Skip to main content Skip to search
28 Jun 2018
7 min 15 sec
Video Overview
Creators: 
Penchela

མགོ་གླིང་ལྷ་ཁང་འདི་ སྐུར་སྟོད་ལས་ཨིན་མི་ དགའ་ཤེས་པདྨ་འཕྲིན་ལས་ཀྱི་གཞི་བཙུགས་འབད་ཡོདཔ་དང་ ཤུལ་ལས་ གཡུས་ཁའི་བླ་མ་ཐར་ཅུང་ལ་གི་ རྒྱ་བསྐྱེད་བཏང་ཡི་ཟེར་ཨིན་མས། ཨིན་རུང་ ལྷ་ཁང་འདི་བཞེངས་མ་ཚརཝ་ལས་རང་ བླ་མ་འདི་བཤགས་སོངམ་ཨིནམ་དང་ གངས་སྟོད་སྤྲུལ་སྐུ་ ཁྲི་རབས་དགུ་པ་ ཀུན་བཟང་རིག་འཛིན་པདྨ་རྣམ་རྒྱལ་གྱི་ འགོ་འདྲེན་འཐབ་སྟེ་ གྱང་གུ་ཚོན་བཏང་ཡི་ཟེར་ཨིན་མས། གཡུས་ཁའི་མི་ཚུ་གི་ གྲུ་མཐའ་ག་ཅི་ཐོག་ལུ་ཚོན་བཏང་ནི་ཟེརཞུཝ་ད་ རིན་པོ་ཆེ་གི་ གུ་རུ་གིས་རྣམ་སྤྲུལ་དང་ ལུང་ཕྱོགས་འདི་ནང་ནི་རྩ་བོ་ དཔལ་གླིང་གི་ཆོས་ལུགས་འདི་ བཏང་དགོཔ་འབད་བཀའ་གནང་ནུག དེ་ཡང་ ལྷ་ཁང་འདི་ དཔལ་གླིང་གི་ རིགས་བརྒྱུད་ཨིནམ་ལས་རྟེན་ཏེ་ཨིན་མས། དེ་འབདཝ་ལས་ ལྷ་ཁང་འདི་ནང་ དཔལ་གླིང་ཆོས་ལུགས་ཀྱི་ རི་མོ་ཡོདཔ་དང་ མི་ཚུ་གི་ཡང་ ཆོས་ལུགས་འདི་ ལག་ལེན་འཐབ་ཨིན་མས། 

Transcript search
No results found for this search
0 of 0
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    ད་མགོ་ལེངས་ཀྱི་ལྷ་ཁང་གི་དོན་ལུ་ ད་ངོ་སྤྲོད་ཅིག་ཞུ་ནི་ཨིན་ལགས་ ངོ་སྤྲོད་ཞུ་ནི་ག་དེ་སྦེ་སྨོ་ཟེར་བ་ཅིན་ ད་ལྡེབས་རིས་འདི་ཚུ་ ད་ལྷ་ཁང་ར་འདི་ད་ཏེ་ ད་དང་པ་རྒྱས་ཤེས་པདྨ་འཕྲིན་ལས་ཀྱིས་གནང་ རྒྱས་ཤེས་པདྨ་འཕྲིན་ལས་ཀྱིས་ ཆུང་ཀུ་ཅིག་བཅགས་གནང་ དེ་ལས་ རྒྱས་ཤེས་ཀྱི་ཤུལ་ལས་ ཞིང་ལུ་བྱོན་ཞིནམ་ལས་ དེ་ལས་རྟ་ལི་གྲྭ་ཚང་གི་ བླ་མ་ཐེར་ཆུང་ཟེར་བྱོན་ བླ་མ་ཐེར་ཅུང་གིས་སྦེ་ ད་ ཨ་ཕི་ལྷ་ཁང་ཆུང་མས།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    མི་བཏུབ་པས་ཟེར་ དེ་ལས་ད་ ལྷ་ཁང་སྦོམ་གཅིག་གསར་བཞེངས་ བཞེངས་ཏེ་གནང་ བཞེངས་ཏེ་མ་བསྒྲུབས་ཅིག་ཁར་ལུ་ རིན་པོ་ཆེ་ཁོ་ར་ཞིང་ལུ་བྱོན་ ཞིང་ལུ་བྱོན་ཞིནམ་ལས་ དེ་ལས་ མགོ་ལེངས་ཀྱི་གཡུས་ མཐའ་ཁོབ་ཀྱི་གཡུས་ཅིག་འབད་བ་ལས།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    དེ་ལས་ ལྡེབས་རིས་འདི་ཚུ་བཞེངས་མ་ཚུགས་པར་ལུས་ཏེ་ ཧ་ལམ་ལུས་སོང་ཡི་ལགས་ལྷ་ཁང་ ཧ་ལམ་ལུས་ཏེ་ དེ་ལས་ སྒང་སྟེང་སྤྲུལ་སྐུ་རིན་པོ་ཆེ་སྒྲུབ་ཆེན་ཅིག་གནང་པར་བྱོན་སྦེ་ ལྷ་ཁང་མ་བསྒྲུབས་ཅིག་ཁར་ དེ་ལས་ ང་བཅས་ར་གིས་ སྒྲུབ་ཆེན་ཅིག་གནང་གེ་ཟེར་ དེ་ལས་ བླམ་ཞུ་སྟེ་ དེ་ལས་ད་ཁྱོད་ཚུ་གི་མགོ་ལེངས་ལྷ་ཁང་ནང་ ལྡེབས་རིས་མིན་འདུག་ཟེར་ ཁྱོད་ཚུ་ག་དེ་སྦེ་དཀའ་ངལ་ཐོན་ཏེ་ ལུས་སོང་ཡི་གོ་ཟེར་ གསུངམ་བཞིན་དུ་ དེ་ལས།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    དེ་ལས་ སྒང་སྟེང་སྤྲུལ་སྐུ་རིན་པོ་ཆེ་གིས་ ལོགས་གཅིག་སྒང་སྟེང་སྤྲུལ་སྐུ་རིན་པོ་ཆེ་གི་ཨིན་ལགས་ ལོགས་གཅིག་མི་སེར་གྱི་ཨིན་ ལྡེབས་རིས་བཞེངས་ཚུགས་མི་འདི་ དེ་ལས་རིན་པོ་ཆེ་ལུ་ ལྡེབས་རིས་ཀྱི་ལྷ་ཚོགས་ ག་ཅི་བཟུམ་ཅིག་བཙུགས་པ་ཅིན་དྲག་ག་རིན་པོ་ཆེ་ཟེར་ཞུཝ་ད་ལུ་ ཁྱོད་ནཱ་པད་གླིང་གི་གདུང་རྒྱུད་ཨིན་པས་ པད་གླིང་གནངམ་བཞིན་དུ་ད་ པད་གླིང་གི་ལྷ་ཚོགས་འདི་ཚུ་བཞེངས་པ་ཅིན་ ཀྲིག་ཀྲི་འོང་ཟེར་ རིན་པོ་ཆེའི་བཀའ་བབས་བཞིན་དུ།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    འབད་བ་ལས་ དེ་ལས་ད་ ནཱ་བཞེངས་དགོཔ་ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ནཱ་ཚེས་བཅུ་དུས་མཆོད་འབད་རུང་ ག་ཅི་ར་འབད་རུང་ ཡར་ངོ་མར་ངོ་གནངམ་ད་ བླ་མ་དོར་བུ་རྒྱ་མཚོ་གནངམ་ཨིན་ལགས་ བླ་མ་ནོར་བུ་རྒྱ་མཚོ་གནངམ་ད་ ཏེ་ད་ ཨ་ནཱི་ལྡེབས་རིས་འདི་ཚུ་ ཨ་ནཱ་ལུ་ཨོ་རྒྱན་གུ་རུ་ གུ་རུ་མཚན་བརྒྱད་འ་ནཱ་བཞེངས་ད་ཟེར་ ཏེ་རིན་པོ་ཆེ་གི་བཀའ་བབས་བཞིན་དུ་སྦེ་ ཁོ་ར་བྱོན་ཏེ་རང་ལགས།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    བསྒྲུབས་ཡང་ཁོ་ར་གིས་ གནང་གནངམ་ཨིན་ རིན་པོ་ཆེ་གིས་ བཀའ་བབས་ཡང་ ཁོ་ར་གིས་གནང་གནངམ་ཨིན་ ཨ་ནཱ་ལུ་ ཁྱོད་ར་ཚུ་ཡར་ངོ་གི་དོན་ལུ་ བླ་མ་ནོར་བུ་རྒྱ་མཚོ་གནང་དོ་མས་ བླ་མ་ནོར་བུ་རྒྱ་མཚོ་ནཱ་ལུ་བཞེངས་ད་ གུ་རུ་མཚན་བརྒྱད་ཨིན་ཟེར་ སྒང་སྟེང་རིན་པོ་ཆེ་གིས་ དེ་སྦེ་བཀའ་གནང་སྟེ་པ་བརྟེན་ཏེ་ ད་གུ་རུ་མཚན་བརྒྱད་ནཱ་ལུ་ བཞེངས་བཞེངསམ་ཨིན་ལགས།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    ད་ཡར་ལུ་འབད་བ་ཅིན་ ཡར་ངོ་གི་དོན་ལུ་ བླ་མ་ནོར་བུ་རྒྱ་མཚོ་བཞེངས་ བཞེངས་ད་ཟེར་བཀའ་གནང་ ནཱ་ལུ་འབད་བ་ཅིན་ཏེ་ ད་ག་དེ་སྦེ་སྨོ་ཟེར་བ་ཅིན་ ཚེ་འགུགས་རེ་གནང་ ཚེ་དབང་རེ་གནང་ཏེ་འབད་བ་ཅིན་ ད་འོག་ལུ་འདི་ ཏེ་ང་བཅས་རའི་དང་ཕུ་རྒྱས་ཤེས་པདྨ་འཕྲིན་ལས་ཀྱི་ བཀའ་བབས་རང་ཏེ་ པད་གླིང་འབདཝ་ད་ ཏེ་ད་ཚེ་དཔག་མེད་ལུ་ ནོར་རྒྱམ་གནང་སྟེ་སྡོད་ནུག་ལགས་ བླ་མ་ནོར་བུ་རྒྱ་མཚོ་གནང་སྟེ་སྡོད་ནུག་ འདི་འབད་བ་ལས་བརྟེན་ཏེ་ དེ་ལས།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    ད་འོག་ལུ་ ཁོ་རའི་ཞལ་ཆེམས་ཨིན་པས་ ཞལ་ཆེམས་དང་བསྟུན་ཏེ་ ཁྱོད་ར་ཚུ་དེ་ལས་ ཚེ་མཐུད་དགོ་རུང་ ག་ཅི་རང་འབད་རུང་ དབང་གནང་དགོ་རུང་ ག་ཅི་རང་འབད་རུང་ ཏེ་ཚེ་དཔག་མེད་ཨིན་ ཚེ་དཔག་མེད་ད་འོག་ལུ་འབད་བ་ཅིན་ གཙོ་འཁོར་ཚེ་དཔག་མེད་འབད་གནང་ད་ཟེར་ ཚེ་དཔག་མེད་ཀྱི་འཁོར་ཨིན་ལགས་ ག་ར་རང་ ཨ་ནཱི་ཚུ་ག་ར་རང་ལགས།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    ཚེའི་དངོས་གྲུབ་གནང་ནིའི་དབང་ག་ཅི་རང་ཞུ་རུང་ ཏེ་ང་བཅས་རའི་མི་སེར་རང་འབད་རུང་ ཨ་ནཱ་ལུ་ མནོ་མ་ཤེས་ཏེ་འབད་བ་ཅིན་ ཁོ་ཕྱག་གི་སྦེ་ ལགཔ་གི་འབད་སྟོནམ་ཙམ་ཅིག་གིས་རང་མནོ་ཤེས་ མནོ་ཤེས་ཙམ་ཅིག་གིས་རང་ཁོང་ཚེ་མཐུད་ནི་ཨིན་ཟེར་ འ་ནཱི་འབད་ནི་དེ་གིས་ ལྡེབས་རིས་འདྲཝ་སྐུ་ཐང་འདྲཝ་མེད་དེ་འབད་བ་ཅིན་ ཏེ་ང་བཅས་ར་གིས་ མི་ཤེས་པས་སྦ་ ག་ཅི་ཨིན་ན་གུ་ཅི་ཨིན་ན་ཡང་།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    འ་ནཱི་ཤེས་ནིའི་ཕྱིར་དུ་སྦེ་ ཏེ་རང་ར་འབད་རུང་ ཚེ་མཐུད་ནིའི་དོན་ལུ་སྦེ་ ཁོང་ར་བསྔོ་རུང་ དབང་གནང་རུང་ ག་ཅི་ར་གནང་རུང་ ཚེ་དབང་གནང་རུང་ ག་ཅི་ར་གནང་རུང་ ད་གཙོ་འཁོར་ཁོ་འབད་དེ་ གནངམ་ཨིན་ཟེར་ ཞུ་ནི་ཨིན་ལགས་ མགོ་ལེངས་གཡུས་ཁར།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    སྒང་སྟེང་སྤྲུལ་སྐུ་གི་ཞལ་ཆེམས་ཨིན་རོགས་ རོགས་ག་ར་རང་ལགས་ འ་ནཱི་ཅིག་ཨིན་ལགས་ གཙོ་འཁོར་འདི་ཚུ་ ཚེ་དཔག་མེད་ཀྱི་གཙོ་འཁོར་འདི་ཚུ་ག་ར་རང་ ནཱ་ལུ་ཚངམ་སྦེ་ཡོདཔ་ཨིན་ལགས་ རིན་པོ་ཆེ་གི་བཀའ་བབས་བཞིན་དུ་འབད་དེ་ལགས།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    ད་ཨ་ནཱ་ལུ་འབད་བ་ཅིན་ ག་དེ་སྦེ་སྨོ་ཟེར་བ་ཅིན་ རིན་པོ་ཆེ་གི་ཁོ་རའི་བཀའ་བབས་བཞིན་དུ་འབད་དེ་ད་ མི་རེ་ཤི་ ག་ཅི་རང་འབད་རུང་ དགེ་བ་དགེ་རྩ་འདི་ཚུ་ནཱ་ལྷ་ཁང་ནང་ལུ་གནང་དགོ་ ལྷ་ཁང་ནང་ལུ་གནངམ་ད་ དཀྱིལ་འཁོར་ཨིན་ཅི་མིན་ཅི་དགོ་ ལྷ་ཚོགས་འདི་ཚུ་དགོ་ཟེར་ བཀའ་རྒྱ་གནང་པ་ལས་བརྟེན་ཏེ་ བཞེངས་ཏེ་ཡང་ཁོ་ར་གིས་ གནང་གནངམ་ཨིན་ ཨིན་རྒྱུ་ཨིན་རུང་ ད་ནཱ་ལུ་འདི་ ཞི་བའི་ལྷ་ཚོགས་ཨིན་ཟེར་ ཞུ་ནི་ཨིན་ལགས་ འདི་ཚུ་ ཨ་ནཱ་ཚུན་ཚོད།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    ཨ་ནཱི་སངས་རྒྱས་འདི་ཚུ་ག་ར་ ཐུབ་པ་དྲུག་ དེ་ལས་ བར་ན་ལུ་ ཁོ་ར་ཀུན་བཟང་ཡབ་ཡུམ་ མར་གྱི་ཆོས་སྐུ་ཀུན་ཏུ་བཟང་མོ་ དེ་ལས་ ཤར་རྡོ་རྗེ་སེམས་དཔའ་ ལྷོ་རིན་ཆེན་འབྱུང་གནས་ ནུབ་སྣང་བ་མཐའ་ཡས་ ག་ར་ཚངམ་སྦེ་ ཞི་བའི་ལྷ་ཚོགས་ ཞི་བ་ལྷ་ཚོགས་ཀྱི་ བཞི་བཅུ་ཞེ་གཉིས་འདི་ཚུ་ འ་ནཱི་ཡར་ཆད་ག་ར་ཞི་བ་ལྷ་ཚོགས་འདི་ཚུ་ཨིན་ཟེར་ ཞུ་ནི་ཨིན་ལགས།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    ཨ་ནཱི་ང་བཅས་ར་མི་ཤིཝ་ད་ ཕར་ལྷ་ཚོགས་ངོ་སྤྲོད་འབད་ནིའི་དོན་ལུ་ལགས་ ག་ར་རང་ འ་ནཱི་ཅིག་ཧེ་མ་རང་ངོ་སྤྲོད་ཁོ་ང་བཅས་རའི་མི་ཤི་ཤིཝ་ཚུ་ལུ་ དང་པ་རང་ཁོ་ངོ་སྤྲོད་ཨ་ནཱི་ཕུལ་དགོ་ཟེར་ ཞུ་ནི་ཨིན་ལགས་ ང་བཅས་ར་མི་ཤི་རུང་ ག་ཅི་རང་འབད་རུང་ ཏེ་ད་ཁོ་ཞི་བའི་ལྷ་ཚོགས་ཚུ་ ངོ་སྤྲོད་འབད་ ཐུབ་པ་དྲུག་ལས་འགོ་བཙུགས་ཏེ་ ཤར་རྡོ་རྗེ་སེམས་དཔའ་ ལྷོ་རིན་ཆེན་འབྱུང་གནས་ ནུབ་སྣང་བ་མཐའ་ཡས་ དེ་ལས་ བར་ན་འབད་བ་ཅིན་ཁོ་ར་ཀུན་བཟང་ཡབ་ཡུམ་ མར་གྱི་འབད་བ་ཅིན་ ཆོས་སྐུ་ཀུན་ཏུ་བཟང་མོ་ཚུ་གི་ གཙོ་འཁོར་ལྷ་ཚོགས་ཞི་བ་བཞི་བཅུ་རྩ་གཉིས་ཨིན་ཟེར་བའི་ལགས་ འ་ནཱི་ ཁོ་ལུ་འབད་བ་ཅིན།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    འ་ནཱི་ཅིག་ལྷ་ཚོགས་གཅིག་ འ་ནཱི་ཅིག་ཨིན་ལགས།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    ད་ཞི་བ་བཞི་བཅུ་རྩ་གཉིས་ཡར་ལུ་ ཕུལ་ཚར་ཡི་ ད་ནཱ་ལུ་འབད་བ་ཅིན་ ང་བཅས་རའི་ཚེ་འདས་ཚུ་གི་དོན་ལུ་ ངོ་སྤྲོད་ཀྱི་དོན་ལུ་ ཏེ་ད་ཁྲོ་བའི་ལྷ་ཚོགས་ཨིན་ཟེར་ཨིན་ ལྔ་བཅུ་ལྔ་བརྒྱད་ ཁྲག་བཏུང་ལྔ་བཅུ་ལྔ་བརྒྱད་ཀྱི་ ཨ་ནཱ་བར་ན་ལུ་ ཁོ་རའི་ཁྲག་བཏུང་ཧེ་རུ་ཀ་ བུད་ད་ཧེ་རུ་ཀ་ རེད་ན་ཧེ་རུ་ཀ་ ཀརྨ་ཧེ་རུ་ཀ་ བཛྲ་ཧེ་རུ་ཀ་ཚུ་གི་སྐོར་ཏེ་ མ་ཤེས་པ་ཅིན་ ཏེ་ད་ང་བཅས་རའི་གཤིན་རྗེ་ལས་མཁན་ཚུ་ ངོ་མ་ཤེས་པ་ཅིན་ ང་བཅས་ཀྱིས་ དགེ་བ་སྒྲུབ་སྒྲུབས་མེད་ མ་ཎི་བགྱངས་ཏེ་མེད་པ་ཅིན་ ད་འ་ནཱ་མར་ ཏེ་ག་ར་རང་ ཁྲོ་བོ་སྦེ་མཇལ་ནིའི་དོན་ལུ་ ངོ་སྤྲོད་སྤྲོད་ནིའི་དོན་ལུ་སྦེ་ ཏེ་བཞེངས་ད་ཟེར་ རིན་པོ་ཆེ་གིས་བཀའ་བབས་གནང་པ་ལས་བརྟེན་ཏེ་ དེ་ལས་ མར་ཁ་ཐུག་ལུ་ ཁྲོ་བོའི་ལྷ་ཚོགས་བཞེངས་བཞེངསམ་ཨིན་ལགས།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    ཁྲོ་བོ་ལྷ་ཚོགས་ག་དེ་སྦེ་ཟེར་བ་ཅིན་ ང་བཅས་རའི་མ་ཎི་བགྱངས་བགྱངསམ་ཡོད་ དེ་ལས་དགེ་བ་ལེགས་ཤོམ་སྒྲུབས་ཏེ་ཡོད་པ་ཅིན་ དེ་ལས་ ད་ཁྲོ་བ་དང་ཞི་བ་དབྱེ་བ་མེད་ཟེར་ ཞུ་ནི་ལགས་ ཅོག་གཅིགཔ་ཨིན་ ཅོག་རང་འཐད་ཟེར་ ཞུ་ནི་ཨིན་ལགས་ དེ་ལས་ ད་རང་གིས་ མ་ཎི་ཡང་བགྱང་བགྱངསམ་མེད་ དགེ་བ་དགེ་རྩ་ཡང་འབད་འབདཝ་མེད་པ་ཅིན་ ད་ཨ་ནཱ་ལུ་ ཏེ་ འཕགས་པ་ཐུགས་རྗེ་ཆེན་པོ་ སྤྱན་རས་གཟིགས་ང་བཅས་རའི་ཤེས་ཏེ་འབད་བ་ཅིན་ ངོ་ཤེས་ཏེ་འབད་བ་ཅིན་ འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་ཚབ་ ཁྲག་སྟོང་ཧེ་རུ་ཀ་ དེ་ལས་ བིད་ད་ཧེ་རུ་ཀ་ལོ་ ཤར་རྡོ་རྗེ་སེམས་དཔའ་ ལྷོ་རིན་ཆེན་འབྱུང་གནས་ ནུབ་སྣང་བ་མཐའ་ཡས་ཀྱི་ དེ་སྦེ་རང་གི་ངོ་སྤྲོད་ སྤྲོད་ནིའི་དོན་ལུ་ དེ་སྦེ་གནང་གནངམ་ གནང་ད་ཟེར་ རིན་པོ་ཆེ་གིས་ བཀའ་བབས་གནང་པ་ལས་བརྟེན་ཏེ་ ཁྲོ་བའི་ལྷ་ཚོགས་ནཱ་ལུ་ གནང་གནངམ་ཨིན་ལགས་ བཞེངས་དགོ་པའི་ཁུངས་འབད་བ་ཅིན་ ལྷ་ཁང་གི་ལྡེབས་རིས་བཞེངས་དགོཔ་འབད་བ་ཅིན།
  • ཡེ་ཤེས་དབང་ཕྱུག་ Yeshi Wangchuk
    ད་རུང་ལྷ་ཁང་རྙིངམ་གི་ནང་ལུ་ཡང་ཡོད་ག་ལགས་དང་ཕུའི?
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    ལྷ་ཁང་རྙིངམ་གི་ལྡེབས་རིས་ཡོད་ལགས་ མར་ལུ་འབད་བ་ཅིན་ གཏུང་གཤགས་ཡོད་ལགས་ གཙོ་བར་ན་ལུ་ གཅིག་ལོགས་གཅིག་ཁར་ གཏུང་གཤགས་ཡོད་རྒྱབ་ཏུ་ལགས་ མཆོད་རྟེན་གྱི་རྒྱབ་ཁར་ལུ་ གཏུང་གཤགས་ཨིན།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    དེ་ལས་ ཚུར་ཁ་ཐུག་འབད་བ་ཅིན་ སྤྱན་རས་གཟིགས་ཨིན་ལགས་ དེ་ལས་ ལོགས་གཅིག་ཁར་འབད་བ་ཅིན་ གུ་རུ་མཚན་བརྒྱད་ཡོད་ལགས་ མར་འོག་ཐོག་ལུ་ཡང་ དང་ཕུ་རྙིང་མའི་ཨིན་ལགས་འདི་ཚུ་འདི་ རྒྱས་ཤེས་པདྨ་འཕྲིན་ལས་ཀྱིས་ ཧེ་མ་ཧེ་མ་གནང་གནང་པའི་ལྷ་ཁང་ཨིན་པས་མར་གྱི་འདི་རྙིངམ་ དེ་ལས་ མར་ལུ་འབད་བ་ཅིན་ མི་མ་ཤོང་པར་བླམ་ཐེར་ཅུང་གིས་འབད་ ཨ་ནཱ་བཞེངས་ད་ཟེར་ ས་བཅགས་ཏེ་ སློབ་དཔོན་འགྱུར་མེད་ཀྱིས་གནང་།
  • ཀུན་བཟང་དབང་ཕྱུག་ Kuenzang Wangchuk
    དེ་ལས་ འདི་ཚུ་བཞེངས་ཏེ་ གསརཔ་ཨིན་ལགས་ ཨ་ནཱི་ལྷ་ཁང་འབད་བ་ཅིན་ ད་མར་ལུ་འབད་བ་ཅིན་ ལོགས་གཅིག་ཁར་ སྤྱན་རས་གཟིགས་ཡོད་ ལོགས་གཅིག་ཁར་ཞབས་དྲུང་ཡོད་ ལོགས་གཅིག་ཁར་གུ་རུ་མཚན་བརྒྱད་ཡོད་ ལོགས་གཅིག་ཁར་ཚེ་དཔག་མེད་ཡོད་ ལོགས་གཅིག་ཁར་གཏུང་གཤགས་ཡོད་ གཏུང་གཤགས་ཀྱི་ལྷ་ཚོགས་ག་ར་ཡོད་ལགས་ ལྷ་ཁང་རྙིངམ་གི་ནང་ན།