Video Overview
People of shumar Gewog under Pemagatshel District practice the culture called Lhasay (supplication). People called it as Gazang Lha where they do supplication once in every year and pray to Gazang Lha. Gazanglha is considered as very important diety of their village and they pray to Gazanglha for their good livelihood. They celebrate the supplication ceremony only on good day and time and they make edible items like offering ginger, salt, rice, and fish as to Gazanglha to protect them from all sorts of harming in the world (lha, lu tshen and ghost). They pray for the clean environment to live and to clean out all the in and out obstacle of the calamity.
ལྷ་གསོལ་ནི་ལམ་སྲོལ་འདི་ པད་མ་དགའ་ཚལ་རྗོང་ཁག་ ཤུ་མར་རྒད་འོག་ ལག་ལེན་འཐབ་ཨིན་མས། མི་འདི་ཚུ་གི་འདི་ལུ་དགའ་བཟང་ལྷ་ཟེར་སླབ་ཨིན་མས་ ཁོག་གི་ལོ་གཅིག་ནང་ དགའ་བཟང་ལྷ་ལུ་ གསོལཝ་བཏབ་ཨིན་མས། དགའ་བཟང་ལྷ་འདི་གཡུས་འདི་ནང་གི་ གནས་བདག་ཁག་ཆེ་ཤོས་འབད་བརྩིཝ་ལས་ མི་ཚེ་འཚོ་ཐབས་ལུ་ དགའ་བཟང་ལྷ་ལུ་གསོལཝ་བཏབ་ཨིན་མས། ལྷ་གསོལ་ནི་འདི་ཡང་ ཉིནམ་ལེགས་ཤོམ་དང་དུས་བཟང་གི་ སྐབས་གསོལཝ་ཨིན་མས། དེའི་སྐབས་དགའ་བཟང་ལྷ་ལུ་ ལྷ་ ཀླུ་ སྲིན་དང་འདྲེ་ཚུ་ལས་གནོད་སྐྱོན་བསྲུང་ནིའི་དོན་ལས་ ཟ་བཏུབ་པའི་རིགས་ས་སྒ ཚྭ་ ལྟོ་དང་ཉ་ཚུ་འཕུལཝ་ཨིན་མས།
- Shumar
- Pemagatshel
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཡ་ [གནསཔོ་ཨམ་འདུག་ག་?] ཡ་ཕྱག་རེ་འཚལ་སྨེ་ ད་རེས་ག་ཅི་སྨོ་ཟེར་བ་ཅིན་ རང་སོའི་ལྷ་གསོལ་བའི་གྲལ་ལས་ འགོ་དང་པ་ར་ ག་བཟང་ལྷ་གསོལ་དགོ་ དང་པོ་ ག་བཟང་ལྷ་ཟེར་གནམ་མེད་ས་མེད་ལེགས་ཤོམ་ འགོ་དང་པ་ར་ ཁོ་གསོལ་དགོ ཁོ་གསོལ་ཞིནམ་ལས་རྐྱངམ་ཅིག་ ལྷ་གསོལ་ནི་ཨིན། ཏེ་ད་ལྟོ་ག་ཅི་སྨོ་ཟེར་བ་ཅིན་ ད་ལྟོ་རང་གི་མཁོ་ཆེ་ལྷ་ཟེར་ མཁོ་ཆེ་ལྷ་གནམ་མེད་ས་མེད་ལྷ་སྦོམ་ འགོ་དང་པ་ར་ཁོ་གསོལ་དགོ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཡ་ ད་ཕྱག་ཕུལ་ཤིག་ བསངས་སོ་བསངས་སོ་ ད་རེས་འབདན་ གཟའ་ལེགས་པའི་ཉིནམ་ ཆུ་ཚོད་ལེགས་པའི་ཉིནམ་ སྐར་མ་ལེགས་པའི་ཉིནམ་ [ཉིང་སྐར་?]ལེགས་པའི་ཉིནམ་ལུ་གསོལ་དོ་ ཕུལ་དོ་ རྒྱུ་སྦྱོར་སྦྱིན་པའི་བདག་པོ་དང་མི་ནོར་འཁོར་དང་བཅས་པ་རྣམས་ཀྱི་དོན་ལས་ཨིན། རི་བོ་རྩེ་ལས་འབྱོན་པའི་སྐབས་སུ་ བསུ་བ་ གསོལ་ཆང་གིས་བཅད་དེ་ མར་ཆང་གིས་བཅད་དེ་ཡོད་སྨེ་ད་རེས་འབདན།
- མཐུན་དཔལ་ཤེས་རབ་/Thuenpel Sherab:[ས་ལྒ་བཟངམོ་ ཡོན་ཆབ་བཟངམོ་ སྦུག་ན་གསོ་བའི་དཀར་མོ་གིས་བཅད་དེ་ ཉེ་ར་བཟང་མོ་གིས་བཅད་དེ་ཕུལ་དོ་?] གསེར་གྱི་ག་བཟང་། དངུལ་གྱི་ག་བཟང་། ག་བཟང་ལྷ་ དངོས་སུ་འབྱོན་པ་ཐམས་ཅད་ ད་རེས་འབདན་གསོལ་དོ་ ཕུལ་དོ་ འ་ནི་སྦེ་ཕུལ་བ་ཙམ་གྱིས་འབད་བ་ཅིན།
- མཐུན་དཔལ་ཤེས་རབ་/Thuenpel Sherab:སྟེང་ལྷ་གིས་གནོད་དེ་ཡོད་རུང་ འོག་ཀླུ་གིས་གནོད་དེ་ཡོད་རུང་ བར་བཙན་གྱིས་གནོད་དེ་ཡོད་རུང་ ཤར་ཕྱོགས་དྲི་ཟ་གིས་གནོད་དེ་ཡོད་རུང་ ལྷོ་ཕྱོགས་གཤིན་རྗེ་གིས་གནོད་དེ་ཡོད་རུང་ ནུབ་ཕྱོགས་[ཀླུ་དབང་?]གིས་གནོད་དེ་ཡོད་རུང་ བྱང་ཕྱོགས་གནོད་སྦྱིན་གྱིས་གནོད་དེ་ཡོད་རུང་།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཤར་ལྷོ་མེ་ལྷའི་གནོད་པ། ལྷོ་ནུབ་སྲིན་པོའི་གནོད་པ། ནུབ་བྱང་[བླུའི་?]གནོད་པ། སྟེང་ནས་[བཟའ་དགྲ?] འོག་ཀླུ་དང་ས་བདག་[རང་ཡི་སུ་?] ཅི་དང་ཅི་གིས་གནོད་དེ་ཡོད་རུང་ ཁྱོད་ཀྱིས་ སྐྱབས་མཛོད་ཅིག མགོན་མཛོད་ཅིག
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཕྱག་གིས་གུར་ཁང་མཛོད་ཅིག ཞབས་ཀྱིས་ལྕགས་རི་མཛོད་ཅིག ཐུགས་ཀྱིས་སྒོ་ར་མཛོད་ཅིག ད་རེས་འབདན་ [རྐང་ཚིགས་ཕྲང་བཅུག?] ལྟག་ཀོ་ལས་ཧིང་བཤིག་ཅིག ཚེ་མཐུད་ཅིག་ དབང་ཐང་ རླུང་རྟ་རྒུད་པ་ ན་བ་ འཆི་བ་ དུར་ལུ་འབབ་སྟེ་ཡོད་རུང་ ཁྱོད་ལུ་སྐྱབས་འཚོལཝ་ཨིན། སྐྱབས་མཛོད་ཅིག མགོན་མཛོད་ཅིག ཕྱག་གིས་གུར་ཁང་མཛོད་ཅིག ཞབས་ཀྱིས་ལྕགས་རི་མཛོད་ཅིག ཐུགས་ཀྱིས་སྒོ་ར་མཛོད་ཅིག ད་རེས་འབདན།
- མཐུན་དཔལ་ཤེས་རབ་/Thuenpel Sherab:མིག་ཏོ་ལས་ཐོ་ལན་[ཐལཝ་ངོ་ཕྱེ་ཚུགསཔ་ཅིག?] རྣམ་ཅོ་གིས་བརྡ་ལན་འཕྲོད་ཅིག རྐང་མ་ལས་གྱི་ཐག་འཁྱོལ་ཅིག{རྐངམ་བསྡམས་བཞག་པའི་ཐགཔ་} ལྟག་ཀོ་ལས་ཧིང་འཁྱོལ་ཅིག ཚེའི་མཐུད་ཅིག དབང་ཐང་ རླུང་རྟ་རྒུད་པ་ ན་བ་ འཆི་བ་ དུར་ལུ་འབབ་སྟེ་ཡོད་རུང་ བསངས་སོ་ ཁྱོད་ལུ་སྐྱབས་འཚོལཝ་ཨིན། སྐྱབས་མཛོད་ཅིག བསང་སོ་སྐྱེས་གྲིབ་མེད་ ཤི་གྲིབ་མེད་ སྤོས་དཀར་ནག་གིས་བཅད་དེ་ཕུལ་དོ་ བསངས་སོ། །
- མཐུན་དཔལ་ཤེས་རབ་/Thuenpel Sherab:རྒྱུ་སྦྱོར་སྦྱིན་པའི་བདག་པོ་དང་མི་ནོར་འཁོར་དང་བཅས་པ་ ད་འབདན་ཧིང་སངས་ས་སྦེ་ ཚད་ལས་འཕྱལ་ནི་མེདཔ་ རིངམ་ལས་བཏོག་ནི་མེདཔ་སྦེ་སྐྱབས་མཛོད་ཅིག མགོན་མཛོད་ཅིག མིག་ལས་ཐལཝ་འཕྱག་ཅིག རྣམ་ཅོ་གིས་བརྡ་ལན་འཕྲོད་ཅིག
- མཐུན་དཔལ་ཤེས་རབ་/Thuenpel Sherab:རྐྱེན་ཕྱི་ནང་གི་བར་ཆད་ག་ར་སེལ་ཅིག ཕྱི་ཡི་བར་ཆད་ཕྱི་ཡི་སེལ་ཅིག ནང་གི་བར་ཆད་ནང་གི་སེལ་ཅིག གསང་བའི་བར་ཆད་སེལ་བཅུག་ཅིག
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཕྱི་ཡི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ ནང་གི་ནད་རིགས་བཞི་བརྒྱ་རྩ་བཞི་ག་ར་ ཧིང་སངས་ས་སྦེ་བསལ་ཏེ་ ཁྱོད་ཀྱིས་སྐྱབས་མཛོད་དགོ མཐོལ་ལོ་བཤགས་སོ། བྱང་ཞིང་དག་པར་མཛད་དུ་གསོལ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཕོ་ལྷ་ཆེན་པོ། དགྲ་ལྷ་ཆེན་པོ། [ཁྱེད་ལ་མཆོད་དོ་?] ཁྱོད་ལུ་སྐྱབས་འཚོལཝ་ཨིན། སྐྱབས་མཛོད་ཅིག མགོན་མཛོད་ཅིག [ག་བཟང་ལྷ་དུས་ཚོད་སྐབས་ལུ་ ཁོ་ཆི་ལྷ་འདི་བཟུམ་ གསོལཝ་ཨིན་?] ཕུལཝཨིན། ད་རེས་འབདན་སྐྱབས་མཛོད་ཅིག
- མཐུན་དཔལ་ཤེས་རབ་/Thuenpel Sherab:ལོ་སྐོར་བཅུ་གཉིས་བར་དུ་ཟླ་བ་ ལོ་སྐོར་ཟླ་བ་བཅུ་གཉིས་ཀྱི་བར་དུ་སྐྱབས་མཛོད་ཅིག མགོན་མཛོད་ཅིག མཐོལ་ལོ་བཤགས་སོ། །བྱང་ཞིང་དག་པར་མཛད་དུ་གསོལ།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཚེ་ སྲོག་ ལུས་ དབང་ཐང་རྒུད་པ་དང་ ཤི་བ་ དུར་ག་ཅི་ལུ་འབབ་སྟེ་ཡོད་རུང་སྐྱབས་མཛོད་ཅིག བསངས་སོ། །
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཡ་ བསང་སོ་བསང་སོ། །ད་རེས་འབདན་ ཚིག་གིས་བཤད་མ་ཚུགསཔ་ [ཁ་ལུ་ལྷོད་མ་ཚུགས་མི་ཡོད་པ་ཅན་ གཡས་ལས་ཆང་ཕོརཔ་གང་མཆོད་དོ་ གཡོན་ལས་ཆང་ཕོརཔ་གང་མཆོད་དོ།?]
- མཐུན་དཔལ་ཤེས་རབ་/Thuenpel Sherab:མ་མོ་གཤིན་འདྲེ་ཡོདཔ་འོང་ [འདྲེ་?]སྲས་ཡོདཔ་འོང་ རྒྱལ་པོ་རྒྱལམོ་ཡོདཔ་འོང་ ས་གནས་ཕོ་ལྷ་དགྲ་ལྷ་ ཡུལ་ལྷ་གཞི་བདག་མཁྱེན་ཆེན་དབང་ཆུང་ལ་སོགས་པ་ག་ཅི་ར་ཡོད་རུང་ ཧིང་སངས་ས་ ལོག་ལོག་མེདཔ་སྦེ་བྱོན་བཅིག་ ཡ་ད་འབག་ བསྡམ་ཤིག ལགཔ་འདོགས་སྦེ་གཙང་ས་ཅིག་ཁར་བཀལ་བཞག་ ལགཔ་འདོགས་ཤིག་ ཁྱིམ་ནང་གི་མི་ག་ར་ ཨེ་ཧེམ་་་་་
- མཐུན་དཔལ་ཤེས་རབ་/Thuenpel Sherab:འུམ་་་་་་་ གནམ་མེད་ས་མེད་ཐུགས་དང་ལྡན་ནུག་སྨེ་ ག་བཟང་ལྷ་འདི་ སྤ་་་་་ གནམ་མེད་ས་མེད་ལེགས་ཤོམ་འདུག་ འུམ་་་་་ཡ་ གསོལ་རས་ཞུ་སྨེ་ ལེགས་ཤོམ་འདུག་ གུ་རམ་བླུགས་བླུགསཔ་བཟུམ་སྦེ་རང་།
- མཐུན་དཔལ་ཤེས་རབ་/Thuenpel Sherab:ཡ་ ལྷ་ཆང་ཚུ་སྟོན་སྨེ་ད་ ཡར་ང་བཅས་ར་བཙུགས་པར་འགྱོ་ནི་ འ་་་་་
- ཆ་རོགས་/Friend:འ་ནཱི་ ཕྱི་ཁར་འབག་སྦེ་བཞགཔ་ད་ ཁྱད་མེད་འོང་མེན་ན་ལགས?
- མཐུན་དཔལ་ཤེས་རབ་/Thuenpel Sherab:འབག་འབག་ ལགཔ་འདོགས་ ག་ར་ལགཔ་འདོགས་སྦེ།། །།