Skip to main content Skip to search
28 Jun 2018
5 min 23 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ལགས་སོ་ ད་ཨ་ནཱི་ ལྷ་ཁང་གི་སྐོར་ལས་འབད་བ་ཅིན་ དང་ཕུའི་ལྷ་ཁང་ནམ་བཞེངས་ཡི་ག་ ང་བཅས་ཀྱིས་ཡང་ཤེས་མི་ཚུགས་པས་ ད་ནཱ་སློབ་དཔོན་གྱིས་དེ་སྦེ་གསུངསམ་ད་ ད་ང་བཅས་ཀྱིས་འབད་བ་ཅིན་ ཨ་ནཱི་ལྷ་ཁང་ངང་ལ་གི་ལྷ་ཁང་ཨིན།
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ངང་ལ་ལྷ་ཁང་འབདཝ་ད་ ངང་ལ་ལྷ་ཁང་ནང་ གཙོ་བོ་འབད་བ་ཅིན་གུ་རུ་ཡོད་ རྟེན་འབད་བ་ཅིན་ལགས་ གུ་རུ་འབདཝ་ད་ གཙོ་བོ་གུ་རུ་ཨིན་ དེ་ལས་ང་བཅས་ཀྱིས་ ལྷ་ཁང་ནམ་བཞེངས་བཞེངསམ་ཨིན་ན་ རྟེན་ཉམས་གསོ་ནམ་ལས་ཞུ་ཞུཝ་ཨིན་ན་ ག་ཅི་ལོ་ རྟེན་ཡར་ལས་ ཞུ་ཞུཝ་མེན་པས་ ནཱ་ལུ་བྱོན་ཏེ་ དང་ཕུའི་ཕམ་ཚུ་གིས་ བཞེངས་བཞེངསམ་ཨིན་ཟེར་ འཇིམ་བཟོ་བ་ནཱ་ལུ་བྱོན་ཏེ་ བཞེངས་བཞེངསམ་ཨིན་ཟེར་ གསུངས་མས་ཟེར་ལགས།
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    དེ་ལས་ ང་ནཱ་འོང་སྟེ་ ངང་ལ་ཀྲོང་གི་དཀོན་གཉེར་འབད་དེ་ ང་རའི་ཁས་བླངས་འབད་དེ་འོང་འོངམ་ཡང་མེན་ རོགས་དམངས་ཀྱིས་ མི་སེར་དམངས་ཀྱིས་ ཚོགས་པ་ རྒཔོ་ མི་སེར་ཚུ་གིས་ འཐུ་སྟེ་ང་ནཱ་ལུ་ དཀོན་གཉེར་འབད་འོང་འོངམ་ཨིན་ལགས།
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ད་སང་ཕོད་ལས་ཡར་ ལོ་གསུམ་ལུ་དཔག་དོ་ལགས་ ལོ་གསུམ་དཔག་ཞིནམ་ལས་ད་ དཀོན་གཉེར་ལུ་འབད་བ་ཅིན་ དཀོན་གཉེར་ལུ་ཡང་ན་དམངས་ཀྱི་ འཐུས་འབད་མེད་ ཡང་ན་ གཞུང་གི་འཐུས་མེད་ འཐུས་མེད་རུང་ང་ར་གིས་ དད་པ་དང་མོས་གུས་བསྐྱེད་དེ་ ཕྱག་ཞུ་སྟེ་ནཱ་ལུ་སྡོདཔ་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ལོ་གྲངས་འབད་བ་ཅིན་ ག་དེམ་ཅི་ ད་ལོ་ངོ་གསུམ་པོ་འདི་ ག་དེ་སྦེ་ ཕྱག་ཞུ་དགོཔ་འབད་དེ་ཡོདཔ་ཨིན་ན་ལགས་ ཨིན་ཅི་མིན་ཅི་ དེ་ལས་ ལོ་གྲངས་གསུམ་ཚང་སྟེ་ ཁྱོད་ར་གིས་ད་རུང་ ཨ་་་ད་རུང་འདི་ལས་ཡང་འཕྲོ་མཐུད་དེ་ ད་རུང་ དཀོན་གཉེར་འབད་བཞུགས་རུང་བཏུབ་ཟེར་དོ་བཟུམ་ ད་ལྟོ་ང་ར་གིས་ དེ་སྦེ་ཧ་གོ་ཡི་སྦ་ འདི་ག་དེ་སྦེ་སྨོ་ལགས?
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    མ་པ་འདི་གི་ཐད་ལུ་ལྷོདཔ་ད་ ལོ་གྲངས་འབད་དེ་ དཀོན་གཉེར་འབད་སྡོད་ནི་གི་དུས་ཡུན་འབད་བ་ཅིན་ མ་པ་དམངས་ཀྱི་འབད་བ་ཅིན་ ད་ལོག་སྟེ་ང་གྲོལ་ཏེ་འགྱོ་བ་ཅིན་ དམངས་ཀྱིས་རང་འཐུ་དགོ་ དེ་ལས་ང་ནཱ་སྡོད་ནི་ཨིན་ཟེར་བ་ཅིན་ ང་ར་གིས་རང་ སྡོད་ནི་གི་རེ་འདོད་ང་ར་གིས་བསྐྱེད་དགོ་པས་སྦ་ དེ་ལས་ ང་ཐོན་འགྱོ་ནི་ཨིན་ཟེར་བ་ཅིན་ ཞུ་ཚིག་མར་རྒེད་འོག་ལུ་ཕུལ་འབད་ཞིནམ་ལས་ དེ་ལས་ ཐོན་འགྱོ་ནི་གི་ཞུ་ཚིག་ང་ར་གིས་ ཕུལ་དགོ་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་མ་པ་ད་ ལོ་ངོ་གསུམ་རང་མ་བཞུགས་རུང་ ད་ནཱ་གིས་ཕྱག་མ་ཞུ་རུང་བཏུབ་དོ་མས་སྨོ?
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    མ་པ་ཨིན་ལགས་ སྟབས་ག་དེ་སྦེ་བདེཝ་ཅིག་ཨིན་ལགས་ ང་རའི་ལྕོགས་གྲུབ་དང་འཁྲིལ་ཏེ་ དེ་ལས་ ང་རའི་དད་པ་དང་འཁྲིལ་ཏེ་ མོས་གུས་དང་འཁྲིལ་ཏེ་འབད་བ་ཅིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་དེམ་ཅིག་སོང་ཡི་གོ་ད་ལོ་ངོ་ད?
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    ང་ནཱ་ཐོན་ཏེ་ ད་ལོ་གཉིས་དང་ ཟླཝ་བདུན་དེམ་ཅིག་སོང་ཡི་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་ད་ ནཱ་གི་ད་ སྐུ་རྟེན་འབད་བ་ཅིན་ད་ གཙོ་བོ་གུ་རུ་ཨིན་པས་སྨོ་ལགས?
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    གཙོ་བོ་གུ་རུ་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    གཞན་ད་རུང་ག་ཅི་དང་ག་ཅི་ར་ཡོད་གོ་ལགས?
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    གཞན་ཟེར་ ག་ནི་ཡང་མེད་ལགས་ མ་པ་གཙོ་བོ་གུ་རུ་ཨིན་ གཡས་ཡེ་ཤེས་མཚོ་རྒྱལ་ཡོད་ གཡོན་མན་ད་ར་བ་ཡོད་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ།
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    དེ་ལས་ གཡས་རྟ་མགྲིན་ ཕྱག་ན་རྡོ་རྗེ་ དེ་ལས་ བཅུ་གཅིག་ཞལ་ སངས་རྒྱས་སྟོན་པ་ འ་ནེ་ཅིག་ཡོད་ལགས་ གཞན་ག་ནི་ཡང་མེད་ ཞབས་དྲུང་ འ་ནེ་ཅིག་སྦེ་ཡོད་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་ནཱ་གི་ལྡེབས་རིས་ཅིག་ཡང་འདུག་སྦ་སྨོ་ལགས་ ལྡེབས་རིས་འབད་བ་ཅིན་ནཱ་ཧ་ལམ་ ཉམས་གཙོ་ཞུ་ནི་གི་ཨིན་པས་ལགས་ ད་འདི་གི་སྐོར་ལས་ མདོར་བསྡུས་ཅིག་འབད་དེ་གསུངས་གནང་།
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    མ་པ་ལྡེབས་རིས་ཀྱི་ཐད་ལུ་ལྷོདཔ་ད་ ད་ལྡེབས་རིས་འདི་ རོགས་མ་པ་ཧེ་མ་ལྷ་ཁང་ཉམས་བཅོས་འབད་བའི་སྐབས་ལུ་ ལྡེབས་རིས་ཧེ་མ་རྙིངམ་སྡོད་ཅི་ རྙིངམ་ཡོད་མི་འདི་ ད་ལྟོ་ཨ་ནཱ་ཡོད་ དེ་ལས་ གསརཔ་འདིནི་ལྷོད་མ་ཚུགས་ ལྡིབས་རིས་འདི་འབད་བ་ཅིན་ ཡར་ལས་གསརཔ་ལྷོད་ནི་གི་ནེམ་ འཆར་གཞི་ཅིག་ཡོད་ཟེར་ ཞུ་ནི་ལགས།
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    མགོན་ཁང་འབད་བ་ཅིན་ ཨ་ནཱི་སྒོན་ཐེ་ལས་ཡར་མགོན་ཁང་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    འ་ནཱི་གིས་འབད་ད་་
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    མགོན་ཁང་སོ་སོ་འབད་དེ་འདི་མ་པ་ལས་རང་མེད་ མ་པ་ཨ་ནཱི་སྒོན་ཐེ་བརྒལཝ་ཅིག་མགོན་ཁང་ཨ་ནཱི་གཅིག་རང་ཨིན་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་སྒོན་ཐེ་བརྒལ་ཏེ་ད་ ག་ར་རང་འགྱོ་ཆོག་ག་མི་ཆོག་འ་ནཱི་གི་སྐོར་ལས་ཅིག
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    མ་པ་ང་བཅས་ར་ཕོ་སྐྱེས་ཀྱི་རིགས་ཚུ་འབད་བ་ཅིན་ཆོག་ལགས་ ད་ཨམ་སྲུ་གི་རིགས་ བུམོ་གི་རིགས་ ཨམ་སྲུ་གི་རིགས་འབད་བ་ཅིན་ བུམོ་ཅུང་ཆུང་ཀུ་ཅིག་ལས་བསྒང་ལས་རང་ འ་ནཱ་ལས་ཡར་ རྩ་ལས་རང་ བརྒལ་མི་ཆོག་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ཨ་ནཱི་འདི་ད་དང་ཕུ་ལས་རང་དེ་སྦེ་སྡོད་སྡོདཔ་ཨིན་ན་སྨོ་ལགས?
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    དང་ཕུ་ལས་རང་དེ་སྦེ་སྡོད་ནུག་ དང་ཕུ་ལས་རང་ ཕམ་ཚུ་ག་གིས་མཛད་ཡི་ག་མ་ཤེས་ ཕམ་ཚུ་གིས་ མཛད་མཛདཔ་ཡང་མི་འོང་མེན་ན་འདི་དེ་ སྔོན་བྱོན་རྒྱལ་བ་གོང་མ་གིས་ རོགས་བླ་མ་དཔལ་ལྡན་ལྷ་མོ་གིས་དེ་སྦེ་ དཔལ་ལྡན་ལྷ་མོ་གིས་ དེ་སྦེ་མཛད་མཛདཔ་མས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    གཙོ་བོ་ད་དཔལ་ལྡན་ལྷ་མོ་གི?
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    དཔལ་ལྡན་ལྷ་མོ་གི་ཨིན་པས་ མགོན་ཁང་ འ་ནཱི་འབད་ནི་དེ་གིས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    མོ་རའི་སྐུ་འདྲ་འབད་དེ་ཡོདཔ་སྨོ་ག་དེ་སྦེ་ཡོདཔ་སྨོ་ནཱ?
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    མ་པ་སྐུ་འདྲ་འབད་དེ་སོ་སོ་འབད་ ནཱ་ལུ་སྐུ་འབད་གནམ་མེད་ས་མེད་ཅིག་མེད་ལགས་ ནང་ན་འདི་ རྟེན་གྱི་མགོན་ཁང་ཅིག་ཨིན་པས་ དང་ཕུ་སྔོན་བྱོན་རྒྱལ་བ་གོང་མ་ཚུ་གིས་ ཁོང་གིས་ག་དེ་སྦེ་མཛད་བཞག་སྟེ་ཡོདཔ་ཨིན་ན་ ང་བཅས་ཀྱིས་ གནམ་མེད་ས་མེད་ཅིག་ ང་གིས་ཡང་ ཞུ་ཡང་མི་ཚུགས་པས་ད་ ནཱ་ལས་མི་ཆོག་ཟེར་འདི་འབད་བ་ཅིན་ མ་པ་ལས་རང་ ཨ་ནཱ་ལུ་རྐངམ་བཙུགས་ཙམ་གྱིས་ ཨ་ནང་ལུ་འཛུལ་ཙམ་ཅིག་གིས་ཁོང་ར་ ཨམ་སྲུ་ཚུ་འབད་རུང་ན་རང་ན་འོང་ ན་རང་ནཝ་མས་ལགས།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ལགས་སོ་མ་བཏུབ་དོ་མས་སྨོ?
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    མ་བཏུབ་གཅིག་ལགས་ ན་ཧིང་ང་ནཱ་ལྷོད་དེ་ ན་ཧིང་འདི་ ཟླཝ་ ༡༠ པའི་ནང་ རོགས་ཨམ་གཅིག་ ན་སྟེ་ནཱ་ལས་མར་སོང་ནི་སྡོད་ཅི་ ད་རུང་ལོག་སྟེ་ནཱ་འོང་འབད་ གསོལ་ཁ་བཏང་འབདཝ་ད་ དུམ་གྲ་ཅིག་དྲག་ནུག
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ག་ཅི་ད་མོ་གིས་ མ་ཤེས་པར་འཛུལ་འགྱོ་འགྱོཝ་ཨིན་ན?
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    མ་ཤེས་པར་འཛུལ་འགྱོ་འགྱོཝ་མས་ལགས།
  • བསོད་ནམས་རྡོ་རྗེ་ Sonam Dorji
    སྙན་དར་ཕུལ་བར།
  • ཨོ་རྒྱན་རྡོ་རྗེ་ Ugyen Dorji
    སྙན་དར་ཕུལ་བར་འགྱོཝ་ད་ རོགས་འཛུལཝ་མས་ཟེར་ རང་ཡང་འཛུལ་འགྱོ་འགྱོཝ་མས་ མ་ཤེས་པར་འཛུལ་ཏེ།