Skip to main content Skip to search
15 Dec 2011
1 min 48 sec
Rating
0
No votes yet
Video Overview
Creators: 
Unknown

Famous Tibetan comics Tupten and Mikmar introduce their act "Sho".

Show More

  • མིག་དམར།
     གཤམ་ལ་ཡ་རྒན་ལགས་ང་གཉིས་ཀྱིས་ལྷན་རྒྱས་ཚོར་ཤོའི་གནས་ཚུལ་ཅིག་ཞུ་གི་ཡིན། ཤོ་བརྒྱབ་ཡས་ཀྱི། དཔེར་ན། ཤོ་བརྒྱབ་ཡས་ཟེར་ཡས་འདི་ད་ང་རང་ཚོ་ཚང་མས་མཁྱེན་གྱི་རེད་པཱ། ཨོང་་་ ཤོ་སྒང་ནས་རྒྱག་གི་རེད། གཤམ་ནས་རྒྱག་གི་རེད། འོག་ནས་རྒྱག་གི་རེད། འབྲོག་པས་རྒྱག་གི་རེད། ཞིང་པས་རྒྱག་གི་རེད། འགང་ག་ལོགས་༿ཚང་མ་༾ཀྱིས་རྒྱག་གི་རེད། དཔེར་ན། སྒང་ནས་ག་རེ་རེད་ཟེར་ན། ང་རང་ཚོ་དགོན་པའི་ནང་ལ་ཡ་ཆ་བཞག་པ་ཡིན་ན། མོ་ལུང་གསུངས་རྟགས་གནང་ཡས་ཤོ་རེད། རེད་པཱ། ད་ག་ནང་བཞིན་ཡང་ག་རེ་རེད་ཟེར་ན། རྩེད་མོ་རྩེ་ཡས་ཀྱི་ཤོ་རང་གི་སྒང་ལ། མཱ་ཅང་༼རྒྱ་སྐད་ཡིན།དོན་ནི་རྩེད་མོ་རྩེ་ཆས་ཤིག་གི་མིང་།༽ སྦག་ག་རེ་བརྒྱབ་ནའི་ཤོ་བེད་སྤྱོད་གཏང་གི་རེད། ཡིན་ནའི་ད་འདིའི་ནང་ནས་ག་རེ་རེད་ཟེར་ན། ཤོ་ཟེར་ཡས་འདའི་༿འདིར་༾སྤྱིར་བཏང་ད་ང་ཚོ་ཞིང་འབྲོག་ནང་ཁུལ་ཡིན་ན། ཤོ་བརྒྱབ་པ་ཙམ་མ་ཡིན་པར་ཤོ་ཁོ་རའི་༿ཁོ་རང་གི་༾དཔེར་ན། གྲངས་ཀ་གཅིག་ནས་དྲུག། ཆ་ལ་ཆ་བཞག་པ་ཡིན་ན་གཉིས་ནས་བཅུ་གཉིས་བར་དུ་རེད་པཱ་ལགས།
  • མིག་དམར།
     དེ་གྱད་༿དེ་ཚོ་༾ལ་ཡ་ཤོ་མིག་ཁོ་རང་བལྟས་བྱས། ཤོ་བཤད་རེ་རེ་གཏང་གི་ཡོའོ་རེད་༿ཡོད་རེད།༾ ཤོ་བཤད་རེ་རེ། ད་འདི་འབྲོག་པས་འབྲོག་པའི་དེ། འབྲོག་པའི་ཤོ་བཤད་དཔེ་མི་སྲིད་པའི་ཁྱད་ཆོས་ཆེན་པོ་ཡོའོ་རེད་༿ཡོད་རེད།༾ ཡང་ཞིང་པའི་ནང་ལ་ཞིང་པའི་ཤོ་བཤད་དེ་འདྲས་ཡོའོ་རེད་༿ཡོད་རེད།༾ དཔེར་ན།  གནས་ཚུལ་ང་རང་ཚོའི་བོད་ཀྱི་ད་རིག་གནས་ཐོག་ལའི་༿ལ་ཡང་༾ཞེ་དྲག་གི་ཕུན་སུམ་ཚོགས་པོ་དེ་འདྲས་བྱེད་དུས། རྒན་ལགས་ང་གཉིས་ཀྱིས་ད་འདའི་༿འདི་ལ་༾དགོད་སྤྲོའི་གཏམ་གླེང་གཅིག་བཟོས། དེ་འདྲས་བཟོས་གནང་ན་ཟེར། དེ་འདྲས་ཟེར་སྐད་ཆ་བྱས་བྱས། གཞུག་གུར་༿རྗེས་ལ་༾ད་འདའི་༿འདི་ལ་༾དགོད་སྤྲོའི་གཏམ་གླེང་གཅིག་བཟོ་དགོས་ཀྱི་ཡོའོ་རེད་༿ཡོད་རེད།༾ ད་དགོད་སྤྲོའི་གཏམ་གླེང་བཟོ་དུས་ཙམ་པ། རྟག་པར་རེ་བཞིན་སྔོན་མའི་ཤོ་བཤད་རྙིང་པ་རྐྱང་རྐྱང་གཏང་པ་ཡིན་ན། ཆོ་ཟེར་གའི་མི་འདུག་ག་ཡང་། ག་རེ་རེད་ཟེར་ན།
  • མིག་དམར།
     གལ་ཆེ་ཤོས་ཁོ་རང་དོན་དག་བཤད་ཐུབ་ཀྱི་མི་འདུག་ག འགང་ག༿ཚང་མ་༾ དོན་དག། ག་རེ་རེད་ཟེར་ན། ཤོ་བཤད་གཅིག་སྒང་ལ་དོན་དག་ད། ཤོ་མིག་ལ་བལྟས་བྱས་དོན་དག་མ་གཏོགས། དོན་དག་ཆ་ཚང་། ཇ་དམ་ད་མ་སོང་ནའི་ལུང་། ཁེབས་གཅོད། དེ་གྱད་༿དེ་ཚོ་༾ཆ་ཚང་ཅིག་འདུག་ཟེར། འཁྱེར་ཡས་ཡོའོ་༿ཡོད་༾མ་རེད་པཱ། འདི་མེད་དུས་ང་གཉིས་ཀྱིས་ག་རེ་བྱས་པ་རེད་ཟེར་ན། རྒན་ལགས་ཀྱིས་ཤོ་བཤད་རྙིང་པ་གཅིག་གཏང་། རྙིང་པ་གཅིག་གཏང་། དཔེར་ན་ཆ་བཞག་པ་ཡིན་ན།  ད་རྙིང་པ་དེའི་ཚིག་འདའི་༿འདིར་༾ངས་ཕར་ལན་རྒྱག་ཡས་འདི། དེང་དུས་སྤྱི་ཚོགས་ཀྱི་གནས་ཚུལ་དང་། ག་རེ་ཟེར། ད་ཡག་པོ་ཡིན་ནའི་རེད། ཟུར་ཟ་བྱེད་ཡས་ཡིན་ནའི་རེད། འདི་འདྲས་ཀྱི་གནས་ཚུལ་བྱས་བྱས། ཁོ་ལན་འདི་མ་མཛོད་མཛོད་ཅིག་བརྒྱབ། ཨོའོ་་་ཤོ་བཤད་དེ་འདྲས་ཟེར་བྱས་བྱས། བཟོ་བཅོས་བརྒྱབ་དེ་འདྲས་ཟེར་བྱས་བྱས།  ད་གཤམ་ལ་ཡ་རྒན་ལགས་ང་གཉིས་ཤོ་བཤད་གཅིག་བརྒྱབ། ད་རྒན་ལགས་ག་རེ་གསུང་ཡས་ཡོད་ན།