Skip to main content Skip to search
03 Jul 2018
15 min 15 sec
Video Overview
Creators: 
Dawa Tshering

This is Nyeljom Tshering Lham, a current descendant of the Lha Chundu ritual performer. Lha Chundu is a local ritual performed under the gewogs of Dagala and Nyaep Toep, also called as Chungdue Toep. As per the words of Shaman, Lha Chundu was formerly born to Tshenden Baw Droley and Chunsey Buthri in Dorji Den in India. He later visited Tibet where he was warmly received by the Tibetan king and his people. As he was prophesied to be the guardian deity of Bhutan, he made his permanent residence in Bhutan, thus, became a local deity in these regions. The tradition of performing this Lha Chundu in Bhutan was originated in Nyeljo Tshekha in Paro, western Bhutan, and had been passed down the family line of Nyelijom Tshering Lham, particularly practiced from his great great grandfather Namgay Tshering. According to her narratives, traditionally, a male member seems to have had performed the ritual, but she inherited this spirit after the latest predecessor. As she says, she performs the rituals in nineteen households of Chamgang’s highlander, few of the villages under Nyaep Toep (also called as Chungdue Toep) and performs “Bon-kor” ritual in Genynekha. The preparation for this particular ritual starts as early as the 28th of the 7th month of the Bhutanese calendar. The detailed rituals start chronologically, thereafter, followed by the Chungdu and Khandro rituals depending on the households and time. (Chungdu and Khandro rituals are prepared and performed in the same way except it differs in the typology.) The ritual is being performed to appease the deity Chungdu which, otherwise, is believed to bring misfortunes and harm if not performed annually. In other words, it is performed for the wellbeing of the families. Although this culture in those regions continues today, the manners, styles and the usage of modern utensils seem to degenerate its origin. It is performed on any day except on inauspicious days like Fridays, Saturdays and Mondays. 

༉  ཐིམ་ཕུག་རྫོང་ཁག་ མར་ཆེན་དྲངས་ས་ལས་ཨིན་མི་ཚེ་རིང་ལྷམོ་དེ་ ཁྱུང་བདུད་གསོལ་མིའི་རྒྱུད་པ་ནལ་འབྱོརམ་དེ་ཨིན་པས། ཁྱུད་བདུད་ཀྱི་ཆོ་ག་འདི་ དར་ག་ལ་རྒེད་འོག་དང་ དགེ་བསྙེན་ཁ་རྒེད་འོག་ནང་གསོལཝ་ཨིནམ་ད་ ལ་ལུ་གིས་ གནསཔ་བསྟོདཔ་ཨིན་ཟེར་དང་ ལ་ལུ་གིས་ ཁྱུང་བདུད་བསྟོདཔ་ཨིན་ཟེར་ སླབ་དོ་ཡོདཔ་མས། རྣལ་འབྱོརམ་དེ་གིས་བཤད་མི་ནང་ ལྷ་ཁྱུང་བདུད་འདི་ རྡོ་རྗེ་གདན་ལུ་ ཡབ་ཙན་ལྡན་བཱཝ་གྲོ་ལོད་དང་ ཡུམ་ཆུང་སེ་བུ་ཁྲིད་ལས་འཁྲུངས་ནུག དེ་ལས་ ཁོ་བོད་ལུ་བྱོན་ཡོདཔ་ད་ བོད་ཀྱི་རྒྱལཔོ་དང་མི་སེར་ཚུ་གིས་ཡང་ བོད་ལུ་གདན་འདྲེན་ཞུ་ཡོདཔ་ཨིན་རུང་ འབྲུག་གི་གནས་བདག་ཚུ་གིས་ལུང་བསྟན་གནང་ཡོདཔ་ལས་ འབྲུག་རྒྱལ་ཁབ་ནང་གཞིས་ཆགས་ཏེ་ ཁོ་ས་གནས་དེའི་གནས་བདག་ལུ་གྱུར་སོང་ནུག ལྷ་ཁྱུང་བདུད་ཀྱི་ཆོ་ག་གཏང་ནི་འདི་ སྤ་རོ་རྣལ་འབྱོར་རྩེ་ཁ་ལས་དར་ཡོདཔ་ད་ རྣལ་འབྱོརམ་ཚེ་རིང་ལྷམོ་གི་བཟའ་ཚང་ཚུ་ལས་བརྒྱུད་བརྒྱུདཔ་ཨིནམ་མ་ཚད་ ཁོང་གི་ཨ་རྒས་རྣམ་རྒྱལ་ཚེ་རིང་གི་དུས་སྐབས་ལས་རང་ལག་ལེན་འཐབ་ཡོདཔ་ཨིན་པས། མོ་གིས་བཤད་མི་ནང་ ལམ་སྲོལ་དང་འཁྲིལ་བ་ཅིན་ ཕོ་སྐྱེས་ཚུ་གིས་རྐྱངམ་ཅིག་ཆོ་ག་གཏངམ་ཨིན་རུང་ མོ་གིས་ཤུལ་འཛིན་ཏེ་ ལག་ལེན་འཐབ་ནུག མོ་གིས་ ལྕམ་སྒང་གི་ཁྱིམ་གུང་བཅུ་དགུ་དང་ ཁྱུང་བདུད་བསྟོདཔ་ཁྱིམ་ལ་ལུ་ཅིག་ནང་ཆོ་ག་འདི་གཏང་ནི་ཡོདཔ་ད་ དགེ་བསྙེན་ཁ་ལུ་བོན་སྐོར་ཆོ་ག་གཏངམ་ཨིན་མས། ཆོ་ག་འདི་རིམ་པ་བཞིན་བཏང་བཞིནམ་ལས་ ཁྱུང་བདུད་དང་མཁའ་འགྲོའི་ཆོ་ག་འདི་ ཁྱིམ་གྱི་ཇོ་བདག་དང་འཁྲིལ་ཏེ་གཏངམ་ཨིནམ་ད་ ཁྱུང་བདུད་དང་མཁའ་འགྲོ་ཆོ་གའི་བར་ན་ དབྱེ་ལུགས་རྐྱངམ་ཅིག་སོ་སོ་ཡོདཔ་མ་གཏོགས་ གཞན་གེ་ར་ཅོག་ར་འཐདཔ་ཨིན་མས། ཆོ་ག་འདི་ གནས་བདག་ཁྱུང་བདུད་ཞི་བཅུག་ནིའི་དོན་ལུ་གཏངམ་ཨིནམ་ད་ འགལ་རྐྱེན་བར་ཆད་མི་འབྱུང་ཟེར་བའི་ཡིད་ཆེས་བསྐྱེད་དེ་ ལོ་ལྟར་བཞིན་དུ་གཏངམ་ཨིན་པས། དེ་བཟུམ་མའི་སྲོལ་འདི་ ད་ལྟོའི་བར་ན་ཡང་ཡོད་རུང་ འབད་ཐངས་བཅའ་ཐངས་དང་ དེང་སང་གི་ཅ་ཆས་ཚུ་ལག་ལེན་འཐབ་དོ་ཡོདཔ་ལས་ ཧེ་མ་དང་འཕྱདཔ་ད་ ཨ་ཙི་ཉམས་འགྱོ་སྟེ་ཡོདཔ་ཨིན་མས། ཆོ་ག་གཏང་པའི་སྐབས་ལུ་ གཟའ་བདུན་གྱི་ནང་ལས་ རྟེན་འབྲེལ་ངན་པའི་ཉིནམ་ཟེར་ གཟའ་སྤེནམ་དང་ ཉིམ་ དེ་ལས་མིག་དམར་གྱི་ཚུ་ལུ་མི་གཏང་དོ་ཡོདཔ་མས།

Transcript search
No results found for this search
0 of 0
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    དང་པ་ར་ལྷ་གི་རྒྱུད་དེ་ར་འབད་བ་ཅིན་ ཡར་ཨ་པ་འདི་མཚོ་ཆེ་ཁ་ལས་འབད་དོ་བ་ལགས་ ངེ་གི་ཨ་པ་འདི།
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་ངེ་གི་ཨ་པ་གི་ ཨ་པ་གི་ལྷ་ཨིན་མས་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་ངེ་གི་ཨ་པ་གི་ཨ་པ་དཔའ་བོ་འདི་ཤི་སོང་ཞིན་ན་ སྔོན་མ་སྔོན་མ་གི་རྒྱུད་རང་འབད་བ་ཅིན་ ལྷ་འདི་རྒྱུད་རང་འབད་བ་ཅིན་ སྤ་རོ་ལས་ཨིན་མས་ལགས། སྤ་རོ་གནས་འབྱོར་ཚལ་ཁ་ཟེར་མི་ནང་ལས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འ་ནཱི་ནང་ལས་གི་དཔའ་བོ་འདི་ རྣམ་རྒྱལ་ཚེ་རིང་ཟེར་སླབ་མས་ལགས། ཏེ་འ་ནཱི་དཔའ་བོ་འདི་ཤི་སོང་ཞིན་ན་ ཏེ་ག་དེམ་ཅིག་སྦེ་ཨིན་རུང་ ཏེ་དེ་ལས་ཕར་ཨིན་མས་ཕྲང་ཕྲང་རང་ཨ་ཕར་ དགའ་སེ་ལོག་ ཆུ་ནག་སྐྱེད་ཐང་སྒོ་ཟེར་མི་འདི་ནང་ལུ་ དཔའ་བོ་སྐྱེདཔ་བཀྲིས་ཟེར་ ཨ་ནཱི་དཔའ་བོ་འདི་གི་མིང་སྐྱེདཔ་བཀྲིས་ཟེརཝ་མས་ལགས། དེ་ལས་ཨ་ནཱི་དཔའ་བོ་འདི་ཤི་སོང་ཞིན་ན་ ཏེ་ངེ་གི་ཨ་པ་གི་ཨ་པ་གུ་ཆགས་ཆགསཔ་མས་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ངེའི་ཨ་པ་གི་ཨ་པ་འདི་ཤི་སོང་ཞིནམ་ལས་ དེ་ལས་ང་བཅས་ཀྱི་སྤུན་ཆ་བཅུ་ཐམ་འབདཝ་ད་ ཨམ་སྲུ་ལྔ་ཕོ་རྒྱ་ལྔ་འབདཝ་ད་ ཏེ་ཁོང་སྤུན་ཆ་ སྦོམ་སྦོམ་ཤོས་འདི་གུ་ཆགས་ཆགསཔ་མས་ལགས། ཕོ་རྒནམ་སྦོམ་སྦོམ་ཤསོ་འདི་གུ་ལུ་ འ་ནཱི་མིང་དཔའ་བོ་ནམ་རྒྱལ་ཟེརཝ་ཨིན་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་དེ་ལས་ཁོ་ཤི་སོང་ཞིན་ན་ ཏེ་དེ་ལས་གཞན་ཁོ་ར་གི་བུ་ཚུ་ལེ་ཤ་ཡོད་ ཨ་ལོ་ལེ་ཤ་ཡོད་ ཏེ་ང་ག་དེམ་ཅིག་སྦེ་ཨིན་རུང་ ཏེ་དེ་ལས་ངེ་གུ་ཆགས་ཆགསཔ་ཨིན་ལགས་ལྷ་འདི། འ་ནཱི་ང་བཅས་ཨ་ཁུ་འདི་ཤི་སོང་ཞིན་ན་ ད་ང་གི་ལྷ་ཆགས་ཏེ་གིས་ ལོ་ཁལ་མ་ལངསམ་ལས་ལྷ་ཆགས་ཆི་ལགས་ ལོ་ཁལ་བར་ལས་མ་ལངམ་ཅིག་ཁ་ལས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ད་ལྟོ་ང་ར་གིས་ལོ་དྲུག་ཅུ་ཀྲིག་ཀྲིག་ལངམ་ཨིན་ལགས་དུས་ཅི་གིས་ དྲུག་ཅུ་ཡར་སོ་ཡི་ལགས། ཏེ་དེ་ལས་འ་ནཱི་ཁོ་ས་གོ་འདི་སྔོན་མ་ཁོ་བཤལ་སའི་ས་གོ་ནང་ག་ར་ ང་གིས་ཏེ་རོགས་ཀྱིས་སྡོད་མ་སྟེར་བར་ང་འགྱོཝ་ཨིན་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ད་དཀར་ལ་གི་རྒེད་འོག་གཅིག་གི་འོག་གི་ལྷ་གསོལཝ་ཟེར་སླབ་ཨིན་ལགས་ ཡར་ལྕམ་བསྒང་གི་འདི་
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་ ལགས་སོ།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འབྱོགཔ་རྩ་བོ་བཅུ་དགུ་གིས།
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་གཞན་གིས་འབད་བ་མ་བཏུབ་པར་ ང་གིས་འབདཝ་ཨིན་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ནཱ་གི་དགེ་བསྙེན་རྒཔོ་འོག་གི་ མཚོ་ཆེ་ཁ་ བཟང་ལེགས་ཁ་ ཝང་བར་མ་ དཔུང་གཞི་ འ་ནཱི་ཚུ་ནང་གི་ ཏེ་ལ་ལུ་གིས་གནསཔ་བསྟོདཔ་ཟེར་སླབ་ཨིན་ ལ་ལུ་གིས་འཁྱུང་བདུད་བསྟོདཔ་ཟེར་སླབ་ཨིན་ འ་ནཱི་ག་ར་ང་གིས་བསྟོདཔ་ཨིན་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ང་བཅས་ར་ནཱ་གི་དགེ་བསྙེན་ཁ་གི་འདི་ དགེ་བསྙེན་བོན་བསྐོར་ཟེར་རྐྱབ་དགོ་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་ ལགས་སོ་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཟླཝ་བདུན་པའི་༢༨གི་ཚེ་ཕྱི་རུ་གཏོརམ་བཞེངས་འགོ་བཙུགས། ༢༩གི་ཚེ་གྲོ་ལོད་གསོལ་ [མཚོ་སྨན་སྒོ་?] དེ་ལས་གནམ་གང་གི་ཚེ་འདི་[སྤེལ་ཤོར་ཅིག་བསྐྱལ་འདི་གི་ ཁལ་མི་ཁལཔ་འཁྱལ་གཅིག་དང་ཁལཔ་གཉིས་ཀྱི་དོན་འདི་ ཕྱུགས་ཐེངས་ཅིག་ནང་འཐོན་དགོ་ལགས། ཁྱིམ་སྐོར་ར་འཁོར་འཁོར་གྱི།?]
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་ [སྤེལ་ཤོག་འདི་བསྐྱལ་ ཕྱུགས་ཐེངས་ཅིག་རྐྱབ་ཚརཝ་ཅིགན་?] ཏེ་དེ་ལས་མར་ལས་འབད་ མཇུག་ལས་འབད་གོ་བཙུགས་ ཏེ་ཉིནམ་གཅིགཔ་འདི་རྩ་བོ་རེའི་ཁྱིམ་ནང་ལས་ལྟོ་ཕོགས་རེ་ཇ་ཕོགས་རེ་འཐུང་ཡི་འཐུང་ཡི་སྦེ་ ཏེ་བསྐོར་ར་རྐྱབ་ སྤྱི་དཔོན་འདི་གི་ཁྱིམ་ནང་ གཏོརམ་བཞེངས་ས་འདི་ནང་འོངམ་ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་དེ་ལསན་ ཟླཝ་བརྒྱད་པའི་ཚེས་གཅིག་ཚེ་ ཏེ་དྲོ་པ་ལས་ ཏེ་ཤོ་རེ་རྐྱབ་ཟེར་ ཏེ་ཁྱལཔ་རེ་རེ་གིས་ཀར་འབྲས་གང་གང་ གང་གང་ གང་གང་བསྐྱལ་ དེ་ལས་ འ་ནཱི་ཕུད་གཏོར་འབད་སྦེ་འབད་བའི་ཤུལ་ལས་ ཏེ་མཇུག་བསྡུཝ་ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་མཇུག་བསྡུ་ཚརཝ་ཅིགན་ ཏེ་ཁྱུང་བདུད་བསྟོདཔ་ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཏེ་ཚེས་གཅིག་གི་ཚེ་རང་ ཨ་ནཱ་ཁོང་གི་ཁྱིམ་གྱི་ཕར་ལས་ ཨ་ཕར་ཕར་མཐའ་མ་ལུ་ ཁྱིམ་གསརཔ་སྦོམ་ཅིག་མིན་ནུག་ག་? ཡར་ལྟག་ལས་ཡར་ལུ།
  • ཟླ་བ་ཚེ་རིང་/Dawa Tshering:
    འདུག་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འ་ནཱི་ནང་གི་ཁྱུང་བདུད་དེ་ཨིན་ཅིག་མིན་ཅིག་ དང་ཕུ་ལས་རོགས་ ཚེས་གཅིག་གི་ཚེ་བབསྟོད་དགོ་ཁོང་གི་འདི།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་བོན་བསྐོར་འདི་མཇུག་བསྡུཝ་ཅིག་ སྔོན་མ་རང་ཁོང་གི་ཁྱུང་བདུད་དེ་བསྟོདཔ་ཨིན།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་དེ་ལས་ང་བཅས་འ་ནཱི་ལཱ་འདི་འབད་སར་འབདཝ་ད་ ཏེ་ཁྱུང་བདུད་བབསྟོད་ས་འབད་རུང་ཡང་ རོགས་གནསཔ་འདི་གིས་ ཏེ་ང་བཅས་ལྷོདཔ་ཅིག་ ཕྱེ་ཕུད་མར་ཕུད་ བསང་དུད་རྐྱབ་ དེ་ལས་ང་བཅས་གཏོརམ་བང་ཁ་གང་བཞེངས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་དེ་ལས་གཏོརམ་འདི་ནང་ལུ་ ཤ་བསླ་བསྲེས་ ལ་ལུ་གིས་ཕག་ཤ་ཤག་སྦེ་བཙུགསཔ་ཨིན་ ལ་ལུ་གིས་མགུ་སྦྲེལ་སྦེ་བཙུགསཔ་ཨིན་ ལ་ལུ་གིས་ ནོར་ཤ་བཙུགསཔ་ཨིན། དེ་ལས་དཀར་མེ་ཕུལ་
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་བསང་གསེར་སྐྱེམས་བཏངམ་ཟེར་ ཏེ་དེ་ལས་འ་ནཱི་གཏོརམ་རྩ་བར་སྡོད་ཏེ་ཚིག་སླབ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    དེ་ལས་ གཏོརམ་ནང་ཐོབ་ཐོབ་ཀྱི་ཚོགས་བཙུགས་དཀར་མེ་ཕུལ་དགོ་ སྤོས་བཏེག་དགོ་ བསང་བཏང་དགོ་ ཏེ་དེ་ལས་ཏེ་འ་ནཱི་ནང་ལུ་ ཏེ་[པད་ཞྭ་བཀལ་ཕྱུག་ཐེངས་གཅིག་?] ཏེ་འ་ནཱ་གི་གདོན་ བཟའ་ཚང་དེ་འཚུབ་ཡོད་པ་ཅིན་ ཏེ་འ་ནཱི་ནང་ལུ་འཐོནམ་ཨིན་ལགས། [པད་ཞྭ་འདི་བཀལཝ་ད་?]
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ཨ་ནཱི་སྦེ་འབདཝ་ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ནཱ་འབད་བ་ཅིན་ ད་ནཱ་དགེ་བསྙེན་ཁ་ལུ་འབདཝ་ད་ལུ་ ཏེ་ཏེ་ནཱ་བོན་བསྐོར་རྐྱབ་པའི་སྲོལ་ཅིག་འདུག་བ་སྨོ་ལགས?
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ད་འ་ནཱི་སྦེ་འབདཝ་ད་ལུ་ ད་བོན་བསྐོར་འདི་ག་དེ་སྦེ་རྐྱབ་སྨོ་ལགས? ད་ཡང་ཅིན་ད་བསྐོར་ཐེངས་འབད་རྐྱབ་ཨིན་ན་ ད་དེ་སྦེ་སོར་ཡི་སོར་ཡི་སྦེ་ རྩ་བོ་སོར་ཡི་སོར་ཡི་སྦེ་འབདཝ་ཨིན་ན། ཏེ་དེ་སྦེ?
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    བོན་བསྐོར་འདི་ ཨ་ནཱི་སྦེ་ཨིན་ལགས། སྤྱི་དཔོན་གྱིས་འབད་ ང་བཅས་ར་གི་སྤྱི་དཔོན་ཟེར་ དང་ཕུ་ལས་ ཏེ་སྤྱི་དཔོན་ཟེར་ རྩ་བོ་ཁྱལཔ་རེ་རེ་རེ་སྤྱི་དཔོན་ཟེར་ ལོ་བསྐོར་རྐྱབ་ཅི་རྐྱབ་ཅི་འབད་ནི་ཡོད་མེན་ན་ལགས?
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་བདག་འཛིན་འདི་ འ་ནཱི་སྤྱི་དཔོན་འདི་གིས་བཟུངམ་ཨིན་ སྤྱི་དཔོན་འདི་ལཱ་འབད་ས་འདི་ཡང་ སྤྱི་དཔོན་འདི་གི་ཁྱིམ་ནང་འབད་དགོ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨུ་འུམ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ད་ལས་ སྤྱི་དཔོན་འདི་གིས་ ཏེ་འ་ནཱི་༢༨ ཀྱི་ཚེ་ལས་ ཏེ་ཁྱིམ་བཤལ་ ཕྱེ་ཕུད་མར་ཕུད་བསྡུ་སྟེ་གིས་ རྩ་བོ་རེ་རེ་ལས་ཕྱེ་ཕུད་ཏ་དོ་དོ་རེ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨུ་འུམ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཨ་ནཱི་སྦེ་གཏོརམ་བཞེངས་ནི་གི་
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འ་ནཱི་སྤྱི་དཔོན་འདི་གིས་བསྡུ་དགོ། ཏེ་དེ་ལས་དཔའ་བོ་འདི་ལྷོད་ དེ་གཏོརམ་འདི་བཞེངས་སྦེ་འབད་བའི་བསྒང་ལས་ གཏོར་གདན་འབག་ཤོ་གཏོར་གདན་འབག་ཤོ་ཟེརཝ་ད་ ཏེ་རེ་ལྡེ་བརྐྱངས་བཞག་སྦེ་ ཏེ་འ་ནཱི་གཏོརམ་བཙུགས་ས་གི་གཏོར་གདན་འབག་ཤོ་ཟེར་སླབ་ད་ ཏེ་ཁྱལཔ་མི་རེ་རེ་གིས་ཀར་བྲེ་གསུམ་གསུམ་གསུམ་གསུམ་འ་ནཱི་ནང་བླུགསཔ་ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་གཏོར་མའི་ནང་གི་ཚོགས་ཤ་ [ཤ་ངག་འདི་?] སྤྱི་དཔོན་འདི་གིས་བཀལཝ་ཨིན།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་ ལགས་སོ་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་དེ་ལས་ཆུམ་འདི་ རྩ་བོ་རེ་རེ་ལས་ཆུམ་བྲེ་ [རྒྱལ་སྲས་ཁ་ལོག?] ལས་དོ་དོ་བསྡུ་ ཨེ་མ་ཡང་འ་ནཱི་སྦེ་ གཉིས་གཉིས་སྦེ་བཟུང་རྐྱབ་བསྡུ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་དེ་ལས་མར་ཡང་ ཁྱལཔ་རེ་ལས་སྲང་ཅུང་གང་གང་གང་གང་གང་གང་སྦེ་ ཏེ་གཉེར་ཚང་འབག་ འ་ནཱི་སྤྱི་དཔོན་འདི་གི་ཁྱིམ་ནང་སྦེ་ཆུམ་འཇལ་ དེམ་མར་འཇལ་འབད་སྦེ་ ཏེ་ཆ་མཉམ་རང་འ་ནཱི་སྦེ་འབག་འོང་སྦེ་འཇལ་དགོ་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་ ཏེ་ད་ཨ་མ་གིས་ དེ་བཟུམ་སྦེ་འབདཝ་ད་ དཔེར་ན་ལུ་ང་བཅས་ཀྱི་ ཏེ་ད་ཨ་ལོ་དེ་ཚུ་ མར་བལྟ་སྦེ་འབདཝ་ད་ལུ་ མགུ་གཏད་སྦེ་འབད་ནི་འདུག་བ་སྨོ་ལགས?
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཨིན།
  • ཟླ་བ་ཚེ་རིང་/Dawa Tshering:
    འ་ནཱི་བཟུམ་ཡང་འབད་ནི་ཡོདཔ་ཨིན་ལགས་ ག་དེ་སྦེ་སྨོ་ལགས?
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཨ་ལོ་ [མ་དརཝ་འབདཝ་ད་འདི་?] ཏེ་ང་བཅས་ཀྱིས་ཨ་ནཱི་སྦེ་མགུ་བཅོལ་འབད་ནི་མེད་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨིན་ན?
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འབད་ནི་མེད་ལགས། ཏེ་ང་བཅས་ཨ་ནཱི་འཚུབ་དྲགས་ཡོད་པ་ཅིན་ གདོན་འདི་ར་ རྐྱངམ་ཅིག
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་དེ་ལས་ཨ་ནཱི་དམངས་ཀྱི་ལཱ་འདི་འབདཝ་ད་ ཏེ་ང་བཅས་ར་གི་ཕོ་ལྷ་ཡུལ་ལྷ་ཁྲོས་བས་ག་མ་ཁྲོས་བས་ག་
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་ཕོ་ལྷ་ཡུལ་ལྷ་ལུ་གསོལཝ་བཏབ་ཏེ་ ཕོ་ལྷ་ཡུལ་ལྷ་ཁྲོས་ག་མ་ཁྲོས་བལྟ་ནི་ཅིག
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་དེ་ལས་ འ་ནཱི་ཚོགས་ཁ་གི་གདོན་འདི་ ཏེ་འ་ནཱི་དམངས་ཀྱི་དམངས་མོ་འདི་བཏབ་ད་ལུ་ ཏེ་གོ་རིམ་སྦེ་འཐོན་འོང་རང་རང་ས་གི་ཁྱིམ་ནང་གི་མི་གི་ལོ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཁྱལ་སྒོ་ཁས་ལས་ཀྱི་གདོན་འདི།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་ནང་ཕུད་མ་བླུགསན་མ་ཤེས་བླུགས་ཚད་ཅིགཔ་གདོན་འདི་ ཏེ་འ་ནཱི་ནང་འཐོནམ་ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འ་ནཱི་འཐོན་པའི་བསྒང་ལསན་ ཏེ་ང་བཅས་དངོས་ཅན་ལུ་དངོས་མེད་འཛུལ་ཏེ་སྨོ? ང་བཅས་ར་གིས་ཡང་མི་ཤེས།
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ་ལགས། ཏེ་དེ་ལས་ ཏེ་ཨ་ནཱི་སྦེ་འབདཝ་ད་ལུ་ད་ ད་ནཱ་ཨ་མ་གིས་ ད་ནཱ་རྣལ་འབྱོརམ་ཅིག་སྦེ་འབདཝ་ད་ ཏེ་ལྷ་འདི་ཚུ་གསོལ་འབདཝ་ལུ་ དེ་ནང་ལུ་མི་འབད་བ་ཅིན་ ཏེ་ཁྱིམ་ཚང་གདངས་ར་འདི་ཚུ་འོངམ་ཨིན་ན་ ཡང་ཅིན་ རང་གི་སྤུན་སྤུན་ཆ་ཚུ་འོང་སྦེ་ ཏེ་ཨ་ནཱི་སྦེ་འབདཝ་ཨིན་ན་ ཏེ་ག་དེ་སྦེ་སྨོ་ལགས?
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འདི་ཏེ་རོགས་ རང་རང་ས་ར་ཁྱིམ་བསྐོར་བསགས་བསགསཔ་གི་ལོ་རེ་ཆད་ར་ དུས་དང་ཕུ་བསྒང་ལས་འབད་འབད་བའི་ལཱ་འབདཝ་ད་ཏེ་རོགས་ བཟའ་ཚང་གི་ ལ་ལུ་ཕྱི་རུ་ཞག་སྡོད་དགོ
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    དྲོ་པ་རྟེན་གཟུགས་བཙུགས་དགོ་པས་ ཁྱུད་བདུད་ནང་ལུ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་རྟེན་གཟུགས་བཙུགས་དགོ་མི་ཚུ་ ཏེ་ཕྱི་རུ་ལས་ ཕྱི་རུ་ནམ་མ་བསྲོཔ་ལས་གཏོརམ་བཞེངས་བཞག
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ནུབ་མོ་ལྟོ་ཟ་སྡོད་ ཏེ་དེ་ལས་ འདི་གི་ནངས་པར་དྲོ་པ་ ཏེ་གཏོརམ་འདི་ མ་བཤགསཔ་ལས་ ཏེ་གླང་རྟེན་གཟུགས་བཙུགསཔ་ཟེར་ སྒོ་ཁ་ལུ་རོགས་གླང་ཆུ་བཤལ་ བསང་བདུག་ སྒལ་ཏོ་གུ་དར་བཀབ་འབད་སྦེ་ ཏེ་དེ་ལསན་ཕྱི་རུ་ང་བཅས་གུ་བཀལ་མི་པད་ཞྭ་འདི་ གླང་འདི་གུ་བཀལ་ ཏེ་དེ་ལས་གསེར་སྐྱེམ་འདི་གཏོར་འབད་སྦེ་ ཏེ་ལོག་ལྷོདཔ་ཅིགན་ ཏེ་དེ་ལས་གཏོརམ་འདི་ ཏེ་གཏོརམ་བཤགསཔ་ཟེར་ གཏོརམ་འདིའི་རྩ་བར་ཚིག་ཅིག་སླབ་སྦེ་འབད་བའི་ཤུལ་ལསན་ ཏེ་གནས་པའི་གཏོརམ་ཟེར་ ཁྱིམ་སྲུངཔ་ ཏེ་འ་ནཱི་གཏོརམ་འདི་འ་ནཱི་སྦེ་ ཁ་རུབ་ཏེ་ གནས་པའི་གཏོརམ་ ཁྱིམ་སྲུངཔ་འདི་ ཕུད་རྡོག་གཅིགཔ་འདི་
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ན་ཧིང་ག་བཀལ་ས་ནང་ལུ་ ཁྱིམ་ནང་རང་བཀལཝ་ཨིན།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འདི་ཡང་ འ་ནཱ་བཟའ་ཚང་ཡོད་ཚད་ཅིགཔ་གི་གདོན་འཐོན་འོང་ ཏེ་སྟོདམོ་བལྟ་མི་འདི་འདི་ཏེ་འོངམ་ཨིན་ གདངས་རས་ཁྱིམ་མཚེས་ག་ར།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་ ཏེ་ནཱ་འབདཝ་ད་ལུ་ ད་ག་ར་ནཱ་ཨ་མ་གིས་འབདཝ་ཨིན་ན་ལགས?
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ནཱ་གཡུས་ཚན་གཅིག་ག་ར་
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཨོང་ལགས་ ནཱ་གི་གཡུས་ཚན་གཅིག་གིས་མི་དོ་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཡར་མཚོ་བསྟོད་ཁ་ལུང་ཡང་ཁྱུང་བདུད་བསྟོདཔ་ཟེར་འབད་ནི་ཡོད། འ་ནཱི་ཡང་ང་གིས་བསྟོདཔ་ཨིན་ལགས། ཏེ་དེ་ལས་ ད་ད་རེས་དགེ་བསྙེན་པའི་ཁྱུང་བདུད་དེ་ ཁ་ཙ་ལས་མཇུག་བསྡུ་ཡི་ལགས་ ཁ་ཉིནམ་ཕྱི་རུ་ལས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཡར་ང་ཨ་ནཱི་སྒྲུབ་ཆེན་འདི་གིས་ སྒྲུབ་ཆེན་་གྲོལཝ་ཅིགན་ ཨ་ཕར་བཟང་ལེགས་ཁ་ཟེར་མི་འདི་ནང་ གཡུས་ཚན་འདི་ནང་ལུ་ ཏེ་ཨ་ཕི་ནང་གི་ཁྱུང་བདུད་བབསྟོད་པར་འགྱོཝ་ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ལེན་པར་འཐོན་འོང་བ་ ཁོང་ར་གིས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཅ་ལ་ལེན་པར།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་སྦེ་འགྱོ་བའི་བསྒང་ལས་ ཕར་ལུ་ ལ་ལུ་ཉིན་མ་བསྟོད་དགོ་ ལ་ལུ་ཕྱི་རུ་བསྟོད་དགོཔ་སྦེ་ཡོདཔ་ཨིན། ཏེ་ནཱ་ལས་ཕར་འགྱོ་བའི་ཚེ་འདི་ ཉི་མ་ལྟོ་ཟ་འགྱོ་ ཕྱི་རུ་གཅིག་གི་བསྟོད་ འདི་གི་ནངས་པར་དྲོ་པ་ཉི་མ་གཅིག་གི་ནང་ ཕྱི་རུ་ཞག་སྡོད་དགོ་མི་གཅིག་གི་ནང་ ད་རུང་ཡང་འདི་གི་གནངས་ཚེ་ དྲོ་པ་གཅིག་གི་ནང་
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཕྱི་རུ་ཞག་སྡོད་དགོ་མི་གཅིག་གི་ནང་ འབད་བའི་ཤུལ་ལས་ ཏེ་མཇུག་བསྡུཝ་ཨིན་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    དེ་ལས་འ་ནཱི་ཚུ་མཇུག་བསྡུ་ཚརཝ་ཅིག་ མར་ཨ་མར་ཝང་བར་མ་ལས་མར་འགྱོཝ་ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཨ་མར་ཨ་མར་ཆུ་ཕ་ཀི་ལོག་ལས་མར་ཁྱིམ་ཐར་ཐོར་སྦེ་འདུག་ག་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    འདུག་ལགས།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འ་ནཱི་ཚུ་གི་ནང་ལས་མར་ལུ་ རེ་ཚེ་ཚུ་ཀི་ལོགས་ ཕ་ཀི་ལོགས་སྦེ་ ཨ་མི་ནང་ལས་མར་ཞག་གསུམ་འགོར་འོང་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཏེ་དེ་ལས་ཨ་ནཱ་སྣུམ་འཁོར་ལམ་ཡོད་སར་ཝང་བར་མ་ཟེར་མི་ནང་ལུ་ ཁྱལཔ་གསུམ་ཡོད།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འ་ནཱི་ནང་ལུ་ཞག་གཅིག་ ཉིམ་གཅིག་གི་ལཱ་ཡོད།
  • ཟླ་བ་ཚེ་རིང་/Dawa Tshering:
    སྤ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འ་ནེམ་ཅིག་འབདཝ་ཨིན། ཏེ་དེ་ལས་ མར་ཨ་མར་སྤུངས་གཞི་ ཟེར་མི་ནང་གི་དང་ཞག་ལས་འབད་ཚར་ཡི།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཨ་མར་སྤུངས་གཞི་ལུ་ཡང་ ཁོང་རྩ་བོ་གསུམ་ཁྱུང་བདུད་བསྟོདཔ་ཟེར་འབདཝ་ཨིན་ རྩ་བོ་གཅིག་མཁའ་འགྲོ་གསོལཝ་ཟེར་ ཏེ་མ་པ་འབད་ཐངས་ཅོག་ར་ཅིག
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ཨ་ནཱི་ལྷ་གི་མིང་ མ་གཅིགཔ་ཙམ་ཅིག་ར་ཨིན། ཏེ་ལ་ལུ་ཁྱུང་བདུད་བསྟོདཔ་ཟེར་ ལ་ལུ་མཁའ་འགྲོ་གསོལཝ་ཟེར།
  • ཟླ་བ་ཚེ་རིང་/Dawa Tshering:
    ཏེ་མ་པ་མཁའ་འགྲོམ་གསོལཝ་ད་དང་ ད་ཁྱུང་བདུད་འ་ནཱི་ཁྱུང་བདུད་དེ་འབདཝ་ད་ལུ་ ཏེ་འབད་ཐངས་འདི་ཅོག་ར་ཅིགཔ་ཨིན་ན?
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འབད་ཐངས་ཡང་ཅོག་ར་འཐད་ གཏོར་མའི་གྱངས་ཁ་ཡང་འདྲན་འདྲ་ར་ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འབད་ལུགས་ཡང་ཅོག་ར་གཅིག
  • ཟླ་བ་ཚེ་རིང་/Dawa Tshering:
    ཚོགས་བཅད་ཐངས་ག་ར་ ཚིག་འདི་ཚུ་ཡང་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཨོང་ཚོགས་བཅད་ཐངས་ ཚིག་ཚིག་འདི་ཚུ་ཡང་ཆ་མཉམ་ཅོག་ར་འཐདཔ་སྦེ་ར་འབད་དགོ་ལགས། ཏེ་དེ་ལས་མཁའ་འགྲོམ་ ལ་ལུ་ཏེ་འ་ནཱི་པད་ཞྭ་བཀལ་ [ཕྱུག་མི་?] གཅིག་ཡང་ཡོད།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཡར་ལོངམ་ད་པད་ཞྭ་བཀལ་མི་ཅིག་ ཏེ་ལ་ལུ་ཨ་ནཱི་ང་བཅས་ཀྱི་ཆང་ཕུད་རྡེགས་ས་གི་མར་ཆང་ཕོརཔ་ཆུང་ཟེར་མི་ཅིག་ཡང་ཡོད་བ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ལ་ལུ་ཨ་ནཱི་མར་ཆང་བཀལ་[ཕྱུག་?]དགོ་མི་ཅིག་ཡང་ཡོད།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    མཁའ་འགྲོམ་འདི།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་དེ་ལས་ ལ་ལུ་མཁའ་འགྲོམ་གསོལཝ་ཟེརཝ་ད་ [ལོང་ཕྱུག་?] མི་དགོ་པར་ ཅ་ལ་འདི་ཏེ་ཡར་ [ལོང་?] ནི་གི་ཅ་ལ་བཟུམ་སྦེ་ར་གཏོར མའི་གྱངས་ཁ་ ཚོགས་བཙུགས་ཐངས་ ཅོག་ར་འཐདཔ་སྦེ་ ཅ་ལ་སྒྲིག་པའི་ཤུལ་ལས་ ཏེ་འ་ནཱི་རྩ་བ་ལུ་ཏེ་ གཏོརམ་འ་ནཱི་རྩ་བར་སྡོད་དེ་ཚིག་འདི་ ག་ར་ཚངམ་སྦེ་སླབ་འབད་སྦེ་ ཏེ་ཚོགས་བཙུགས་སྦེ་བཞག་མི་ཅིག་ཡང་ཡོད་ མཁའ་འགྲོམ་འདི།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    འ་ནཱི་སྦེ་ཨིན་ལགས། ཏེ་ཁྱུང་བདུད་དེ་ ཏེ་ག་ཏེ་རང་འབད་རུང་ པད་ཞྭ་བཀལ་ [ཕྱུག་ཐེངས་ཅིག་?] རྐྱབ་ར་རྐྱབ་དགོ་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་ ལགས་སོ་ལགས། ཏེ་ད་ནཱ་དགེ་བསྙེན་ཁ་གསོལ་མི་གི་ཁྱུང་བདུད་དེ་དང་ ང་བཅས་ཧཱ་ལུ་ཡང་ད་རུང་ཁྱུང་བདུད་ཅིག་འདུག་བ་སྨོ་ལགས?
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ད་འ་ནཱི་འབདཝ་ད་ འདི་གི་ཁྱད་པར་ཡོདཔ་ཨིན་ན་ལགས?
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཁྱད་པར་མེད་ལགས། ཏེ་ཅོག་ར་གཅིགཔ་སྦེ་ ཏེ་ཁྱུང་བདུད་ཀྱི་ རྒྱུད་རྒྱུད་རང་ཏེ་ ཁྱུང་བདུད་དེ་ངོ་མ་ར་འབད་བ་ཅིན་ ཏེ་རོགས་ ཁྱུང་བདུད་ཀྱི་གནས་ཁང་འདི་ཧཱ་ཨིན་པས་མེན་ན་ཏེ་ལགས་ ཁྱུང་བདུད་ཀྱི་གནས་ཁང་འདི་ར་ཧཱ་ ཏེ་འ་ནཱི་ཚུ་ཏེ་ང་བཅས་ཚིག་ནང་ར་ཡོད་བ་ཏེ་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཁྱུང་བདུད་འདི་ ཏེ་གངས་ཆེན་བོད་ལས་བྱོན་ཏེ་གིས། བོད་གངས་ ང་བཅས་ཀྱི་ཨ་ནཱི་ ང་བཅས་ཡར་ལོང་ [ཕྱུགཔ་ད་?] ཚིག་ནང་ར་ཡོད་ ཁྱུང་བདུད་ཞུ་དགོ་བ་ཏེ་ང་བཅས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཡར་ལོང་པའི་བསྒང་ལས། ཏེ་དང་པ་རང་གི་ལྷ་ཚོགས་ཞུ་ རང་གི་ལྷ་ཚོགས་ཚུ་ག་ར་ཞུ་ཚརཝ་ད་ ཏེ་དེ་ལས་རོགས་ཁྱུང་བདུད་འབྱོན་འོང་བ་ཏེ་ ཏེ་ཁྱུང་བདུད་འདི་ཏེ་དང་པ་ར་ འཁྲུངས་དགོ་པས་སྐུ་འཁྲུངས་དགོ་པས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    སྲུང་གཏང་དོ་བཟུམ་སྦེ་ དང་པ་ར་ཏེ་ ཁོ་སྐུ་འཁྲུངས་པའི་བསྒང་ལུ་ ཡར་ནམ་མཁའ་འདི་ ཏེ་འོད་ཀྱིས་གང་ མར་སྤང་ནང་ལུ་ ཕར་སྤང་ནང་འདི་ ཏེ་མེ་ཏོག་གིས་གང་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    དེ་ལསན་ མར་ཕྱི་རུ་འབད་བའི་བསྒང་ལས་ མར་ལྡུམ་རའི་ནང་ལུ་གསེར་ཤོག་མེ་ཏོག་གིས་གང་ཟེར་ དེ་ལས་ཏེ་ཁྱུང་བདུད་ཀྱི་ཡབ་དང་ཡུམ་འདི་ ཡབ་མཚན་ལྡན་བའོ་གྲོད་ལོད་ཡབ་ཟེར་ ཡུམ་ཆུང་སི་བུ་ཁྲིད་གྲོ་ལོད་ཡུམ་ཟེར་ དཀར་ལ་ཡུང་དཀར་གྲོ་ལོད་སྲས་ཟེར་ ཚིག་ནང་ར་འ་ནཱི་སྦེ་ཡོད་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་སྐུ་འཁྲུངས་པ་རྡོ་རྗེ་གདན་ལས་འཁྲུངས་ཟེར་ ཁྱུང་བདུད་དེ་འཁྲུངས་ས་མཇུག་འདི་ར་རྡོ་རྗེ་གདན་ལུ་ཨིན་མས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ས་གོམ་པ་གཅིག་འཐུ་གཉིས་འཐུ་ཟེར་ ཏེ་ང་བཅས་ཀྱི་ཨ་ནཱི་འགོམ་ནི་གི་གྱངས་ཁ་ཨིན་མས་ལགས། ས་གོམ་པ་གཅིག་འཐུ་གཉིས་འཐུ་ཟེར་མང་འདི། ཏེ་འ་ནཱི་འབད་བའི་བསྒང་ལས་གངས་ཆེན་བོད་ལུ་འབྱོནམ་མས་ལགས། ཏེ་ཁོ་གངས་ཆེན་བོད་ལུ་འབྱོན་པའི་བསྒང་ལས་ ཏེ་ས་གོམ་པ་གཅིག་འཐུ་གཉིས་འཐུ། །འབྱོན་པ་གངས་ཆེན་བོད་ལུ་འབྱོན་ཟེར། །
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    དེ་ལས་བཞུགས་ཆས་བོད་ཀྱི་རྒྱལ་པོས་འཚལ། །གསོལ་མཆོད་བོད་ཀྱི་རྒྱལ་པོས་དྲངས་ཟེར།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ཨ་ཡི་ནང་ལུ་གསོལ་མཆོད་ཡང་བོད་ཀྱི་རྒྱལ་པོས་དྲངས་ བཞུགས་ཆས་ཡང་འདི་ཚུ་གིས་འཚལ་ ཏེ་དེ་ལས་ཨ་ཡི་ནང་ལས་ལོགཔ་ད་ ཏེ་ལྷ་ས་འབྱོན་མས་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ས་གོམ་པ་ཅིག་འཐུ་གཉིས་འཐུ། །འབྱོན་པ་ཕག་རི་ཐང་ལས་འབྱོན། །བསྐོར་ར་གཡས་བསྐོར་རྐྱབ་ཚེ་ལྷ་སའི་གཞུང་ཟེར། གཡོན་བསྐོར་རྐྱབ་ཚེ་ལྷ་སའི་གཞུང་ཟེར།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    གསོལ་མཆོད་ལྷ་ས་ཇོ་བོར་དྲངས་ཟེར་ ང་བཅས་ཚིག་ནང་ལུ་ཨ་ནཱི་སྦེ་སླབ་ནི་ཡོད་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་དེ་ལས་ཨ་ཡི་ལས་མར་འབད་བའི་ཤུལ་ལས་ ཏེ་ས་གོམ་པ་གཅིག་འཐུ་གཉིས་འཐུ། །ཟེར་བའི་བསྒང་ལས་ ཏེ་དེ་ལས་རྟེན་གཟུགས་བཙུགསཔ་མས། ཏེ་འ་ནཱི་རྟེན་གཟུགས་བཙུགས་དགོ་མི་འདི་ རྒྱུ་འདི་འ་ནཱི་ཨིན་མས་ལགས། ཏེ་དེལས་ཁྱུང་བདུད་དེ་ ཏེ་བྱ་ཅུང་དཀར་ཅུང་རྟེན་གཟུགས་བཙུགས། །ཟེར་ འབུལ་ཤ་ལྡན་པའི་མཆོད་པ་བཞེས། །ཟེར་ གླང་གསར་དཔལ་འཛོམས་རྟེན་གཟུགས་བཙུགས། །ཟེར་ རོ་གསར་ལེགས་པའི་མཆོད་པ་བཞེས། །ཟེར་
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    གྱི་རིང་གྱི་ཅུང་རྟེན་གཟུགས་བཙུགས། །གྱི་མོ་ལེགས་པའི་མཆོད་པ་བཞེས། །ཟེར་ དགྲ་ལི་དགྲ་ཆས་རྟེན་གཟུགས་བཙུགས། །དགྲ་མོ་ལེགས་པའི་མཆོད་པ་བཞེས། །དར་དང་གོས་ཆེན་རྟེན་གཟུགས་བཙུགས། །གོས་ཆེན་ལེགས་པའི་མཆོད་པ་བཞེས། །ཨ་ད་ཁ་དམར་རྟེན་གཟུགས་བཙུགས། །ཁ་མཐོ་ལྡན་པའི་མཆོད་པ་བཞེས། །ཟེར་
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་དེ་ལས་ ཏེ་སྲིངམོ་འདི་གིས་སྒོརཝ་མས་ཡར་ལུ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་སྲིངམོ་འདི་གིས་ཡར་སྒོར་ ཏེ་ཁྱུང་བདུད་དེ་གིས་ཁོ་དུས་སྐལ་མར་གི་ལྷོ་མོན་གཡུས་ཁ་ཨིན། ཟེར་མར་དཔའ་བོ་མས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་སྲིངམོ་འདི་གིས་ཡང་ ཨ་ཅོ་འབྲུག་པའི་མི་ལུ་དམ་ཚིག་མེད་ཟེར་ འབྲུག་པའི་མི་ལུ་འབྱུང་ཁུངས་མེད་ཟེར་
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    རང་ཡུལ་བཞུགསན་རྒྱལཔོ་ཨིན་ཟེར་ གནས་ཆེན་བདུན་གྱི་ན་གཟུགས་ཟེར་ རང་ཡུལ་བཞུགསན་རྒྱལཔོ་ཨིན། མི་ཡུལ་འབྱོན་སྤྲངམ་ཨིན་ཟེར་
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་སྒོརཝ་མས། ཏེ་དེ་ལས་ ཏེ་ཁྱུང་བདུད་དེ་གིས་ ཁོ་དུས་སྐལ་ལྷོ་མོ་ཁ་བཞི་ཨིན་ཟེར་
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་ཁོ་ནཱ་ང་བཅས་ལྷོ་ལུ་འབྱོན་ནི་འབད། ཏེ་སྒོར་མི་ཐུབ་པ་ ནཱ་ང་བཅས་ལྷོ་ལུ་འབྱོནམ་མས། ཁྱུང་བདུད་དེ་ ཡར་ལས་མར་སྦེ་ ནཱ་ང་བཅས་ལྷོ་ལུ། ཏེ་འ་ནཱི་སྦེ་འབྱོན་པའི་བསྒང་ལས་ ཏེ་འབྱོན་པ་དཔལ་མོ་ལ་ལས་འབྱོན། །ཁ་ཆེ་བུ་ཡི་གཉིས་ཀྱི་མཆོད་པ་བཞེས། །ཟེར་
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    དེ་ལས་ཨ་ཅོ་འབྱོན་པ་ཧ་ལ་བྱིཝ་ལ་ལས་འབྱོན། ལབ་རྩ་རྐང་བུ་གཉིས་ཀྱི་མཆོད་པ་བཞེས། ཟེར་
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ང་བཅས་ཚིག་ནང་ འ་ནཱི་སྦེ་ཡོད་ལགས་ཁྱུང་བདུད་དེ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    མགོ་ལས་མཇུག་ལྟ་ཞུཝ་ད།
  • ཟླ་བ་ཚེ་རིང་/Dawa Tshering:
    སྤ་་་་་ ཏེ་སྨོ་ལགས་ ད་འ་ནཱི་བཟུམ་ལྷ་གསོལ་འབདཝ་ད་ལུ་ ད་ང་བཅས་ཀྱི་ ཏེ་ང་བཅས་ཀྱི་ དཔེར་ན་ལུ་ ཆོ་གུ་བཏང་དོ་མཟུམ་སྦེ་ར་ ད་འ་ནཱི་བཟུམ་སྦེ་ ད་གཟའ་སྐར་ཅིག་ཡང་བལྟ་ནི་ཡོདཔ་ཨིན་ན་ལགས? གཟའ་སྐར་འདི་ག་དེ?
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    གཟའ་འདི་བལྟ་དགོ་ལགས། འ་ནཱི་ཁྱུང་བདུད་དེ་བསྟོདཔ་ད་ཡང་ ཏེ་ང་བཅས་ཆོ་གུ་དང་འདི་ཏེ་ བླམ་དཀོན་མཆོག་འདྲན་འདྲ་ཅོག་ར་འཐད་པས་བ་ཏེ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་ཁྱུང་བདུད་འདི་ཟེར་སླབ་རུང་ ལྷ་ཟེར་སླ་རུང་ ཏེ་མ་པ་རང་གི་བླམ་དཀོན་མཆོག་རང་ཨིན་མས་ཏེ།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨིན་མས་ཏེ།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ལྷ་འདི་ཡང་ཏེ་ དགའན་དཀར་པོའི་ལྷ་ཟེར་ མ་དགའན་ནག་པོའི་བདུད་ཟེར་ མ་དགའན་རང་སྲོག་ཡང་འདི་གིས་གཅོདཔ་མས། ཐུགས་གྱེས་པ་ཅིན་ ཏེ་བླམ་དཀོན་མཆོག་དང་འདི་ཅོག་རང་འཐད་པས། འ་ནཱི་འབད་ནི་འདི་གིས་ ཏེ་གཟའ་སྤེནམ་མི་བཏུབ་ ཉིམ་མི་བཏུབ་
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་གཟའ་མིག་དམར་འདི་མི་བཏུབ་ དགྲ་གཟའ་ཨིན་ཟེར་ ཏེ་དེ་ལས་ཨ་ནཱི་ལས་འབྱིད་པ་ཅིན་ ཏེ་འབདཝ་ཨིན་ལགས། གཟའ་འདི་འ་ནཱིམ་ཅིག་བལྟཝ་ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ཨེའེ་་་་་།
  • རྣལ་འབྱོརམ་ཚེ་རིང་ལྷ་མོ་/ Nyeljom Tshering Lham:
    ཏེ་འ་ནཱི་སྦེ་ཨིན་ལགས།
  • ཟླ་བ་ཚེ་རིང་/Dawa Tshering:
    ལགས་སོ་ལགས།། །།