Video Overview
This is a video of Tsering Jyi from Yonru Village in Chentsa singing a song called "It's Hard for a Singer Among the Guests." This song is part of a collection of folk songs from the Rebgong cultural area.
- ཡེ་་ཡ་རེ་ཡ་རེ་ཨ་གྲགས་སོ་ལོ་ལོ་ཡང་ཡ་རེ་ལེན་གོ
- སྔུན་མོ་གདོང་གི༼ཨ་གྲགས་སོ་ལོ་ལོ་ཡང་༽རྟ་རྒྱུགས་དཀའ།།
- བུར་སྐྱ་རྩལ་བདེ་ན༼ཨ་གྲགས་སོ་ལོ་ལོ་ཡང་༽དཀའ་རྒྱུ་མེད།།
- རྩིབ་མོ་ཧོར་གྱི༼ཨ་གྲགས་སོ་ལོ་ལོ་ཡང་༽མདའ་འཕེན་དཀའ།།
- བུ་མཐེལ་རྩལ་བཟང་ན༼ཨ་གྲགས་སོ་ལོ་ལོ་ཡང་༽དཀའ་རྒྱ་མེད།།
- ནང་ཁྲོམ་པའི་དཀྱིལ་གྱི༼ཨ་གྲགས་སོ་ལོ་ལོ་ཡང་༽གླུ་བ་དཀའ།།
- མར་རིག་པ་ཡོད་ན༼ཨ་གྲགས་སོ་ལོ་ལོ་ཡང་༽དཀའ་རྒྱུ་མེད།།
- གླུ་ཤེས་ནི་མིན་ར༼ཨ་གྲགས་སོ་ལོ་ལོ་ཡང་༽དགའ་ནི་བྱོས།།