Video Overview
Lopen Kinzang Chophel, an astrology teacher at Pangrizampa Astrology school, describes thread art during the Jana Chidoe ritual (element neturalizing ritual with thread). A Jana Chidoe Kilkhor (mandala) needs to be constructed during the ritual where they use numerous materials, but the key materials used are threads, salt and color. The threads are crossed systematically with beautiful colors, and the Kilkhor (mandala) is the main thing used during the ritual. It has several designs according to their entitlements. Besides the main Kilkhor, several numbers of effigies of His Majesties, the queens, the Je Khenpo, sponsors and even common men are erected to represent their body, in order to cleanse bad luck or misfortune.
- ཀུན་བཟང་ཆོས་འཕེལ་ Kinzang Chophelངེའི་མིང་འདི་ ཀུན་བཟང་ཆོས་འཕེལ་ཟེར་སླབ་ཨིན་ལགས། ཏེ་ ང་ སྤང་རི་ཟམ་པ་ལུ་ འ་ གནམ་ལོ་ ༢༠༠༣ ལས་འགོ་བཟུང་སྟེ་གིས་ ཏེ་ ལོ་བདུན་དེམ་ཅིག་དཔེ་ཆ་བལྟ་སྦེ་ དེ་ལས་ ནཱ་མཇུག་བསྡུ་སྦེ་ ནཱ་ལུ་སློབ་དབུ་འཛིན་གྱི་ཕྱག་ཞུ་སྟེ་ ཟླ་ཐོ་བཟོ་མི་སྦེ་ཕྱག་ཞུ་དོ་ ཟེར་ཞུ་ནི་ལགས། ཏེ་ ད་རེས་ང་བཅས་ ལོ་ལྟར་གནང་སྲོལ་ཡོད་པའི་ རྒྱ་ནག་སྤྱི་མདོས་ཀྱི་སྐུ་རིམ་འདི་ གནང་ནི་གི་དོན་ལས་ ང་བཅས་ནཱ་ ཨ་ལོ་ཚུ་ལཱ་འབད་བའི་བསྒང་ཨིན་ ཟེར་ཞུ་ནི་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelཏེ་ སྐུ་རིམ་འདི་གནང་པའི་གནས་སྐབས་ནང་ལུ་ ང་བཅས་ ཏེ་ འདི་ནང་ལུ་ ཚང་དགོཔ་དང་འདི་ཚུ་ག་ཅི་རང་ཡོད་གོ་ཟེར་བ་ཅིན་ ཞུ་འདྲཝ་ཅིག་སྦེ་བ་ཅིན་ ཏེ་ དང་པ་ལུ་ སྐུདཔ་ དེ་ལས་ ཚར་ དེ་ལས་ ཚོན་ དེ་ལས་ དེ་ལས་ལཱ་འབད་མི་ལས་འགོ་བཙུགས་ཏེ་ ཏེ་ ཕུན་སུམ་ཚོགས་ཏོག་ཏོ་སྦེ་ཡོད་པ་ཅིན་ ཏེ་ ལཱ་འདི་ལེགས་ཤོམ་འགྱོཝ་མས་ ཟེར་ཞུ་ནི་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelཏེ་ འདི་ འ་ནཱི་ད་ལྟོ་ ནཱ་ལས་མར་མཇལ་ཏེ་ཡོད་མི་ཚུ་ འ་ འཁོར་ལོ་ དཔལ་ཡབ་ དེ་ལས་ ཁྱུང་ཚང་ ཞལ་དང་ནོརབུ་ འ་ནཱི་ཚུ་ འཐག་པའི་བསྒང་རང་ཨིན་ ཟེར་ཞུ་ནི་སྦེ་ཨིན་ལགས། ཏེ་ ད་ལྟོ་ འ་ནཱ་ལས་ཕར་ འེ་ འཁོར་ལོ་ཟེར་མི་འདི་ ཐད་སྒོར་སྒོར་ཡོད་མི་འདི་ལུ་ འཁོར་ལོ་ཟེར་སླབ་ཨིན་ལགས། འ་ནཱི་འདི་ ད་ལྟོ་ འཐག་པའི་བསྒང་ར་ཡོད་མི་འདི་ རྒྱ་ནག་སྤྱི་མདོས་ཀྱི་དཀྱིལ་འཁོར་གྱི་གཙོ་བོ་འདི་ འ་ནཱི་ ནང་ན་གནགཔོ་སྦེ་བཙུགས་ཏེ་འཐག་མི་འདི་ འ་ནཱི་ཨིན་ཟེར་ཞུ་ནི་སྦེ་ཨིན་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelད་ འ་ནཱི་འདི་ ད་ལྟོ་འཐག་པའི་བསྒང་འདུག་ ཟེར་ཞུ་ནི་སྦེ་ཨིན་ལགས། རྒྱ་ནག་སྤྱི་མདོས་དཀྱིལ་འཁོར་བསྒྲུབ་ནིའི་དོན་ལས་ ཏེ་ མར་ལས་ ཧེ་མ་རང་ འ་ བང་རིམ་བཞི་བསྐོར་ འདི་གི་ལྟག་ལས་མར་ ང་བཅས་རའི་ལོ་འཁོར་གྱི་ས་བདག་ དེ་ལས་ ཟླ་འཁོར་གྱི་ས་བདག་ དེ་ལས་ ཞག་གི་ས་བདག་ དེ་ལས་ དུས་ཚོད་ཀྱི་ས་བདག་ འདི་ཚུ་ཚུད་དགོ འདི་གི་ཐོག་ཁ་ལུ་ ང་བཅས་ཕོ་བྲང་ ཏེ་ འདི་གི་ཐོག་ཁ་ལུ་ཁྱུང་ཚང་ འ་ དང་འཁོར་ལོ་ དེ་ལས་ འདི་རོགས་ ཞལ་དང་ནོརབུ་ དཔལ་ཡབ་འདི་ཚུ་ག་ར་ཚང་ཞིནམ་ལས་ ཏེ་ དར་དང་སྣེ་ལྔ་འདི་ཚུ་བཙུགས་ཏེ་གིས་སྦེ་ འ་ བཟོ་དགོ་ ཟེར་ཞུ་ནི་སྦེ་ཨིན་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelདེ་ལས་ [གཅིག་འདི་?] མདོས་ཀྱི་ནམ་མཁའ་ཚུ་ཡང་ག་ར་ འཐག་ཚར་ཏེ་སྦེ་ ད་རེས་ ནཱ་ ང་བཅས་ བཅའ་སྒྲིག་ངོ་མ་སྦེ་རྐྱབ་པའི་བསྒང་ར་ཡོད་ ཟེར་ཞུ་ནི་སྦེ་ཨིན་ལགས་འདི་ཚུ་ ད་ ཕོ་བྲང་ ཕོ་བྲང་ རྒྱ་ནག་སྤྱི་མདོས་དཀྱིལ་འཁོར་ཟེར་ ཞུཝ་ཨིན། ད་ འདི་བཟོ་བའི་གནས་སྐབས་ནང་ལུ་ མར་ལས་ཡར་ དང་པ་རང་ བང་རིམ་གུ་ ཏེ་ མདོས་ནམ་མཁའ་ཚུ་ ཆུང་ཀུ་འདི་ཚུ་འཛེགས་ འདི་གི་ཐོག་ཁ་ལུ་ ཏེ་ ང་བཅས་ར་ ས་བདག་གི་ཙཀླི་ལ་སོགས་པ་ཚུ་འཛེགས་ འདི་གི་ཐོག་ཁ་ལུ་ བང་རིམ་ འ་ ཅིག་གུ་པ་ ཏེ་ འདི་གི་ཐོག་ཁ་ལུ་ཏེ་ ང་བཅས་ར་ དང་པ་རང་ འཁོར་ལོ་བཀལ་ དེ་ལས་ འདི་གི་ཐོག་ཁ་ལུ་ ཁྱུང་ཚང་།
- ཀུན་བཟང་ཆོས་འཕེལ་ Kinzang Chophelཁྱུང་ཚང་གི་ཐོག་ཁ་ལུ་ དཔལ་ཡབ་ཟེར་མི་འདི་བཀལ་ དེ་ལས་ ཞལ་དང་ནོརབུ་བཀལ་སྦེ་ ཏེ་ འདི་གི་ཐོག་ཁ་ལུ་རང་ རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་པར་གཅིག་བཀལ་འབད་བའི་བསྒང་ལས་ ཏེ་ ཕོ་བྲང་ནཱ་ལས་སྒྲུབ་ཨིན་ཟེར་ ཞུ་ནི་སྦེ་ཨིན་ལགས། དེ་ལས་ གཞན་གྱི་མདོས་ལེ་ཤ་རང་འཐག་ནི་ཡོད་ ནཱ་ལས་ཕར་ ཏེ་ འ་ནཱི་གི་ ཏེ་ ཟུར་ཁར་ལས་མར་ ང་བཅས་ར་སྐུ་གླུད་ ཏེ་ ང་བཅས་ར་མི་དབང་མངའ་བདག་རིན་པོ་ཆེ་ཡབ་སྲས་ཚུ་གི་སྐུ་གླུད།
- ཀུན་བཟང་ཆོས་འཕེལ་ Kinzang Chophelདེ་ལས་ཨ་ཞེ་གི་སྐུ་གླུད་ ཏེ་ ང་བཅས་ར་ སྐྱབས་རྗེ་ འ་ རྗེ་མཁན་རིན་པོ་ཆེ་གི་སྐུ་གླུད་ དེ་ལས་ང་བཅས་ ནཱ་གི་སྦྱིན་བདག་གཙོ་བོ་མཛད་མི་ མི་དམངས་ཆོས་མཐུན་ཚོགས་པའི་ཁྲི་འཛིན་ བླམ་ཚེ་རིང་དབང་འདུས་ཀྱི་ སྐུ་གླུད་གཅིག་ཡང་ཡོད་ཟེར་ཞུ་ནི་ལགས། དེ་ལས་སྤྱིར་བཏང་ ང་བཅས་ར་མི་སེར་ ཏེ་ དུས་ཅི་ལོ་ནང་ལུ་ འ་ ལོ་སྐག་ཕོག་མི་ ལོ་སྤྲེལ་ཕོག་མི་ འ་ ཕོ་སྐྱེས་སྤྱིར་བཏང་དང་ ཨམ་སྲུ་སྤྱིར་བཏང་ གཉིས་ཆ་རའི་དོན་ལས་ མི་སེར་སྤྱིར་བཏང་གི་དོན་ལས་ ང་བཅས་གླུད་ཕོ་མོ་ཅིག་ཡང་བཟོ་སྟེ་ཡོད་ ཟེར་ཞུ་ནི་སྦེ་ཨིན་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelའ་ནཱི་ཚུ་གི་དོན་ལས་ཡང་ ཏེ་ འ་ནཱི་ཚུ་བཟོ་ནི་གི་དོན་ལས་ཡང་ ཏེ་ ང་བཅས་ར་ འ་ ཏེ་ མདོར་བསྡུས་ཏེ་འབད་བ་ཅིན་ ད་ ང་བཅས་ར་ཁྱིམ་ནང་བཏང་མི་དང་ འ་ དབྱེ་བ་མེདཔ་སྦེ་བཏང་ནི་ཡོད་ ཨིན་འདི་འབད་ས་ཅིག་རུང་ ང་བཅས་ར་ནཱ་ལུ་ རྒྱས་ཤིང་རྒྱསཔ་སྦེ་བཏང་ནི་འདི་གིས་ ཁྱུང་ཚང་འདི་ལུ་ཡང་ ང་བཅས་ར་དཀྱིལ་འཁོར་དང་ཅོག་རང་འཐདཔ་སྦེ་རང་ ཁྱུང་ཚང་ དེ་ལས་ འཁོར་ལོ་ དཔལ་ཡབ་ ཞལ་དང་ནོརབུ་ཚུ་ག་ར་སྦྲགས་ཏེ་སྦེ་ དེ་སྦེ་བཏང་ནི་ཡོད་ ཟེར་ཞུ་ནི་ཨིན་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelདེ་ལས་ འདི་ནང་ལུ་ རིམ་འགྲོ་གཞན་དང་གཞན་ཡང་ ལེ་ཤ་ཚུད་དེ་ཡོད་ལགས། འདི་ནང་ལུ་ ཏེ་ ང་བཅས་ར་ དུས་ཅི་ལོ་གི་ ཏེ་ མཐུན་གསུམ་ དུར་མིག་ དགུ་མིག་ དེ་ལས་ གནམ་སྒོ་ ས་སྒོ་ དེ་ལས་ བཙན་མདོས་ བདུད་མདོས་ [སྨན་མདོས་?] སྨན་མདོས་ དེ་ལས་ མི་ཁ་དགྲ་བཟློག་ལ་སོགས་པ་ག་ར་ རིམ་འགྲོ་ སྣ་ཚངམ་སྦེ་བཏང་ནི་ཡོད་ ཟེར་ཞི་ནི་སྦེ་ཨིན་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelང་བཅས་ ཧེ་མ་ལས་བཏང་སྲོལ་འདུག་ལགས་འདུག་ནི་འདི་ ཧེ་མ་ལས་བཏང་སྲོལ་ དང་ཕུ་ལས་བཏང་སྲོལ་ སྔོན་དང་ཕུ་ལས་རང་བཏང་སྲོལ་ཡོདཔ་མས་ལགས་ཡོད་ནི་འདི་ བར་སྐབས་ཅིག་ལས་ང་བཅས་ནཱ་ ནཱ་གཉིས་སྟོང་གསུམ་ལོ་ ནཱ་ལྷོདཔ་ད་ལུ་ འདི་བཏང་སྲོལ་མིན་འདུག་ལགས། ཨིན་འདི་འབད་ས་ཅིག་རུང་ འདི་ནང་ལུ་ ཏེ་ ང་བཅས་ར་ ག་ཅི་འབད་མ་བཏངམ་ཨིན་ན་ཟེར་བ་ཅིན་ འདི་ནང་ལུ་ ང་བཅས་ནཱ་ལུ་ སྡེ་གསརཔ་ཅིག་སྦེ་ འབད་ནི་འདི་གིས་བཏང་མ་ཚུགས་པས་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelདེ་ལས་ གནམ་ལོ་གཉིས་སྟོང་ལྔ་དྲུག་ གནམ་ལོ་གཉིས་སྟོང་ལྔ་དེ་ཅིག་ལས་འགོ་བཙུགས་ཏེ་འབདཝ་ད་ ལོ་བསྟར་བཞིན་དུ་གནང་སྲོལ་ཡོད་ཟེར་ ཞུ་ནི་སྦེ་ཨིན་ལགས། ཏེ་ ལོ་བསྟར་བཞིན་དུ་གནང་དགོ་མི་འདི་ཡང་ ང་བཅས་ སྤྱིར་འཛམ་གླིང་རྒྱལ་ཁབ་དང་ བྱེ་བྲག་ཏུ་ ང་བཅས་འབྲུག་རྒྱལ་ཁབ་འདི་ནང་ ནད་མུག་འཁྲུགས་རྩོད་ལ་སོགས་པ་ཞི་ནི་ ལྷག་པར་དུ་ ང་བཅས་ས་བདག་ཀླུ་གཉན་གྱི་ ནད་པ་ལ་སོགས་པ་ཞི་ནི་གི་དོན་ལུ་ བཏངམ་ཨིན་པས་ ཟེར་ཞུ་ནི་སྦེ་ཨིན་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelད་ འདི་ཚུ་ ང་བཅས་ར་ འབྲུག་རྒྱལ་ཁབ་ནང་ལུ་ འབདཝ་འདྲཝ་ཅིག་འབད་བ་ཅིན་ ད་ འ་ ཁོང་གི་གོང་ན་ག་ཡང་མིན་འདུག་ལགས། འ་ནཱི་ཚུ་གི་དོན་ལུ་ ད་ ཁོང་ལུ་ བར་ཆད་དང་འདི་ཚུ་མེདཔ་འདྲཝ་ཅིག་འབད་བ་ཅིན་ ཏེ་ ང་བཅས་འབྲུག་རྒྱལ་ཁབ་ནང་ལུ་ སྐྱིད་ཏོང་ཏོ་ དགའ་ཏོག་ཏོ་ སྐྱིད་ཏོང་ཏོ་ དེ་སྦེ་འབྱུང་མས་ལགས། ཏེ་ ཁོང་ལུ་ འ་ བར་ཆད་ལ་སོགས་པ་མི་འབྱུང་ནི་གི་ཕྱིར་དུ་ ཁོང་གི་ཚབ་བཟུམ་སྦེ་ ང་བཅས་ར་ གླུད་དེ་ ཏེ་ ང་བཅས་ར་ འ་ ཆོ་ག་བཏང་མི་ཚུ་གིས་ གླུད་སྦེ་བསྔོ་སྦེ་ ཁོང་གི་ཚབ་བཟུམ་སྦེ་ གླུད་དེ་བཏངམ་མས་ཟེར་ཞུ་ནི་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelའ་ནཱི་འབད་ནི་འདི་གིས་ ཁོང་གི་ འ་ སྐུ་གླུད་དང་ འདི་ཚུ་བཟོ་དགོ་མི་འདི་ འདི་ལས་བརྟེན་ཏེ་ཨིན་མས་ ཟེར་ཞུ་ནི་ལགས། ད་དེ་འདི་ ང་བཅས་ར་མི་གིས་སླབ་ཐངས་ཨིན་པས་ལགས། [གླུད་བཟུམ་]སྦེ་ཟེར་ ང་བཅས་ར་ གླུད་འདི་ གནམ་མེད་ས་མེད་ འ་ ཟས་གཞུང་གི་འབག་འོང་ལགས།?] འཇའ་རིསམོ་སྦེ་བཟོ་ཚུགས་པ་ཅིན་ ད་ ང་བཅས་ར་མི་ཚུ་གིས་ ད་ ཕར་ དཔེ་འབད་བ་ཅིན་ ང་བཅས་ར་ མི་འཇའ་རིསམོ་ཅིག་མཐོངམ་ད་ དབའི་ མི་འདི་འཇའ་རིསམོ་འདུག་ ཟེར་སླབ་དོ་བཟུམ་སྦེ།
- ཀུན་བཟང་ཆོས་འཕེལ་ Kinzang Chophelང་བཅས་རའི་གླུད་འདི་ ག་དེམ་ཅིག་ འཇའ་ཆི་ཆི་བཟོ་ཚུགསཔ་ཅིག་ འ་ནེམ་ཅིག་འཇའ་ཆི་ཆི་བཟོ་འདྲཝ་ཅིག་འབད་བ་ཅིན་ དེ་ལས་ ཕར་གྱི་ལྷ་འདྲེ་མི་གསུམ་སྤྱོད་ལམ་ཅིག་ཟེར་ དེ་སྦེ་སླབ་མས་སྨོ་ལགས། ད་ འ་ནཱི་འབད་ནི་འདི་གིས་ ང་བཅས་ར་ལྷ་འདྲེ་ཚུ་ཡང་སེམས་དགའ་ འབད་བའི་བསྒང་ལས་ ཏེ་ རྐྱེན་ངན་བར་ཆད་ཚུ་ག་ར་ བཟློགཔ་ཨིན་ཟེར་ དེ་སྦེ་བཤདཔ་མས་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelད་ མི་ཚུ་གིས་ ཏེ་ འེ་ སྨོན་ལམ་ག་དེ་སྦེ་བཏབ་དོ་ག་ ལ་ལུ་གིས་འདི་ དེ་སྦེ་བཤདཔ་མས་ལགས་ ད་ ང་བཅས་ཀྱི་ དུས་ཅི་གི་ལོ་གཅིག་གི་རིང་ལུ་ དཔེ་འབད་བ་ཅིན་ དུས་ཅི་གནམ་ལོ་མེ་སྤྲེལ་ཨིན་པས་ གནམ་ལོ་མེ་སྤྲེལ་གྱི་རིང་ལུ་ ང་བཅས་ཀྱི་ ཏེ་ ང་བཅས་ལོ་སྐག་ཕོག་མི་ མཐུན་གསུམ་ དེ་ལས་ དུར་མིག་ དེ་ལས་ འ་ནཱི་བཟུམ་ ས་སྒོ་གནམ་སྒོ་ལ་སོགས་པ་ཕོག་མི་ཚུ་ག་ར་ཟློག་བཅུག་ཟེར་ ཏེ་ འ་ནཱི་བཟུམ་སྦེ་སྨོན་ལམ་བཏབ་ས་ཡང་ ང་བཅས་ཀྱིས་མཇལ་ཡི་ ཟེར་ཞུ་ནི་སྦེ་ཨིན་ལགས།
- ཀུན་བཟང་ཆོས་འཕེལ་ Kinzang Chophelཏེ་ འ་ནཱི་ ད་ལྟོ་འ་ནཱི་སྦེ་ འཐག་འབད་མི་འདི་ཡང་ འཁོར་ལོ་ཟེར་སླབ་མི་འདི་ འ་ནཱི་ཨིན་ལགས། ད་ འོག་ལུ་རང་ ཁྱུང་ འ་ནཱི་ ཁོང་ དཀྱིལ་འཁོར་འདི་སྒྲིག་པའི་བསྒང་ལས་ དོ་རུང་རང་འ་ནཱི་འཁོར་ལོ་འདི་ཡར་འགྱོ་འོང་ལགས། འདི་གི་ལྟག་ལས་ ཨ་ཕར་ལས་ སྒོ་ཅུང་གུ་ལུ་ལྷོང་བཞག་མི་འདི་ རིམ་འ་དི་ ཁྱུང་ཚང་ཟེར་སླབ་ཨིན་ལགས། འ་ནཱི་འདི་ཡར་འགྱོ་འོང་ལགས་ ཕར་སྒོ་ཅུང་ནང་ཡོད་མི་འདི་ འདིའི་ལྟག་ལས་འདི་ འ་ནཱི་ ད་ལྟོ་འ་ནཱ་ཡོད་མི་འདི་ དཔལ་ཡབ་ཟེར་མི་ཡར་འགྱོ་འོང་ལགས། འདི་གི་ལྟག་ལུ་འདི་ ཞལ་ ཏེ་ འ་ནཱི་ ཕར་ གང་རྐྱལ་སྦེ་བཞག་མི་འདི་ ནོརབུ་ འ་ནཱི་ཚུ་ཨིན་ ཟེར་ཞུ་ནི་སྦེ་ཨིན་ལགས།། །།