Skip to main content Skip to search
21 Jun 2018
11 min 41 sec
Video Overview
Creators: 
Duptho, Sonam Chophel

Phurpa from Radhi Gewog, Tashigang, narrates the origin and events of Jonla Ugyen Gatsel Temple in Jonla Pam village. With the initiative of Domchoe Rinchen, a monk, a prayer wheel was built in 1973, where the temple currently stands. The prayer wheel was built under the sponsorship of four rich families of their village. After the prayer wheel was built, they started to conduct Nuynen for the benefit of all villagers. Later villagers built the temple so that they could conduct other religious activities. They approached the government for permission, and finally the built the current temple. Now villagers conduct many kinds of religious activities, including Nuynen, Zhendup, Mani and a Tshechu in which masked dances are performed.

 

བཀྲིས་སྒང་རྫོང་ཁག  རདྷི་རྒེད་འོག་ལས་ཕུར་པ་གི་ གཡུས་བྱོན་ལ་སྤམ་གི་ འབྱོན་ལ་ཨྱོན་དགའ་ཚལ་ལྷ་ཁང་གི་ ལས་རིམ་དང་འབྱུང་ཁུངས་ཀྱི་ སྐོར་ལས་བཤདཔ་ཨིན་མས། ལྷ་ཁང་འདི་ནང་ ཨ་རྒས་དམ་ཆོས་རིན་ཆེན་གི་ དབུ་བཞུགས་ཐོག་ལས་ མ་ཎི་འཁོར་ལོ་གཅིག་ ད་ལྟོ་ལྷ་ཁང་ཡོད་སའི་ ས་གནས་འདི་ཁར་ གནམ་ལོ་ ༡༩༧༣་ལུ་བཞེངས་གནང་ནུག།  མ་ཎི་འཁོར་ལོ་འདི་ཡང་ གཡུས་འདི་ནང་གི་ མི་ཕྱུགཔོ་བཞི་གི་ དངུལ་གྱི་རྒྱབ་སྐྱོར་ཐོག་ལས་ བཞེངས་གནང་ནུག། མ་ཎི་འཁོར་ལོ་བཞེངས་ ཚར་བའི་ཤུལ་ལས་ གཡུས་འདི་ནང་གི་ མི་སེར་ཚུ་ལ་ཕན་ཡོན་འབྱུང་ནིའི་དོན་ལུ་ སྨྱུང་གནས་འདི་འགོ་བཙུགས་གནང་ནུག། ཤུལ་ལས་གཡུས་འདི་ནང་གི་  ཆོས་དང་འབྲེལ་བའི་ལཱ་འགོ་འདྲེན་འཐབ་ནིའི་ དོན་ལུ་དང་ འགྲོ་བ་སེམས་ཅན་ཐམས་ཅད་ལུ་ཁེ་ཕན་འབྱུང་ནིའི་དོན་ལུ་  མི་འདི་ཚུ་གི་ ལྷ་ཁང་གཅིག་བཞེངས་ནི་འབད་ གྲོས་བཤད་གནང་ནུག། དེ་ལས་ཁོང་ཚུ་གི་ གཞུང་ལས་གནང་བ་ཞུ་ཞིནམ་ལས་ ད་ལྟོ་ཡོད་མི་ལྷ་ཁང་འདི་བཞེངས་གནང་ནུག། དེ་ལས་ཚུར་ མི་འདི་ཚུ་གི་ ཆོས་དང་འབྲེལ་བའི་ལཱ་ སྨྱུང་གནས་ གཞོན་སྒྲུབ མ་ཎི་ དེ་མ་ཚད་ཚེས་བཅུ་ཡང་ འགོ་བཙུགས་གནང་ནུག།

 

Transcript search
No results found for this search
0 of 0
  • ཕུར་པ་ Phurpa
    ལགས་སོ་ ཏེ་ད་ལྟོ་ནཱ་ ང་བཅས་རའི་ འབྱོན་ལ་གི་གཙུག་ལག་ཁང་ཆགས་ཚུལ་གྱི་སྐོར་ལས་ ཏེ་ད་ཞུ་བ་ཅིན་ ཏེ་དང་ཕུ་གནམ་ལོ་ སྤྱི་ལོ་ [༩༧༣?]གྱི་ལོ་ལུ་ ཏེ་ང་བཅས་རའི་ སྲོལ་ཕུག་ མེས་མེས་དགེ་སློང་དམ་ཆོས་རིན་ཆེན་ཟེར་མི་དེ་གིས་བཀའ་གནང་སྟེ་ ནཱ་ང་བཅས་རའི་གཡུས་སྒོ་ འབྱོན་ལ་གཡུས་སྒོའི་ནང་ན་ ཁོང་སྦྱིན་བདག་བཞི་གིས་འབད་དེ།
  • ཕུར་པ་ Phurpa
    སྤྱིར་འགྲོ་བ་རིགས་དྲུག་སེམས་ཅན་ག་རའི་དོན་ལས་ ཏེ་ད་ང་བཅས་ག་ར་ ཕྱག་འཚལ་ནི་དང་བསྐོར་ར་བསྐོར་ནི་ ཚོགས་རྫོགས་སྒྲིབ་པ་བྱང་ནིའི་དོན་ལས་ ཏེ་མི་སེར་ག་ར་ ཏེ་དེསྦེ་ལེགས་ཤོམ་འོང་ནིའི་དོན་ལས་ ཏེ་དགེ་སློང་དམ་ཆོས་རིན་ཆེན་གྱིས་བཀའ་བནང་སྟེ་ ཁོང་སྦྱིན་བདག་བཞི་གིས་འབད་ མ་ཎི་དུང་འཁོར་གཅིག་བཞེངས་གནང་ད་ཟེར་བཀའ་གནང་སྟེ་ ཁོང་སྦྱིན་བདག་བཞི་གིས་དབུ་གཙོས་སྦེ་ ཏེ་མ་ཎི་དུང་འཁོར་གཅིག་བཞེངས་གནང་གནངམ་ཨིན་ཟེར་ཞུ་ནི་ལགས།
  • ཕུར་པ་ Phurpa
    དེ་ལས་འ་ནཱི་མ་ཎི་དུང་འཁོར་བཞེངས་ཞིནམ་ལས་ འ་ནཱ་ལས་སྦྱིན་བདག་བཞི་གིས་ ལོ་དག་པ་ཅིག་ ནཱ་ལུ་ ཏེ་ང་བཅས་རའི་སྨྱུང་གནས་ཅིག་བཙུགས་སྦེ་ ཏེ་དགེ་སློང་དམ་ཆོས་རིན་ཆེན་ཟེར་མི་འདི་བྱོན་སྦེ་ ཏེ་ལོ་དག་པ་ཅིག་ སྨྱུང་གནས་གནང་ ཏེ་ང་བཅས་ག་ར་ སྤྱིར་འགྲོ་བ་རིགས་དྲུག་སེམས་ཅན་ག་ར་གི་དོན་ལུ་ ཕན་ཐོགས་ནིའི་དོན་ལས་ ཏེ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ནང་ མི་སྐྱེ་ནིའི་ཐབས་ཀྱི་དོན་ལུ་ དགེ་སློང་དམ་ཆོས་རིན་ཆེན་གྱིས་ཐུགས་རྗེ་གནང་སྟེ་ འ་ནཱི་ཡང་མ་ཎི་སྨྱུང་གནས་བཙུགས་སྦེ་ ལེགས་ཤོམ་ཅིག་སོང་ཡི་ཟེར་ཞུ་ནི་ལགས།
  • ཕུར་པ་ Phurpa
    དེ་ལས་དེ་གི་ཤུལ་ལས་ ལོ་དག་པ་ཅིག་གི་རྒྱབ་ལས་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཏེ་ཁོང་སྦྱིན་བདག་བཞི་གིས་ ཨ་ཙི་ཅིག་ ང་བཅས་བཞི་གིས་མི་ལྕོགས་པས་ ཏེ་ད་ཁྱེད་གུང་གྲངས་ ༥༥ ལྷག་ཙམ་ཅིག་ཡོདཔ་ལས་བརྟེན་ མི་དམངས་ཁར་སྤྲོད་དེ་ འ་ནཱི་འབདཝ་ལས་ ཏེ་མི་དམསང་ཀྱིས་ ཏེ་འ་ནཱི་ལྷ་ཁང་འདི་རྩིས་ལེན་ཏེ་ དེ་ལས་ཁ་སྐོང་ ཏེ་དུང་འཁོར་ མ་ཎི་དུང་འཁོར་འདི་བཤུབ་སྦེ་ དེ་ལས་འ་ནཱ་ལས་ གཙུག་ལག་ལྷ་ཁང་སྦོམ་སྦེ་ རྒྱ་བསྐྱེད་ གཞུང་ལུ་གནང་བ་ཞུ་སྦེ་ ཏེ་རྒྱ་བསྐྱེད་སྦོམ་སྦེ་རང་ ཏེ་བཞེངས་བཞེངསམ་ཨིན་ཟེར་ཞུ་ནི་ལགས།
  • ཕུར་པ་ Phurpa
    དེ་ལས་འ་ནཱ་ལས་ ང་བཅས་རའི་ འ་ནཱི་བཞེངས་ཚར་ཞིནམ་ལས་ ཏེ་ང་བཅས་རའི་ནཱ་ལུ་ ཏེ་ལོ་བསྟར་གྱི་ ཏེ་འབད་དགོཔ་ག་ཅི་ཡོད་ཟེར་བ་ཅིན་ དང་ཕུ་འབྲུག་རྒྱལ་གཉིས་པའི་སྐབས་ལུ་ ཏེ་ང་བཅས་ར་ཀྲོང་གསར་མང་སྡེ་གཡུང་དྲུང་ཆོས་གླིང་ལས་ ཏེ་བླ་མའི་མགོནམོ་ དྲག་ཤོས་ཕུན་ཚོགས་དབང་འདུས་གི་ཕྱག་ཞུ་མི་ ཏེ་སྒརཔ་མིག་ཐེག་ཟེར་མི་འདི་ ང་བཅས་རའི་ནཱ་གཡུས་སྒོ་ལུ་ དེ་བང་ཆེན་བཏང་སྦེ་ ཏེ་ཁོ་གིས་འབད་དེ་ ཁོ་ད་ལྟོ་མར་ གཡུང་དྲུང་ཆོས་གླིང་ལུ་འཆམ་མཇུག་ཅིག་ཨིན་མས།
  • ཕུར་པ་ Phurpa
    ཁོ་ནཱ་བང་ཆེན་ལུ་ལྷོདཔ་ལས་བརྟེན་ཏེ་ ཁོ་གིས་ནཱ་ལུ་ དབའེ་ཁྱེད་ཀྱི་ནཱ་གི་གཡུས་སྒོ་ནང་ན་ ཏེ་ལོ་བསྟར་གྱི་ཚེས་བཅུ་ འཆམ་ལ་སོགས་པ་ཡོད་ག་ཟེར་ ང་རའི་ཨ་ཞང་མཚམས་པ་ཅིག་སྡོད་ཅི་ འ་ནཱི་ལུ་དྲི་བ་དྲིཝ་ད་ ཏེ་འཆམ་མེད་ཟེར་སླབ་ལས་ དབའེ་ང་གིས་འཆམ་ཅིག་ སྟོན་བྱིན་གེ་ ཁྱེད་ཆ་ཁྱབ་ཀྱིས་ལྷབ་འོང་ག་ཟེར་ ཁོ་གིས་སླབ་པ་ལས་བརྟེན་ ཏེ་འ་ནཱ་ལས་ཡར་ ཏེ་ཁོ་གིས་འཆམ་ཅིག་སྟོན་བྱིན་སྦེ་ ཁོང་ནཱ་མི་དམངས་ ཏེ་ངེའི་ཨ་ཞང་གིས་གཙོ་བོ་འབད་དེ་ ཁོང་ནཱ་ང་བཅས་རའི་འབྱོན་ལ་གཡུས་སྒོ་ནང་ན་ལུ།
  • ཕུར་པ་ Phurpa
    ག་ར་ ཚོགས་བསགས་ནི་དང་སྒྲིབ་པ་བྱང་ནི་ དེ་ལས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་འགྲོལ་ནི་ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་ནིའི་དོན་ལས་ ཏེ་ག་ར་གིས་བསམ་པ་བཟང་པོ་མནོ་སྟེ་ ཏེ་འ་ནཱི་བཟུམ་འབདཝ་ལས་ སྐུ་འཆམ་ཅིག་ ཏེ་ནཱ་ ལོ་བསྟར་གྱི་ཚེས་བཅུ་འདི་ འ་ནཱ་ལས་ཡར་སྲོལ་བཙུགས་ ཏེ་འ་ནཱི་སྦེ་བཙུགས་སྦེ་ ད་ང་བཅས་རའི་ནཱ་ ཟླཝ་བཅུ་པ།
  • ཕུར་པ་ Phurpa
    ཏེ་དགུ་སྟོང་ལས་ ཉེར་བརྒྱད་ལས་ཡར་ དགུ་སྟོང་གནམ་སྒང་ ཚེས་གཅིག་ཚུན་ཚོད་ ཉིནམ་གསུམ་འདི་ ང་བཅས་རའི་ལོ་བསྟར་གྱི་ཚེས་བཅུ་དཔལ་གླིང་གི་གཏེར་འཆམ་ ཏེ་གཏེར་འཆམ་འདི་ ཏེ་ང་བཅས་ཉིནམ་གསུམ་འབད་ནི་གི་ལམ་ལུགས་སྲོལ་ཅིག་ཡོད་ཟེར་ཞུ་ནི་ལགས། དེ་ལས་ གཉིས་པ་ག་ཅི་ཡོད་ཟེར་བ་ཅིན་ འ་ནཱི་འབདཝ་ལས་ ནཱ་གཙུག་ལག་ཁང་རྒྱ་བསྐྱེད་འབད་དེ་ འཆམ་འ་ནཱི་ཡང་གནང་ས་གི་ས་གོ་མེད་པར་ ཧེ་མ་ ལྷ་ཁང་མེད་པའི་བསྒང་ལུ་ གཡུས་ཚན་ནང་ན།
  • ཕུར་པ་ Phurpa
    ཏེ་ང་བཅས་ར་ ཁྱིམ་བཟོ་སྦེ་ སྤགས་ཤིང་བཏོན་སྦེ་ཁྱིམ་བཟོ་སྟེ་ འཆམ་ཁང་ དེ་ལས་ཆོ་ག་གནང་སའི་ས་གོ་ ཉེར་ཚང་ ཐབ་ཚང་ འ་ནཱི་བཟུམ་བཟོ་སྦེ་ ཁོང་ ཕ་མ་རྒན་གཞོན་ཚུ་ མང་ཤོས་ཅིག་བྱོན་ཏེ་ འ་ནཱི་སྦེ་བཟོ་སྦེ་ ཏེ་འ་ནཱི་བཟུམ་ལེ་ཤ་ཅིག་གནང་སྟེ་འདུག དེ་ལས་ཤུལ་ལས་ ང་བཅས་རའི་ནཱ་ གཙུག་ལག་ཁང་ མ་ཎི་དུང་འཁོར་ དགེ་སློང་དམ་ཆོས་རིན་ཆེན་གྱིས་བཀའ་གནང་སྟེ་ ཁོང་སྦྱིན་བདག་བཞི་གིས་བཞེངས་ཞིནམ་ལས་ འ་ནཱི་གི་མཇུག་ལུ་ མི་དམངས་ལུ་རྩིས་སྤྲོད་དཔ་ལས་བརྟེན་ དེ་ལས་མི་དམངས་ཀྱིས་ ཏེ་རྩིས་ལེན་སྦེ་ ཏེ་འ་ནཱི་ལྷ་ཁང་རྒྱ་བསྐྱེད་བཏང་སྦོམ་བཞེངས་སྦེ།
  • ཕུར་པ་ Phurpa
    ཏེ་ འ་ནཱ་ལས་བཞེངསམ་ལས་བརྟེན་ཏེ་ ང་བཅས་རའི་གར་འཆམ་འདི་ འ་ནཱི་འབྱོན་ལ་གཡུས་སྒོའི་སྟོད་ལུ་ ཏེ་གུང་གྲངས་ ༥༥ ལྷག་ཙམ་ལུ་ གཡུས་སྒོའི་སྟོད་ལུ་ ཏེ་འ་ནཱི་བཟུམ་གར་འཆམ་འདི་ ལོ་བསྟར་གྱི་ཚེས་བཅུ་ ཟླཝ་བཅུ་པ་ལུ་བཏང་དགོ་པའི་དོན་དག་ དེ་སྦེ་ཨིན་ དེ་ལས་གཉིས་པ་ ད་རུང་ ཟླཝ་བཞི་པའི་ནང་ལུ་ ག་ཅི་ཡོད་ཟེར་བ་ཅིན་ ཏེ་ང་བཅས་རའི་མ་ཎི་སྨྱུང་གནས་འདི་ ཟླཝ་བཞི་པའི་ནང་ན་ ཏེ་ཧེ་མ་ ཆ་གསུམ་དེ་ཅིག་འདུག་ ད་ལྟོ་འབད་བ་ཅིན་ ད་ལྟོ་ཁ་སྐོང་ ཁོང་ཕར་དང་ཚུར་ལས་ ག་ར་གིས་ ཏེ་ད་ ང་བཅས་ག་ར་ཤི་དགོ་ན་དགོ་ཟེར།
  • ཕུར་པ་ Phurpa
    རྟག་(བརྟན་)རྐྱང་སྡོད་ནི་མི་འདིནི་མེན་ ཏེ་ག་ར་ ཏེ་འཛམ་གླིང་སྤང་འགྱོ་བའི་ཚེས་ལུནི་ ཏེ་དམ་པའི་ཆོས་དང་ ཏེ་མ་ཎི་སྨྱུང་གནས་ཚུ་གིས་ཕན་ཐོགས་ནི་མས་ཟེར་སླབ་ལས་ རོགས་ཀྱིས་ཕར་དང་ཚུར་ལས་ཞལ་འདེབས་ཕུལ་ཏེ་ ཏི་རུ་དམངས་དངུལ་གནང་སྦེ་ ནཱ་ལུ་ ཟླཝ་བཞི་པའི་ནང་ མ་ཎི་ཆ་ལྔ་དེ་ཅིག་ ཏེ་བཏང་དགོ་པའི་ལམ་ལུགས་ཅིག་ཡོད་ཟེར་ཞུ་ནི། དེ་ལས་ཟླཝ་ལྔ་པ་ལུ་ སྤྲེལ་ཟླ་ཚེས་བཅུ་ཟེར་ ཏེ་དམངས་དངུལ་ ཁོང་སྦྱིན་བདག་དག་པ་ཅིག་གིས་འབད་དེ་ ཟླཝ་ལྔ་པ་ལུ་ ལྔ་པ་སྤྲེལ་ཟླ་ཚེས་བཅུ་འདི་ ཉིནམ་གཉིས་འབད་མི་ཅིག་ བཏང་ནི་གི་ལམ་ལུགས་སྲོལ་ཡོད།
  • ཕུར་པ་ Phurpa
    དེ་ལས་ ཟླཝ་དགུ་པའི་ལྷ་འབབ་དུས་ཆེན་ཟེར་ ཉིནམ་གཉིས་འབད་མི་ཅིག་ ཏེ་རོགས་ དེ་ཡང་དམངས་དངུལ་ ནཱ་ལུ་ཞལ་འདེབས་ཕུལ་སྦེ་ ཏེ་ང་བཅས་ནཱ་ འ་ནཱི་ཞལ་འདེབས་ཀྱིས་མ་འཐུས་མི་འདི་ ང་བཅས་མི་དམངས་ གུང་གྲངས་༥༥ ལྷག་ཙམ་གྱིས་ ཨ་ཙི་རེ་བསྡུ་ལངས་ཚུ་བསྡུ་སྟེ་ ག་ར་སྤྱིར་འགྲོ་བ་རིགས་དྲུག་སེམས་ཅན་ག་ར་གི་ ཏེ་ང་བཅས་ར་ [གནམ་བྱཱར་གྱི་སྐབས་ལུནི?] སེམས་ཅན་ལེ་ཤ་ཅིག་ ས་ཡ་ས་ཡ་སྦེ་ བསད་པའི་བཤགས་བྱང་བཟུམ་ཅིག་སྦེ་ ཆུམ་དང་ཆང་ ཏི་རུ་ཚུ་ཨ་ཙི་རེ་བསྡུ་སྦེ།
  • ཕུར་པ་ Phurpa
    འ་ནཱི་བཟུམ་ ཟླཝ་དགུ་པ་ལྷ་འབབ་དུས་ཆེན་ལུ་ཡང་ ང་བཅས་ར་འབུམ་སྡེ་ ཚེས་བཅུ་འ་ནཱི་བཟུམ་བཏང་ནི་ཡོད་ ཟླཝ་བཅུ་པ་ལུ་འཆམ་ཡོད་ ཟླཝ་བཞི་པ་ལུ་སྨྱུང་གནས་ཡོད་ ཏེ་ཟླ་བ་ལྔ་པའི་སྤྲེལ་ཟླ་ཚེས་བཅུ་ཟེར་ཡོད་ དེ་ལས་དེ་གིས་མ་དོ་བར་ ཏེ་ཟླ་རིམ་བཞིན་དུ་ ཡར་ངོ་མར་ངོ་ཚེས་བཅུ་ ཚེས་བཅུ་ཐམ་ལུ་ཟླ་གྲངས་ཚེས་བཅུ་ཡོད་ དེ་ལས་ མར་ངོ་ ཉེར་ལྔ་ལུ་ཚེས་བཅུ་ཅིག་ཡོད་ཟེར་ཞུ་ནི་ལགས། ལམ་ལུགས་སྲོལ་དེ་སྦེ་ཡོད་ཟེར་ཞུ་ནི་ལགས།
  • ཕུར་པ་ Phurpa
    ཏེ་ད་ ག་ཅི་སྨོ་ཟེར་བ་ཅིན་ འ་ནཱི་གི་མཇུག་ལུ་འདི་ ད་ང་བཅས་ར་འ་ནཱི་ལྷ་ཁང་གསརཔ་ རྒྱ་བསྐྱེད་བཏང་བཞེངས་སྦེ་ གཞུང་ལས་གནང་བ་ལྷོད་སྦེ་བཞེངས་ཞིནམ་ལས་ ཏེ་ནཱ་འབྱོན་ལ་ལྷ་ཁང་ ཧེ་མ་ མ་ཎི་དུང་འཁོར་སྦེ་སྡོད་ཅི་ ཏེ་དེ་ལས་ གཉིས་པ་ལུ་ ཏེ་འབྱོན་ལ་ཨོ་རྒྱན་དགའ་ཚལ་ལྷ་ཁང་ཟེར་མི་འདི་ ཏེ་ང་བཅས་ར་ རྟེན་གསུང་ཞིབ་དཔྱད་པ་ཚུ་གིས་ ནཱ་ལུ་ ཏེ་མཚན་འདི་གཞུང་གི་ནང་སྲིད་ལྷན་ཁག་ལས་འབད་ གཞུང་གིས་ ཏེ་འབྱོན་ལ་ཨོ་རྒྱན་དགའ་ཚལ་ལྷ་ཁང་ཟེར་ ཁོང་གིས་མཚན་འདི་ ཁོང་གིས་གནང་གནངམ་ཨིན་ཟེར་ཞུ་ནི་ལགས།
  • ཕུར་པ་ Phurpa
    ཏེ་ད་འ་ནཱ་ལས་ དེའི་ཤུལ་ལས་ ལྷ་བྲིས་བྱང་བྲིས་འདི་ ག་གིས་ག་དེ་འབད་ཡི་ཟེར་བ་ཅིན་ བསྡུ་ལངས་འདི་དམངས་ལས་བསྡུ་སྟེ་ ཏེ་ང་བཅས་ར་ དང་པ་ ཏེ་ལྷ་བྲིས་གནང་མི་འདི་ སྐྱ་གླིང་ལས་ ཚོན་པ་རྡོ་རྗེ་ཟེར་སྡོད་ཡི་ ཁོང་བཞི་ལྔ་དེ་ཅིག་གིས་གནང་ཡི་ ཏེ་འ་ནཱི་ ལྷ་བྲིས་བྱང་བྲིས་ཀྱི་ནང་ན་ ལྷ་བཞེངས་ནི་གི་དགོངས་སྐོར་འདི་ ག་དེ་སྦེ་ཞུ་ཡི་ཟེར་བ་ཅིན་ ཏེ་ང་བཅས་ར་ནཱ་ རྡོར་སེམས་ལེ་ཤ་ཅིག་ཡོད་ བྱང་བྲིས་ལུ་ རྡོར་སེམས་བཞེངས་དགོ་མི་འདི་ ང་བཅས་ར་ སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་ལུ་དགོངས་སྐོར་ཞུ་སྦེ།
  • ཕུར་པ་ Phurpa
    ཏེ་ཁྱེད་ནཱ་གི་ལུངམ་པ་ལུ་ སེརཝ་ཆརཔ་ལེ་ཤ་ཅིག་རྐྱབ་སྟེ་ ནད་ཡམས་མུ་གེ་ལེ་ཤ་ཅིག་འབྱུང་ནི་མས་ ཏེ་འདི་མ་ཚད་ ཏེ་ལུངམ་པ་ལུ་ ཚོགས་བསགས་ནི་དང་སྒྲིབ་པ་བྱང་ནི་གི་ ཏེ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་ནིའི་ཐབས་འདི་ ཏེ་གཙོ་བོ་འདི་ བཤགས་པའི་རྒྱལ་པོ་ རྡོ་རྗེ་སེམས་དཔའ་ཨིན་ཟེར་ རྡོ་རྗེ་སེམས་དཔའ་གང་མང་བཞེངས་གནང་ད་ཟེར་ སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་གིས་བཀའ་གནང་སྟེ་བཞེངས་ཡི་ དེ་ལས་འ་ནཱ་ལས་ ང་བཅས་ར་ནཱ་ གུ་རུ་རིན་པོ་ཆེ་ མཁན་སློབ་ཆོས་གསུམ་སྦེ་བཞེངས་སྟེ་ཡོད།
  • ཕུར་པ་ Phurpa
    དེ་ལས་ང་བཅས་ར་ ཏེ་ད་ དཔལ་ལྡན་འབྲུག་གཞུང་ལུ་ གཙོ་བོ་བཙུགས་མི་ ང་བཅས་ར་ཞབས་དྲུང་རིན་པོ་ཆེ་ འ་ནཱི་སྦེ་བཞེངས་ཏེ་ཡོད་ དེ་ལས་འ་ནཱ་ལས་ ང་བཅས་ར་ སྔོན་བྱོན་རྒྱལ་བ་གོང་མ་ ང་བཅས་ར་ རྒྱ་དང་བོད་ག་ཏེ་ལས་རང་བྱོན་བྱོནམ་མེན་པའི་ ཏེ་ང་བཅས་ར་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་ཐུགས་ཀྱི་སྲས་བཟུམ་ཅིག་སྦེ་ ལུང་བཀའ་འབབ་ལུང་བསྟན་གྱི་བླ་མ་ ཏེ་གཏེར་བཏོན་པདྨ་གླིང་པ་ ནཱ་སྐུ་འདྲ་འདི་ [གུ་རུའི་ཐོག་ཁར་?] བཞེངས་ཏེ་ཡོད།
  • ཕུར་པ་ Phurpa
    པདྨ་གླིང་པ་བཞེངས་དགོ་མི་འདི་བཀའ་དྲིན་ཆེན་པོ་ ཏེ་ང་བཅས་རའི་ཨོ་རྒྱན་གུ་རུ་རིན་པོ་ཆེའི་ཐུགས་ཀྱི་སྲས་བཟུམ་ཅིག་ ཏེ་ཨོ་རྒྱན་གུ་རུ་རིན་པོ་ཆེའི་བཀའ་འབབ་ལུང་བསྟན་གྱི་བླ་མ་ ཁོ་ལུ་བཀའ་བབས་ཏེ་ ཡར་བོད་ལས་བྱོན་བྱོནམ་ཡང་མེན་ ཏེ་རྒྱ་གར་ལས་བྱོན་བྱོནམ་ཡང་མེན་ ང་བཅས་རའི་དཔལ་ལྡན་འབྲུག་གཞུང་ནང་ན་ བུམ་ཐང་ཕྱོགས་ལས་ སྐྱེ་བོ་མི་སྦེ་འཁྲུངས་ཏེ་ ཏེ་ལེ་ཤ་ཅིག་གཏེར་བཞེས་ བྱིན་གྱིས་བརླབས་སྦེ་ མཆོག་དང་ཐུན་མོང་གི་དངོས་གྲུབ་གནང་སྟེ་ ཏེ་ད་ལྟོ་ སྐུ་འཆམ་ལེ་ཤ་ཅིག་ གཏེར་འདྲ་མི་འདྲ་བཞེས་སྦེ་ ཏེ་ད་ལྟོ་ ལུང་པ་ གཡུས་སྒོ་རེ་རེ་ སོ་སོ་ལུ།
  • ཕུར་པ་ Phurpa
    ཏེ་ འཆམ་འདྲ་མིན་སྣ་ཚོགས་ཡོད་མི་ཡང་ ཏེ་གཏེར་བཏོན་པདྨ་གླིང་པ་གི་རྒྱུད་པ་ སྲས་མང་ཤོས་ཅིག་གིས་ དང་པ་གཏེར་བཏོན་པདྨ་གླིང་པ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གི་བཀའ་འབབ་དང་འཁྲིལ་ཏེ་ གཏེར་བཏོན་པདྨ་གླིང་པ་གིས་མཛད་དེ་ ཏེ་འ་ནཱི་འབདཝ་ལས་ ང་བཅས་རའི་གཏེར་བཏོན་པདྨ་གླིང་པ་ཟེར་མི་འདི་ ཁག་ཆེ་ཤོས་ཅིག་ཨིན་མས་ཟེར་ དེ་སྦེ་བཞེངས་ཡི་ དེ་ལས་ ད་ང་བཅས་རའི་ནཱ་ མཁའ་འགྲོ་ཡོད་ ཏེ་མཁའ་འགྲོ་ཐུགས་ཐིག་སྦེ་བཞེངས་ཏེ་ཡོད་ དེ་ལས་ཁྲོས་མ་ཡོད་ལགས་ གཟའ་མཆོག་རྒྱལ་པོ་ར་ཧུ་ལ་ ཏེ་བཞེངས་ཏེ་ཡོད་ ལྷ་ཆེན། གཤན་པ།
  • ཕུར་པ་ Phurpa
    དེ་ལས་ དཔལ་ཆེན་རྡོ་རྗེ་གཞོན་ནུ་ ཏེ་ནཱ་ རྡོ་རྗེ་རྣམ་འཇོམས་ཟེར་ འ་ནཱི་སྦེ་ལེ་ཤ་བཞེངས་ཏེ་ཡོད་ ང་བཅས་རའི་ནཱ་གྱང་བྲིས་ལུ་ དེ་ལས་གཙོ་བོ་ནཱ་ང་བཅས་རའི་མཆོད་བཤམ་ལུ་ ཏེ་སྐུ་རྟེན་འདི་ བར་གྱི་གཙོ་བོ་བསྟན་པ་སངས་རྒྱས་ཨིན། དེ་ལས་ གཡོན་ལུ་ཨོ་རྒྱན་གུ་རུ་རིན་པོ་ཆེ་ དེ་ལས་ གཡས་ལུ་སྤྱན་རས་གཟིགས་སྦེ་བཞེངས་ཏེ་ཡོད་ ཏེ་འ་ནཱི་ཆོས་ལོངས་སྤྲུལ་གསུམ་གྱི་ཚུལ་སྦེ་བཞེངས་བཞེངསམ་ཨིན། ཏེ་འ་ནཱི་ ང་བཅས་ག་ར་ ཕྱག་འཚལ་ནི་ བསྐོར་ར་བསྐོར་ནི་གི་དོན་ལས་འབདཝ་ལས།
  • ཕུར་པ་ Phurpa
    སྦྱིན་བདག་ཚུ་ག་ར་ ཚོགས་བསགས་སྒྲིབ་པ་བྱང་ནི་གི་དོན་ལས་ ཏེ་ང་བཅས་སྦྱིན་བདག་ གུང་གྲངས་༥༥ ལྷག་ཙམ་ཅིག་གིས་ དེ་སྦེ་བཞེངས་སྦེ་ ཏེ་ད་ལྟོ་ དེ་སྦེ་བཞེངས་ཏེ་ཡོད་ ཏེ་ཧེ་མ་ དགེ་སློང་དམ་ཆོས་རིན་ཆེན་གྱིས་དབུ་གཙོས་ཏེ་ནཱ་ ལྷ་ཁང་འདི་ཆགས་ཚུལ་གནང་ཡི་ དེ་ལས་གཉིས་པ་ལུ་ ཏེ་ང་བཅས་ར་ནཱ་ དགོན་པ་ལུ་སློབ་དཔོན་ད་ཟ་ཟེར་སྡོད་ཡི་ སྐུ་འཆམ་གྱི་སྐབས་ལུ་ བླ་མ་ཁོ་འབྱོན་ཏེ་ཁོ་གིས་ལོ་མང་རབས་ཅིག་གནང་ཡི་ འ་ནཱི་འདི་ དགེ་སློང་དམ་ཆོས་རིན་ཆེན་ཡང་ དགོངས་པ་རྫོགས་སོ་ཡི།
  • ཕུར་པ་ Phurpa
    དེ་ལས་ སློབ་དཔོན་ད་ཟ་ཟེར་མི་ཡང་ ང་བཅས་རའི་ནཱ་ལུ་ ཏེ་སྐུ་འཆམ་གྱི་ ལོ་སྟར་གྱི་ཚེས་བཅུ་ལུ་ ཁོ་བྱོན་བྱོནམ་ས་རང་ཨིན། ཁོ་ཡང་ལྷོདཔ་ཅིག་ལས་ དགོངས་པ་རྫོགས་ཞིནམ་ལས་ ཏེ་ཤུལ་ལས་ཟེརཝ་ད་འདི་ ཏེ་ང་བཅས་རའི་སློབ་དཔོན་ ཡོན་ཏན་ཕུན་ཚོགས་ཟེར་མི་འདི་ ལུང་བསྟན་དང་འཁྲིལ་ཏེ་ ཚུར་བྱོན་གནང་ གདན་འདྲེན་ཞུ་སྦེ་བྱོན་ཏེ་ ད་ལྟོའི་བར་ན་ ཏེ་སློབ་དཔོན་ཡོན་ཏན་ཕུན་ཚོགས་ཟེར་མི་དེ་གིས་ དབུ་གཙོས་ཏེ།
  • ཕུར་པ་ Phurpa
    ནཱ་ གར་འཆམ་གནང་རུང་ ལོ་བསྟར་གྱི་ཚེས་བཅུ་ གར་འཆམ་ལུ་ཡང་ སྨྱུང་གནས་ ལྷ་འབབ་དུས་ཆེན་ ལྔ་པ་སྤྲེལ་ཟླ་ དེ་ལས་ཡར་ངོ་མར་ངོ་ ཏེ་སློབ་དཔོན་ཡོན་ཏན་ཕུན་ཚོགས་ཀྱིས་དབུ་གཙོས་སྦེ་ དེ་གི་འོག་ལས་ ང་བཅས་ཞལ་གྲངས་དག་པ་ཅིག་གིས་ ཏེ་འ་སྦེ་འབད་དེ་ སྒོམ་སྡེ་དག་པ་ཅིག་གིས་ ད་ལྟོ་ནཱ་ལུ་ ལོ་བསྟར་གྱི་ཚེས་བཅུ་དང་ དུས་མཆོད་འབུམ་སྡེ་ ཡར་ངོ་མར་ངོ་ཚེས་བཅུ་འདི་ གནང་དང་གནང་བཞིན་དུ་ ད་ལྟོའི་བར་ན་ཡང་དེ་སྦེ་རང་ཡོད་ ཟེར་ཞུ་ནི་ལགས།། །།