རེད་ཟེར། དེ་ངག་སྐྱོར་ཐུབ་དགོས་ཡོད་ཟེར་བྱས། དེབ་ཅིག་ཡོའོ་རེད་པ་ད། འདུག་བཟོ་མ་སྦྱངས་ན་ཡོང་གི་མ་རེད་ཟེར། ད་ཨོ་ཟེར་ན་ག་རེ་ཟེར་གྱི་ཡོའོ་རེད་ཟེར། ཡིག་དྲུག་གི་འགྲེལ་བ་བརྒྱབ་པ་རེད་ད། ད་ཆོས་ལུགས་ལ་དང་པོ་བཤད་ན། ད་འགྲེལ་བ་བྱས་པ་རེད། ཨོ་ཟེར་ན། ལྷ་ཆེན་འཇིག་རྟེན་ལ་ཟེར་གྱི་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    མ་ཟེར་ན་ག་རེ་ཟེར་གྱི་རེད་ཟེར། འགྲོ་བ་རིགས་དྲུག་ཅིག་ཅིག་ཟེར། མི་ཅིག་ཅིག་འདུག་ཟེར་འགྲེལ་བ་བྱས་པ་རེད། ད་དེ་ནི་ད་ཆོས་ལུགས་ཀྱི་མིང་ཚིག་མང་པོ་ཅིག་ཡོའོ་རེད་པ། ད་འགྲེལ་བ་རྒྱག་གིན་རྒྱག་གིན་རྒྱ་ཆེ་རུ་ཆེ་རུ་འགྲོ་གི་རེད་པ། ཨ་ནི་ཁོས་བར་རུ་འདིར་ཅིག་ང་ཚོ་ལ་བཤུ་རུ་འཇུག་གི་རེད། ནག་པང་སྒང་ལ་མང་པོ་ཅིག་འབྲི་ཡི་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་དཔེ་ཆ་ཁོ་རང་ནང་གི་ཚུར་ལུང་བྲིས་བྱས་འདུག་ཟེར་འཁྲིད་ཀྱི་རེད། ད་གཞི་ནས་མགོ་བཙུགས་པ་རེད། དེ་ནི་ག་ས་ག་ལ་སྔགས་པ་དང་གྲྭ་པ་དང་དེ་ནི་སྐད་གྲགས་ཡོད་པ་དེ་འདྲས་ཡོའོ་རེད་པ། དེ་ཚོ་སློབ་གྲྭའི་ནང་ཡར་སྐད་བཏང་། དགེ་རྒན་བྱས་སྔགས་པ་ལྷ་མོ་སྐྱབས་ཟེར་ད་ལྟའི་ཡོའོ་རེད། ད་ཁོང་ཚོ་དཔེ་མི་སྲིད་པའི་མཁས་པ་དེ་འདྲས་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    སྔ་མ་སྔགས་པ་ལྷ་མོ་སྐྱབས་དང་། ཚེ་ཏན་ཞབས་དྲུང་དང་། དེ་ཚོས་དེའི་ཅིག་གི་རྩོམ་འབྲི་དུས་ཁོང་ཚོ་ཅིག་དུང་དཀར་བློ་བཟང་འཕྲིན་ལས་དང་དགག་ཡིག་འབྲི་མཁན་དེ་འདྲས་རེད། ཅིག་ཨ་ནི་སོ་སོའི་སྐད་གྲགས་ཆེན་པོ་མ་བྱུང་པ་རེད་པཱ། བྲིས་ཡོའོ་མ་རེད་པཱ།་དེ་འདྲས་དངོས་གནས་དཔེ་ཡག་པོ་དེ་འདྲས། ད་ད་དེ་དེ་རང་རེད་བཞག། གློག་ལས་རང་རེད་བཞག་དེ་ཚོ། ག་རེ་དྲིས་ནའི་ཧ་མ་གོ་པ་མེད་པ་དེ་འདྲས་ཨ་ནི།
  • ཎིགུལ
    ཁྱེད་རང་གི་དང་པོ་སློབ་དེབ་དེའི་མིང་ལ་ག་རེ་ཟེར་གྱི་རེད། འཇིག་མེད་དཔལ་ལྡན།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དྲི་མེད་ཀུན་ལྡན། དྲི་མེད་ཀུན་ལྡན་མེད་པས་དེ། རྣམ་ཐར་ནང་གི་ལྷ་མོ་རྒྱལ་པོ་དྲི་མེད་ཀུན་ལྡན་ཟེར་ཡས་དེ་དེ་དེ་བྱས་པ་རེད། ད་གཞི་ནས་མགོ་བཙུགས་པ་རེད། ཨ་ནི་དེའི་སྔོན་ལ་ང་ཚོ་དེ་བྱེད་ཀྱི་ཡོད་གཞོན་ནུ་ཟླ་མེད་ད་དེ་ཚོ་ཁ་ཁ་བལྟ་གི་ཡོད། ང་ཚོའི་སློབ་གྲྭ་དེ།
  • ཎིགུལ
    ག་རེ་གཞོན་ནུ་ཟླ་མེད་བལྟ་ཆོག་གི་མ་རེད་པས། དེ་དུས།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཆོག་ག་པ་ཡོའོ་རེད། དཔེ་ཆ་རྙིང་པ་གཅིག་ཡང་བལྟ་ཆོག་གི་མ་རེད། ད་ང་ཤུགས་རྐྱེན་ཡོད་པའི་ཡང་ཅིག་ཡོད། དེ་ད་མི་དཔེ་སྤྱངས་པོ་གཅིག་རེད་བསམ་གྱིས་ངས།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཁ་ཆེ་ཕ་ལུ་ཡོད་པཱ། ཁ་ཆེ་ཕ་ལུའི་བསླབ་བྱ་དེ་བདུན་ཅུ་ག་ཚོད་རིག་གནས་གསར་བརྗེའི་གོང་དེར་དཔེ་བསྐྲུན་བྱས་སོང་། དཔེ་བསྐྲུན་གང་འདྲས་བྱས་པ་རེད་ཟེར་ན། དེར་དགག་པ་བརྒྱབ་སོང་ཚིག་གཅིག་དེ་བྱས་ལྟོས་དང་ཟེར་ད། དེ་འདྲས་བྱས་ཡོའོ་རེད་ཟེར་ཡང་ཅིག་ཅིག་བྱས། ད་ངས་བྱས་ན་ད་ད་མི་དེ་ཧ་གོ་གི་མི་འདུག། ད་དངོས་ནས་དཔེ་ཡག་པོ་རེད་བསམ་གྱིས་དེ།
  • ཎིགུལ
    དགག་ལན་འདྲ་པོ་བཟོས།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    འོང་། འདིའི་གཞུག་གུ་དེར་ད་དཔེ་ཆ་རྙིང་མ་ད་དེ་སྤྱིར་བཏང་དྲན་གྱི་འདུག་ག་བསམ་བློའི་ནང་ལ། མང་ཆེ་བ་དཔེ་དེབ་དེའི་ནང་ལ་བླུགས་བཞག་ད་ཁོ། དཔེ་ཆ་བཞག་ན་ད་ས་སྐྱ་ལེགས་བཤད་འདྲ་བུ་ཅིག་ཡིན་ན། དེ་བཤུས་དགག་པ་རེ་རེ་བརྒྱབ། དེ་བཤུས་དགག་པ་རེ་རེ་བརྒྱབ། ཨ་ནི་མི་མང་ཆེ་བ་དེ་བལྟ་གི་ཡོའོ་རེད་པ། དེ་ནི་མི་རྦད་དེ་དེ་ནི་མི་རིགས་དཔེ་བསྐྲུན་ཁང་མེད་ན། བོད་ལྗོངས་མི་དམང་ས་དཔེ་བསྐྲུན་ཁང་ཡིན་དེ་གཉིས་གཅིག་ཡིན། མཚོ་སྔོན་དང་དེ་མ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དྲན་གྱི་མི་འདུག་མི། སྔ་མ་སྔ་མ་ང་ཚོ་ཕྲུག་གུ་ཕྲུག་གུའི་སྐབས་ལ་རེད། ཞེ་པོ་ཅིག་བལྟ་གི་ཡོད། དགག་པ་ཅིག་དག་ད་བལྟ་ཡི་ཡོའོ་མ་རེད་ད། མཚམས་མཚམས་ཡང་དགག་པ་དེ་འདྲ་ཆགས་པོ་ཅིག་བརྒྱབ་བཞག ད་མི་སོ་སོའི་ལས་ཟེར་ཡས་ཅིག་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དཔྲལ་གོག་ཡོའོ་རེད་པཱ། ཐོད་པའི་སྒང་ལ་ཐོད་པའི་ཁ་ཡིག་འདྲ་པོ་ཡིན་་ཟེར། རི་མི་བྲིས་བཞག་ཡོའོ་ཟེར་ད། སྐྱེ་དུས་ནས་དེ་ནི་སོ་སོ་ག་འདྲས་ག་འདྲས་་ཡིན་པ་བཟོས། ད་དེ་འདྲས་ཡིན་་ན་ད་ང་ཚོ་སློབ་གསོ་དེ་ཁས་ལེན་གྱི་མ་རེད་པ། ཡིན་ནའང་དཔེ་སྙིང་རྗེ་པོ་ཡོའོ་རེད། དཔེ་ཆ་བཞག་ན་བསམ་བློ་གཏང་ཡས་ཆག་དོ་ཡོད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དཔེ་ཆ་བཞག་ན། ཡོང་གིན་ཡོང་གིན་འགྲོ་གིན་འགྲོ་གིན་དེ། དོན་དུ་འོང་མི་ཐམས་ཅད་འགྲོ་མི་ཡིན་ཟེར། དཔེ་སྙིང་་བྱེད་པོ་མཐོང་གི་ཡོད། མི་མང་པོ་ཚུར་ཡོང་གི་རེད། མི་མང་པོ་འགྲོ་གི་ཡོའོ་རེད་པཱ། དོན་དངོས་སུ་ཡོང་མཁན་ཐམས་ཅད་འགྲོ་དགོས་རེད་པཱ། མི་ཚེ་གཅིག་རེད་པཱ་ད། དེ་ཚོ་དཔེ་སྙིང་རྗེ་པོ་ཡོད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེའི་ཤུགས་རྐྱེན་ཏོག་ཙམ་བྱུང་སོང་། བྱས་ཙང་ང་ཚོ་ང་ཚོ་རྩོམ་དེ་བོད་པ་སྤྱིར་བཏང་གི་རྩོམ་དེ་ཅིག་བསླབ་བྱའི་བཟོ་འདྲ་ཅིག དེའི་ཤུགས་རྐྱེན་དེ་ཞེ་པོ་ཐེབས་འདུག་ག ད་ས་ཆ་འགའ་ཤས་ད་དེ་ཚོ་སྔོན་མ་ང་ཚོ་དེ་བྱེད་ཀྱི་ཡོད། པད་མ་འབུམ་གྱི་དེ་ཡོད་པ་རྨིག་འཕྲུལ་རྐྱེན་བྱུང་དེ་བལྟ་ཡོང་ཡོད་པས་དབྱིན་ཇི་ལ་བསྒྱུར་བཞག ཁོ་རང་གི་ཅིག་ཟིན་ཐོ་གཅིག་བྲིས་བཞག ཁོ་སྔ་མ་དགེ་འོས་སློབ་གྲྭ་དེའི་སློབ་ཕྲུག་རེད་པ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    གཞུག་ལ་དགེ་རྒན་བྱས་པ་རེད་པ། སྐབས་དེ་དུས་ཀྱི་གནས་ཚུལ་དེ་འདྲས། ད་ཁོ་ང་ཚོའི་སྔོན་ལ་རེད་པ། འདྲ་པོ་རེད་ང་ཚོ་ཆུང་དུས་ཕྲུག་གུ་རེ་རེ་མོའོ་ཙེ་ཁ་ཤས་ཕིང་ཁ་ཤས་རུབ་རུབ་བྱས། ཤོག་བུ་ཆེན་པོ་དེ་འདྲས་ཉོས་དེ་གོང་ཁེ་པོ་རེད་པ། པན་ཙེ་༼དེབ་༽ཉོས་གོང་ཆེན་པོ་རེད་པ། དེ་འབྲི་དེབ་དེ་འདྲས་ཉོས་ན། ཤོག་བུ་ཆེན་པོ་གཉིས་སོ་སོས་བཏུབས། ཨ་ནི་སྣུམ་པར་རྒྱག་ཡས་གཅིག་ཡོད་པ། ཡང་ལཱ་་བཟོ་འདྲའི་ཤོག་བུ་གཅིག་སྒང་ལ་འབྲི་ཡས། ད་དེ་དར་གསོ་ཞེ་པོ་ཅིག་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་དུས་ཧ་གོ་གི་མི་འདུག་ང་ཚོས་ག་རེ་དེབ་ག་རེ་ཡག་པོ་ཡོད་པ། ད་མི་ཁྱེད་རང་ནང་ལ་ཕྱིན་བྱས་དཔེ་ཆ་གཅིག་འཁྱེར་ཡོང་བྱས། ང་དཔེ་ཆ་ཅིག་རགས་སོང་ང་ཚོས་བཤུ་ཡི་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    མི་སྒང་སྒང་དངུལ་རུབ་རུབ་བྱས། ཨ་ནི་ཁྱེད་རང་ཡིག་གཟུགས་ཡག་པོ་འདུག་ཟེར། ཁྱེད་རང་གིས་བཤུས་དང་ཟེར། ངས་དེབ་གཅིག་ད་ལྟ་ཉར་བཞག་ཡོད། དེབ་དེ་བདུན་བཅུ་ཁ་ཤས་ཡོད་པ་དེ་དཔེ་ཆ་གཅིག་འདུག་ཟེར་བྲིས་པ་དེ།
  • ཎིགུལ
    བསྡད་ཡོད་པས།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་ལྟ་ཡོད་ད་དུང་ཉར་བཞག་ཡོད་འོང་། ད་དེ་དུས་བྲིས་པ་རེད་པ། ང་ཚོའི་ལོ་རྒྱུས་བཟོ་འདྲའི་ཅིག་རེད་པ། དེ་ཁྱད་མཚར་རེད་ང་ག་པ་ཕྱིན་ནའི་དེབ་དེ་ངའི་རྐུབ་ལ་ཡོང་གིས། ཨ་ནི་བསམ་བློ་ཅིག་གཏང་བྱས་དེ་ཅིག་ལས་གཅིག་མིན་འགྲོ་བསམ་བྱས། ད་དེ་ངས་རྒྱ་ཡིག་ལ་ཕར་བསྒྱུར་ཚར། སྔ་མ་སྔ་མ་ཡི་བརྩམས་སྒྲུང་རྙིང་པ་དེ་འདྲས་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་མི་སྒང་སྒང་ཧ་གོ་གི་མི་འདུག་དེ། དེ་ཐོན་ན་ཕལ་ཆེར་སྐད་གྲགས་ཡག་པོ་ཆགས་མི་ཡོང་བསམ་གྱིས། དེབ་དེ་རྒྱ་ཡིག་ལ་བསྒྱུར་ཚར་དེ། བརྩམས་སྒྲུང་ཅིག་རེད། དེ་དུས་ད་དེ་དུས་ཧ་གོ་གི་ཡོའོ་མ་རེད་པ། ཕྲུག་གུ་གཅིག་གི་ནང་ལ་ཡང་དེབ་གཅིག་རགས་སོང་ཟེར། འབྲོག་པ་ལ་རགས་ཡས་ད་སེམས་ཐག་རེད། ཞིང་པ་དེ་ཚོ་ཅིག་ལུགས་སྲོལ་དེ་འདྲས་གཅིག་མང་པོ་ཡོའོ་རེད་པ། དེ་ནི་རགས་ཀྱི་འདུག་ག དེ་ཚོ་མང་པོ་བཤུ་མྱོང་ཡོད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཨ་ནི་མཚམས་མཚམས་བལྟ་ཡས་ཡོའོ་མ་རེད་བལྟས་ནའི་ཧ་གོ་གི་མི་འདུག གཞུག་གུ་ད་གཞོན་ནུ་ཟླ་མེད་ད་སྙན་ངག་སློབ་པ་རེད་པ། སྙན་ངག་ད་སྔགས་པ་ལྷ་མོ་བསྐྱབས་ཟེར་ཡས་དེས། སྙན་ངག་སྐད་གྲགས་ཡོད་ཟེར་གྱི་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    སྙན་ངག་ཞིབ་ཚགས་པོ་ད་ལེའུ་དང་པོ་ནས་ད་འདུག་ཟེར་ཁྲིད་ཀྱི་རེད། ལེའུ་དང་པོའི་ཁག་ཤོས་དེ་ག་རེ་རེད་ཟེར་ན། ང་ཚོས་སྒྲ་ཤེས་ཀྱི་ཡོའོ་མ་རེད་པ། སྒྲ་ཡི་ལྕི་ཡང་དང་ཅིག་དེ་ཁག་པོ་བྱས།
  • ཎིགུལ
    དེ་ག་དུས་སྦྱངས་པ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་ལོ་བཅུ་དྲུག་བཅོ་ལྔ་བཅོ་དྲུག་དེ་འདྲས་རེད།
  • ཎིགུལ
    དེ་མེ་ལོང་གི་གཞུང་རེད་པ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    མེ་ལོང་མ་སྦྱངས་པ་རེད། སྙན་ངག་མེ་ལོང་སྦྱངས་ལོ་བཅོ་ལྔ་ཙམ་སྙན་ངག་མེ་ལོང་མ་སྦྱངས།
  • ཎིགུལ
    དེ་སློབ་གྲྭའི་ནང་མ་རེད་སྒེར་གྱི་དགེ་རྒན་ཡིན་གྱི་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    སློབ་གྲྭའི་ནང་ལ་ད་བརྒྱ་བཅུ་བདུན་ཅུ་དོན་དགུའི་གཞུག་གུ་ལ། ད་སྲིད་ཇུས་ཏོག་ཙམ་ཡག་རུ་ཕྱིན་པ་རེད་པ། ་སློབ་གྲྭ་དེའི་འགོ་ཁྲིད་དེ་མགོ་མཁྲེགས་པོ་དེ་འདྲས་རེད། བློ་ཁོག་ཆེན་པོ་ཡོའོ་རེད་ཁོང་ཚོའི་ལས་ཀ་དེ། སོ་སོ་དེ་དགའ་པོ་མེད་ན་ཁ་ཁ་བལྟས་བསྡད་ཀྱི་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་འདྲས་ཡོའོ་རེད་ཨ་ནི་འདི་ཏོག་ཙམ་ནོར་པ་ད་ག མི་སྐད་བཏང་སོང་དེ་དུས་ཡང་སློབ་གྲྭ་གཞན་དག་གཅིག་ཡོའོ་རེད་རེབ་གོང་ལ། ཁོང་ཚོ་ཡང་གྲོང་གསེབ་ཁུལ་གྱི་ཞིང་པ་དེ་རིགས་ད་སྔ་མ་གྲྭ་པ་ཡིན་པ་མཁས་པ། དེ་འདྲས་ཡོའོ་རེད་པ་དེ་འདྲས་སྐད་བཏང་། ང་ཚོ་སྔགས་པ་དང་ཡང་གྲྭ་པ་དེ་འདྲས་སྐད་བཏང་ད་ལྟ་རྡོ་རྗེ་ཚེ་རིང་ཟེར། དེ་རང་ཚུར་སྐད་བཏང་ཨ་ནི་སྔགས་པ་དེ་སྙན་ངག་ཁྲིད་པ་རེད་ང་ཚོ་ལ། ད་ཁོ་སྔགས་པ་ཡིན་པ་བྱས་དགེ་ལུགས་དའི་ཡག་པོ་ཡོད་པ་བྱས། བྱས་ཙང་ཚེ་ཏན་ཞབས་དྲུང་དང་ཁོང་ཚོ་འཆམ་པོ་འདུག རྟག་པར་ཁོས་བལྟ་གར་འགྲོ་ཡིས། དེ་འདྲས་ཅིག་འདུག
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཨ་ནི་སྙན་ངག་ཁྲིད་ཁོས་སྙན་ངག་ཁྲིད་སྟངས་དེ་ད་རིང་སང་དང་ཏོག་ཙམ་འདྲ་ཡི་མི་འདུག ཁོ་ཉམས་མྱོང་ཏོག་ཙམ་འདུག ད་དཔེ་ཆ་བཞག་ན་དཔེ་རྒྱན་ནས་མར་ཕྱིན་པ་རེད་པ། ད་ཁྱེད་རང་ཚོ་ཕྲུག་གུ་འདུག་བཟོ་མར་ཤར་ཀྱག་ཕྱིན་ན། ཉོབ་ཀྱི་རེད་ཟེར་མཚམས་ཅིག་བཞག
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དཔེ་བཞག་ན་གསལ་བྱེད་ཚར་ན། དེ་ནི་དེའི་ནང་ལོགས་ལ་ཕྱིན་སྒྲ་རྒྱན་ནང་ལོགས་ལ་ཕྱིན། སྒྲ་རྒྱན་ནང་ནས་ལས་སླ་ཤོས་ཡོའོ་རེད་པ། ཐོག་མའི་ཟུང་ལྡན་་ཀྱི་རྒྱན་ད་དེ་འདྲས། ཡང་དེ་ཚོ་ཡང་ཕྲུག་གུས་དགའ་པོ་བྱེད་ཀྱི་རེད་པ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཏོག་ཙམ་ཁྲིད་ཡང་ཚུར་རང་ཅག་ཡོང་། ཡང་འདུག་བཟོ་མར་ཕྱིན། ཕྲ་མོའི་རྒྱན་ལ་སླེབས་པ་རེད་ཟེར། ཕྲ་མོའི་རྒྱན་ལ་སླེབས་དུས་ཡང་ཀ་བཤད་ཀ་བཤད་བྲིས་ཡས་བཅུག ཨ་ནི་སོ་སོ་ཀ་བཤད་བྲིས་དགོས་རེད་པ། ངའི་སྙན་རྩོམ་དང་པོ་དེ་ཀ་བཤད་ཡིན། ད་ལོ་བཅུ་དྲུག་བཅུ་བདུན་ཅིག་ཡིན་གྱི་རེད་དེ་ཚགས་དཔར་སྒང་ལ་སྟོན་ནས།
  • ཎིགུལ
    ཚགས་དཔར་སྒང་ལ་སྟོན་སོང་ན།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    མཚོ་སྔོན་ཚགས་དཔར་སྒང་ལ། འོང་།
  • ཎིགུལ
    དྲན་གནང་གི་འདུག་གམ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་ལྟ་ཡོད་ངའི་ལག་པར།
  • ཎིགུལ
    ག་གའི་ཡོད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་ངས་འཁྱེར་ཡོང་དགོས། དེབ་གཅིག་གི་བར་རུ་དེར་་སྦྱར་བཞག་ད་དེ་དུས་རྩོམ་སྟོན་པ་རེད་ད་དགའ་དག་ཆོད། རྩོམ་ཟེར་ན་ངས། དང་པོ་ང་ཟིང་ལིང་ལ་གཅིག་ཕྱིན་པ་ཡིན། སློབ་གྲྭ་ཡིན་དུས་ང་ཚོའི་ཅོག་ཅོག་ཟིང་ལིང་ལ་སློབ་གྲྭར་འགྲོ་གི་ཡོའོ་རེད། 
  • ལྗང་བུ་ཚེ་རིང་རྡོ་རྗེ་
    པཱ་ལགས་གིས་ཁྲིད་བྱས། ཅོག་ཅོག་ན་ཡི་འདུག་ག ཚགས་དཔར་ལས་ཁུང་གི་བོད་ཡིག་གི་འགོ་ཁྲིད་དེ་པཱ་ལགས་ཁོང་ཚོ་གྲོགས་པོ་རེད། དེའི་ནང་ལ་བསྡད་པ་རེད་པ་དེ་དུས་མགྲོན་ཁང་དངུལ་ཡོའོ་མ་རེད་པ། ཨ་ནི་འགོ་ཁྲིད་དེའི་མིང་ལ་སངས་རྒྱས་སྐྱབས་ཟེར་གྱི་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཁོས་ང་ཚོའི་པཱ་ལགས་ལ་ཐུབ་བསྟན་ཟེར་གྱི་རེད། ཨ་ཁུ་ཐུབ་བསྟན་གཞས་ཅིག་བཏང་དང་ཟེར། ང་ཚོའི་པཱ་ལགས་གཞས་གཏོང་ཡས་ལ་དཔེ་དགའ་པོ་ཡོའོ་རེད། ཚིག་མང་པོ་ཤེས་ཀྱི་རེད་པ་ཨ་ནི་ཚིག་གཅིག་བཤད་དང་ཟེར་གཞས་ཀྱིས་ཁོ་འདུག་བཟོ་ཟིན་བྲིས་བྱེད་ཀྱིས། ང་ཚུར་སླེབས་དུས་ཚགས་དཔར་སྒང་ལ་འདོན་བཞག གཞས་དེ་ཚོ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཨ་ནི་ངས་བལྟས་ན་ཧ་གོ་གི་རེད་པ། གཞས་དེ་ད་དེ་དམངས་ཁྲོད་ཀྱི་གཞས་རེད་པ། དེ་གཅིག་མཚན་ཉིད་ཅིག་ཡོའོ་རེད་པ། ད་དེ་ང་ཚོའི་པཱ་ལགས་ཀྱི་མིང་ལ་ཐུབ་བསྟན་ཟེར་གྱི་རེད། ཧུའུ་ནན་རྫོང་གི་ཐུབ་བསྟན་ཡིན་ཟེར་བྲིས་བཞག རྨ་ལྷོ་རྫོང་གི
  • ཎིགུལ
    པཱ་ལགས་ཀྱི་མིང་།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    པཱ་ལགས་ཀྱི་མིང་དའི་ད་ཁོ་རང་གི་ངོས་ནས་དེ་བྱས་པ་རེད་པ། བཤད་པ་རེད་པ་ཨ་ནི་འདུག་ཟེར་བྲིས་བཞག་དེ་འདྲའི་ལས་སླ་བ་ལ་བསམ་གྱི་ཡོད། རྩོམ་ཟེར་ན་དེ་ཅིག་ལམ་སང་བཏང་ཡས་དེར་ཟེར་གྱི་རེད་པ། གཞུག་གུ་པད་མ་འབུམ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ལ་སློབ་གྲྭ་ཆེན་མོ་ལ་ཕྱིན་སོང་ཁོ། དགུང་གསེང་ཅིག་ལ་ཁོ་རེབ་གོང་རེད་པ། ང་ཚོ་སློབ་གྲྭར་བསྡད་དུས་རེབ་གོང་ལ་ཡོའོ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཨ་ནི་དེ་དུས་ཁོ་རང་ནང་ཏོག་ཙམ་སྐྱོ་པོ་རེད། ཞིང་པ་ད་འདྲ་པོ་རེད་པ། ད་ཞིང་པ་རེད་པ་སྒང་ག་ཨ་ནི་ནང་ནས་སློབ་གྲྭ་ཡིན་ན་ནང་ནས་དངུལ་ཏོག་ཙམ་བསྐུར་དགོས་རེད་པ། ཨ་ནི་སྐད་ཆ་ཅིག་བྲིས་པ་ཡིན། ཁྱེད་རང་འཚོ་བ་གཙོ་བོ་གང་འདྲས་ཟེར་བསྒྲུབ་ཀྱི་ཡོད་ཟེར་ན། ཁོ་རང་སྔ་མ་ལོ་མང་པོ་ལས་ཀ་བྱས་ཙང་། སློབ་གྲྭའི་ནང་ལ་སྒོར་མོ་ཉི་ཤུ་གསུམ་བཅུ་ཅིག་སྤྲད་ཡས་ཡོད་པ་འདྲ་ཅིག་སྤྲད་ཡས་ཡོའོ་རེད་ཟེར།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེའི་སྒང་ལ་ཨ་ནི་རྩོམ་བྲིས་ན་སློབ་གྲྭའི་ཚགས་པར་དང་དེ་འདྲས་ཡོའོ་རེད་པ། རྩོམ་དང་དེ་བྲིས་ན་ཨ་ནི་རྩོམ་ཡོན་སྤྲད་ཀྱི་རེད་ཟེར། ཨ་ཙི་ད་དེ་འདྲས་གཅིག་ཡིན་གྱི་མ་རེད་པ། དེ་ག་རེ་རེད་ཟེར་ན། ཁྱེད་རང་གི་རྩོམ་དེ་བེད་སྤྱོད་གཏང་ན། ཁྱེད་རང་དགའ་པོ་བྱེད་དགོས་རེད་པ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དངུལ་ཚུར་སྤྲད་ཀྱི་རེད་པས་ཕར་མ་སྤྲད་ནས་ཚུར་སྤྲད་ཀྱི་རེད་ད། འོང་ཨ་ནི་དེ་ཅིག་ད་དེ་ཡག་པོ་རེད་པ་ཅིག་གི་དངུལ་ཡའི་ཡོད་པ་ཟེར་འདྲའི་ཅིག་མིང་བཟོ་འདྲའི་ཅིག་ཡོད་པ་བྱས། ཚོད་བལྟ་བྱས་ཡང་ཅིག་གཏང་པ་ཡིན།
  • ལྗང་བུ་ཚེ་རིང་རྡོ་རྗེ་
     ཀ་བཤད་དེ་ང་ཚོ་ད་དགེ་རྒན་ལ་གཏང་པ་ཡིན་ནའི་ཚགས་པར་སྒང་ལ་ཐོན་སོང་ནའི། དངུལ་དེ་ཟླ་བ་ཁ་ཤས་ཀྱི་གཞུག་ལ་མ་གཏོགས་སླེབས་ཀྱི་མེད་པ་འདྲ། ཡང་ཅིག་གཏང་པ་ཡིན་ལྷུག་རྩོམ་ཅིག་ད་དགེ་རྒན་གྱི་དེ་ཚོ་སྒང་ག་སོ་སོ་དངོས་གནས་བྲིས་ཀྱོག་དེ་མ་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དགེ་རྒན་གྱི་དེ་ཅིག་དེ་རིང་འདི་འདྲས་ཅིག་འབྲི་དགོས་ཡོད་འབྲི་དགོས་ཡོད་ཟེར་ན། རྩྭ་ཐང་ང་ཡི་ཕ་ཡུལ་ཟེར་ཡས་ཅིག་བྲིས་ཞེས་ཟེར་ན། དེ་འབྲི་གོག་བྱེད་དགོས་རེད་པ། དེའི་ནང་ལ་ཚིག་ཏོག་ཙམ་ཏོག་ཙམ་བླུགས་དགོས་ཡོད་ཟེར། ཡང་ཅིག་འབྲི་གོག་བྱས་དེ་འདྲས་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ཨ་ནི་དགེ་རྒན་གིས་ཁྱེད་རང་དེ་ཡག་པོ་བྲིས་བཞག་ཅིག་ཅིག་ཟེར་ན། ཨ་ནི་འོ་ན་ཡག་པོ་ཡོད་ཀྱི་རེད་བསམ་བྱས་ཚགས་པར་ལས་ཁུངས་ལ་བསྐུར་པ་ཡིན་པ་དེ་ཡའི་ཚགས་དཔར་སྒང་ལ་དོན་སོང་།
  • ཎིགུལ
    དེ་མིན་གཉིས་པ་དེ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    འོང་འོང་གཉིས་པ་དེ། ད་དེ་ནས་བྱས་མིས་སྐད་ཆ་འདྲ་བཤད་ནས་ཧ་གོ་གི་འདུག་ག རྩོམ་འབྲི་ཡས་ཟེར་ཡས་དེ་ག་རེད་ཡིན་པ་དེ། དེ་སྔོན་ཤེས་ཀྱི་མེད། དེ་འདྲ་བྱས་བྱུང་པ་རེད། སྙན་ངག་མེ་ལོང་དེ་དུས་སྦྱངས་པ་རེད། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་ནས་དོར་ཞི་ཡོད་པ། དཔའ་རིས་དོར་ཞི་དེས་ཏོག་ཙམ།
  • ཎིགུལ
    དོར་ཞི་སྙེམས་བློ་དོན་གྲུབ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    སྙེམས་བློ་འོང་། དེ་སྦྱངས་དུས་ད་་དེ་ཏོག་ཙམ་འདྲ་གི་མི་འདུག་སྦྱངས་སྟངས་དེ།
  • ཎིགུལ
    དེ་དེབ་གཉིས་པ་དེ་ཁྱེད་རང་དྲན་གནང་གི་འདུག་གས་དེ་དོན་དག་དེའི་བརྗོད་བྱ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ག་རེ།
  • ཎིགུལ
    དང་པོ་ཀ་བཤད་རེད་པ། དེ་གཉིས་པ་དེའི་ནང་དོན་དེ་དྲན་གནང་གི་འདུག་གམ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    སྤྱིར་བཏང་དྲན་གྱིས་དེ་དེབ་ཡོད་བསམ་བྱུང་།
  • ཎིགུལ
    ལགས་སོ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    ད་དེའི་བར་རུ་དེར་ཁ་ཤས་རྙེད་ཀྱི་མི་འདུག དེབ་དང་པོ་གཉིས་པ་དེ་གཉིས་ཀ་འདུག
  • ཎིགུལ
    ཨ་ནི་དང་པོ་མེ་ལོང་ཁྲིད་དུས་ཙམ་ནས་དེ་གང་འདྲས་ཟེར་ཟེར་དགོས་རེད། ཁྱེར་རང་སེམས་ཤུགས་འདྲ་པོ་ཡོའོ་རེད་པས། ཁྱེད་རང་དེ།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་སེམས་ཤུགས་འདུག འོང་། ཞེ་པོ་ཅིག་བྲིས་ཀ་བྱེད་ཀྱི་རེད། དེ་དཔེ་བརྗོད་བཞག་དགོས་རེད་པ། རྒྱན་རེ་རེ་རྗེས་རེ་རེ་དཔེ་བརྗོད་བཞག་དགོས་རེད་པ། ཨ་ནི་ཡིག་ཚད་ཞེ་པོ་ཅིག་བཏང་རེད་ཡིག་ཚད་ནན་པོ་གཏང་གི་རེད།
  • ལྗང་བུ་ཚེ་རིང་རྡོ་རྗེ་
    དེ་དུས་རྒན་ལགས་དེ་ཚོ་ཞལ་དམ་པོ་ཡོའོ་རེད། ཁོང་ཚོས་ཡིག་ཚད་དཔེ་ནན་པོ་གཏང་གི་རེད། དཔེ་བཞག་ན་སྙན་ངག་མེ་ལོང་གི་ད་རྩ་བ་ཁ་ཚང་ངག་སྐྱོར་ཐུབ་དགོས་རེད་པ། ཨ་ནི་གཅིག་གཅིག་གི་རྩ་བ་བྲིས་ཟེར་ན། ཡིག་ཚད་གཏང་བྲིས་དགོས་རེད་པ། ཨ་ནི་དེ་དཔེ་འཇོག་ཟེར་ན། འཇོག་དགོས་རེད་པ་དེ་དུས་ད་ཏོག་ཙམ་སྦྱངས་ཡོའོ་རེད།