Video Overview
In this video, Mikthoe introduces the names of the villages surrounding Jabab village, and gives a brief account of the villagers’ activities at the local temple. Initially, Jabab village had only twelve households which took turns performing an important annual event called Bumdey. During winter, starting on the tenth month of the Bhutanese calendar, the villagers would stay at the temple for three months to perform Bumdey. Now the number of households has increased to thirty-eight, but the temple was handed over to the central monastic body for better management.
ཞིབ་འཚོལ་སྡེ་ཚན་འདི་གིས་ རྒྱ་འབབ་ནང་ཡོད་པའི་ གཡུས་ཚན་ཚུའི་ལོ་རྒྱུས་ ཤེས་འདོད་ཡོད་རུང་ མིག་ཐོད་ཀྱིས་ གཡུས་ཚན་ཚུའི་ ངོ་སྤྲོད་དང་ གཡུས་ཁའི་ལྷ་ཁང་ནང་ ག་ཅི་ར་འབད་ནི་ཡོདཔ་ཨིན་ནིའི་སྐོར་ལས་ ལོ་རྒྱུས་ངོ་སྤྲོད་རེ་འབདཝ་ཨིན་པས། ཧེ་མ་འབད་བ་ཅིན་ གཡུས་ཚན་འདི་ནང་ ལོ་བསྟར་གྱི་དུས་མཆོད་འབུམ་སྡེ་ ཁག་ཆེ་ཏོག་ཏོ་འདི་ཚུ་བཟུང་དགོ་མི་ ཁྱིམ་གུང་པ་བཅུ་གཉིས་རྐྱངམ་ཅིག་ཡོདཔ་ལས་ འདི་ཚུ་དཔྱ་བགོ་ཤ་རྐྱབ་སྟེ་ སྡེ་ཚན་གཉིས་སྦེ་བཟོ་ཡོདཔ་ཨིན་པས། ཁྱིམ་གྱི་རྩབོ་འདི་ཚུ་ ལོ་བསྟར་རང་ཟླ་ ༡༠ པ་ལས་འགོ་བཙུགས་ གནམ་དགུན་གྱི་སྡོད་གནས་བཟུམ་སྦེ་ དགོན་པ་སྡོད་དེ་ འབུམ་སྡེ་ཚུ་བཟུང་དོ་ཡོདཔ་ཨིན་པས། ཨིན་རུང་ ད་རེས་ནངས་པ རྩབོ་གུང་པ་སུམ་ཅུ་སོ་བརྒྱད་དེ་ཅིག་གུ་ ཡར་སེང་སོང་ཡོད་རུང་ འཛིན་སྐྱོང་ལེགས་ཤོམ་གྱི་དོན་ལུ་ ལྷ་ཁང་འདི་ གཞུང་དགེ་འདུན་གྲྭ་ཚང་ལུ་ རྩིས་ཕུལ་ཡོདཔ་ཨིན་པས།
- བསོད་ནམས་སྒྲོལམ་ལགས་སོ་ ནཱེ་བསྒང་ ང་བཅས་གཡུས་ཀྱི་མིང་འདི་ནཱེམ་མིང་མིང་འབད་དེ་འབད་བ་ཅིན་ང་བཅས་ནཱ་མེ་འཕུཟེར་ སླབ་མས་པ་ལགས།མི་འཕུ་ཟེར་མི་ཕོ་བཅུ་གཉིས་ལས་གལ་མིན་འདུག་ལགས།
- བསོད་ནམས་སྒྲོལམ་དང་ཕུག་ནཱ་ དེམ་ང་བཅས་འབུམ་སྡེ་བཟུང་དགོཔ་ད་མི་ཕོ་དྲུག་གི་ལོ་གཅིག་བཟུང་མི་ཕོ་དྲུག་གི་ལོ་གཅིག་བཟུང་འ་ནཱེ་སྦེ་ ང་བཅས་མི་མི་ཕོ་བཅུ་གཉིས་ལས་མིན་འདུག་ལགས།
- བསོད་ནམས་སྒྲོལམ་གུང་པ་བཅུ་གཉིས་ལས་བརྒལ་ཏེ་རྟིང་ལས་འབད་བའི་བསྒང་ལས་ག་ར་ཏེ་ཏེ་རང་སར་སྦེ་གྱེས་ ཧེ་མ་ང་བཅས་སྡོད་ཡང་དགོན་པ་མས།དགུན་ཡར་སྤོ་ཡར་གྱིས་འབུམ་སྡེ་བཟུང་དགོ་པས།
- བསོད་ནམས་སྒྲོལམ་ཡར་འབུམ་སྡེ་བཟུང་ཏེ་དེ་ལས་ནཱེམ་ ཟླཝ་གསུམ་ཚེསཔ་ཅིག་ཏེ་དེ་ལས་མར་ མར་བྱཱར་ས་ཏེ་གཞི་སྦེ་གཞི་གསར་མར་ལས་ཡར་ཏེ་ནཱ་སྤོ་ཏེ་ནཱ་ལཱ་འདི་སྦེ་འབད་ཏེ་ནཱ་གི་ཟླཝ་བཅུཔ་སྐོར་ཆ་ ནཱ་གི་ལཱ་འདི་ཞིངམ་ད་ཏེ་ཡར་དགོན་པ་སྤོཝ་མས།
- བསོད་ནམས་སྒྲོལམ་ཏེ་དེ་འ་ནཱེ་སྦེ་ ཡར་ལས་མར་སྤོ་བའི་བསྒང་ལས་ཏེ་ནཱ་གཞི་གསར་འབད་བའི་བསྒང་ལས་ཏེ་ག་ར་ཏེ་ཨེང་་་མི་རང་རང་ས་ར་ག་ར་ཏེ་ཨཔ་གཅིག་ལུ་ནཱ་ཨཔ་གཅིག་དང་ཨའི་གཅིག་ལུ་ བུ་རྡོག་གཉིས་ཡོདན་ནཱི་གི་འཕུ་གཉིས་སྦེ་ བགོ་ཡར་ཉོ་བས།
- བསོད་ནམས་སྒྲོལམ་ཏེ་དེ་ལས་གསུམ་ཡོདན་ གསུམ་སྦེ་བགོ་ཡར་ཉོ་བས་ ད་ཏེ་ང་བཅས་ནཱ་མི་ཕོ་འབད་བ་ཅིན་ཏེ་ཡུདཔ་ཅིག་ཁལ་གཅིག་ བཅོ་བརྒྱད་དེམ་ཅིག་གི་རྩིས་ཡར་སོང་ནུག་ལགས།ད་གུང་པ་འ་ནཱི་མི་ཕོ་་བཅུ་གཉིས་དེ་གིས་ཏེ་ནཱ་ང་བཅས་འ་ནཱི་ཏེ་དེ་ལས་ཡར་ ཨ་ཡར་གྱི་འདི་ཏེ་བྱིའུ་ཅུང་དཀར་མ་འགྲོ་བའི་བར་ན་ཟེར་སླབ་པའི་ལགས།
- བསོད་ནམས་སྒྲོལམ་ཏེ་ནཱིའི་ཞོར་ལས་སྦེ་ ཨ་ཡར་གྱི་མིང་རྟ་མགྲིན་ཚེ་དབང་ཨིན།ཡར་ཆོན་ཆེ་ཁ་ཟེར་སླབ་པའི་ཞུ་བའི་ལགས།ཏེ་དེ་ལས་ཨ་ཡར་གྱི་འདི་ བམ་ལྟག་ཁ་རཟེར་ཞུ་བའི་ལགས་ཨ་ཡི་འདི་ཏེ་དེ་ལས་ནཱི་ཡར་འོང་མ་ཅིན་ ཏེ་བཱཆ་བྱི་ཉེ་པ་ཟེར་ འ་ནཱེ་སྦེ་ཞུཝ་ཨིན་ལགས།
- བསོད་ནམས་སྒྲོལམ་ཏེ་ཨའི་འདི་ ཨ་ནཱ་ལས་མར་འགྱོ་ཏེ་ཨ་ཡི་ནང་ལུ་ལྷོདཔ་ད་ཏེ་ནཱ་བྱེ་ཁ་ལོག་སོང་ཟེར་ ཏེ་ངེ་གི་ཁྱིམ་འདི་མས་ལགས།ཏེ་ཨ་ནཱ་ལས་ཕར་འགྱོ་བའི་འཕྲོ་ལས་ཏེ་ཨ་ཕི་ནང་ལུ་ཏེ་ཨ་ལས་ཕར་ལུ་ མར་བྱེ་ཁ་ལོག་སུ་ཟེར་གཅིག་ཏེ་ཨ་ནཱེ་སྦེ་ཐོན་འོང་ཏེ་ཨ་ཕི་ནང་གི་ཁྱིམ་འདི་འབད་བ་ཅིན་ཕར་རྡོ་པད་ཏ་ཤིག་ཤིག་ཟེར་ཞུཝ་ཨིན་ལགས།
- བསོད་ནམས་སྒྲོལམ་ཨ་ནཱི་ཁ་ཙ་ཁ་ཉིནམ་ཅིག་ཁར་ཏེ་ནཱ་ང་བཅས་ནཱ་ལས་སྦེ་ཏེ་ ཕི་ནང་ལུ་ས་འདི་ འ་ནཱེ་སྦེ་བྱིན་བྱིནམ་ཨིན་ལགས།ཁོང་ར་ས་གཞན་ཨ་ཡར་བ་ཤུལ་ཉི་མ་ཡར་མས་ལགས།ནཱི་ང་བཅས་ཀྱི་ ས་ནཱ་ལས་བགོ་སྟེ་ཡར་གྱི་ཕོ་རྒནམ་མ་ལུ་བྱིན་བྱིནམ་མས་ལགས།
- བསོད་ནམས་སྒྲོལམ་ཏེ་ད་ ཨ་ཕི་ནང་འདི་འབད་འདི་འབད་བ་ཅིན་ཏེ་གླང་མ ི་ན་ཟེར་ སླབ་པའི་ལགས།ག་ར་ས་འདི་ཨ་ནཱེ་སྦེ་ཨིན་ལགས་ དགོན་པ་ལུ་རྩེ་རི་ནང་ལུ་ ཞིང་འ་ནཱི་གཅིག་ལས་མེད་ལགས།
- བསོད་ནམས་སྒྲོལམ་ཏེ་ནཱེ་ཡང་མར་སྤོ་ ནཱ་ཏེ་འ་ནཱི་ཁོང་ར་ ལཱེ་ སྤང་ལྷོག་ཏེ་ཨ་ནཱེ་སྦེ་ཏེ་བཟའ་བཟའཝ་ཨིན་ལགས།ཏེ་ཨ་ཕི་ནང་འབད་བ་ཅིན་ཏེ་བྱང་ཁ་ཟེར་ སླབ་པའི་ལགས།ཨ་ནཱི་ཁའི་འདི་བྱང་ཁ་ད་ཏེ་ཨ་ཕར་གྱི་འདི་ཏེ་ཀུན་བཟང་དབང་མོ་ཟེར་ཏེ་ཕི་ནང་ས་སྟོང་ཨིན་ལགས།
- བསོད་ནམས་སྒྲོལམ་མི་འདི་ནང་ལུ་ཏེ་ ཇོ་ག་ར་ཤིས་སོང་ཡི་ཏེ་ཕི་ནང་ཏེ་ཀུན་བཟང་དབང་མོ་གཞི་ཟེར་ཏེ་ཕི་ནང་གང་ཞ་མི་ཟེར་སླབ་པའི་ལགས།ཏེ་ཨ་ནཱི་ ཕར་འབད་བ་ཅིན་ཏེ་ ཨ་ཕར་ས་གུ་གསེས་ཨ་ཡར་ཨ་ཡར་ལྟག་གི་འདི་རྒྱ་ནང་ཟེར་མར་ས་གུ་གསེས་ཏེ་མར་ནཱིའི་འོག་ལས་མར་ མར་མར་སྦེ་ཏེ་ཚྭ་ཚྭ་འོག་གསེས་འ་ནཱེ་སྦེ་ཞུ་བའི་ལགས།
- བསོད་ནམས་སྒྲོལམ་ཏེ་ནཱ་ལས་ཕར་ཏེ་ཨ་ཙི་ང་བཅས་ལམ་ཕར་བཅར་བའི་བསྒང་ལས་ཏེ་མར་སྦྱིས་ཏེ་ཁར་ཏེ་ནཱ་ལས་མར་དེ་བསྒང་ལུང་ཉིད་པའི་ ཏེ་སྣག་ཚང་རབ་འབྱམས་པའི་ འ་ནཱི་ལུང་ཉིད་པའི་ སྣགག་ཚང་ཨིན་པས་ལགས་ རབ་འབྱམས་ཟེར་མེན་པས་དེ་བསྒང་འབདན་ ལུང་ཉིདཔ་ཟེར་ཞུཝ་མས་ལགས་ འ་ནཱེ་སྦེ།
- ཡེ་ཤེས་དབང་ཕྱུ་ལགས་སོ་ཨ་ནཱི་ཨ་ནཱི་འདི་ཚུ་ག་ར་ད་ཨེང་་་ཚོགས་པ་གཅིག་གི་འོག་ལུ་ཨིན་ན་ལགས?
- བསོད་ནམས་སྒྲོལམ་ནཱ་གི་འདི་ད་ ང་བཅས་ཨིན་ཨིན་ལགས། ད་ཚོགས་པ་ང་བཅས་ ཏེ་སྦྱིས་ཏེཔ་དགེ་ལེགསཔ་ང་བཅས་བསྡོམས་ཏེ་ཚོགས་པ་གཅིག་ཨིན་ལགས།
- ཡེ་ཤེས་དབང་ཕྱུ་ལགས་སོ།
- བསོད་ནམས་སྒྲོལམ་ཏེ་སྤྱི་འོག་འབད་བ་ཅིན་ང་བཅས་ནཱ་ཚོགས་པ་གི་སྤྱི་འོག་གཅིག་སྦྱིས་ཏེ་པ་གི་སྤྱི་འོག་གཅིག་ཏེ་དེ་ལས་མར་ བྱ་འོག་པ་དང་ མགུ་མ་པ་གི་་སྤྱི་འོག་གཅིག་འ་ནཱེ་སྦེ་ཨིན།
- ཡེ་ཤེས་དབང་ཕྱུ་ད་ཨ་ནཱི་གཡུས་སྒོ་འདི་ཚུ་གི་ད་ ནཱ་བསྡོམས་ཞིནམ་ན་ལུ་ད་ བསྡོམས་ཞིནམ་ལས་སྦེ་ད་དགོན་པ་ལུ་ད་འབད་དགོ་བཅའ་དགོཔ་ག་ཅིག་ཡོདཔ་སྨོ་ལགས།ད་ད་རེས་བཟུམ་ཅིག་འབད་བ་ཅིན་ཚེ་བཅུ་ཨིན་མས་སྨོ་ལགས།
- བསོད་ནམས་སྒྲོལམ་ཨིན་པས།
- ཚེས་བཅུ་གི་སྐབས་ལུ་ ཁོ་གི་གཡུས་གཡུས་ཁའི་མི་ཚུ་གི་ འགན་ཁུར་ག་ཅིག་ཡོདཔ་སྨོ་ལགས?
- བསོད་ནམས་སྒྲོལམ་ད་ང་བཅས་གཡུས་གཡུས་ཁ་འགན་ཁུར་ཟེར་ཨ་ནཱི་ ང་བཅས་འགན་ཁུར་ཏེ་ད་ང་བཅས་ཀྱིས་ ད་འདི་ཏེ་ནཱེམ་ལྷ་ཁང་འདི་ ཏེ་ང་བཅས་ལྕོགས་གྲུབ་མེད་སྦེ་ཏེ་འདི་དང་ཕུག་འབདན་རྒྱ་འབབ་བླམ་ཟེར་བཀལ་ནི་འདུག་ལགས།
- བསོད་ནམས་སྒྲོལམ་རྒྱ་འབབ་ཟེར་བཀལ་ཞིནམ་ད་ཏེ་རྒྱ་འབབ་བླམ་འདི་དང་རྒྱ་འབབ་རྒཔོ་འདི་ཚུ་ཡང་འ་ནཱི་ཏེ་ང་བཅས་འབདན་ ངེ་ཨ་རྒས་ཏེ་ འ་ནཱི་རྒྱ་འབབ་རྒཔོ་དང་རྒྱ་འབབ་བླམ་འདི་ཏེ་ང་བཅས་ནཱ་གི་ རྒྱ་འབབ་ལུང་གསུམ་འདི་ཏེ་འ་ནཱི་ཆ་མཉམ་གཅིག་ཁར་སྦེ་གཅིག་ཁར་སྦེ་མས་ལགས། ཏེ་ནཱ་གི་འདི་ལྷ་ཁང་འདི་རྒྱ་འབབ་དགོནམ་རྐྱངམ་ཅིག་ ནཱ་གི་འདི་ཆོསཔ་རྐྱངམ་ཅིག་མེན་ལགས།
- བསོད་ནམས་སྒྲོལམ་འ་ནཱི་ཕར་ལས་ཚུར་བྱག་ཟ་ཁར་ཚུར་བཅད་ཕར་ལས་ཚུར་ ཨ་ནཱི་ཟུར་ཟོ་ནང་ཚུར་བཅད་ཨ་ནཱི་ནཱེ་བསྒང་འབདན་ ནཱ་ལུ་ཏེ་ཨ་ནཱི་ད་རེས་ཀྱི་འདི་ཏེ་དེ་ལས་རྒྱ་འབབ་མ་ནི་ཟེར་བའི་བསྒང་ལས་ཆ་མཉམ་ད་རེས་ཏེ་ཡར་བླ་མ་ལུ་ཏེ་ཨེ་མ་འབག་ཀར་འབག་ཏེ་ནི་ཕྱག་མཇལ་འབག་ཏེ་ ད་རེས་དབང་ཟེར་དབང་ཡོན་ཟེར་ཏེ་འ་ནཱི་ཀར་བྱེ་ ནཱེ་སྦེ་ཀར་བྱེ་གསུམ་གསུམ་བཞི་བཞི་ལྔ་ལྔ་རེ་འབག་ཏེ་ཨེ་མ་འཚོ་མི་གི་ ཨེ་མ་རེ་འབག་ཏེ་འ་ནཱེ་སྦེ་ཡར་ བླམ་མཇལ་བར།
- ཡེ་ཤེས་དབང་ཕྱུ་བགོ་བཤའ་ཟེར་མིན་འདུག་སྨོ་ལགས?གཉེར་ཚང་འདྲཝ་བགོ་བཤའ།
- བསོད་ནམས་སྒྲོལམ་མེད་མེད་ལགས་ དེ་སྦེ་མེད་ལགས།
- ཡེ་ཤེས་དབང་ཕྱུ་རང་གི་བློ་འདོད་ལྟར་དུ་སྦེ་ག་དེམ་ཅིག་འབག་ནི་ འཐོན་ཁུངས་ག་དེམ་ཅིག་ཡོདཔ་ཅིག་འ་ནཱེམ་ཅིག་འབག་སྦེ་འགྱོ་ནི་མས་སྨོ
- བསོད་ནམས་སྒྲོལམ་ཨོང་ལགས་ ཡརལྷོདཔ་ཏེ་ རོགས་ཨ་ནཱི་ ཏེ་འདི་ལས་རང་གིས་ཏེ་དབོག་པའི་ཤུལ་ལསན་ཏེ་ཨ་ནཱི་རྒྱ་འབབ་༣༩འདི་གི་ག་ར་ཏེ་ཆ་མཉམ་ཡི་ནང་མི་ མི་གནམ་མེད་ས་མེད་ཨ་ནཱེ་འཛོམས་སྦེ་འབད་ནི་ཡོད་ལགས།
- བསོད་ནམས་སྒྲོལམ་:ཏེ་ང་བཅས་ ལྷ་ཁང་འདི་ཚུན་ཏེ་ཏེ་ནཱི་བསྒང་འབད་བ་ཅིན་ཡི་ལུ་་ཏེ་ནཱ་གི་ནཱེམ་ཆོསཔ་འདི་ཚུ་ཆ་ཁྱབ་པ་ལུ་འ་ནཱི་ནཱ་ལུ་ལྷ་ཁང་འདི་ ཆོས་པ་གི་མས་ལགས།འ་ནཱི་ཆོས་པའི་འབདཝ་ད་ཏེ་ང་བཅས་ལུ་ཏེ་ནཱི་བསྒང་ཁོང་ལས་ ང་ད་ཅི་ཞུ་དོ་བཟུམ་འབད་སྦེ་ ཏེ་ང་བཅས་ས་ལོ་ཟེརཝ་ ག་ནི་ཡང་མིན་འདུག
- བསོད་ནམས་སྒྲོལམ་ས་འདི་འ་ནཱི་ཁོང་ལས་ལྷང་ལྷངམ་ཏེ་ང་བཅས་ལུ་ ཡར་རྫོང་ནང་ལུ་ཁལ་ལོ་ཟེརཝ་ཡང་ ཟེརཝ་ཡང་རྒྱུས་དགོཔ་མིན་འདུག ང་བཅས་ལུ་ ཁལ་རྒྱུག་དགོཔ་ཟེར་རུང་ཨེང་་་སུག་སྤྱོད་འདི་སུག་སྤྱོད་ཟེར་འདུག་ལགས།ཏེ་དེ་ལས་ནཱེམ་ ཨ་ནཱི་སྤོས་རྐྱབ་འབདཝ་ད་སུག་སྤྱོད་འདི་་འོང་འོང་འ་ནི་འོང་ལགས།ཏེ་དེ་ལས་མཆོད་དོ་ཟེར་ ལོ་མས་ཀྱི་འ་ནཱི་དོས་རྒྱུག་དགོ ཏེ་དེ་ལས་ ཡར་འ་ནཱི་རི་མོ་ལྷ་ལས་ལྷ་ལུ་ཡང་རི་མོ་རྐྱབ་སྦེ་ཨ་ནཱི་སོལ་མོ་འདི་ཏེ་ཨ་ནཱི་ཏེ་ཨ་ནཱི་འ་ནཱི་ཅིག་ཏེ་ཡ་ལས་ཀྱི་ཆོསཔ་ལས་ འ་ནཱི་ཅིག་ རྒྱུག་དགོ་པས་ལགས་ཡ་ལས་ཀྱི།
- བསོད་ནམས་སྒྲོལམ་ཏེ་གཞན་ང་བཅས་ནཱ་ལས་ རྒྱུག་དགོཔ་ག་ནི་ཡང་མིན་འདུག་འུར་ལཱ་འབད་ཡང་རྒྱུག་མི་དགོ་པས། ཏེ་ང་བཅས་ཡར་གྱི་ལྷ་ཁང་འདི་གི་ཏེ་འ་ནཱི་མི་འཕུ་བཅུ་གཉིས་འབདཝ་ད་ལུ་ལོ་གཅིག་ལུ་འབུམ་སྡེ་ཨེང་་་རྩ་བོ་དྲུག་གི་ཏེ་ལོ་གཅིག་ལུ་རྩ་བོ་དྲུག་གི་ཏེ་འ་ནཱི་ ལོ་གཅིག་ངལ་འཚོ་ལོ་གཅིག་ཏེ་བཟུང་སྦེ་ འ་ནཱེ་སྦེ་འབུམ་སྡེ་འ་ནཱེ་སྦེ་ཏེ་བཟུང་མས་ལགས།
- བསོད་ནམས་སྒྲོལམ་ཏེ་འ་ནཱི་བཟུང་ཏེ་ཏེ་ནཱེ་ལས་ནཱི་བསྒང་ཏེ་ཁལ་འཐུས་འ་ནཱི་ཏེ་ང་བཅས་ད་མཉམ་ཅིག་མེན་པ་ཏེ་ག་ར་འབད་ཞིནམ་ལས་ཏེ་ནཱི་ཏེ་གཡུས་བཞག་ཏེ་ཡར་ལྷ་ཁང་འདི་ཏེ་གཞུང་ལུ་ཕུལ་སྦེ་ཏེ་ང་བཅས་འ་ནཱི་ཏེ་ད་ང་བཅས་ཏེ་རྒྱ་འབབ་བླམ་གྱི་ ད་རྒྱ་འབབ་རྒཔོ་ཅོག་ར་འཐད།
- བསོད་ནམས་སྒྲོལམ་ད་འ་ནཱི་ ང་བཅས་རྒྱ་འབབ་ ཨེང་་་གུང་རྒྱ་འབབ་རྒཔོ་པའི་འོག་ཆ་ཁྱབ་ ལཱ་ཕོགན་ང་བཅས་ལུ་ཡང་ཕོག་ཨེང་་རྒྱ་འབབ་ཨེང་་་གཞན་ཁར་ལུ་མ་ཕོགན་ང་བཅས་ང་ལུ་ཡང་མི་ཕོགཔ་འབད་འ་ནཱི་འ་ནཱེ་སྦེ་སྡོད་འོང་ལགས་ནཱི།
- བསོད་ནམས་སྒྲོལམ་ཏེ་ནཱི་ལུ་ ཏེ་ང་བཅས་ནཱ་གི་ཆོསཔ་ཚུ་ཏེ་ཆོས་པ་ལུ་ང་བཅས་ང་བཅས་ཆོསཔོ་འདི་ཏེ་ག་ར་སྤྱིར་བཏང་གཅིག་ཨིན་ལགས།ཕོག་དགོཔ་ཡང་ ནཱི་གནམ་མེད་ས་མེད་ནཱེམ་མིན་འདུག་ལགས་ཨེང་་།
- ཡེ་ཤེས་དབང་ཕྱུ་ལགས་སོ། གཞན་ད་རུང་ ནཱ་གིས་གསུང་ནི་ཡོད་པ་ཅིན་ད་རུང་གཞན་ ང་གིས་དྲི་བ་ཞུ་མ་ཤེསཔ་དང་དྲི་བ་ནང་མ་ཚུདཔ།
- བསོད་ནམས་སྒྲོལམ་ད་ང་ཞུཝ་ཟེར་རུང་ད་གཞན་ད་གནམ་མེད་ས་མེད་ཐདཔ་འདི་ ག་ནི་ཡང་ཞུ་ནི་མེད་ཏེ་ང་བཅས་ནཱི་བསྒང་ཏེ་ཨ་ནཱི་ཏེ་ནཱི་ནཱ་ལས་ཡར་གྱི་འུར་ལཱ་ཨིན་ལོ་ཁལ་འཐུས་ཨིན་ལོ་ཟེར་མི་འདི་ཕོགཔ་ག་ནི་ཡང་མིན་ནུག
- བསོད་ནམས་སྒྲོལམ་ཏེ་མི་གནག་པ་གི་འུར་ལཱ་དང་ ཁལ་འཐུས་ཕོག་པས་ ཏེ་མི་གནག་པ་ འུར་ལཱ་དང་ཁལ་འཐུས་ཕོགཔ་ད་ཏེ་ནཱི་དང་བསྟུན་པའི་གི་ ཁོང་ལུ་ས་འདུག་ལགས།ཏེ་དེ་ལས་ཤིང་རི་ཆ་མཉམ་ཁོང་ལུ་ དབང་ཆ་ཁོང་ལུ་མས།ང་བཅས་ལུ་གཞན་འདི་ལོས་ཨེང་་སོག་ཨུ་ཅུ་གང་འཕྱག་པའི་གི་ ནཱེམ་དབང་ཆ་མིན་འདུག
- བསོད་ནམས་སྒྲོལམ་ཏེ་འདི་ལས་ ས་ཏོག་ལེ་གང་སྤོག་པའི་ ང་བཅས་ལུ་དབང་ཆ་མིན་འདུག་ག་ར་དགེ་ལེགསཔ་དང་ སྦྱིས་སྟོདཔ་དང་འཁྲིལ་དགོ་པས་ལགས།ང་བཅས་ལུ་ཏེ་འ་ནཱི་ཁོང་གི་ཨ་ནཱེ་ཅིག་ ཨ་ནཱེ་ཅིག་ ཁྱོད་བཟའ་ཟེར་མི་འདི་ཏེ་ས་འབད་རུང་ ཁོང་གི་བྱིན་བྱིནམ་ཅིག་ཏེ་སོག་འཕྱག་ནི་ཅིག་འབད་རུང་འ་ནཱེ་མས་ལགས།
- བསོད་ནམས་སྒྲོལམ་ཏེ་ཁོང་གིས་ ཨ་ནཱེ་ཅིག་ཁར་སོག་ད་སྙ་ཟེར་ སླབ་སྦེ་དེ་འབད་བ་ཅིན་ཏེ་ང་བཅས་ ཁོང་ལུ་མཛར་ཅུམ་བསྒྲིགས་བྱིན་ཏེ་སྦྱིས་ལེགསཔ་འབད་རུང་འ་ནཱེ་སྦེ་ཨིན།
- བསོད་ནམས་སྒྲོལམ་ཏེ་ཁོང་འ་ནཱེ་སྦེ་དཔའ་མཛངཔ་ག་ར་ཏེ་ཕར་ནཱ་ལས་ཡར་ བཀབ་ནེ་བཀབ་སྦེ་འ་ནཱེ་སྦེ་ཏེ་ཏེ་ནཱ་ལུ་ཏེ་ཁྱིམ་འཁོརཝ་ཅིག་ ཏེ་ང་བཅས་ཆ་མཉམ་ཏེ་འ་ནཱི་དེ་བསྒང་ཏེ་ མཛར་ཅུམ་བསྒྲིགས་བྱིན་སྦེ་ཏེ་འ་ནཱི་ལས་ཏེ་ཏེ་སོག་འཕྱག་ནི་ཡོད་རུང་ཏེ་འ་ནཱི་ལས་ཏེ་བྱཱ་ནོར་འཚོ་ནི་ཡོད་རུང་ ཁོང་གི་འབད་ད་ཟེར་ སླབ་རུང་ཡང་ ཏེ་ང་བཅས་འབད་འབད་ནི་མེད་ལགས།
- བསོད་ནམས་སྒྲོལམ་ཏེ་ནཱེ་ཅིག་ལས་བརྒལ་ ང་གིས་ཞུ་ནི་མིན་ནུག