Skip to main content Skip to search
15 Dec 2011
2 min 38 sec
Rating
0
No votes yet
Video Overview
Creators: 
Unknown

Doctors in the Department of Liver Disorders discuss their work.

Show More

  • ཨེམ་ཆི་ལགས
    ད་གྲང་མཁྲིས་དེ་འདི་རེད་འདུག་གཱ་ལ།
    Regarding the icterohepatitis,
  • ཨེམ་ཆི་ལགས
    ང་རང་ཚོའི་ད་ལྟ་སྡེ་ཁག་གིས་རྦད་དེ་འགོས་ནད་ཀྱི་ཁོངས་གཏོགས་་མ་བརྩི་པ་བྱས་བྱས་༼མི་བརྩི་བར།༽
    our department has not completely considered it as an infectious disease,
  • ཨེམ་ཆི་ལགས
    སྨན་ཁང་ཁོ་ར་༼ཁོ་ན་༽ཉལ་ཁྲི་ཁོ་ར་༼ཁོ་ན་༽ད་ཁཱ་ནང་ལོགས་བཀར་བཞགས་བྱས་འདི་འདྲས་ཡོའོ་༼ཡོད་༽རེད།
    but there are separate beds in the department for the [patients who have icterohepatitis].
  • ཨེམ་ཆི་ལགས
    དེ་འདྲས་སོང་ཙང་གཙོ་ཆེ་ཤོས་དེ་འདི་རེད་ཤག།
    the most important thing is like [the following].
  • ཨེམ་ཆི་ལགས
    ད་གྲང་མཁྲིས་ཟེར་ཡག་༼ཟེར་བ་༽དེ་ད་སྤྱིར་བཏང་གིས་སྨན་བཅོས་བྱས་པ་ཡིན་ན།
    If giving a general medical treatment to the icterohepatitis,
  • ཨེམ་ཆི་ལགས
    ཉིན་མ་བཅོ་ལྔ་བཅུ་དྲུག་ནང་ལ་ཡ་ད་ཁོ་རའི་མིག་འོག་ལ་ཡ་མིག་མིག་སྤྲིན་སེར་པོ་ཆགས་ཡས་དང།
    it may take about 15 to 16 days. For treating the yellow color on the white part of one's eyes,
  • ཨེམ་ཆི་ལགས
    ལྕེ་ལེའི་༼ལྕེ་༽འོག་ལ་སེར་པོ་ཆགས་ཡས།
    yellow color under the tongue,
  • ཨེམ་ཆི་ལགས
    གཟུགས་པོའི་པགས་མདོག་ཆ་ཤས་ལྒང་དགའ་༼ཡོངས་རྫོགས་༽སེར་པོ་ཆགས་ཡས།
    yellow color on skin,
  • ཨེམ་ཆི་ལགས
    ཨ་ནི་རྦད་དེ་འདི་འདྲས་ཟེར་༼འདུག་ཟེར་༽ཁ་ཟས་༼ཁ་ལག་༽ཟ་མ་ཐུབ་པ་དང།
    poor appetite,
  • ཨེམ་ཆི་ལགས
    དེ་འདྲས་གིས་༼དེ་ལྟ་བུ་༽ནད་རྟགས་དེ་འདྲས་ཡིན་ན།
    such symptoms
  • ཨེམ་ཆི་ལགས
    ཉིན་མ་སྤྱིར་བཏང་གིའི་སྨན་བཅོས་ཉིན་མ་བཅོ་ལྔ་བཅུ་དྲུག་ནང་ལ་ཡ་༼བར་ལ།༽
    may take 15 to 16 days,
  • ཨེམ་ཆི་ལགས
    ཨ་ནི་ག་ལེར་ག་ལེར་རིམ་བཞིན་རྦད་དེ་སེར་པོའི་ཆ་ཤས་དེ་མེད་པ་ཆགས་ཡས་དང་ཨ་ནི་དེ་འདྲས་བྱེད་ཀྱི་འདུག།
    during which the yellow parts will gradually disappear.
  • ཨེམ་ཆི་ལགས
    གཙོ་ཆེ་ཤོས་ཨ་ནི་ང་རང་ཚོ་སྨན་དེ་བོད་སྨན་དེ་ཡིན་ན།
    The most important thing is that [we use] a Tibetan medicine,
  • ཨེམ་ཆི་ལགས
    གར་ནག་བཅུ་པ།
    called Gar nag bcu pa.
  • ཨེམ་ཆི་ལགས
    ཞོགས་ཀས་༼ཞོགས་པ༽གར་ནག་༡༠པ་སྒང་ལ་ཡ་གར་ནག་ཆ་བསྐྱེད་བྱས་བྱས་༼བྱས་ནས།༽
    In the morning, in addition to the Gar nag bcu pa, Garnag Cha bskyed
  • ཨེམ་ཆི་ལགས
    གཙོ་ཆེ་ཤོས་ད་ག་རང་༼དེ་རང་༽བེད་སྤྱོད་བཏང་ཡས་དང།
    is mainly given.
  • ཨེམ་ཆི་ལགས
    ཨ་ནི་སེ་འབྲུ་པདྨ་འདབ་བརྒྱད་སེ་འབྲུ་པདྨ་འདབ་བརྒྱད་དང་།
    [We] also use Se 'bru Padma 'Dab brgyad, pomegranate-lotus
  • ཨེམ་ཆི་ལགས
    དེ་བཞིན་གི་༼དེ་མ་ཡིན་པའི་༽གསེར་མདོག་ལྔ་པ་འདི་འདྲས་བེད་སྤྱོད་བཏང་གི་ཡོའོ་༼ཡོད་པ་༽རེད།
    as well as gSer mdog lNgap a, golden myrobalan 5.
  • ཨེམ་ཆི་ལགས
    ཨ་ནི་གཞོགས་འདེགས་ཀྱི་ང་རང་ཚོ་ཕྱི་ལུགས་ཀྱི་གཤེར་ཁུ་ལ་སོགས་པ་དེ་འདྲས་གི་ཨ་ནི།
    As a supplementary, we use biomedicine such as syrup,
  • ཨེམ་ཆི་ལགས
    དེ་འདྲས་ཏས་ཙ་༼ཏོག་ཙམ་༽བེད་སྤྱོད་བཏང་གི་ཡོའོ༼ཡོད་པ་༽རེད།
    but we use very little.
  • ཨེམ་ཆི་ལགས
    གཙོ་༼གཙོ་བོ་༽ཆེ་ཤོས་ང་རང་ཚོའི་ད་བོད་སྨན་གོང་ལ་ཡ་ད་ན་ཚ་དེ་དངོས་འབྲེལ་བྱས་ན། བོད་སྨན་གོང་ལ་ཡ་མིན་འདུག་གཱ།
    Regarding this disease, the important thing [we found] is that there are no better medicines than Tibetan medicines.
  • ཨེམ་ཆི་ལགས
    ད་ང་ཚོའི་སྨན་དེ་ད་རྩེ་འདྲ་༼ཡག་ཤོས་༽རེད་ཤག་ད་ཡག་༼ཤོས་རེད་བཞག༽
    Our medicine is the best [for treating the concerned disease].
  • ཨེམ་ཆི་ལགས
    དེ་འདྲས་སོང་ཙང་༼ཡིན་ཙང་༽ད་ན་ཚ་དེ་སྡུག་པོ་ཞེ་པོ་༼ཧ་ཅང་༽འདི་འདྲས་ཆགས་པ་ཡིན་ན།
    Therefore, when the disease becomes very serious,
  • ཨེམ་ཆི་ལགས
    ད་སྣོད་ཀྱི་མཁྲིས་པའི་བྱ་ལས་དང་མ་སོང་ནས་དེ་ཡོངས་སུ་ཉམས་པ་ཡིན་ན།
    which means when the function of liver becomes completely abnormal,
  • ཨེམ་ཆི་ལགས
    ཨ་ནི་རྐུབ་ཀྱི་མཆེར་དབང་དཀར་པོ་ཆགས་བྱས་དེ་འདྲས་བཙོག་པ་༼ཆབ་ཆེན་༽དང་དེ་ཀྱས་༼དེ་ཚོ་༽ལྒང་དགའ་༼ཚང་མ་༽དཀར་པོ་ཆགས་པ་ཡིན་ན།
    when...... it even causes the excrement to become white,
  • ཨེམ་ཆི་ལགས
    ཨ་ནི་ན་ཚ་སྡུག་པོ་ཞེ་པོ་༼ཧ་ཅང་༽འདི་འདྲས་ཆགས་ཚར་པ་རེད།
    the sickness has become very serious.
  • ཨེམ་ཆི་ལགས
    དེ་འདྲས་མ་ཆགས་པའི་སྔོན་ལ་ཡ་སྤྱིར་བཏང་གི་པགས་མདོག་སེར་པོ་ཆགས་ཡས་དང།
    Before the sickness becomes [so serious], the symptoms- such as the skin color becoming yellow
  • ཨེམ་ཆི་ལགས
    གཅིན་པ་སྣུམ་ནག་ཆགས་ཡས་དེ་འདྲས་ཡིན་ན་ང་རང་ཚོའི་ཉིན་མ་བཅོ་ལྔ་ཁོ་རའི་ནང་ལ་ཡ་གར་ནག་ཆ་བསྐྱེ་དང། གསེར་མདོག་ལྔ་པ་དང་དེ་ཀྱས་༼དེ་ཚོ་༽ལྒང་དགའ་༼ཚང་མ་༽ཡག་པོ་ཞེ་པོ་༼ཧ་ཅང་༽ཡོང་གིས།
    and the urine becoming dark and oily- can be cured by taking Gar nag cha bskye and gSer mdog lNga pa within 15 days.
  • ཨེམ་ཆི་ལགས
    སྐབས་སྐབས་༼མཚམས་མཚམས་༽ལ་ཡ་ཨ་ནི་དེ་ང་རང་ཚོའི་སེ་འབྲུ་པདྨ་འདབ་བརྒྱད་དང།
    Sometimes, our pomagranate-lotus and
  • ཨེམ་ཆི་ལགས
    དེ་འདྲས་གི་གསེར་མདོག་ལྔ་པ་དང་དེ་ཀྱས་༼དེ་ཚོས་༽ཡག་པོ་ཞེ་པོ་༼ཧ་ཅང་༽ཡོང་གིས།
    golden syrobalan are really useful.
  • ཨེམ་ཆི་ལགས
    ང་རང་ཚོ་ནད་པ་ཡོང་མཁན་ཡང་རྦད་དེ་མང་པ་ཞེ་པོ་༼མང་པོ་༽འདུག་གཱ།
    We have a lot of patients coming [for medical treatment].
  • ཨེམ་ཆི་ལགས
    རྦད་དེ་དེ་འདྲས་ལས་རྦད་དེ་པུ་གུ་༼ཕྲུ་གུ་༽ལའི་༼ལས་ཀྱང་༽ན་ཚ་དེ་མང་པོ་ཞེ་པོ་༼ཧ་ཅང༽ན་གི་འདུག་གཱ།
    [We also found that] this sickness is also very common among the children.
  • ཨེམ་ཆི་ལགས
    དེ་འདྲས་ཨ་ནི་ང་རང་ཚོ་སྤྱིར་བཏང་མཆིན་ནད་ལྡེམ་བུ་དང་གྲང་མཁྲིས་གཉིས་སྨན་བཅོས་བྱེད་ཡས་ལ། རྦད་དེ་ཚད་གཞི་དང་མ་སོང་ནས་མྱུར་ལས་༼མགྱོགས་པོ་༽བྱས་པ་ཡིན་ན།
    If we compare the speed of treating the hepatitis B and icterohepatitis, we would see that the [speed of curing icterohepatitis] is super-fast.
  • ཨེམ་ཆི་ལགས
    ང་རང་ཚོ་རྦད་དེ་གྲང་མཁྲིས་དེ་ཞེ་དྲག་༼ཧ་ཅང་༽གི་མགྱོགས་པ་ཡོང་གི་འདུག་ག་ལ།
    The speed of [recovery from] icterohepatitis is really fast.
  • ཨེམ་ཆི་ལགས
    ཉིན་མ་བཅོ་ལྔ་བཅུ་དྲུག་ནང་སྤྱིར་བཏང་གི་སེར་པོའི་ཆ་ཤས་དེ་ལྒང་དགའ་༼ཚང་མ་༽ཤི་འགྲོ་གིས་ལ།
    Within 15-16 days the yellow parts will completely disappear.
  • ཨེམ་ཆི་ལགས
    སྤྱིར་བཏང་སྐྱོན་མིན་འདུག།
    There is no problem.
  • ཨེམ་ཆི་ལགས
    འདི་ཀྱས་༼དེ་ཚོར་༽འདའི་ང་རང་ཚོའི་ཨམ་ཆི་༼སྨན་པ་༽ལྒང་དགས་༼ཚང་མས་༽སྣང་དག་མེད་པར།
    All of the doctors here are proficient in this skill,
  • ཨེམ་ཆི་ལགས
    སྨན་བཅོས་བྱེད་ཀྱི་ཡོའོ་༼ཡོད་༽རེད་ད་། དེ་ཀྱས་༼དེ་ཚོར་༽དེ་བརྒྱ་ཆ་དང་མ་སོང་ནས་ཡར་་མཐོ་པོ་ཞེ་་པོ་༼ཧ་ཅང་༽སླེབས་ཚར་པ་རེད།
    and giving medical treament to it. [Recovery] rate is really high.
  • ཨེམ་ཆི་ལགས
    གྲང་མཁྲིས་ཡིན་པ་དེ་ཚོ་ཡག་པོ་ཞེ་པོ་༼ཧ་ཅང་༽དྲག་གི་འདུག་གཱ་ལ།
    The patients with icterohepatitis recover very well,
  • ཨེམ་ཆི་ལགས
    མཆིན་ནད་ལྡེམ་བུ་དང་འདྲ་གི་མི་འདུག།
    which is different from the patients having hepatitis B.
  • ཨེམ་ཆི་ལགས
    མཆིན་ནད་ལྡེམ་བུ་ཡིན་ན་ཁོ་རྦད་དེ་ཁོ་ཁྲག་དེ་ཁོ་རའི་སོང་ཙང་ལུས་ཟུངས་ལ་ཕར་ཞེན་ཚར་པ་རེད་པཱ།
    Hepatitis B is a disease of blood, which has spread into one's body.
  • ཨེམ་ཆི་ལགས
    ན་ཚ་དེ་འདྲའི་༼དེ་འདྲ་༽སོང་ཙང༼ཡིན་ཙང་༽སྨན་བཅོས་ཟླ་བ་གསུམ་ཙ་༼ཙམ་༽བཞི་ཙ་༼ཙམ་༽ལྔ་ཙ་༼ཙམ་༽བྱེད་དགོས་ཡག།
    Therefore, such disease may take three or four months of medcial treatment.
  • ཨེམ་ཆི་ལགས
    དེ་གྲང་མཁྲིས་ཡིན་ན་ཉིན་མ་བཅོ་ལྔ་བཅུ་དྲུག་ནང་སྤྱིར་བཏང་འགྲིག་འགྲོ་གི་འདུག་གཱ།
    If the disease is icterohepatitis, it only takes 15 to 16 days generally,
  • ཨེམ་ཆི་ལགས
    ཡག་པོ་དྲག་གིས།
    [during which the patients] would recover very well.