Video Overview
Dagapa from Shali Gewog sings “Jamo Ami Sem.” The author of the song is unknown, and there are only a few known lines at the beginning, indicating that it is among the traditions that are under threat from modernization and disinterest among the youth.
༉ པདྨ་དགའ་ཚལ་ ཤ་ལི་ལས་ ད་དགའ་པ་གིས་འཐེན་མི་གླུ་གཞས་ བྱ་མོ་ཨ་མའི་སེམས་ཟེར་མི་འདི་ བརྩམས་མི་དང་འབྱུང་ཁུངས་མ་ཤེས་རུང་ གླུ་གཞས་ཀྱི་ཚིག་ནང་ བྱ་མོ་ཨ་མའི་སེམས་པ་མ་སྐྱོ་ཞིག །ཤིང་གི་རྩེ་མོ་བསྐོར་ནས་ལོག་ནས་ཡོང་། །གཏན་ཀྱང་ཤིང་གི་རྩེ་ལུ་སྡོད་རྒྱུ་མེད། །ཤིང་གི་འབྲས་བུ་ཟ་ནས་ལོག་ནས་ཡོང་། །ཟེར་ མཇུག་བསྡུ་བསྡུཝ་རང་ འཐེན་མ་ཚུགས་རུང་ མགུ་ཏོ་ཁ་ལས་ ཧན་ཏོང་ཏོ་སྦེ་འཐེན་ནི་འདུག དེ་སྦེ་ གླུ་གཞས་ཚུ་ མཇུག་བསྡུ་བསྡུཝ་རང་འཐེན་མ་ཚུགས་མི་དེ་ཡང་ སྔར་སྲོལ་ལམ་ལུགས་བཟངམོ་ཚུ་ ཉམས་འགྱོ་བའི་རྟགས་མཚན་ཅིག་ཨིན་པས། ད་རེས་ནངས་པའི་ ན་གཞོན་ཨ་ལོ་ཚུ་གིས་འབད་རུང་ ལྷབ་ནི་གི་སྤྲོ་བ་བསྐྱེད་མི་མེད་པ་གིས་གཅིག་ ཁོང་ར་ཆ་ཁྱབ་ ལོ་ན་ཚོད་རྒས་སོངཔ་ལས་བརྟེན་ ཚིག་ཚུ་བརྗེད་དོ་འོང་ནི་མས། ད་ལྟོའི་གནས་སྟངས་ནང་ལུ་ཡང་ འདི་བཟུམ་གྱི་གླུ་གཞས་རྙིངམ་ཚུ་ འཐེན་ཤེས་མི་ལེ་ཤ་མེདཔ་མ་ཚད་ མ་འོངས་པ་ལུ་འདི་ འ་ནི་བཟུམ་གྱི་གླུ་གཞས་ཚུ་ མགུ་ཏོ་ཅིག་ཡང་ འཐེན་ཤེས་མི་ མི་འོང་ནི་ཨིན་པས།
- Shali
- དར་དཀརཔ:Dagapaསྭོ་་་བྱ་མོ་ཨ་མའི་སེམས་པོ་ལ་མ་སྐྱོ་ཤིང་། །
- དར་དཀརཔ:Dagapaཤིང་གི་རྩེ་ལུ་བསྐོར་བའི་ལ་ལོག་ནས་ཡོང་། །
- དར་དཀརཔ:Dagapaསྭོ་་་་གཏན་རྐྱང་ཤིང་གི་རྩེ་ལུ་ལ་སྡོད་རྒྱུ་མེད། །
- དར་དཀརཔ:Dagapaཤིང་གི་འབྲས་བུ་བཟའ་ནས་ལ་ལོག་ནས་ཡིན། །
- དར་དཀརཔ:Dagapaསྭོ་་་་ཉ་མོ་ཨ་མའི་སེམས་པོ་ལ་ཤོག[?] སྭོ་་་ཤ་བའི་ཨ་མ་སེམས་པོ་ལ་སྡོད་རྒྱུ་མེད། །
- དར་དཀརཔ:Dagapaསྤང་གི་རྩེ་ལུ་བསྐོར་བའི་ལ་ལོག་ནས་ཡོང་། །
- དར་དཀརཔ:Dagapaསྭོ་་་་གཏན་ཀྱང་སྤང་གི་རྩེ་ལུ་ལ་སྡོད་རྒྱུ་མེད། །
- དར་དཀརཔ:Dagapaསྤང་དང་རྩ་དཀར་བཟའ་བའི་ལ་ལོག་ནས་ཡོང་། །
- དར་དཀརཔ:Dagapaཡ་་དེམ་ཅིག་སྦེ་བཞག་དགོ་པས།