01 Feb 2012
41 min 1 sec
Video Overview
Creators:
Columbia University, Tibetan Academy of Social Sciences, Tibet University, University of Virginia
Lama Norbu offers an introduction to Dzingchi Monastery, including its founding in 1025, Kagyü traditions, Zang Mountain area, and topics in the history of the monastery and surrounding area.
- Lhokha
- Dzingchi
- བཅའ་འདྲི་བྱ་ཡུལ་ལགས་སོ་ལགས། ལའོ་ཨོ་ལའོ།
- བཅའ་འདྲི་བྱ་ཡུལ་ད་ང་ཚོ་འདི་དང་པོ་ཐོག་མ་ར་བྱས་པ་ཡིན་ན། དའ།
- བཅའ་འདྲི་བྱ་ཡུལ་ལྷོ་ཁ་རྫིང་ཕྱི་རྫིང་ཕྱི་ཟེར་ཡས་དེ། ཨ་ནི། གྲུབ་གནས་དེ་རྗེ་རིན་པོ་ཆེ་གིས།
- བཅའ་འདྲི་བྱ་ཡུལ་ཨོང་དའ་གཅིག་གནས་ཡིན་པ། རི་བོ་དགེ་ལུགས་པའི་གནས་ཡིན་པ།
- བཅའ་འདྲི་བྱ་ཡུལ་དང་ཐོག་མར་ཀྱི་དའ། ང་ཚོའི་དགོན་པ་དེ་ཕྱག་བཏབ་ནས། དའ་གང་འདྲས་བྱས་པ་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་ཕྱག་བཏབ་ནས་ལོ་ངོ་༡༠༢༥ཙམ་འགྲོ་བ་རེད་ལགས།
- བཅའ་འདྲི་བྱ་ཡུལ་༡༠༢༥ཙམ་འགྲོ་བའི་སྐབས་ལ་ཨེ་ནི། གང་འདྲས་ཆགས་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་དང་ཐོག་མ་དགོན་པ་འདི་བཀའ་རྒྱུད་ཀྱི་དགོན་པ་ཡིན་པ། བཀའ་རྒྱུད་ཀྱི་དགོན་པ་ཡིན་པ། ཨ་ནི།
- བཅའ་འདྲི་བྱ་ཡུལ་རྗེ་རིན་པོ་ཆེ་ཕེབས་ཡོང་པའི་སྐབས་ལ་དགོན་པ་ནི་ཉམས་རྒུད་ཚབ་ཆེན་དེ་འདྲས་ཕོགས་ནས་ཨ་ནི།
- བཅའ་འདྲི་བྱ་ཡུལ་རྗེ་རིན་པོ་ཆེ་ཡིས་ཉམས་བཟོ་དེ་འདྲས་མཛད་པ།
- བཅའ་འདྲི་བྱ་ཡུལ་ཨ་ནི་དང་ཐོག་མ་བཀའ་རྒྱུད་ཀྱི་དགོན་པ་ཡིན་པ། བཀའ་རྒྱུད་ཀྱི་དའ།
- བཅའ་འདྲི་བྱ་ཡུལ་གྲུབ་གནས་ར་བྱས་ན། བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གིས་ཨ་ནི།
- བཅའ་འདྲི་བྱ་ཡུལ་རྦད་དགོན་པ་གཙུག་ལག་ཁང་ད་ལྟ་སྟེང་དེ་ཨ་ནི།
- བཅའ་འདྲི་བྱ་ཡུལ་ཁོ་ར་རྦད་དེ་འདྲས་ཕྱག་རྟགས་ལ་མ་སོང་བཏབ།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྒྱལ་བ་བྱམས་པ་དེ་ཨ་ནི་བྱམས་པ་སྤྲུལ་སྐུ་ཉི་མ་དེ་འདྲས་གདན་འདྲེན་ཞུས།
- བཅའ་འདྲི་བྱ་ཡུལ་ཨ་ནི་ངས་ད་གིན་སྔ་རྟིང་ཞུ་ཡས་ད་ག་ནང་ལྟར་རེད།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཁག་གཅིག་གིས་བྱམས་པ་གྲུབ་པ་དེ་འཁྲུངས་པ་ཡིན་ཟེར་ཀྱི་ཡོད་རེད། ཁག་གཅིག་གི་ཨེ་ནི་མདོ་སྨད།
- བཅའ་འདྲི་བྱ་ཡུལ་ཨ་ནི་དགའ་ཡིད་དགའ་ཆོས་རྫོང་དང་ངོ་བོ་དབྱེར་མི་མཆིས་པའི་ས་ཆ་ག་པར་ཆགས་པ་རེད་གསུངས་
- བཅའ་འདྲི་བྱ་ཡུལ་ཡོད་རེད་དེ། ཨ་ནི་རྒྱལ་བ་བྱམས་པ་དེ་ཨ་ནི། དགའ་ལྡན་ནས་གདན་འདྲེན་ཞུས་པ་ཡིན་ཟེར་དེ་འདྲས་གསུངས་བ་རེད།
- བཅའ་འདྲི་བྱ་ཡུལ་ད་དེ་སྐུ་བྱམས་པ་རང་བྱོན་གསུམ་ལྡན་ནས་བྱེད་ཡས་དེ། ཨ་ནི།
- བཅའ་འདྲི་བྱ་ཡུལ་ཁ་ཡངས་ཙདྣ་གྱི་བྱམས་པ་དེ་ཨེ་ནི་རྗེ་རིན་པོ་ཆེས།
- བཅའ་འདྲི་བྱ་ཡུལ་ཨ་ནི་བཤེས་གཉེན་མག་མིན་ཡོན་ཏན་གཡུ་འབྲུག་གང་འདྲས་ཟེར་ཆགས་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་སྐུ་རང་བྱོན་གསུམ་ལྡན་དེ། རྒྱ་གར་ཤེལ་རི་ལས་གྲུབ་པའི་ཤེལ་གྱི་སྐུ་བྱམས་པ་དེ་ནི།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྦད་ཕ་ནས་ཚུར་གདན་འདྲེན་ཞུས་པ་དེ་འདྲས། ཙདྣ་གྱི་བྱམས་པ་དེ་ནི།
- བཅའ་འདྲི་བྱ་ཡུལ་ཨོང་དའ། རྗེ་རིན་པོ་ཆེ་ཡི་ལ་དའ། བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་ལ་ཨ་ནི།
- བཅའ་འདྲི་བྱ་ཡུལ་དེ་འདྲས་གཅིག་གི་གྲུབ་གནས་རྟགས་ལ་མ་སོང་ནས་གཅིག་བྱུང་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་དངོས་གྲུབ་དང་དེ་འདྲས་བྱུང་ནས་སྐུ་རང་བྱོན་གསུམ་ལྡན་ནས་གྲུབ་པའི་བྱམས་པ་ཡིན་ཟེར་ཡས་དེ།
- བཅའ་འདྲི་བྱ་ཡུལ་ཨོང་དའ། དེབ་ཁོ་རའི་ནང་ལ་བྱས་པ་ཡིན་ན་ནི། དེ་འདྲས་གཅིག་འཁོད་བསྡད་ནུའུ་ལའོ།
- བཅའ་འདྲི་བྱ་ཡུལ་བྱམས་པ་གྲུབ་ཕུག་ནས་འཁྲུངས་བ་ཡིན་ཟེར་ཡས་དེ།
- བཅའ་འདྲི་བྱ་ཡུལ་བྱམས་པ་གྲུབ་ཕུབ་ནས་འཁྲུངས་ཡས་དེ་ནི་ཨ་ནི་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གིས།
- བཅའ་འདྲི་བྱ་ཡུལ་བྱམས་པ་གྲུབ་ཕུག་ཟེར་ཡས་ཀྱི་བྲག་ཕུག་ཁྱད་དུ་འཕགས་པ་དེ་འདྲས་ཡིན་པ།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྗེ་རིན་པོ་ཆེས་གང་གསུངས་ཡོག་རེད་ཟེར་ན། ཨ་ནི་རྦད་གནས་ཁྱད་པར་ཅན།
- བཅའ་འདྲི་བྱ་ཡུལ་ཡུལ་ཁྱད་པར་ཅན། རྟེན་ཁྱད་པར་ཅན།
- བཅའ་འདྲི་བྱ་ཡུལ་སྲུང་མ་ཁྱད་པར་ཅན་དེ་འདྲས་ཡོད་གསུངས་བ་རེད། ཡུལ་འདིའི་ནང་ལ་ཆ་བཞག་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཡུལ་བཤད་ལ་ཆ་བཞག་པ་ཡིན་ན་ག་རེ་ཟེར་ཡོད་རེད་ཟེར་ན་ཨ་ནི།
- བཅའ་འདྲི་བྱ་ཡུལ་གནམ་ལ་འཁོར་ལོ་རྩ་བརྒྱད་ཟེར། ས་པདྨ་འདབ་རྒྱས།
- བཅའ་འདྲི་བྱ་ཡུལ་རི་ཆེན་ཁྱད་པར་གསུམ་འཛོམས་པ། རི་ཆེན་ཁྱད་པར་གསུམ་ག་རེ་ག་རེ་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་ཨ་ནི་རི་ནུབ་ངོགས་ཀྱི་དེ་ལ་ཨ་ནི། ཨོང་ཟངས་ཀྱི་རི་ཡིན་པ་།
- བཅའ་འདྲི་བྱ་ཡུལ་ཟངས་རི། འོང་དའ། ཨོང་ཤར་ངོགས་ལ་ཆ་བཞག་པ་ཡིན་ན་ལྷའི་རི་ཡིན་པ། ལྷ་རི།
- བཅའ་འདྲི་བྱ་ཡུལ་འོང་དའ། ཨོང་འདིའི་རྒྱུད་དེ་ཕར་ལྷོ་ངོགས་ལ་ཆ་བཞག་པ་ཡིན་ན། གཡུའི་རི་ཡིན་པ།
- བཅའ་འདྲི་བྱ་ཡུལ་རི་ཆེན། ལྷ་རི་། གཡུ་རི། ཟངས་རི། གསུམ་འཛོམས་པའི་གནས་ཁྱད་པར་ཅན།
- བཅའ་འདྲི་བྱ་ཡུལ་དགའ་ལྡན་ཡིད་དགའ་ཆོས་རྫོང་ངོ་བོ་དབྱེར་མི་མཆིས་པའི་རྫིང་ཕྱི་དགའ་ལྡན་བྱམས་པ་གླིང་ཟེར།
- བཅའ་འདྲི་བྱ་ཡུལ་འོང་ཡུལ་བཤད་དེ་འདྲས་གཅིག་ཡོད་རེད།ཡུལ་བཤད་དེ་འདྲས་གཅིག་ཡོད་པའི་སྐབས་ལ་དེ་ནི།
- བཅའ་འདྲི་བྱ་ཡུལ་འོང་དའ། ང་ཚོའི་འདེའི། རྟེན་དེ་ནི་རྗེ་བཙུན་བྱམས་པ་ཡིན་པ།
- བཅའ་འདྲི་བྱ་ཡུལ་སྲུང་མ་དེ་ནི་རྒྱལ་པོ་སྐུ་ལྔ་ཡིན་པ། རྒྱལ་པོ་སྐུ་ལྔའི་ནང་ནས་། འོང་།
- བཅའ་འདྲི་བྱ་ཡུལ་དབུས་ཕྱོགས་ཐུགས་ཀྱི་རྒྱལ་པོ་དེ་ཡིན་པ། ཨོ་དེ་འདྲས་གཅིག་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་དེ་འདྲས་གཅིག་ཆགས་ཡོང་པའི་སྐབས་ལ། འོ་ད་གཞི་བདག་དེ་ལྷ་ཆེན་འུ་དེ་གུང་རྒྱལ་ཟེར་དེ་རེད།
- བཅའ་འདྲི་བྱ་ཡུལ་ལྷ་ཆེན་འུ་དེ་གུང་རྒྱལ་ཟེར་དེ་རེད་ལགས། མི་གས། ད་ལྟ་མི་ནས་མར་བྱས་ན་རི་མ་གི་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་རི་མ་གི་འོ་མི་འདྲས་གཅིག་གནས་བསྡད་ཡོད་རེད།
- བཅའ་འདྲི་བྱ་ཡུལ་འོ་དེ་འདྲས་བྱས་ད་གཞི་བདག་དེ་ཡིན་ན། འོ་དེ་འདྲས་གཅིག་རེད།
- བཅའ་འདྲི་བྱ་ཡུལ་ད་རྗེ་རིན་པོ་ཆེ་ཕེབས་ནས་ཉམས་གསོ་མཛད་ནས། ཨ་ནི་གང་མིན་ཚད་དེ་འདྲས་བྱུང་ཡོག་རེད། ཨ་ནི།
- བཅའ་འདྲི་བྱ་ཡུལ་དགོན་པ་འདི་ལ་རྗེ་རིན་པོ་ཆེ་ཕེབས་ནས་འོང་། རྗེ་རིན་པོ་ཆེ་ཡི་མཛད་ཆེན་བཞིའི་དགོངས་པ་རེད་པའ་ལགས་དེ།
- བཅའ་འདྲི་བྱ་ཡུལ་མཛད་པ་བཞི་ཡི་དགོན་པ། མཛད་པ་བཞི།
- བཅའ་འདྲི་བྱ་ཡུལ་མཛད་པ་བཞིའི་ནང་ནས་མཛད་པ་ག་རེ་བསྟན་ཡོད་རེད་ཟེར་ན། ང་ཚོ་འོལ་ཁ་རྫིང་ཕྱི།
- བཅའ་འདྲི་བྱ་ཡུལ་རྫིང་ཕྱི་དགོན་པ་ཟེར་དེ་མཛད་པ་གཅིག་དེ།
- བཅའ་འདྲི་བྱ་ཡུལ་ང་ཚོའི་དེའི་རྗེ་རིན་པོ་ཆེ་ཀྱིས་ལྷ་ས་སྨོན་ལམ་ཀྱི་ལྟ་མགོན་གྱི་མཛད་པ་དེ་ཨོ་འདིའི་མཛད་ཡོད་རེད།
- བཅའ་འདྲི་བྱ་ཡུལ་ཨོང་དེ་ནས་ལྷ་ས་སྨོན་ལམ་ཀྱི་ལྟ་མགོན་གྱི་མཛད་པ་དེ་ཨོ་འདི་ནས་མཛད་ཚར་པའི་སྐབས་ལ། ཨ་ནི།
- བཅའ་འདྲི་བྱ་ཡུལ་ལྟ་མགོན་ནི་ཀ་མཛད་པ་དང་ཨ་ནི་ཨོང་། ལྷ་ས་སྨོན་ལམ་སྨོན་ལམ་ཟེར་ཡས་དེ་ཨོ་དེ་ ནས་བྱུང་ཡས་དེ།
- བཅའ་འདྲི་བྱ་ཡུལ་ལྟ་མགོན་ཟེར་ནའི་འདྲ། རྟེན་འབྲེལ་ཟེར་ནའི་འདྲ། ཨོ་དེའི་ཚུལ་དེ་རྗེ་རིན་པོ་ཆེ་ཡིས་ཨོ་འདི་ནས་བྱུང་ཡོད་རེད།
- བཅའ་འདྲི་བྱ་ཡུལ་ཨོང་དའ། དེ་ནས་བྱས་ནས་རྗེ་རིན་པོ་ཆེ་ཡིས། ད་དགོན་པ་ནི་ཕྱག་བཏབ།
- བཅའ་འདྲི་བྱ་ཡུལ་དེ་ནི་འོལ་ཁ་ཆོས་ལུང་ལ་དང་ཐོག་མ་རྗེ་རིན་པོ་ཆེ་ཨ་ནི་འོལ་ཁ་ཆོས་ལུང་ལ་ཕེབས།
- བཅའ་འདྲི་བྱ་ཡུལ་འོལ་ཁ་ཆོས་ལུང་ལ་ཕེབས་པའི་སྐབས་ལ་ཨ་ནི། བརྐྱངས་ཕྱག་གནང་དེ་འདྲས་མཛད།
- བཅའ་འདྲི་བྱ་ཡུལ་རྐྱངས་ཕྱག་མཛད་པའི་སྐབས་ལ་ཨ་ནི་བདེ་བཞིན་གཤེགས་པ་སུམ་ཅུ་སོ་ལྔ་པས།
- བཅའ་འདྲི་བྱ་ཡུལ་བདེ་བཞིན་གཤེགས་པ་རེ་རེ་ལ་ཡང་ཕྱག་འབུམ་ལྡན་རེ་རེ། ཡི་གེ་འབུམ་ལྡན་རེ་རེ།
- བཅའ་འདྲི་བྱ་ཡུལ་མཎྜལ་འབུམ་ལྡན་རེ་རེ་ཕུལ་ཡོད་རེད་ལགས།
- བཅའ་འདྲི་བྱ་ཡུལ་འོ་དའ། དེ་འདྲས་བྱས་པའི་སྐབས་ལ། ཨ་ནི་བདེ་བཞིན་གཤེགས་པ་སུམ་ཅུ་སོ་ལྔ་དེ་ལ། དའ།
- བཅའ་འདྲི་བྱ་ཡུལ་དབུ་མེད་པའི་བཟོ་ར་པོ་མཇལ་ནས།
- བཅའ་འདྲི་བྱ་ཡུལ་དབུ་མེད་པའི་བཟོ་ར་པོ་མཇལ་ཡོང་པའི་སྐབས་ལ་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན།
- བཅའ་འདྲི་བྱ་ཡུལ་ལུང་བསྟན་ཡོང་པའི་སྐབས་ལ་གང་འདྲས་གསུངས་ཡོང་གི་ཡོད་རེད་ཟེར་ན། ཨའ་དའ།
- བཅའ་འདྲི་བྱ་ཡུལ་འོལ་ཁ་རྫིང་ཕྱི་ཟེར་ཡས་དེ་ནི་རྦད་དེ་དའ། ཉམས་རྒུད་ཚབ་ཆེན་དེ་འདྲས་ཕོགས་ནས་ཨ་ནི།
- བཅའ་འདྲི་བྱ་ཡུལ་རྗེ་རིན་པོ་ཆེ་ཡིས་ཨ་ནི། ཨ་ནི་དེ་འདྲས་བྱུང་ནས། དེ་ནི་རྗེ་རིན་པོ་ཆེ་ཡིས་ཕ་ནས་ཚུར།
- བཅའ་འདྲི་བྱ་ཡུལ་ཨོང་། གྲུབ་གནས་དེ་ཀས་ཁོ་རང་ཕོ་པའ། སྐྱབས་འགྲོ། དངོས་སྦྱངས།
- བཅའ་འདྲི་བྱ་ཡུལ་གང་ག་ལོགས་ཀོ་༼ཚང་མ༽མཛད་ཚར་པའི་སྐབས་ལ། དའ། ཨ་ནི་འོལ་ཁ་ རྫིང་ཕྱི་ལ་ཨ་ནི།
- བཅའ་འདྲི་བྱ་ཡུལ་རྦད་ཉམས་གསོ་རྟགས་ལ་མ་སོང་དེ་འདྲས་སྤེལ། ཕེབས་ཡོང་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི། ད་ད་ལྟའི་གཙུག་ལག་ཁང་འདི་ཨ་ནི།
- བཅའ་འདྲི་བྱ་ཡུལ་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གིས་བཞེངས་པའི་གཙུག་ལག་ཁང་འདི་རེད།
- བཅའ་འདྲི་བྱ་ཡུལ་གཙུག་ལག་ཁང་འདི་ཡིན་པའི་དེ་ནི།
- བཅའ་འདྲི་བྱ་ཡུལ་རྗེ་རིན་པོ་ཆེ་ཕེབས་ཡོང་པའི་སྐབས་ལ་དགོན་པ་འདི་ནི་ཨ་ནི་རྦད་དེ།
- བཅའ་འདྲི་བྱ་ཡུལ་ཉམས་རྒུད་ཚབ་ཆེན་དེ་འདྲས། དགེ་སློང་དང་དགེ་སློང་དེ་འདྲས་ཨ་ནི་རེ་རེ་གཉིས་གཉིས་དེ་འདྲས་མ་གཏོགས་མེད་པ།
- བཅའ་འདྲི་བྱ་ཡུལ་དེ་འདྲས་ཐོགས་ནས་ཨ་ནི་རྦད་ཉམས་རྒུད་དེ་འདྲས་ཚབ་ཆེན་དེ་འདྲས་ཕོགས་བསྡད་ཡོད་རེད།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྗེ་རིན་པོ་ཆེ་ཡིས་ཐུགས་ཀྱིས་བཟོད་པར་ཨ་ནི། རྗེ་རིན་པོ་ཆེ་ཡར་ཕེབས་ཡོང་བའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྒྱལ་བ་བྱམས་པའི་དབུལ་པའི་ཐོད་ཟེར་ཡས་ར་པོ།
- བཅའ་འདྲི་བྱ་ཡུལ་རྦད་ལིང་ཆད་༼ཡོད་ཚད༽ལ་དེ་ནི་བྱིའུ་ཀྱིས་བྱིའུ་ཚང་དེ་འདྲས་བསགས། འོ་དེ་འདྲས་ཆགས་ཡོད་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཆགས་ཡོང་པའི་སྐབས་ལ་རྗེ་རིན་པོ་ཆེ་ཨ་ནི། བློས་ཐུགས་ཀྱིས་མ་བཟོད་པར་སྤྱན་ཆབ་བྱུང་བ།
- བཅའ་འདྲི་བྱ་ཡུལ་ད་ང་ཨ་ཅོ་གཅིག་རང་ལ་དགོན་པ་ཆེན་ཨོ་འདི་འདྲས་གཅིག་ཉམས་གསོ་བྱེད་ཡས་དེ་གང་འདྲས་ཟེ་
- བཅའ་འདྲི་བྱ་ཡུལ་བྱེད་དགོས་ཡོད་ན་ཟེར། ཐུགས་ལ་མ་བཟོད་པར་ཨ་ནི་། ཁོ་རང་ག་རེ་བྱས་ཡོག་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་ཨ་ནི་སང་ཉིན་དེ་ལ་སླེབས་དུས་གཏོར་མ་གཏོང་ཡས་ཀྱི་གཏོར་ཆས་དེ་འདྲས་བཙོངས་གནང་ནས་ཨ་ནི།
- བཅའ་འདྲི་བྱ་ཡུལ་འོང་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་སྲས་ལ་ཨ་ནི་གཏོར་མ་དེ་འདྲས་ཕུལ་ནས་ཨ་ནི།
- བཅའ་འདྲི་བྱ་ཡུལ་འོང་དངོས་གྲུབ་དེ་འདྲས་ཞུས་ཡོག་རེད་ལགས། ཞུས་བྱས་བྱས་དེ་ད་ལྟ་འོང་།
- བཅའ་འདྲི་བྱ་ཡུལ་ང་ཚོའི་ད་སྔོན་མ་ཡིན་ན་དའ། དགོན་པ་ནི་སྐུ་ཞབས་༼བཙུན་པ༽བྱས་དའ། དེང་སང་ཡིན་ན་སྐྱ་ས་ལ་བབས་ཡོག་རེད།
- བཅའ་འདྲི་བྱ་ཡུལ་ད་སྐུ་བཤགས་སོང་བཤགས་པ་རེད་མ་གཏོགས། འོང་ཁོང་རྣམ་ ཚོས་ཟེར་སྲོལ་དང་ཡང་
- བཅའ་འདྲི་བྱ་ཡུལ་རྗེ་གསང་བའི་རྣམ་ཐར་ནང་ཡོད་པ་དེ་བྱས་པ་ཡིན་ན་ནི། འདྲ་པོ་འདྲ་པོ་དེ་འདྲས།
- བཅའ་འདྲི་བྱ་ཡུལ་ལོ་རྒྱུས་ལྟར་ལ་མ་སོང་། སྔོན་མ་ཡིན་ན་ནི། ང་ཚོའི་དགོན་པ་ནིའི་ལོ་རྒྱུས་དཀར་ཆག་རྙིང་པ་དེ་འདྲས་བྱས། བྱས་བྱས།
- བཅའ་འདྲི་བྱ་ཡུལ་གང་མིན་ཚད་དེ་འདྲས་ཡོད་གསུངས་བ་རེད་དེ། ཨ་ནི་དའ། རྦད་དེ་ཉམས་རྒུད་ཚབས་ཆེན་དེ་འདྲས་གཅིག
- བཅའ་འདྲི་བྱ་ཡུལ་འདུ་ཁང་ཁོ་རང་ལ་ཆ་བཞག་པ་ཡིན་ན་ཀ་བ་ཉི་ཤུ་ཐམ་པ་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཀ་བ་ཉི་ཤུ་ཐམ་པ། འོང་དའ། བྱམས་ཁང་ཡ་གི་ལ་ཀ་རིས་དྲུག་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཀ་རིས་དྲུག་བྱེད་དུས་ད་དེ་རྒྱ་ཁྱོན་ར་གཅིག་བྱས་པ་ཡིན་ན། ཨ་ནི་དེའི་སྤྱི་ཚོགས་རྙིང་པ་དང་བྱས་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་ཏག་ཏག་ཁོ་རང་། ཆེ་རུ་ཕྱིན་ཡོག་མ་རེད་ཆུང་རུ་ཕྱིན་ཡོག་མ་རེད།
- བཅའ་འདྲི་བྱ་ཡུལ་ཨ་ནི་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གིས་ཁོ་རང་གི་ཕྱག་བཏབ་ཡས་རང་གི་
- བཅའ་འདྲི་བྱ་ཡུལ་དགོན་པ་གཙུག་ལག་ཁང་ཁོ་རང་ནི་འདྲས་གཅིག་རེད། ད་བསྐོར་ལམ་གྱི་རྒྱ་ཁྱོན་ལ་ཆ་བཞག་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་འོང་མ་གའི་རྒྱ་རྒྱུད་ལ་དའ། ནུབ་ངོགས་ལ་ར་གཅིག་ཆ་བཞག་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་སྔོན་མ་ཡིན་ན་དེ་ནི་རྦད། འོང་། དགོན་པ་ཉམས་གསོ་བྱེད་ཡས་ཀྱི་ཤིང་ཁང་ཟེར་ཡས་ར་པོ། གདུང་ཁང་།
- བཅའ་འདྲི་བྱ་ཡུལ་གདུང་མ་གཏོང་ཡས་ཟེར་ཡས་ར་པོ། དྲེས་མ་གཏོང་ཡས་ཟེར་ཡས་ར་པོ།
- བཅའ་འདྲི་བྱ་ཡུལ་དེ་འདྲས་ཀྱི་ཀུན་སྤྱོད་ཡོག་རེད། འོང་དའ། བྱང་ངོགས་ལ་ཆ་བཞག་པ་ཡིན་ན་།
- བཅའ་འདྲི་བྱ་ཡུལ་ཚེ་དཔག་ལྷ་ཁང་ཆེན་པོ་གཅིག་ཡོག་རེད། ཚེ་དཔག་ལྷ་ཁང་ཆེན་པོ་གཅིག་བྱས།
- བཅའ་འདྲི་བྱ་ཡུལ་ཚེ་དཔག་ལྷ་ཁང་དེའི་གཡས་གཡོན་གཉིས་ལ་ཨེ་ནི། རྦད་དེ་དེ་བྱས་བྱས་ག་རེ་ཟའ།
- བཅའ་འདྲི་བྱ་ཡུལ་ཨོང་རྔ་བརྡུང་ཁང་ཟེར་ནས་དེ་འདྲས་ཡོག་རེད། རྔ་བརྒྱ་དང་བརྒྱད་ཡོད་གསུངས་བ་རེད།
- བཅའ་འདྲི་བྱ་ཡུལ་རྫིང་ཕྱི་སྨོན་ལམ་སྐབས་ལ། ཨ་ནི། ཟླ་བ་༡༢པའི་༢༩ནས་དགུ་གཏོར་ཟེར་ཡས་དེ་ཚུགས་ནས་ཨ་ནི།
- བཅའ་འདྲི་བྱ་ཡུལ་ཟླ་བ་༡པོའི་ཚེས་པ་༦ལ་རྫིང་ཕྱི་སྨོན་ལམ་ཟེར་ཡས་དེ་ཨ་ནི་དེ་འདྲས་ཀྱི་གྲ་སྒྲིག
- བཅའ་འདྲི་བྱ་ཡུལ་སྨོན་ལམ་ཀྱི་གདན་བཀྱག་ཟེར་ཨོ་དེ་འདྲས་ཀྱི་རྟེན་འབྲེལ་ལྟར་ལ་མ་སོང་།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་ཀྱི་དེ་འདྲས་འདུག་ལགས། བྱས་ཙང་ཁོང་རྣམ་ཚོ་ཕར་ང་ཚོའི་སྔོན་མ་ཀྱི་ད།
- བཅའ་འདྲི་བྱ་ཡུལ་དགོན་པ་འདིའི་སྐུ་ཞོག་བྱས་བྱས་། འོང་ཁོང་རྣམ་ཚོས་དེ་འདྲས་གསུངས་པའི་སྐབས་ལ་འོང་།
- བཅའ་འདྲི་བྱ་ཡུལ་གླིང་གི་ཆ་ལ་དེ་འདྲས་གཅིག་ཡོག་རེད་ཟེར། ཨ་ནི་དེའི་ཕྱི་ལ་གང་འདྲས་གཅིག་ཡོག་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་དེའི་རྒྱ་རྒྱུད་ལ་དའ། མཚམས་ཁང་ཟེར་ཡས་ར་པོ། བྱམས་ཁང་ཟེར་ཡས་ར་པོ།
- བཅའ་འདྲི་བྱ་ཡུལ་ཤར་ངོགས་ལ་དེ་ལ་ཡང་དེ་འདྲས་ཀྱི་གཅིག་ཡོད་རེད།
- བཅའ་འདྲི་བྱ་ཡུལ་ད་ཁོ་རས་ཡ་གའི་འདིའི་དགོན་པ་འདིའི་དགོན་བདག་བླ་མ་ཟེར་ན།
- བཅའ་འདྲི་བྱ་ཡུལ་བླ་མ་ལྟེ་བ་དེ་ཡིན་ན་འོལ་རྒྱལ་སྲས་ཚང་ཟེར་དེ་རེད་ལགས།
- བཅའ་འདྲི་བྱ་ཡུལ་འོལ་རྒྱལ་སྲས་རིན་པོ་ཆེ་ཟེར་དེ། ད་ཁོང་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྱི་ཁོངས་རེད་པའ།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་གཅིག། ད་དེའི་ཨོང་དའ་རྒྱལ་སྲས་རིན་པོ་ཆེས་ལས་བྱས་པ་ཙམ་མ་གཏོགས།
- བཅའ་འདྲི་བྱ་ཡུལ་སྔོན་མ་ཡིན་ན་ཆབ་སྲིད་གྲོས་ཚོགས་ནང་ལ་ཡོག་རེད།
- བཅའ་འདྲི་བྱ་ཡུལ་ད་དེང་སང་ནས་ཞིང་ལ་ཐད་བྱས་བྱས་ཨ་ནི། ཨའ་དའ། བླ་མའི་ཡང་སྲིད་ཟེར་བྱས་བྱས་ག་ཡེ་ཡོད་མ་རེད་ལགས།
- བཅའ་འདྲི་བྱ་ཡུལ་འོ་དེ་འདྲས་བྱས། ད་སྔོན་མ་ཨོ་དེའི་སྒང་ལ་བླ་བྲང་ཆེན་པོ་གཅིག་ཡོད་རེད་ལགས།
- བཅའ་འདྲི་བྱ་ཡུལ་བླ་བྲང། བླ་བྲང་ཡིན་ན་བླ་མ་སྐུ་ཐོག་གསུམ་ཙམ་གཅིག་གི་བླ་བྲང་རེད་ལགས།
- བཅའ་འདྲི་བྱ་ཡུལ་དེ། བླ་བྲང་ཆེན་པོ་གཅིག ད་དེ་རིང་ཁ་སང་ཡིན་ན་
- བཅའ་འདྲི་བྱ་ཡུལ་ཚུན་བྱས་བྱས་རྫུན་ཕྱི་ཁང་ཟེར་དེ་བཟོས་བྱས་བྱས་ཨོ་དེ་འདྲས་བྱས་པོའོ།
- བཅའ་འདྲི་བྱ་ཡུལ་སྔོན་མ་ཡིན་ན་ཐོག་བརྩེགས་སུམ་ཐོག་བྱས་ནས་གང་མིན་ཚད་དེ་འདྲས་ཡོད་རེད།
- བཅའ་འདྲི་བྱ་ཡུལ་ད་དེང་སང་ས་ཤུལ་སར་ས་ཤུལ། རྡོ་མེད་པ་དེ་འདྲས་ཆགས་པ་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་དེའི་དེ་ནས་དེའི་མཇུག་གུ་ལ་རྗེ་རིན་པོ་ཕེབས་ནས། རྗེ་རིན་པོ་ཆེས་འདུ་ཁང་ལྟེ་བ་དེ་འོ་དའ།
- བཅའ་འདྲི་བྱ་ཡུལ་འདི་རེད་ལགས། འདི། ད་ལྟ་ལྕགས་དཀར་ཁང་པ་རྒྱབ་བཞག་པ་དེ།
- བཅའ་འདྲི་བྱ་ཡུལ་ད་དེ་རྗེ་རིན་པོ་ཆེ་ཀྱིས་ཁོ་རང་རང་གིས་ཕྱག་བཏབ་ནས།
- བཅའ་འདྲི་བྱ་ཡུལ་ཞུག་གུ་རྗེ་རིན་པོ་ཆེ་ཡིས་རི་བོ་དགེ་ལུགས་པ་ལ་བསྒྱུར་ནས་འདུ་ཁང་ཀ་བ་ཉི་ཤུ་ཐམ་པ།
- བཅའ་འདྲི་བྱ་ཡུལ་ཀ་རིས་གཉིས་ཡོག་རེད་ལགས། ཐོག་ས་གསུམ་བྱས། འོ་དེ་འདྲས་གཅིག་ཡོག་རེད།
- བཅའ་འདྲི་བྱ་ཡུལ་ད་དེ་འདུ་ཁང་གཡས་གཡོན་གཉིས་བྱས། ཨ་ནི། དབྱར་ཁའི་ཚོགས་དེ་ཡིན་ན་འདུ་ཁང་སྟེང་ལ་ཡར་ཚོགས།
- བཅའ་འདྲི་བྱ་ཡུལ་དགུན་ཁའི་ཚོགས་དེ་ཡིན་ན་མི་གས་ཚུགས་ཀྱི་ཡོག་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཁོང་རྣམ་ཚོས་ཡིན་ན་དེ་འདྲས་གསུངས་བ་རེད། སྔོན་མ་ཡིན་ན་དའ།
- བཅའ་འདྲི་བྱ་ཡུལ་བཤེས་གཉེན་ཁམས་པ་ཡོན་ཏན་གཡུ་འབྲུག་གི་སྐབས་ལ་ཡིན་ན།
- བཅའ་འདྲི་བྱ་ཡུལ་དགོན་པ་འདིའི་གྲྭ་ཚད་དེ་ཡིན་ན་གྲྭ་པ་༥༠༠རེད་ལགས། ༥༠༠ ༥༠༠དེ་འདྲས་གཅིག་རེད་ལགས།
- བཅའ་འདྲི་བྱ་ཡུལ་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གིས། ཀུན་དགའ་རྭ་བ་འདོད་པའི་ཁྲི་ཙམ་གྱིས།
- བཅའ་འདྲི་བྱ་ཡུལ་འདོད་པའི་སྡེ་བརྒྱ་ལྔ་བརྒྱ་དགྲ་བཅོམ་པ། མི་ཉམས་སླར་ནས་སླར་དུ་འཕེལ་བར་ཤོག།
- བཅའ་འདྲི་བྱ་ཡུལ་བྱས་ནས་ཨ་ནི། བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གིས་རྣམ་ཐར་ནང་ལ་ཨོ་དེ་འདྲས་གཅིག་ཡོད་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཁོ་རང་གི་གྲྭ་ཚད་རྟགས་ལ་མ་སོང་བས་ལྔ་བརྒྱ་དེ་འདྲས་གཅིག་ཡོག་རེད། དགོན་པ་དེ་ལ།
- བཅའ་འདྲི་བྱ་ཡུལ་དའ། རྗེ་རིན་པོ་ཆེ་ཕེབས་པའི་སྐབས་ལ་ཡིན་ན། ཨ་ནི།
- བཅའ་འདྲི་བྱ་ཡུལ་རྗེ་རིན་པོ་ཆེས་དགོན་པ་དེ་ཉམས་གསོ་མཛད་བྱེད་པའི་སྐབས་ལ། ཨ་ནི། དགེ་འདུན་དེ་ལ་ཡིན་ན།
- བཅའ་འདྲི་བྱ་ཡུལ་དགེ་འདུན་ཉིས་བརྒྱ་སུམ་བརྒྱ་དེ་འདྲས་གཅིག
- བཅའ་འདྲི་བྱ་ཡུལ་བསྟན་པ་རྟགས་ལ་མ་སོང་ཨོ་དེ་འདྲས་གཅིག་ཤར་བསྡད་ནུའུ་ལགས།
- བཅའ་འདྲི་བྱ་ཡུལ་ཨ་ནི་མཇུག་གུ། བསྟན་པ་དེ་ཕར་ཕར་ཕར་ཕྱིན། ཨ་ནི་ཨོ་དེ་འདྲས་གཅིག་བྱས་ཡོང་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་དམངས་གཙོའི་བཅོས་སྒྱུར་མ་བཏང་ཙམ་གྱི་གོང་དོ་པ་ནས།
- བཅའ་འདྲི་བྱ་ཡུལ་ཕལ་ཆེར་བྱས་པ་ཡིན་ན་གྲྭ་པ་ལྔ་ཅུ་དྲུག་ཅུ་གཅིག་དེ་འདྲས་གཅིག་ཡོད་གསུངས།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་གཅིག་ཡོད་གསུངས་པ་རེད་ལགས། ཨ་ནི་རྫིང་ཕྱི་སྨོན་ལམ་ཟེར་དེ་ནི་ཨ་ནི་དའ།
- བཅའ་འདྲི་བྱ་ཡུལ་ཨོང་རྗེ་རིན་པོ་ཆེ་ཀྱིས་དའ། ཨོང་བསྟན་པ་དེ་དའ།
- བཅའ་འདྲི་བྱ་ཡུལ་ཡར་ཤར་ཡོང་ནས་ད་ལྟ་བར་དུ་ལོ་ངོ་ ཡིན་ན་༦༠༠ཙམ་གཅིག་འགྲོ་བ་རེད་པའ་ལགས།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་གཅིག་ཆགས་པའི་སྐབས་ལ་ཨ་ནི་སྨོན་ལམ་དེ་ལོ་རྟག་པར་རེ་ཞིག་ཚུགས་ཀྱི་ཡོག་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཨ་ནི་བཅོས་སྒྱུར་མ་བཏང་བར་དུ་ཚུགས་ཀྱི་ཡོད་རེད་ཟེར།
- བཅའ་འདྲི་བྱ་ཡུལ་བྱས་ནས་ལོ་རྒྱུས་ནས་ཨོ་དེ་མཐོ་པོ་བྱས་ནས་དེ་འདྲས་འདུག་ལགས།
- བཅའ་འདྲི་བྱ་ཡུལ་ང་ཚོའི་དགོན་པ་འདི། ད་དེང་སང་ལ་ཆ་བཞག་པ་ཡིན་ན། ཨོང་། ༡༩༨༤ལོ་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་ང་ཚོའི་དགོན་པ་དེ་ཚུར་སྲིད་ཇུས་དོན་འཁྱོལ་དེ་འདྲས་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་འབྲུ་ཁང་གིས་མིས་སྔོན་མ་འགའ༼འདི་ན༽ཆུད་ཆེན་པོ་གཅིག་ཡོད་རེད།
- བཅའ་འདྲི་བྱ་ཡུལ་ཆུད་དེ་འོང་འབྲུ་ཁང་བྱས་བྱས། དེ་ནི་༡༩༨༤ལོ་ལ་དེ་ནི་འབྲུ་ཁང་འབྲུ་དེ་ཕར་བཏོན་བྱས་བྱས། ཨ་ནི།
- བཅའ་འདྲི་བྱ་ཡུལ་ང་ཚོ་དའ། དེ་དུས་ད་ང་ཚོ་སླེབས་ཡོད་མ་རེད། ༨༤སྐབས་ལ་ང་ཚོ་སླེབས་ཡོད་མ་རེད། ཨ་ནི།
- བཅའ་འདྲི་བྱ་ཡུལ་དེའི་སྔོན་ལ་ཁོང་རྣམ་ཚོ་ཁག་གཅིག་གིས་ཨ་ནི།
- བཅའ་འདྲི་བྱ་ཡུལ་གོང་རིམ་ནས་མར་དངུལ་སྒོར་མོ་ཁྲི་གཉིས་ཙམ་གཅིག་དེ་འདྲས་ཟེར།
- བཅའ་འདྲི་བྱ་ཡུལ་དེ་བྱུང་ནས་ཨ་ནི་ཉམས་གསོ་རྟགས་ལ་མ་སོང་ཨོ་དེ་འདྲས་ཏོག་ཙམ་བྱས།
- བཅའ་འདྲི་བྱ་ཡུལ་བྱས་བྱས་དེ་འདྲས་བྱུང་འདུག་ལགས། ད་ང་ཚོ་འགའ༼འདི་རུ༽སླེབས་ཡོང་པའི་སྐབས་ལ། ༨༧
- བཅའ་འདྲི་བྱ་ཡུལ་༨༨ཙམ་དོ་པར། ཨ་ནི་ང་ཚོ་ན་པར་སླེབས་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་འདིའི་ཐོག་ཁ་ཟེར་ཡས་བྱམས་ཁང་ཟེར་ཡས་འདི་གས་ལ་ག་ག་ཡེ་མེད་པ།
- བཅའ་འདྲི་བྱ་ཡུལ་ཐོག་ས་ཉིས་ཐོག་ཞེ་དག་ཡོག་མ་རེད། དེ་ཚོ་ག་ག་ཡེ་ཡོག་མ་རེད།
- བཅའ་འདྲི་བྱ་ཡུལ་ཨ་ནི་གཅིག་གིས་དའ། གོང་རིམ་ལ་ཡར་གཅིག་ཞུས། ཨ་ནི་ང་ཚོའི་དགོན་པ་དེ་ནི་རྙིང་པ།
- བཅའ་འདྲི་བྱ་ཡུལ་དེ་འདྲས་རེད་ལོ་རྒྱུས་དང་མཐོ་པོ་དེ་འདྲས་རེད་དེ་ཡིན་ནའི་རང་ཉིད་དང་དགོན་པའི་ནང་ལ་སྡོད་མཁན་དེ་ཚོ་ལ།
- བཅའ་འདྲི་བྱ་ཡུལ་རང་ཉིད་ནས་གཙོས་པའི་ཡིན་ན་ཤེས་བྱ་ཡོན་ཏན་རེད། ད་ག་ནང་བཞིན་པའི་གོ་རིམ་བརྒྱུད་སྟངས་རེད།
- བཅའ་འདྲི་བྱ་ཡུལ་ད་ག་ནང་བཞིན་པའི་གཅིག་འགྲོ་སྟངས་རེད། གོང་རིམ་གྱི་ད་གཅིག་བརྒྱུད་མི་ཤེས་པའི་རྐྱེན་གྱིས་ཨ་ནི།
- བཅའ་འདྲི་བྱ་ཡུལ་ད་ལྟ་ལོ་རྒྱུས་ངོས་ནས་ཆ་བཞག་ན། ཨོང་དའ། རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་བཟོ་འདྲ།
- བཅའ་འདྲི་བྱ་ཡུལ་ཚུད་པ། ལོ་རྒྱུད་ཀྱི་ནང་ལ་བྱས་པ་ཡིན་ན། ཨོང་ད་དགོན་པ་ཁོ་རའི་ག་རེ་ཟེར་དགོས་རེད་དའ། དཔལ་འབྱོར།
- བཅའ་འདྲི་བྱ་ཡུལ་དང་ཡང་རིག་གནས་ཀྱི་དགོན་པའི་ནང་ལ་སྡོད་མཁན་གྱི་རིག་གནས་ཀྱི་ཆུ་ཚད་དང་དེ་འདྲས་ལ་
- བཅའ་འདྲི་བྱ་ཡུལ་བལྟས་པ་ཡིན་ན་ཡང་དམའ་པོ་དེ་འདྲས་ཡིན་པ། ཨོ་དེ་འདྲས་གཅིག་ཆགས་བྱས་བྱས་བྱས་ད་ལྟ་
- བཅའ་འདྲི་བྱ་ཡུལ་དེ་འདྲས་གཅིག་བྱུང་སོང་ལགས། ད་དེ་ནས་སྤྱི་ལོ་༢༠༠༢ཀྱི་ལོ་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་དགོན་པ་ནི་ཉམས་གསོ་རྟགས་ལ་མ་སོང་ནས་དེ་འདྲས་བྱས། དགོན་པ་ནི་ཐོག་ཉིས་ཐོག་དེ་འདྲས་སྐྱེལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྦད་། ཨོང་། ནང་ཁུག་ལ་ཐིགས་པ་རྒྱག་ཡས་མེད་པ་དེ་འདྲས་བཟོས།
- བཅའ་འདྲི་བྱ་ཡུལ་ཨ་ནི་ལྷས་ས་གཙུག་ལག་ཁང་གི་ཁོང་རྣམ་པ་ཚོ་མི་གྲངས་ལྔ་ཙམ་གཅིག་གི་སྦྱིན་བདག་རྟགས་ལ་མ་སོང་བས་དེ་འདྲས་དོན།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཡ་གའི་སྦུག་གི་རྒྱལ་བ་བྱམས་པའི་སྐུ་དེ་ཚོ་ཡང་སྐུ་ཚད་ཏོག་ཙམ་གཅིག་གི་ཆེ་རུ་དེ་འདྲས་བཏང་།
- བཅའ་འདྲི་བྱ་ཡུལ་སྔོན་མ་ང་ཚོ་༨༤ལོ་ལ། མི་གི་དགོན་པ་འོག་གི་
- བཅའ་འདྲི་བྱ་ཡུལ་རྒྱལ་བ་བྱམས་པ་དེ་དང་བསྡུར་ན་ཡང་ཏོག་ཙམ་གཅིག་གི་སྐུ་ཚད་ཆུང་དྲགས་བསྡད་པའི་རྐྱེན་གྱིས་
- བཅའ་འདྲི་བྱ་ཡུལ་རྟེན་འབྲེལ་གྱིས་མ་འགྲིག་པའི་རྐྱེན་གྱིས།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྦད་ཡ་གི་རྗེ་བཙུན་བྱམས་པ་དང་དེ་ཚོ་ཏོག་ཙམ་བཞེངས་བྱས་ཨོ་དེ་འདྲས་དེ་བྱུང་བ་དེ་འདྲས་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་ལོ་རྒྱུས་ཀྱི་སྒང་ནས་ཆ་བཞག་པ་ཡིན་ན་དངོས་གནས་དྲང་གནས་ལོ་རྒྱུས་གཏིང་གཟབ་པོ་ཡིན་པ།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་ཆགས། ད་རྗེ་རིན་པོ་ཆེ་ལ་ཆ་བཞག་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་ཁ་སང་ང་ཚོ་དེའི་ཡར་ཁོ་རྣམ་ཚོ་ཕ་ནས་ཚུར་ལྷ་ས་ནས་ཚུར།
- བཅའ་འདྲི་བྱ་ཡུལ་གཙུག་ལག་ཁང་གི་ཁོ་རྣམ་ཚོ་གི་སྦྱིན་བདག་དེ་ཚོས་ད་ང་ཚོའི་འདེའི་ཐོག་ཁ་ནུ་ཚོ་བཟོས།
- བཅའ་འདྲི་བྱ་ཡུལ་ལྡེབས་རིས་རྒྱག་ཡས་ཀྱི་གྲ་སྒྲིག་བྱེད་ཡས་ལ་སོགས་པ། འདེབས་རིས་འོང་། ལྷ་རིས་པ་དེ་ག་ཙམ་ཡོང་བའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ལྡེབས་རིས་ནི་གཞན་དག་ཁྱོན་ནས་འདྲ་ཡས་མིན་འདུག་ཟེར། གཞན་དང་ཁྱོན་ནས་འདྲ་ཡས་མིན་འདུག་ཟེར།
- བཅའ་འདྲི་བྱ་ཡུལ་གཞིས་ཀ་རྩེ་ཕར་བཀྲ་ཤིས་ལྷུན་པོའི་ཕ་པར་གཅིག་ལ།
- བཅའ་འདྲི་བྱ་ཡུལ་དགོན་པ་གཅིག་ལ་འོ་ལྡེབས་རིས་ནི་དབུས་བྲིས་ནི་ནང་ལྟར་གཅིག་ཕལ་ཆེར་འདྲ་པོ་ར་གཅིག་འདུག་
- བཅའ་འདྲི་བྱ་ཡུལ་དེ་ད་དུང་འདི་ཞིབ་ཙགས་༼ཚགས།༽ག་བྱས་ནས་ཨ་ནི།
- བཅའ་འདྲི་བྱ་ཡུལ་བོད་ལ་སྤྱིར་བཏང་བྱས་ན་གཙུག་ལག་ཁང་གི་ཤར་བྱང་ར་དེ་ག་གི་བཤད་པ་ཡིན་ནའི་གཅིག་གསུངས་གནང་སོང་དེ།
- བཅའ་འདྲི་བྱ་ཡུལ་ཡང་ངས་དེ་གཏན་གཏན་བཤོད་རྒྱུ་མིན་འདུག་མེད་གཞན།
- བཅའ་འདྲི་བྱ་ཡུལ་གཞན་དེ་ལྡེབས་རིས་ནི་རྦད་སྤྱིར་བཏང་བཤད་པ་ཡིན་ན། གང་མིན་ཚད་དེ་འདྲས་འདུག་ཟེར།
- བཅའ་འདྲི་བྱ་ཡུལ་གཞན་དག་ང་ཚོས་ནི་འདྲས།
- བཅའ་འདྲི་བྱ་ཡུལ་ཞིག་ཙགས་པོ་ང་ཚོས་ནི་འདྲས་ཁྱོན་ནས་༼གཏན་ནས༽གྲུབ་ཡས་ཁོ་རང་ཡོད་མ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཁོ་རང་ཚོས་དེ་འདྲས་གསུངས་གནང་སོང་། ལྡེབས་རིས་རྙིང་པ་དེ།
- བཅའ་འདྲི་བྱ་ཡུལ་འདེའི་སངས་རྒྱས་སུམ་ཅུ་སོ་ལྔའི་ལྡེབས་རིས་དེ། ཨ་ནི་རྗེ་རིན་པོ་ཆེ་ཀྱི།
- བཅའ་འདྲི་བྱ་ཡུལ་འདྲ་ཡས་ཁོ་རང་ཡོག་མ་རེད་ངས་ཀྱང་དེ་འདྲས་ཞུས་པ་ཡིན།
- བཅའ་འདྲི་བྱ་ཡུལ་ད་དེ་ང་ཚོས་གཅིག་དང་ཐོག་མར་ལྡེབས་རིས་གཅིག་བཞེངས་ཡས་བྱས་བྱས།
- བཅའ་འདྲི་བྱ་ཡུལ་གཅིག་གསར་པ་གཅིག་བཞེངས། ཁོ་རང་དེ་འདྲས། རྙིང་པ་ཁོ་རང་དའ། རང་སར་བཞག་བྱས་བྱས།
- བཅའ་འདྲི་བྱ་ཡུལ་ཉམས་རྒུད་ཕྱིན་པ་དེ་ཚོ་ཡར་གཅིག་བཞེངས་རོགས་བྱེད་ཟེར། མཐོལ་བཤགས་སུམ་ཅུ་སོ་ལྔ་དེ་ཚང་གི་མིན་འདུག་ཟེར།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་ཞུས་བྱས་བྱས། ཨ་ནི་ཁོང་རྣམ་པ་ཚོ་ཀྱིས་མིས་ཞིབ་པ་ར་གཅིག་དེ་འདྲས་བཞེངས་།
- བཅའ་འདྲི་བྱ་ཡུལ་མི་གྲངས་ལྔའི་བཟོ་འདྲ་གཅིག་སྦྱིན་བདག་དོན་བྱས་བྱས། ཨོ་ནི་འིལ་ཁ་རྫིང་ཕྱི་ཟེར་ཡས་ནི་དའ།
- བཅའ་འདྲི་བྱ་ཡུལ་གཅིག་དགོན་པ། དགོན་པའི་མིང་ཐོབ་དགོས་ཡས་དེ། ཨོང་ཁོ་རྣམ་ཚོས་དེ་འདྲས་གཅིག་བྱུང་སོང་ལགས།
- བཅའ་འདྲི་བྱ་ཡུལ་ད་ལོ་རྒྱུས་ཀྱི་ངོས་ནས་ཆ་བཞག་པ་ཡིན་ན་ནི། ཡི་གས་ད་ང་ཚོས་བྱམས་པ་གྲུབ་ཕུག་ཟེར་ཡས་དེ།
- བཅའ་འདྲི་བྱ་ཡུལ་ད་བྱམས་པ་གྲུབ་ཕུག་ཟེར་ཡས་དེ། དའ། བྱམས་པ་གྲུབ་ཕུག་བྲག་ཕུག དེའི་ནང་ལ་ཡའ།
- བཅའ་འདྲི་བྱ་ཡུལ་ག་ག་ཡེ་ད་དེང་སང་སྔོན་མ་ཡིན་ན་ནི་གང་མིན་ཚད་དེ་འདྲས་ཡོག་རེད།
- བཅའ་འདྲི་བྱ་ཡུལ་ཚོགས་ཁང་གཉིས་བྱས། འོག་དེ་ཀས་ཨ་ནིའི་དགོན་པ་གཅིག་བྱས་ཡོག་རེད།
- བཅའ་འདྲི་བྱ་ཡུལ་ཨ་ནི་གང་མིན་ཚད་དེ་འདྲས་ཡོག་རེད་ལགས། ད་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་སྐབས་ལ།
- བཅའ་འདྲི་བྱ་ཡུལ་བྲག་ལྷ་ས་ཁང་ཟེར་བྱས་ནས་ཡིན་ན། བྲག་ལྷ་ས་ཁང་ཟེར་བྱས་བྱས་བྱས།
- བཅའ་འདྲི་བྱ་ཡུལ་འོང་། ལུང་པ་ཁོ་རའི་མིང་ལ་བྲག་ལྷ་ས་ཁང་ཟེར་བྱས་བྱས་། ལུང་པ་དེའི་མིང་རང་ལ་འབོད་བཞག་པ་མེད་གཞན།
- བཅའ་འདྲི་བྱ་ཡུལ་ཡང་དེ་ལ་འོལ་ཁ་རྫིང་ཕྱི་ཟེར་གཅིག་བྱས་ནས་ཐོབ་མིན་འདུག ཨ་ནི། ང་ཚོ་རྗེ་རིན་པོ་ཆེ་གྱིས།
- བཅའ་འདྲི་བྱ་ཡུལ་རྗེ་རིན་པོ་ཆེ་ཡིས་རྒྱལ་བ་བྱམས་པ་དེ་གསུང་བྱོན་མ་ཡིན་ཟེར་ཀྱི་ཡོད་རེད། འོ་དའ།
- བཅའ་འདྲི་བྱ་ཡུལ་འོལ་ཁ་རྫིང་ཕྱི་རྫིང་ཕྱི་ཟེར་ཐོབ་དགོས་ཡས་དེ།
- བཅའ་འདྲི་བྱ་ཡུལ་འོང་རྗེ་བཙུན་བྱམས་པ་དེ་རྩ་ཆེན་པོ་ཡིན་ཟེར་དགོས་ཡས་དེ་བྱམས་པ་ཉམས་གསོ་མཛད་དགོས་ཡས་དེ་
- བཅའ་འདྲི་བྱ་ཡུལ་བྱམས་པ་གསུང་བྱོན་མ་ཡིན་ཟེར་ཡས་དེ་འོ་དའ། དེ་འདྲས་གཅིག་ཐོབ་བསྡད་ཡོག་རེད།
- བཅའ་འདྲི་བྱ་ཡུལ་འོ་བྱས་ཙང་། བྱམས་པ་གསུང་བྱོན་མ་དེ་གང་མིན་ཚད་དེ་འདྲས་བྱས།
- བཅའ་འདྲི་བྱ་ཡུལ་ང་ཚོའི་ལུང་པ་དེ་ཁོ་ར་དེ་འདྲས་གསུངས་ཡོག་རེད། དེའི་རྗེ་བཙུན་བྱམས་པ་དེ་དགོན་པ་ནི་ཞེངས།
- བཅའ་འདྲི་བྱ་ཡུལ་ཨ་ནི་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གིས་དགོན་པ་ནི་བཞེངས།
- བཅའ་འདྲི་བྱ་ཡུལ་རྗེ་བཙུན་བྱམས་པ་ནི་ཨ་ནི་ཡི་ནས་མར། གདན་འདྲེན་ཞུས་ཡོག་རེད་ཟེར།
- བཅའ་འདྲི་བྱ་ཡུལ་གདན་འདྲེན་ཞུས་བྱས་བྱས་བྱས། འོང་། ད་ལྟ་བྱམས་པ་གྲུབ་ཕུག་ནས་མར་དགོན་པ་ལ་མར་གདན་འདྲེན་ཞུས།
- བཅའ་འདྲི་བྱ་ཡུལ་དོ་དགོང་མར་ཞུས་དུས། ཨ་ནི་སང་ཉིན་ཡར་ལོག་ཕེབས་ཡོག་རེད་ཟེར། རྗེ་བཙུན་བྱམས་པ་དེ།
- བཅའ་འདྲི་བྱ་ཡུལ་ཡང་དོ་དགོང་མར་བཞུ་དུས་སང་ཉིན་ཡར་ལོག་ཕེབས་ཡོད་རེད་ཟེར།
- བཅའ་འདྲི་བྱ་ཡུལ་དེ་ནི་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གིས་ཡིན་ན།
- བཅའ་འདྲི་བྱ་ཡུལ་ཞབས་ལ་ལྕགས་གཟེར་དེ་འདྲས་རྒྱབ་བྱས་བྱས། དགོན་པ་ནི་ནས་མར་གདན་འདྲེན་ཞུས་པ་ཡིན་ཟེ།
- བཅའ་འདྲི་བྱ་ཡུལ་ལུང་པ་ནིའི་མི་དེ་ཡིན་ན། ཨ་ནི། རྦད་རྐང་ཀྱོག་ལག་ཀྱོག་འབེལ་པོ་དེ་འདྲས་ཡོད་རེད་ལགས།
- བཅའ་འདྲི་བྱ་ཡུལ་རྐང་ཀྱོག་ལག་ཀྱོག གཟུགས་པོ་ཡང་ཆུང་ཆུང་དེ་འདྲས་ཡོད་པ།
- བཅའ་འདྲི་བྱ་ཡུལ་ཨ་ནི་ལག་པ་ཡང་ན་ག་ཙམ༼འདི་ཙམ༽དེ་འདྲས་མེད་པ། དེ་འདྲས་ཡོག་རེད། དེའི་དེ་པར།
- བཅའ་འདྲི་བྱ་ཡུལ་ཨ་ད་ཁྱེད་རྣམ་ཚོ་ཀྲང་ཀྲག་༼སྲང་ལམ།༽ནང་པར་ཕེབས་དང་ཡོག་རེད། ད་དེ་ཅིའི་གནོད་པ་ཡིན་ཟེར་ན།
- བཅའ་འདྲི་བྱ་ཡུལ་ཨོ་དེ་དའ། རྗེ་བཙུན་བྱམས་པའི་ཞབས་དེ་ལ་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གིས་
- བཅའ་འདྲི་བྱ་ཡུལ་ལྕགས་གཟེར་རྒྱབ་པའི་རྣམ་སྨིན་ཡིན་གསུངས་བ་རེད་ལགས། ལྕགས་གཟེར་རྒྱབ་པའི།
- བཅའ་འདྲི་བྱ་ཡུལ་ཨ་ནི་ད་ལྟ་སྔོན་མ་རྗེ་བཙུན་བྱམས་པའི་ཞབས་གཡས་པ་དེ་ཨོ་དེ་དའ། མི་གས་བཞུགས་ཡོད་རེད།
- བཅའ་འདྲི་བྱ་ཡུལ་སྔོན་མ་རང་ནས། ད་ཞབས་སྒང་ཙང་ད་ཡོད་མ་རེད་དེ། ད་ག་ཙམ་ཞིག་ཡོད་རེད་ལགས།
- བཅའ་འདྲི་བ་ད་ལྟའི་བཞུགས་ས་དེ་རྟེན་གཙོ་བཞུགས་ས་དེ་རེད་པས་ལགས།
- བཅའ་འདྲི་བྱ་ཡུལ་ཨོ་དེ་རྟེན་གཙོ་བཞུགས་ས་དེ་ལ། སྔོན་མ་ཀྱི་རྗེ་བཙུན་བྱམས་པའི་ཞབས་དེ།
- བཅའ་འདྲི་བྱ་ཡུལ་ད་དེང་སང་ཡོད་རེད་ལགས། ཨོ་དེ་འདྲས་གཅིག་ཡོད་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཨ་མིས་རྟེན་ཨོ་དེ་ལ་བརྟེན་ནས་འོ། རྗེ་བཙུན་བྱམས་པ་དེ་ད་སྔོན་མ་དེ་བཞེངས་པ་དང་
- བཅའ་འདྲི་བྱ་ཡུལ་ད་ལྟ་ཁོང་རྣམ་པས་བཞེངས་པ་དེ་སྐུ་ཚད་ལ་སྐར་མ་བཅུས་མཐོ་བ་ཡོག་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཨོ་དེ་བཅུས་མཐོ་བ་ཡོད་རེད་ལགས། སྔོན་མ་ཡིན་ན་བྱིས་པ་ལོ་བརྒྱད་ཀྱི་ཚད་གཞི་ཡིན་གསུངས་བ་རེད།
- བཅའ་འདྲི་བྱ་ཡུལ་བྱིས་པ་ལོ་བརྒྱད་ཀྱི་ཚད་གཞི་སྐུ་བྱམས་པ་རང་བྱོན་གསུམ་ལྡན་ལས་གྲུབ་པ་དེ་ཡིན་གསུངས་པ་རེད།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་ཐུགས་དཀར་ལ་གསེར་གྱི་བྱམས་པ་ཁྲི་གང་།
- བཅའ་འདྲི་བྱ་ཡུལ་དེའི་ཁྲིས་ལ་ཙནྡ་ནགས་ཁྲོད་ནས་རྩིས་པའི་ཙནྡ་གྱི་བྱམས་པ་ཁྲུ་གང་།
- བཅའ་འདྲི་བྱ་ཡུལ་དེའི་ཁྲིས་ལ་ཨ་ནི། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཨ་ནི། བྱིས་པ་ལོ་བརྒྱད་ཀྱི་སྐུ་ཚད་དེ་འདྲས།
- བཅའ་འདྲི་བྱ་ཡུལ་ཡིན་གསུངས་བ་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་བྱས་བྱས་བྱས་སྐུ་རང་བྱོན་གསུམ་དེ་དེ་འདྲས་གཅིག་ཡིན་གསུངས་ཀྱི་ཡོད་རེད་ལགས།
- བཅའ་འདྲི་བ་སྐུ་ཚད་དེ་ཏོག་ཙམ་ཡར།
- བཅའ་འདྲི་བྱ་ཡུལ་ཨོང་། ཏིག་ཙམ་གཅིག་ཡར་སྐར་མ་བཅུ་ཙམ།
- བཅའ་འདྲི་བ་དམིགས་བསལ་གྱི་ཁྱད་ཆོས་ར་གཅིག་བྱས་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་སྔོན་མ་ད་ཚོའི་དེ་༨༤ལོ་ལ་བཞེངས་པའི་བྱམས་པ་གཅིག་ཡོད་རེད་པའ།
- བཅའ་འདྲི་བྱ་ཡུལ་ཨོ་དེའི་ད་ཏོག་ཙམ་གཅིག་གི་ཆུང་རུ་སྔོན་མ་དེ་དའ། མཇལ་མྱོང་པ་ཟའ་ཡོད་རེད་པའ།
- བཅའ་འདྲི་བྱ་ཡུལ་ད་སྔོན་མ་ཀྱི་བྱིས་བཙུན་བྱས་པ་དེ་ཏོག་ཙམ་གཅིག་གི་སྐུ་དེ་མས་མར་ཏོག་ཙམ་གཅིག་ཆུང་རུ་
- བཅའ་འདྲི་བྱ་ཡུལ་དེ་འདྲས་གཅིག་ཕྱིན་བསྡད་ནིས། ཆུང་རུ་དེ་འདྲས་འདུག་ཟེར།
- བཅའ་འདྲི་བྱ་ཡུལ་ཨ་ནི་གཅིག་མང་ཚོགས་ཀྱི་ཆོས་མཇལ་ཞུ་མཁན་རེད། ད་ལོ་རྒན་པ་དེ་འདྲས་རེད་དེ་འདྲས།
- བཅའ་འདྲི་བྱ་ཡུལ་ཆོས་མཇལ་ཞུ་མཁན་དེ་འདྲས་ཡོད་རེད་པའ།
- བཅའ་འདྲི་བྱ་ཡུལ་ཨོ་དེ་བྱས་ཙང་དེ་ཁོང་རྣམ་ཚོས་དེ་མི་མང་པོས་དེ་འདྲས་གསུངས་ཀྱིས་།
- བཅའ་འདྲི་བྱ་ཡུལ་ད་དེ་ཏོག་ཙམ་གཅིག་སྐར་མ་བཅུ་ཙམ་གཅིག་གི་ཆུང་རུ་ཕྱིན་ཡོད་ཀྱི་རེད་མ་གཏོགས།
- བཅའ་འདྲི་བྱ་ཡུལ་དེ་ཏག་ཏག་ཡིན་ཀྱི་རེད་བྱ་བྱས།
- བཅའ་འདྲི་བྱ་ཡུལ་ད་ལྟའི་ང་ཚོའི་བྱམས་པ་ཡ་གི་འོང་སྐར་མ་བཅུ་ཙམ་གཅིག་གི་ཏོག་ཙམ་གཅིག་གི་ཡར་མཐོ་རུ་བཏང་པ་རེད།
- བཅའ་འདྲི་བྱ་ཡུལ་འོང་། ད་དེ་འདྲས་བྱས་བྱས་སྔོན་མ་རང་གིས་ད་ཀུང་ཁྲེ་ཁོ་རའི་ཆ་ཚད་དང་ཞེང་ཚད་དང་
- བཅའ་འདྲི་བྱ་ཡུལ་དེ་ཀས་གཅིག་བརྩིས་དང་ཨ་ནི། མི་སུ་གཅིག་ལ་བཤད་ཡས་ས་དེ་འདྲས་མིན་འདུག་གའ་ལགས།
- བཅའ་འདྲི་བྱ་ཡུལ་ད་སྔོན་མ་མཇལ་མྱོང་བ་དང་དགོན་པ་དེའི་ནང་ལ་ད་གཅིག་སྔོན་མ་ང་ཚོའི་དེའི།
- བཅའ་འདྲི་བྱ་ཡུལ་དགོན་པ་དེའི་གྲྭ་པ་ཡིན་པ་གཅིག་ཡོད། གྲྭ་པ་ཡིན་པ་ད་གང་ག་བཤགས་སོང་མ་གཏོགས།
- བཅའ་འདྲི་བྱ་ཡུལ་གསུམ་ཙམ་ཞིག་ཡོད། སྐུ་ཞབས་གསུམ་ཙམ་ཞིག
- བཅའ་འདྲི་བྱ་ཡུལ་ཨོ་དེ་ཚོས་གསུངས་པའི་སྐབས་ལ། ཨ་ནི་རྦད་དེའི། ཁོ་རའི་སྐུ་ཚད་བྱས་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་རླད་ཙམ༼ཏོག་ཙམ༽གཅིག་གིས་ཆུང་ང་ཟེར། ཨོ་དེ་འདྲས་གསུངས་ཀྱི་འདུག ཁོང་རྣམ་ཚོས་གསུངས་ཡས་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཁོང་རྣམ་ཚོས་དེ་བྱས་བྱས་བྱས། དེའི་སྐར་མ་བཅུ་ཙམ་གཅིག་གི་མཐོ་རུ་བཏང་བྱས་བྱས་བྱས།
- བཅའ་འདྲི་བྱ་ཡུལ་རྗེ་བཙུན་བྱམས་པ་དེ་དེ་འདྲས་གཅིག་བཞེངས་པ་རེད་ལགས། དའ།
- བཅའ་འདྲི་བྱ་ཡུལ་ཉེ་བའི་སྲས་ཆེན་བརྒྱད་དེ་ཚོ་བཞེངས་མཁན་དེ་ཚོ་ནི་སྔོན་མ་ཉེ་བའི་སྲས་ཆེན་བརྒྱད་དང་བྱས་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཏོག་ཙམ་གཅིག་གིས་ཁོང་ཚོ་དམའ་ཡོག་རེད།
- བཅའ་འདྲི་བྱ་ཡུལ་ཏོག་ཙམ་གཅིག་དམའ་ཡོག་རེད་གསུངས།
- བཅའ་འདྲི་བྱ་ཡུལ་ང་ཚོས་ད་ག་དུས་དམའ་ཡོད་པ་ཆེ་ཡོད་པ་དེ་ཏན་ཏན་ཡག་པོ་གཅིག་ཧ་གོ་གི་མ་རེད་པའ།
- བཅའ་འདྲི་བྱ་ཡུལ་ཏོག་ཙམ་གཅིག་དམའ་ཡོད་པའི་བཟོ་ར་པོ་གཅིག་འདུག་གསུངས་ཀྱིས།
- བཅའ་འདྲི་བྱ་ཡུལ་དའ། ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྔོན་མ་དེའི་གཡས་གཡོན་ལ་ནི་དེ་ནི།
- བཅའ་འདྲི་བྱ་ཡུལ་ཉེ་བའི་སྲས་ཆེན་བརྒྱད་ཀྲག་དེ་པར་༼བར་དུ༽ཨ་ནི་འཕགས་པའི་གནས་རྟེན་བཅུ་དྲུག་གི་སྐུ།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཁྲུ་ཚན་པ་གང་ཙམ་གང་ཙམ་དེ་འདྲས། དེ་འདྲས་ཡོག་རེད། སྔོན་མ་ཨ་ནི།
- བཅའ་འདྲི་བྱ་ཡུལ་ཁོ་རྣམ་ཚོ་སྐུ་བགྲེས་པས་དེ་འདྲས་གསུངས་ཀྱིས་ལགས། ད་དེའི་སྦུག་དེ་ལ་ཨ་ནི་སྟོན་པའི་སྐུ་བྱས་ནས།
- བཅའ་འདྲི་བྱ་ཡུལ་རྣམ་སྣང་ཆེན་པོའི་སྐུ་ཐོག་རྩེགས་གསུམ་ཐོག་དེ་འདྲས་གཅིག་ཡོད་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་དེའི་གཡས་གཡོན་ལ་ཚུར་ཆ་བཞག་པ་ཡིན་ན། རྗེ་བཙུན་ཏ་ར་ན་ཏའི་སྐུ་དངུལ་གྱི་གདུང་རྟེན་ཞེ་པོ་དེ་འདྲས་ཡོད་པ་འདྲ།
- བཅའ་འདྲི་བྱ་ཡུལ་ད་གདུང་རྟེན་དེ་མར།
- བཅའ་འདྲི་བྱ་ཡུལ་ད་སྔོན་མ་དམངས་གཙོ་བཅོས་གྱུར་བཏང་དེ་བྱས་པའི་སྐབས་ལ་མར་ཐོར་བཤིགས་དེ་འདྲས་ཕྱིན་པ་རེད་པའ།
- བཅའ་འདྲི་བྱ་ཡུལ་ད་ཁོའི་ནང་ཁུག་ལ་རྫས་ཆ་དེ་འདྲས་གདུང་རྟེན་ནང་ལ་གང་འདྲས་གང་འདྲས་ཡོད་མེད།
- བཅའ་འདྲི་བྱ་ཡུལ་ང་ཚོའི་ལུང་པའི་མི་སུ་གཅིག་གིས་ཧ་གོ་ཡས་ཁོ་རང་ཡོག་མ་རེད་ཟེར། ཨ་ནི།
- བཅའ་འདྲི་བ་ད་ལྟ་ཇོ་ནང་ཏ་ར་ན་ཏའི་གདུང་རྟེན་དེའི་བཞུགས་པའི་སྐབས་ལ་ཡའ།
- བཅའ་འདྲི་བ་དེའི་བཀའ་རྒྱུད་པའི་ཆོས་ནས་བྱུང་དགེ་ལུགས་ལ་ཕར་སྒྱུར་ཡས་ལ་དེ་འདྲས་ག་ཡེ་གསལ་པོ་།
- བཅའ་འདྲི་བྱ་ཡུལ་ཨོ་དེ་། ལོ་རྒྱུས་ཟེར་ག་ཡེ་གསལ་པོ་ཟེར་མིན་འདུག་ལགས།
- བཅའ་འདྲི་བྱ་ཡུལ་ད་དགོན་པ་ཁོ་རའི་ནང་གི་རྟེན་ཟེར་ན་འདྲ།
- བཅའ་འདྲི་བྱ་ཡུལ་ཨོ་ད་དེ་འདྲས་གཡས་ལ་འོ་ཨོ་དེ་འདྲས་གཅིག གཡོན་ལ་ཆ་བཞག་པ་ཡིན་ན་ནི།
- བཅའ་འདྲི་བྱ་ཡུལ་ཡ་གའི་ག་རེ་ཟེར་དེའི། རྣམ་སྣང་ཆེན་པོའི་སྐུ་ཐོག་བརྩེགས་ཉིས་ཐོག་གཅིག་ཡོད་ཟེར།
- བཅའ་འདྲི་བྱ་ཡུལ་དབུས་པའི་མཐོད་ན་པར་ཡིན་ན་རྦད། ཁོ་རྣམ་ཚོས་སྔོན་མ་སྤྱི་ཚོགས་རྙིང་པའི་སྐབས་ལ་དའ།
- བཅའ་འདྲི་བྱ་ཡུལ་ནམ་བཟའ་དེ་འདྲས་བརྗེད་དེ་འདྲས་གཅིག་བྱེད་པའི་སྐབས་ལ། ན་པར་འཛེགས་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་དེ་ནི་དབུའི་ན་པར་ཧོ་ཙམ་ཞིག་ཡོད་གསུངས་པ་རེད་ལགས། ལས་ཁྲི་རྒྱབ་བྱས་ཨོ་དེ་འདྲས་བྱེད་དུས།
- བཅའ་འདྲི་བྱ་ཡུལ་རྗེ་བཙུན་ཏ་ར་ན་ཏའི་གདུང་རྟེན་དེ་ལ། རྗེ་བཙུན་ཏ་ར་ན་ཏའི་གདུང་རྟེན་གཅིག་ཡོག་རེད་ཟེར།
- བཅའ་འདྲི་བྱ་ཡུལ་བྱས་ནས་ནི་དངོས་གནས་ཡོད་ཐག་གཅོད་དེ་འདྲས་རེད། མི་གནས་ཀྱི་ནང་ན་འཁོད་བསྡད་ཡོད་རེད་ལགས།
- བཅའ་འདྲི་བྱ་ཡུལ་སྔོན་མ་ང་ཚོའི་ཁོང་རྣམ་ཚོས་ཟེར་དུས་དེ་འདྲས་གཅིག་ཡོག་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ད་ཁོ་ནང་ལ་མར་གཏོར་གཤིགས་བཏང་ཡོང་བའི་སྐབས་ལ། རིག་གནས་གསར་རྗེ་དང་།
- བཅའ་འདྲི་བྱ་ཡུལ་འོང་། རིག་གནས་གསར་རྗེའི་སྐབས་ལ་དེ་བྱས་ཀྱོ་རེད་ཟེར་ལགས།
- བཅའ་འདྲི་བྱ་ཡུལ་རིག་གནས་གསར་རྗེའི་སྐབས་ལ་འོ་ད་ཁོ་མར་ཐོར་བཤིགས་དེ་འདྲས་འགྲོ་བའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ད་ཁོའི་ནང་ཁུག་ལ་དེ་འདྲས་གཅིག་གི་ཟུངས་དེ་འདྲས་གཅིག་གནང་།
- བཅའ་འདྲི་བྱ་ཡུལ་ཡང་ཁོའི་ནང་ལ་ད་གཅིག་གི་རྩ་ཆེན་རིག་དངོས་དེ་འདྲས་གཅིག་གནང་ཟེར་ཡས་ཀྱི་ཡང།
- བཅའ་འདྲི་བྱ་ཡུལ་ཨ་ནི་སྤྱིར་བཏང་བཤད་པ་ཡིན་ན་ཁོ་རྣམ་ཚོ་གང་ག་ལ། ཐུགས་རྒྱུད་མེད་པའི་བཟོ་ར་པོ་ཆགས་བསྡད་ནི་ལགས།
- བཅའ་འདྲི་བྱ་ཡུལ་ཨོང་། རྗེ་བཙུན་བྱམས་པ་དེ་ཡར་བཏོན་བྱས་བྱས་།
- བཅའ་འདྲི་བྱ་ཡུལ་རྦད་དེ་འདིའི་གང་ག་ཟླ་བ་གཅིག་གི་བཟོ་ར་གཅིག་དེ་འདྲས་གཅིག་བཞུགས་ན་ཀ་ལགས།
- བཅའ་འདྲི་བྱ་ཡུལ་བཞུགས་བྱས་བྱས་དེ་ནི་འདིའི་སྒང་ནས་མར་འཕངས་བྱས་བྱས། དེ་བྱས་ནས།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྦད་དེ་དེ་འདྲས་བྱུང་བ་རེད་ཟེར། ཨ་ནི་རྗེ་བཙུན་བྱམས་པ་དེ་།
- བཅའ་འདྲི་བྱ་ཡུལ་ཟུངས་བཞུགས་དེ་ནི་སྒང་ག་མང་ཆེ་གཙོ་ཐལ་དེ་འདྲས་རེད་ཟེ་གའ།
- བཅའ་འདྲི་བྱ་ཡུལ་མར་གཅིག་ཨོ་དེ་དེ་ཚོ་མར་དེ་ཡེད་པའི་སྐབས་ལ་གཙོ་ཐལ་བྱས་བྱས་གང་མིན་ཚད་དེ་འདྲས་འདུག་ཟེར།
- བཅའ་འདྲི་བྱ་ཡུལ་ཨ་ནི་དབྱར་ཁ་ཆན་མོར་མིས་ཟེར་སོལ་དེ་འདྲས་ཡོད་ཙང་ང་ཚོས་མཆོད་མེ་འཕུལ་གཅིག་བྱས་བྱས།
- བཅའ་འདྲི་བྱ་ཡུལ་འོ་ད་དེ་འདྲས་སྒང་ལ་རྦད་དེ་སོལ་ལྷག་རེད་གསུངས་བ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཁོང་མི་རིན་ཆེན་ གཙོ་ཐལ་འདྲ་འདུག་ནའ། ཨོ་དེ་ད་ལྟའི་ཞབས་གཡས་པ་དེ་ལ་རིན་ཆེན་གཙོ་ཐལ་ཏོག་ཙམ་གཅིག་ཡོག་རེད་སྔོན་མ།
- བཅའ་འདྲི་བྱ་ཡུལ་ཁོ་རའི་ཞབས་ཁོ་རང་སོང་ཙང་། དེའི་མི། ཟེར་ཡས་ཡོག་མ་རེད་པའ། ཏན་ཏན་ཁོ་རང་དེ་འདྲས་ཡོད་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཨོ་ད་དེ་འདྲས་ཆགས་འོང་བའི་སྐབས་ལ། ད་ང་ཚོས་རྗེ་བཙུན་ཏ་ར་ན་ཐའི་གི་གདུང་རྟེན།
- བཅའ་འདྲི་བྱ་ཡུལ་ང་ཚོས་གནས་བཤད་དེ་འདྲས་རྒྱག་དུས། དེ་འདྲས་གསུངས་ཀྱིས་ཡུལ་སྐོར་ཡོང་མཁན་ཁག་གཅིག་གིས།
- བཅའ་འདྲི་བྱ་ཡུལ་རྗེ་བཙུན་ཏ་ར་ན་ཐའི་གདུང་རྟེན་ཡོད་པ་ཡིན་ན། གདུང་རྟེན་གྱི་དེ་ནི་ཁོ་རའི་ནང་གི་ལོ་རྒྱུས་དང་དེ་ཚོ།
- བཅའ་འདྲི་བྱ་ཡུལ་མར་ད་གཅིག་གིས་རིག་གནས་གསར་རྗེའི་སྒང་ལ་དེ་འདྲས་བྱུང་བའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ཁོའི་ནང་ལ་ད་དེ་འདྲས་ཟུངས་དེ་འདྲས་རྩ་ཆེན་དེ་འདྲས་ནང་ལ།
- བཅའ་འདྲི་བྱ་ཡུལ་བླ་མའི་སྐུ་ལུས་དེ་འདྲས་ནང་ལ་བླ་མ་དེ་འདྲས་ཡོད་རེད་ཟེར་དེ་འདྲས་ཐུགས་རྒྱུད་མིན་འདུག
- བཅའ་འདྲི་བྱ་ཡུལ་ཨ་ནི་དེ་རྗེ་བཙུན་ཏ་ར་ན་འི་ཟེར་ཡོང་པའི་སྐབས་ལ། དེ་གང་བྱུང་མ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ལོ་རྒྱུས་ཡིན་ན་མཐོ་པོ་ཞེ་པོ་རེད་ཟེར། ཨོ་དེ་འདྲས་ཡུལ་སྐོར་ཡོང་མཁན་ཁག་གཅིག་གིས་།
- བཅའ་འདྲི་བྱ་ཡུལ་ང་ཚོས་དེ་འདྲས་བྱས་པ་རེད་པའ། ད་ང་ཚོས་། ད་སྔོན་མ་ནས་དེའི་རྗེ་བཙུན་ཏ་ར་ན་ཐའི་གདུང་རྟེན་འདིའི་བྱས།
- བཅའ་འདྲི་བྱ་ཡུལ་དམར་དམར་རྗེན་པའི་སྐུ་རེད་ཟེར། ཡང་དེ་འདྲས་གནས་བཤད་རོབ་ཙམ་རོབ་ཙམ་དེ་འདྲས་ཞུས་པ་རེད་པ་ལགས།
- བཅའ་འདྲི་བྱ་ཡུལ་འོ། བྱས་ ཙང་ཨོ་དེ། ད་ང་ཚོའི་ལུང་པའི་ནང་ལ་བྱས་པ་ཡིན་ན་མི་རྒན་གྲས་དེ་འདྲས་ལ།
- བཅའ་འདྲི་བྱ་ཡུལ་དེ་ཡང་ཁོ་རའི་དེ་གསལ་པོ་དེ་འདྲས་བཤད་ཡས་མེད་པའ། གདུང་རྟེན་ཁོ་རང་གི་མར་དེ་བྱས་བྱས་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་དེ་དུས་སྐབས་ལ་རྦད་དེ་། རིག་གནས་གསར་རྗེའི་སྐབས་ལ་གཙང་གཙང་ཁོ་རང་རྦད།
- བཅའ་འདྲི་བྱ་ཡུལ་དེ་བྱས་ཕྱིན་མེད་དྲོ་བསམ། ཁག་གཅིག་ང་ཚོའི། འོང་། སྐུ་ཞབས་འགའ་༼འདིར༽སྡོད་མཁན་དེ་ཀྱིས་ཟེར་དུས།
- བཅའ་འདྲི་བྱ་ཡུལ་སྤྱིར་བཏང་བཤད་པ་ཡིན་ན། ཁོ་རའི་ནང་ཁུག་ལ་ག་ག་ཡེ་མིན་འདུག་ཟེ།
- བཅའ་འདྲི་བྱ་ཡུལ་རྦད་དེ་དེ་དུས་སྐབས་ལ་བསྡུ་གསོག་རྒྱབ་གང་ག་བྱས་ཚར་པ་རེད་ཟེར།
- བཅའ་འདྲི་བ་ཕྱི་ལོགས་ཀྱི་དེ་ཀྱིས་བསྡད་ཡོད་རེད་པས།
- བཅའ་འདྲི་བྱ་ཡུལ་ཕྱི་ལོགས་དེའི། དངུལ་དེ་ཀྱིས་བཤུས་ཚར་བཞག གཞན་རྦད་དེ་དངུལ་རེད་ཟེར། རྦད་དེ་དངུལ་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་ནང་ཁུག་དེའི་ཡང་རྗེ་བཙུན་ཏ་ར་ན་ཐ་ཁོ་རང་གི་སྐུ་གདུང་ཡོད་དང་མེད་ཀྱི་དེ་སུ་གཅིག་གིས་།
- བཅའ་འདྲི་བྱ་ཡུལ་ད་དེ་བཤད་ཚོད་མི་ཐེག་པའི་བཟོ་ར་པོ་གཅིག་ཆགས་ཡོག་རེད་ཟེར། ཨོ་དེ་འདྲས་གསུངས་ཀྱིས་།
- བཅའ་འདྲི་བྱ་ཡུལ་ངས་དེ་རྩད་གཅོད་མང་པོ་བཅད་པིས།
- བཅའ་འདྲི་བྱ་ཡུལ་དེབ་དེ་འདྲས་ཀྱི་ནང་ལ་ཡང་བལྟས་བྱས་བྱས་གཅིག་དེ་འདྲས་རྩད་ཆོད་མིན་ཡོང་བསམ་པ།
- བཅའ་འདྲི་བྱ་ཡུལ་ང་ཚོས་དེ་འདྲས་བལྟས་པ་ཡིན་དེ་ཆ་ཚང་དེ་འདྲས་མིན་འདུག་ལགས།
- བཅའ་འདྲི་བྱ་ཡུལ་ད་ལོ་རྒྱུས་གང་ནས་བྱས་པ་ཡིན་ན་རྗེ་བཙུན་ཏ་ར་ན་ཐའི་གདུང་རྟེན་ཟེར་དུས་དེ་ནི་རྦད་དེ་གདུང་རྟེན།
- བཅའ་འདྲི་བྱ་ཡུལ་ལོ་རྒྱུས་ཁོ་རང་རྒྱ་ཆེན་པོ་གཏིང་ཟབ་པོ་ཞེ་དྲག་གནས་བསྡད་ནུའི་ཀོའོ་ལགས།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་གཅིག་བྱེད་པའི་སྐབས་ལ། འོ་དའ།
- བཅའ་འདྲི་བྱ་ཡུལ་ལོ་ངོ་ཆིག་སྟོང་བརྒྱ་མེད་ཉི་ཤུ་རྩ་ལྔ་རྩམ་འགྲོ་བ་རེད་ཟེར་བའི་སྐབས་ལ། འོང་།
- བཅའ་འདྲི་བྱ་ཡུལ་ཁག་གཅིག་གིས་ལོ་ངོ་ཆིག་སྟོང་བརྒྱ་མེད་ཉི་ཤུ་རྩ་ལྔ་འགྲོ་ཨ་ཡོད་ཟེར་ཀྱིས།
- བཅའ་འདྲི་བྱ་ཡུལ་ད་རྗེ་བཙུན་ཏ་ར་ན་ཐའི་གདུང་རྟེན་ཡོག་རེད་ཟེར་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་གཅིག་ཕར་ང་ཚོའི་གནས་བཤད་ནང་ལ་དེ་འདྲས་གཅིག་ཞུ་དུས།
- བཅའ་འདྲི་བྱ་ཡུལ་ཞུ་པའི་སྐབས་ལ་ཧ་ཅང་འདྲ་པོ་རེད་ཟེར། སྤྱིར་བཏང་འདྲ་པོ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་གསུངས་ཡོང་གིས།
- བཅའ་འདྲི་བ་རེད་ལོ་ངོ་ཆིག་སྟོང་ཕྱིན་པ་དེ་གསལ་པོ་རེད་པའ།
- བཅའ་འདྲི་བྱ་ཡུལ་ལགས་འོ།
- བཅའ་འདྲི་བ་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ།
- བཅའ་འདྲི་བྱ་ཡུལ་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ། བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་རེད་པའ་ལགས།
- བཅའ་འདྲི་བྱ་ཡུལ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་དུས་ནས་དགོན་པ་དེ་ཆགས་ནུའུ་ཀ་ལགས།
- བཅའ་འདྲི་བྱ་ཡུལ་ཆགས་ཡས་ར་པོ་བྱས་པ་ཡིན་ན།
- བཅའ་འདྲི་བ་བསྟན་པ་ཕྱི་དར་སྐབས་ལ།
- བཅའ་འདྲི་བྱ་ཡུལ་བསྟན་པ་ཕྱི་དར་ག་དུས་ད་པར་ནས། བསྟན་པ་ཕྱ་དར་ག་དུས་ནས། ཨོང་།
- བཅའ་འདྲི་བྱ་ཡུལ་དེའི་དུས་ལ། སོག་པོ་ཇུན་གར་ཟེར་ཡས་དེའི་དུས་ལ།
- བཅའ་འདྲི་བྱ་ཡུལ་ཡང་དགོན་པ་མང་པོ་གཅིག་ཡང་དགོན་པ་ཆུང་བ་ཁག་གཅིག་ཕར་གཏོར།
- བཅའ་འདྲི་བྱ་ཡུལ་ཆེ་བ་ལ་རུབ་བསྡུས་གཅིག་ཆགས། བྱས་འདུག་ཀའ་ལགས།
- བཅའ་འདྲི་བྱ་ཡུལ་ཨོ་དེ་དུས་སྐབས་ལ་ཡོད་པ་དེ་འདྲས་འདྲ་བསམ་བསམ་ར་གཅིག་ངས་བསམ་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ད་ལྟ་ང་ཚོའི་ལུང་པའི་ཕུ་འདི་གར་དགོན་པ་ཟེར་ཡས་ཀྱི་ནང་དགོན་པ་ཟེར་ཡས་ཀྱི་
- བཅའ་འདྲི་བྱ་ཡུལ་ཡང་གྱང་ཤུལ་ཆེན་པོ་གཅིག་ཡོག་རེད་ལགས། གྱང་ཤུལ་ཆེན་པོ་གཅིག་ཡོག་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་དེའི་དེ་ནས་ཡར་ཕྱིན་པ་ཡིན་ན། ཨོང་དའ། བྱང་ངོགས་ལ་ཕྱིན་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་བརྡ་དགོན་པ་ཟེར་བྱས་ནས་དགོན་པ་ཁོ་རང་ཤོལ་ཤོལ་ཁོ་ར་བྱས་ནས་རྩིགས་པ་སློགས་བྱས་།
- བཅའ་འདྲི་བྱ་ཡུལ་ས་རོ་རྡོ་རོ་བྱས་ནས་དེ་ནས་མར་ཁོ་ཐོགས་རྩེགས་ཉིས་ཐོག་ཁོ་རང་བསྡད་ཡོག་རེད།
- བཅའ་འདྲི་བྱ་ཡུལ་ད་མིང་ཙམ་མ་གཏོགས།
- བཅའ་འདྲི་བ་མིང་ཙམ་མ་གཞན་གའི་ཡོག་མ་རེད་པ་ལགས།
- བཅའ་འདྲི་བྱ་ཡུལ་ཨོ་དེ་དུས་སྐབས་ལ་ཨ་ནི་དགོན་པ་ཆེན་པོ་དེ་འདྲས་གཅིག་དེ་བྱས་བྱས་མར་རག་དུས་དགོན་པ་
- བཅའ་འདྲི་བྱ་ཡུལ་ཆུང་ཆུང་དེ་འདྲས་ཨ་ནི་སོག་པོ་ཇུན་གར་ཟེར་དེའི་སྐབས་ལ་ཨ་ནི་དེ་འདྲས་གཅིག་བྱུང་ནུའུ་ཀ་ལགས།
- བཅའ་འདྲི་བྱ་ཡུལ་དགོན་པ་དེ་འདྲས་གཅིག་གིས་གཅིག་ད་དེའི་ནང་ལོགས་ལ་དགོན་ཕུག་ཟེར་ཡས་གཅིག་ཡོད་རེད་ལགས།
- བཅའ་འདྲི་བྱ་ཡུལ་དགོན་སྦུག་ཟེར་ཡས་གཅིག་ཤར་ངོགས་ན། དགོན་སྦུག་དགོན་སྦུག་ཟེར་གཅིག
- བཅའ་འདྲི་བྱ་ཡུལ་ད་དེ་དེ་དེའི་དུས་ལ་རྦད། གཏོར་མ་ཐུབ་པའི་བཟོ་ར་པོ་གཅིག་ཆགས་ཡས་དེ།
- བཅའ་འདྲི་བྱ་ཡུལ་ཨ་ནེའི་དགོན་པ་ཆགས་བྱས་བྱས། ཨ་ནི་ཨ་ནེའི་འདུ་ཁང་དེ་འདྲས་ཆགས།
- བཅའ་འདྲི་བྱ་ཡུལ་ཨ་ནེའི་དམངས་གཙོའི་བཅོས་སྒྱུར་མ་བཏང་གོང་དེ་པར་ནས། དེའི་དགོན་པ་ཡོག་རེད་ཟའ། དེའི་ཨ་ནེ་བྱས་བྱས།
- བཅའ་འདྲི་བྱ་ཡུལ་དེ་ཨོ་དེ་དུས་སྐབས་ལ། ཁོ་རའི་གླིང་ཆེན་བཞིའི་བཟོ་ར་གཅིག
- བཅའ་འདྲི་བྱ་ཡུལ་དགོན་པ་ཁོ་རའི་གཡས་གཡོན་ལ་དགོན་པ་དེ་འདྲས་ཆགས་བསྡད་ཡོད་རེད། གླིང་བཞི་ཟེར།
- བཅའ་འདྲི་བྱ་ཡུལ་གླིང་ནུབ་ངོགས་ཕྱོགས་ལ་བྱས་ནི། ཉི་མ་གླིང་ཟེར་ཡས་ར་པོ། བསམ་གླིང་ཟེར་ཡས་ར་པོ།
- བཅའ་འདྲི་བྱ་ཡུལ་དེའི་ཡོག་རེད་ལགས། ཡ་གའི་བྱས་ན་ཐེག་ཆེན་གླིང་ཟེར་ཡས་ར་པོ། རིན་ཆེན་གླིང་ཟེར་ཡས་ར་པོ།
- བཅའ་འདྲི་བྱ་ཡུལ་གླིང་བཞི་ཡོག་རེད་ལགས། འདིའི་རྒྱུད་ལ། དགོན་པ་འདིའི་གླིང་དེ་ལ་གླིང་བཞི།
- བཅའ་འདྲི་བྱ་ཡུལ་གླིང་བཞི་དང་ད་དགོན་་པ་ཆེ་ཁག་དེ་དེ་རེད། དགོན་པ་ཆེ་ཁག
- བཅའ་འདྲི་བྱ་ཡུལ་ད་དེ་དགོན་པ་དེ་དེའི་ནང་ནས་ཨ་ནི། ཐེག་ཆེན་ གླིང་ཟེར་ཡས་ར་པོ།
- བཅའ་འདྲི་བྱ་ཡུལ་ཕ་གའི་རྒྱས་གཟུགས། ལྷས་སྡེ། ཆོས་ལུང་། ཆོས་གསང་། ཡ་གའི་བསམ་གླིང་།
- བཅའ་འདྲི་བྱ་ཡུལ་ཨོ་དེ་ཀའི་དཀོན་གཉེར་དེ་འདི་ནས་གཏོང་དགོས་རེད་ལགས།
- བཅའ་འདྲི་བ་གཙོ་བོ་དེ་དགེ་ལུགས་པའི་ཀྱི་གྲུབ་མཐའ་ལ་ཕར་སྒྱུར་ཚར་པའི་རྗེས་ལ།
- བཅའ་འདྲི་བྱ་ཡུལ་ཨོ་དེ། རེད་རེད་ལགས། དགེ་ལུགས་པའི་གྲུབ་མཐའ་ལ་བསྒྱུར་ཚར་པའི་རྗེས་ལ།
- བཅའ་འདྲི་བྱ་ཡུལ་དགེ་ལུགས་པའི་གྲུབ་མཐའ་ལ་བསྒྱུར་ཚར་ནས་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཨ་ནི་དེའི་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ང་ཚོའི་དགོན་པ་དེ་ལ་ཡང་བཀའ་འགྱུར་གཅིག་བྱུང་བ་རེད། བཀའ་གྱུར་དེ་བྱུང་བ་དང་ང་ཚོའི་དེ་ཡར་དའ།
- བཅའ་འདྲི་བྱ་ཡུལ་དམངས་གཙོ་བཅོས་བསྒྱུར་བཏང་། ཨ་ནི་དེ་བྱེད་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་དགོན་དེ་རྦད་དེ་ཆོས་སྒང་ག་མི་གའི་ནང་ལ་དེ་བྱས་བྱས།
- བཅའ་འདྲི་བྱ་ཡུལ་ཁྱོན་ནི་༼རྩ་བ་ནས།༽ཁོ་རང་ཧ་མ་གོ་བ་དེ་འདྲས་བཟོས་བྱས་བྱས།
- བཅའ་འདྲི་བྱ་ཡུལ་མཇུག་གུ་ཡང་དགོན་པ་དེའི་ཡ་གའི་བྲ་ཕུག་དེ་འདྲས་ཀྱི་ནང་ལ་ཡང་
- བཅའ་འདྲི་བྱ་ཡུལ་དགོན་པ་མེད་ཞེས་པའི་བཀའ་གྱུར་དེ་འདྲས་གཅིག་འདུག
- བཅའ་འདྲི་བྱ་ཡུལ་ཏོག་ཙམ་ཞིག ཞེ་དྲགས་དའ་མིན་འདུག་དའ། ཡི་གེ་གང་ག་ཆ་ཚང་ཟེར་མིན་འདུག
- བཅའ་འདྲི་བྱ་ཡུལ་ང་ཚོའི་གཅིག་བྱས་བྱས་དག་བཤེར་ར་གཅིག་བྱས་བྱས་མིག་གཅིག་བལྟ་ཀ་ཕྱིན་པ་ཡིན་པས་ནི།
- བཅའ་འདྲི་བྱ་ཡུལ་དེ་ཨོ་དེ་འདྲས་བཞུགས་ནིས་ལགས། ཨ་ནི་ཨོང་མ་ལ་ལོག་པའི་ཡི་གེ་རྒྱག་པ། ཨོ་དེ་འདྲས་གཅིག་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཁོ་རའི་དེའི་ཡི་གེའི་བཀྲག་ལ་ཨ་ནི་དེའི་སྒོར་ཐིག་རྒྱག་པ་དེ་འདྲས་དང་།
- བཅའ་འདྲི་བྱ་ཡུལ་ཨོ་དེ་ཁ་གསལ་པོ་དེ་འདྲས་འདུག་ལགས། དེའི་ཞུག་ལ་ཨ་ནི་རྗེ་རིན་པོ་ཆེ་ཕེབས་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ཡང་ང་ཚོའི་དེའི་བཀའ་འགྱུར་གཅིག་འདུག་ལགས། དེའི་ལོ་རྒྱུས་དམའ་པོ་འདུག
- བཅའ་འདྲི་བྱ་ཡུལ་ལོ་ངོ་དྲུག་བརྒྱ་ལྔ་བརྒྱ་དེ་འདྲས་ཕྱིན་པ་དེ་འདྲས་རེད་འདུག་ལགས།
- བཅའ་འདྲི་བྱ་ཡུལ་ཡང་གསེར་ཡིག་རྒྱབ་པའི་བཀའ་གྱུར་གཅིག་འདུག་ཤོག་བུ་ནག་པོ་དེ་འདྲས་ཀྱི་སྒང་ལ།
- བཅའ་འདྲི་བྱ་ཡུལ་ཤོག་བུ་ནག་པོ་ཆེན་པོ་གཅིག ཨོ་དེ་འདྲས་གཅིག་འདུག ཡང་དེའི་མཇུག་ལ་ཨ་ནི།
- བཅའ་འདྲི་བྱ་ཡུལ་དགོན་པ་དེ་གྲ་རྒྱས་རུ་ཕྱིན་ནས་ཨ་ནི།
- བཅའ་འདྲི་བྱ་ཡུལ་གང་ལྟར་མདོ་སྨད་ཁམས་ཨ་མདོ་ག་ནས་ཟེར་གཅིག་ནས་ཕུལ་རེད་ཟེར་བྱས་ནས་།
- བཅའ་འདྲི་བྱ་ཡུལ་ད་དེ་ཏན་ཏན་ཡག་པོ་གཅིག་ང་ལ་ད་ག་ཙམ་བཤད་ཡས་མིན་འདུག
- བཅའ་འདྲི་བྱ་ཡུལ་ཡང་ར་མ་ལུག་གི་བཀའ་གྱུར་དེ་འདྲས་གཅིག་བྱུང་བསྡད་ནིས་ལགས། ར་མ་ལུག་ཀྱི།
- བཅའ་འདྲི་བྱ་ཡུལ་ར་མ་ལུག་ཟེར་ག་རེ་ཟེར་ཀྱི་ཡོག་རེད་ཟེར་ན། ཨ་ནི་ཡིག་ཕྲེང་གཅིག་དངུལ་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཡིག་ཕྲེང་གཅིག་གསེར་བྱས་པ་དེ་འདྲས་བྱས་པའི་བཀའ་གྱུར་གཅིག
- བཅའ་འདྲི་བྱ་ཡུལ་བཀའ་གྱུར་གསུམ་བཟོ་ར་པོ་གཅིག་བྱུང་བསྡད་ནིས་ལགས། སྔོན་མ། བསྟན་གྱུར་དེ་འདྲས།
- བཅའ་འདྲི་བྱ་ཡུལ་བསྟན་གྱུར་བཀའ་གྱུར། གང་ག་ཆ་ཚང་དེ་འདྲས་བྱུང་བསྡད་ནིས། ཨོ་དེ་འདྲས་བྱུང་ནས་དའ།
- བཅའ་འདྲི་བྱ་ཡུལ་དགོན་པ་འདི་དང་ཐོག་མར་བྱས་པ་ཡིན་ན་ལོ་རྒྱུས་སྒང་ནས་བཤད་པ་ཡིན་ན་ནི།
- བཅའ་འདྲི་བྱ་ཡུལ་ད་འོང། ཉམས་རྒུད་ཡིན་ན། ཉམས་རྒུད་ཚབ་ཆེན་ཟེར་དེ་དའ།བསྟན་པ་ཕྱི་དར་དུས་ལ་དའ།
- བཅའ་འདྲི་བྱ་ཡུལ་ཉམས་རྒུད་དེ་འདྲས་ཕྱིན་། ཨོང་དེ་དུས་སྐབས་ལ་ཉམས་རྒུད་གང་འདྲས་ཟེར་ཕྱིན་པ་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྦད་རྗེ་རིན་པོ་ཆེ་ཕེབས་ཡོང་བའི་སྐབས་ལ། དགོན་པ་ནི་རྦད་དེ་ཚབ་ཆེན་གྱི་ཉམས་རྒུད་དེ་འདྲས་གཅིག་ཕྱིན་པ།
- བཅའ་འདྲི་བྱ་ཡུལ་དེའི་མཇུག་གུ་ལ། ཨ་ནི་རྗེ་རིན་པོ་ཆེ་ཕེབས་ནས། ཡང་ཉམས་རྒུད་དེ་གང་འདྲས་ཕྱིན་ཡོད་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་ཨ་ནི་དགོན་པ་ནི་རྦད་དེ་མེས་བཞེས་ནས་ཡང་ཉམས་རྒུད་ཚབ་ཆེན་དེ་འདྲས་ཕྱིན།
- བཅའ་འདྲི་བྱ་ཡུལ་ད་དེ་མེད་བཞེས་པ་དེ་ཁ་གསལ་པོ་ཞེ་པོ་འདུག
- བཅའ་འདྲི་བྱ་ཡུལ་ང་ཚོ་དགོན་པ་དེ་ཉམས་གསོ་བྱས་ཡོང་པའི་སྐབས་ལ། ཞ་ལ༼གྱང་རིས་༽དེ་གས་ཡོང་རྫོགས་ལོག་ཀོ་རྒྱག་ཀྱོ་རྒྱབ་།
- བཅའ་འདྲི་བྱ་ཡུལ་ད་སྔོན་མ་ཡིན་ན། དགོན་པ་དེ་བཀའ་གདམས་། ཨོང་བཀའ་གདམས་དགོན་པ་ཟེར་ན།
- བཅའ་འདྲི་བྱ་ཡུལ་བཀའ་རྒྱུད་དགོན་པ་ཟེར་ན། བཀའ་རྒྱུད་དགོན་པ་བྱས་ཡོང་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ལྡེབས་རིས་དེ་ཀའི་སྒང་ལ་ཡང་བཀའ་རྒྱུད་ཀྱི་དེ་འདྲས་ཏོག་ཙམ་ཏོག་ཙམ་བསྡད་བཞག་ལགས།
- བཅའ་འདྲི་བྱ་ཡུལ་ཞ་ལའི་ལོག་ལ་རྩེགས་བཞག་པ་དེ་འདྲས་ཡོག་རེད་པའ་ལགས།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་ཞ་ལ་རྩེགས་བཞག་པ་དེ་འདྲས་ཀྱི་སྒང་ལ་། ཨོ་དེ་ནས་ཚུར་ཞ་ལ་ཚུར་བཀོག་ཡོང་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་བལྟ་དུས་ཨ་ནི། མཁན་སློབ་ཆོས་གསུམ་གྱི་ལྡེབས་རིས་ཟེར་ཡས་ར་པོ། དེ་འདྲས་ལྡེབས་རིས་།
- བཅའ་འདྲི་བྱ་ཡུལ་བཀའ་རྒྱུད་པའི་ཨོ་དེ་འདྲས་མང་པོ་དེ་འདྲས་འདུག་ལགས། དེའི་སྒང་ལ་ཡང་ཞ་ལ་གཅིག་རྒྱབ་བྱས་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྗེ་རིན་པོ་ཆེ་ཀྱིས། ཨོང་གང་བའ་ཀས།
- བཅའ་འདྲི་བྱ་ཡུལ་ཡང་རི་བོ་དགེ་ལུགས་པའི་འོ་དའ་དེའི་ཡར་སངས་རྒྱས་སྟོང་སྐུ་ཟེར་ཡས་ར་པོ། འོ་དེ་ནི་ཁོ་ར།
- བཅའ་འདྲི་བྱ་ཡུལ་ཨོང་འཁོར་དག་པ་རྣམ་པ་བརྒྱད་ཟེར་ཡས་ར་པོ། འོ་དེ་འདིའི་གཡས་གཡོན་ལ་ལེབ་གཅིག་ལ་ཁོ་རཱ།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་ཆགས་བསྡད་ནིས་ལགས།
- བཅའ་འདྲི་བྱ་ཡུལ་ཉམས་རྒུད་ཡིན་ན་ཚབ་ཆེན་དེ་འདྲས་ཁག་གསུམ་གྱི་བཟོ་ར་པོ་དེ་འདྲས་ཕོགས་པ་འདྲ་ལགས།
- བཅའ་འདྲི་བྱ་ཡུལ་ད་དམངས་གཙོ་བཅོས་སྒྱུར་བཏང་ནས་ནི་ཨ་ནི།
- བཅའ་འདྲི་བྱ་ཡུལ་དེ་བས་ཀྱང་ནས་ཉམས་རྒུད་ཚབ་ཆེན་ཕོག་པ་དེ་ང་ཚོ་གཅིག་པོ་མ་རེད་པའ།
- བཅའ་འདྲི་བྱ་ཡུལ་རྒྱལ་བའི་ཁྱེད་དང་འདྲ་བར་དེ་འདྲས་གཅིག་འཚོ་བཞུགས་སྐབས་ལ་དེ་འདྲས་གཅིག་བྱུང་ཙ་ན།
- བཅའ་འདྲི་བྱ་ཡུལ་འོ་དའ་དེ་འདྲས་གཅིག་བྱུང་། ལོ་རྒྱུས་སྒང་ནས་བྱས་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་ད་རྗེ་རིན་པོ་ཆེ་འོ་དའ་ལྷོ་ཁ་རྫིང་ཕྱི་ལ་ལྷོ་ཁ་རྫིང་ཕྱི་ཉམས་གསོ་མཛད་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་གང་འདྲས་བྱས་ཡོད་རེད་ཟེར་ན། ད་དེའི་རྗེ་རིན་པོ་ཆེས་དེ་ནི། འོལ་ཁ་ཆོས་ལུང་ལ་རྐྱང་ཕྱག་དེ་ཚོ་མཛད།
- བཅའ་འདྲི་བྱ་ཡུལ་གང་ག་ཚར་ཚར་པའི་མཇུག་གུ་ལ། ཨ་ནི་ལྷོ་ཁ་རྫིང་ཕྱི་ཉམས་གསོ་མཛད་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་དེ་ནི་མི་ནས་ཡར་ཕེབས་ཡོང་པའི་སྐབས་ལ་དའ་། འོལ་ཁ་བསྟན་པ་ཟེར་ཡས་གཅིག་ཡོག་རེད།
- བཅའ་འདྲི་བྱ་ཡུལ་མི་ཀས་བསྟན་པ་ཟེར་ཡས་གཅིག བསྟན་པ་ཟེར་ཡས་དེ་ལ་དེ་ནི་གསོལ་ཞིབ་སློང་བར་ཕེབས་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་གསོལ་ཞིབ་སློང་བའི་སྐབས་ལ། ད་ཕལ་ཆེར་གྲོང་པ་དེ་ལ་ཁྱི་གཅིག་ཡོད་ཀྱི་རེད་བསམ་བྱས་བྱས་བྱས།
- བཅའ་འདྲི་བྱ་ཡུལ་རྡོ་ནི་བསྣམས་ཕེབས་པ་རེད་། རྡོ་ནི། རྡོ་ནི་བསྣམས་ཕེབས་བྱས་བྱས་བྱས།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྡོ་འདི་བསྣམས་ཕེབས་བྱས་བྱས་བྱས་ཨ་ནི། ཁྱི་ལ་གཞུ་མ་དགོས་པར་བྱས་བྱས།
- བཅའ་འདྲི་བྱ་ཡུལ་ཁྱི་དེ་ཡོང་རྒྱུ་དེ་ཡོང་པ་རེད་དེ་ལས། ཨ་ནི་ཁྱི་དེ་ལ་གཞུས་པ་ཡིན་ན་བྱམས་དང་སྙིང་རྗེ་ལ་སྒོམས་ནས་ཡིན་ནས།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྡོ་དེ་རང་བྱོན་རྟགས་ལ་མ་སོང་ནས་དེ་འདྲས་གཅིག་མར་ཕེབས་ནས་འོང་། ད་ཕར།
- བཅའ་འདྲི་བྱ་ཡུལ་དེ་ལ་ལྷོ་བྲག་ལ་ཕར་ཕེབས་འགྲོ་པའི་སྐབས་ལ་འོ་ད་འདི་རྫིང་ཕྱི་དགོན་པའི་ནང་བསྟན་ལ་བཞག་པ་ཡིན་གསུངས་བ་རེད།
- བཅའ་འདྲི་བྱ་ཡུལ་ད་དམངས་གཙོ་བཅོས་བསྒྱུར་བཏང་བྱས་བྱས་ང་ཚོས་དའ། རྗེ་རིན་པོ་ཆེ་ཀྱིས་དའ།
- བཅའ་འདྲི་བྱ་ཡུལ་དགོན་པ་དེ་ཉམས་གསོ་མཛད། འོ་དའ། དེ་འདྲས་བྱུང་། དཔང་རྟགས་རྟགས་ལ་མ་སོང་གསལ་པོ་དེ་འདྲས་གཅིག
- བཅའ་འདྲི་བྱ་ཡུལ་ཨོ་འདི་ནང་རྟེན་རྟགས་ལ་མ་སོང་ཨོ་ད་དེ་འདྲས་གཅིག་ལྷག་ཡོད་རེད། ད་ལྟའི་རྙིང་པའི་ནང་ནས།
- བཅའ་འདྲི་བྱ་ཡུལ་སྔོན་མ་སྤྱི་ཚོགས་རྙིང་པའི་སྐབས་ལ་ཡིན་ན། ད་ནང་རྟེན་དང་དེ་འདྲས་གཅིག་གིས་དའ།
- བཅའ་འདྲི་བྱ་ཡུལ་བླ་མ་ཡས་ཡས་ཀྱི་གཅིག་གི་ཕྱག་དམ་ཟེར་ཡས་ར་པོ།
- བཅའ་འདྲི་བྱ་ཡུལ་ད་གཅིག་གིས་འོང་དེ་འདྲས་ནང་རྟེན་རྙིང་པ་སྒམ་ཡིན་ན་སྒམ་དོ་ཙམ་དེ་འདྲས་ཡོད་གསུངས་བ་རེད།
- བཅའ་འདྲི་བྱ་ཡུལ་སྔོན་མ། ད་དེའི་ནང་ནས་དེའི་ནང་ནས་དའ། ཨོ་འདི་དའ་ཨོང་གྲོང་གསེབ་དེ་འདྲས་གཅིག་ཀྱིས་ཉར་བྱས་བྱས།
- བཅའ་འདྲི་བྱ་ཡུལ་བསྡད་བྱས་བསྡད་འདུག་ཀའ་ལགས། འདི་རྡོ་འདི།
- བཅའ་འདྲི་བྱ་ཡུལ་བྱས་ཙང་དེ་ནི་སྲིད་ཇུས་དོན་འཁྱོལ་བྱས་ནས་ཆོས་དད་རང་མོས་སྲིད་ཇུས་ཚུར་དེ་བྱས་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྦད་དགོན་པ་ལ་ཚུར་དེ་འདྲས་ཟེར་གདན་འདྲེན་ཞུས་བྱས་བྱས།
- བཅའ་འདྲི་བྱ་ཡུལ་ད་ལྟ་ང་ཚོས་ད་གཅིག་ཡུལ་སྐོར་ཡོང་མཁན་ཡིན་ནའི་འདྲ།
- བཅའ་འདྲི་བྱ་ཡུལ་ཡང་གཅིག་གནས་བཤད་རྒྱག་པ་ཡིན་ནས་འདྲ་གཅིག་གནས་བཤད་ད་གཅིག་རྦད། སྔོན་མ་
- བཅའ་འདྲི་བྱ་ཡུལ་དཀར་ཆགས་རྙིང་པ་གཞིར་བཟུངས་ཀྱིས་ཆ་ཚང་ཟེར་ཡོག་མ་རེད་དེ།
- བཅའ་འདྲི་བྱ་ཡུལ་ཡིན་ནའི་གཅིག་གིས་དའ་གཅིག་དོ་པར་ཡུལ་གྱི་ཡུལ་བཤད་རེད།
- བཅའ་འདྲི་བྱ་ཡུལ་གཅིག་གི་དགོན་པའི་དེ་པར་གནས་བཤད་དེ་འདྲས་རྒྱབ་ཡོང་པའི་སྐབས་ལ་འོ་དའ།
- བཅའ་འདྲི་བྱ་ཡུལ་འདི་གཅིག་ཆ་ཚང་དེ་འདྲས་སྟོན་ཡས་ཡོད་པའི་བཟོ་ར་གཅིག
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་གཅིག་རེད་ལགས། རྡོ་འདི་དེ་ནི། འོང་ད་རྗེ་རིན་པོ་ཆེ་དེ་ནས་ཕར་ཕེབས་འགྲོ་པའི་སྐབས་ལ།
- བཅའ་འདྲི་བྱ་ཡུལ་རྡོ་འདི་འདེའི་རྟེན་བཞག ཨ་ནི་རྦད་དགེ་སློང་།
- བཅའ་འདྲི་བྱ་ཡུལ་དགེ་སློང་གཅིག་གཉིས་དེ་འདྲས་གཅིག་ཡོད་པ་འདྲ། དགེ་སློང་དེ་འདྲས་གཅིག ད་རྗེ་རིན་པོ་ཆེ་དའ།
- བཅའ་འདྲི་བྱ་ཡུལ་དེ་རིང་དའ་སྤྱན་གཡས་ཨམ་མདོ་རྣ་བོ་ཆེ་ཕར་ཕེབས་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་ཨམ་མདོ་རྣ་བོ་ཆེ་ཕར་ཕེབས་པ་ཡིན་ན་ང་ཚོ་ལ་རྟེན་ག་རེ་འཇོག་དགོས་རེད་གསུངས་པ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་རྟེན་དེ་གཞན་པས་འཇོག་ཡས་ཡོད་མ་རེད་ཟེར། ང་ཨབ་ཅོ་ལ་རྟེན་ག་རེ་བཞག་དགོས་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཨབ་ཅོ་གཅིག་པོ་བཞག་པ་ཡིན་ན་ཨ་ནི་ང་ཁུག་མ་བླུགས་ས་དགོས་ཀྱི་རེད་གསུངས་པ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་རྗེ་རིན་པོ་ཆེ་ཀྱིས། ཨ་ནི་དེ་འདྲས་བྱས་ཡོང་པའི་སྐབས་ལ་།
- བཅའ་འདྲི་བྱ་ཡུལ་ད་ཁྱེད་རང་ང་ལ་རྟེན་ག་རེ་འཇོག་ཡས་ཡོད་མ་རེད་པའ། ང་འདྲ་བའི་བཞེངས་ཤོག་གསུངས་པ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཨོ་དེ་ད་གིན་ངས་ཞུ་ཡས་ད་ག་རང་རེད་ལགས།
- བཅའ་འདྲི་བྱ་ཡུལ་འོང་གཡས་གཡོན་ལ་འཁོར་ལོ་དག་པ་རྣམ་པ་བརྒྱད་བྱས་། དཀྱིལ་དེ་པར་རྗེ་རིན་པོ་ཆེ་གཙོ་བོ་བརྩིས་པས།
- བཅའ་འདྲི་བྱ་ཡུལ་ཨོ་དེ་བྱས་ནས་ཨ་ནི་ང་འདྲ་བའི་ལྷ་གཅིག་བཞེངས་ཤོག་ཟེར།
- བཅའ་འདྲི་བྱ་ཡུལ་བྱས་ཙང་དེ་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་སྲས་དེ་ལ་ཨ་ནི།
- བཅའ་འདྲི་བྱ་ཡུལ་ཁོང་རྣམ་གཉིས་རྗེ་རིན་པོ་ཆེ་ཡི་སྲས་དེ་ལ་ཞལ་སྤྲོས་བྱས། ཞལ་སྤྲོས་བྱས་ནས་ཨ་ནི།
- བཅའ་འདྲི་བྱ་ཡུལ་ཉིན་མ་རེ་ལ་གསེར་ཐང་གསེར་རྒྱུ་མེད་ཟེར་ཡོད་རེད།
- བཅའ་འདྲི་བ་དེའི་ངོས་ཕྱོགས་ལ་ལྡེབས་རིས་རེད་རེད་པའ།
- བཅའ་འདྲི་བྱ་ཡུལ་རེད་ལྡེབས་རིས་བྱས་བྱས། ཨོ་དེ་འདྲས་བཞེངས་ཡོད་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་དེའི་ལྷ་མགོན་ཆོས་གསུམ་ཡོད་རེད། སྔོན་མ་ཡིན་ན། ནུབ་ངོགས་དེ་ཚོ་དང་ལྷོ་ངོགས་དེ་ལ།
- བཅའ་འདྲི་བྱ་ཡུལ་རྡོ་བཀྱག་འོག་དེ་ལ་དེའི་འདུག་ཀའ་ལགས། འདུ་ཁང་ནང་ཁུག་དེ་རུ་།
- བཅའ་འདྲི་བྱ་ཡུལ་ལྷ་མགོན་ཆོས་གསུམ། ལྷ་མགོན་ཆོས་གསུམ་བྱས་ནས་ནི་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་སྲས་དེ།
- བཅའ་འདྲི་བྱ་ཡུལ་དེ་ཡི་ནས་མར་རྗེ་རིན་པོ་ཆེ་དང་ཞལ་སྤྲོས་བྱས་ནས་ཉིན་མ་རེ་ལ་གསེར་ཐང་གསེར་རྒྱུ་མེད་གསུངས་བ་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཨོ་དེ་འདྲས་གཅིག་ད་ལོ་རྒྱུས་བྱས་ན་ཨོ་དེ་འདྲས་གཅིག་ཡོག་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་འདེའི་སྔས་མ་ཡིན་ན་སྐུ་ཕྲེང་བཅུ་གཉིས་པ་རྒྱལ་བ་འཕྲིན་ལས་རྒྱ་མཚོ་མ་གར་འཁྲུང་ས་ཡོག་རེད་ལགས།
- བཅའ་འདྲི་བྱ་ཡུལ་མ་གའི་འཁྲུང་ཁང་མ་གའི་ཡོག་རེད།
- བཅའ་འདྲི་བྱ་ཡུལ་ད་དེང་སང་ས་ཤུལ་ཙམ་ཞིག་ཤུལ་ར་གཅིག་མ་གཏོགས་རྦད་དེ་བཤིག་པ་དེ་འདྲས་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་བརྒྱད་བཅུ་བྱས་པ་ཡིན་ན་ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་དེའི་
- བཅའ་འདྲི་བྱ་ཡུལ་ནང་ལ་བཤིགས་པ་ཡོད་ཆིག་སྟོང་དགུ་བརྒྱ་བརྒྱད་བཅུ་ཨའོ།
- བཅའ་འདྲི་བྱ་ཡུལ་བརྒྱད་བཅུ་གྱ་བརྒྱད་དོ་པར་བཤིགས་མ་ཡོད་འོ་དེ་འདྲས་གཅིག་ལ་བཤིགས་སོང་མ་གི
- བཅའ་འདྲི་བྱ་ཡུལ་ཐུགས་བཞེས་ཆེན་པོ་དེ་འདྲས་ཕྱིན་སོང་ལ། ལུང་པ་ཁོ་རའི་ནང་ལ་བྱས་པ་ཡིན་ན་ད་གཅིག་འོ་གནས་བཤད་རེད།
- བཅའ་འདྲི་བྱ་ཡུལ་ཡུལ་བཤད་རེད། བརྟེན་བཤད་རེད།
- བཅའ་འདྲི་བྱ་ཡུལ་བརྟེན་བཤད།ད་ཡུལ་ལྷ་ཆ་བཞག་པ་ཡིན་ན་འོ་དེ་གས་ད་གིན་སྔས་མ་གསུངས་ཡས་ད་ག་རང་རེད།
- བཅའ་འདྲི་བྱ་ཡུལ་ད་བརྟེན་བཤད་ལ་ཆ་བཞག་པ་ཡིན་ན་བརྟེན་ལ་འོ་ད་མ་གའི་
- བཅའ་འདྲི་བྱ་ཡུལ་རྗེ་བཙུན་བྱམས་པ་དེ་གང་མིན་ཚད་ཡིན་གསུངས་དགོས་ཡས་དེ་
- བཅའ་འདྲི་བྱ་ཡུལ་བརྟེན་གྱི་བཤད་པ་ཟེར་ནའི་ཡུལ་གྱི་བཤད་པ་ཟེར་ནའི་དེ་གིན་ངའི་འདིའི་དེབ་གཅིག་ཡོད་པཱ།
- བཅའ་འདྲི་བྱ་ཡུལ་དེབ་འདིའི་ནང་ལ་བྱས་པ་ཡིན་ན་རྦད་དེ་སྤྱིར་བཏང་བཤད་པ་ཡིན་ན།
- བཅའ་འདྲི་བྱ་ཡུལ་ད་དེ་སྔས་མ་ང་ཚོའི་སྐུ་ཞོག་གཅིག་ཡོག་རེད། འོ་དགྲ་འདུལ་ཟེར་ཡས་གཅིག
- བཅའ་འདྲི་བྱ་ཡུལ་དགྲ་འདུལ་ཟེར་ཡས་དེ་སྔས་མ་ཡིན་ན་ད་ང་ཚོའི་སྔས་མ་སྤྱི་ཚོགས་རྙིང་པའི་སྐབས་ལ་
- བཅའ་འདྲི་བྱ་ཡུལ་རྗེ་རིན་པོ་ཆེ་ནས་ཡིན་རྒྱུད་སྡེ་བཞི་ཡོག་རེད།རྒྱུད་སྡེ་བཞི་བྱས།
- བཅའ་འདྲི་བྱ་ཡུལ་རྒྱད་སྡེ་བཞིའི་ནང་ནས་གཅིག་ལ་གསང་བ་འདུས་པ་བྱས།
- བཅའ་འདྲི་བྱ་ཡུལ་སྡེམ་མཆོག་བྱས། དུས་འཁོར་བྱས། རྣམ་སྣང་བྱས་ཡོག་རེད་ལགས།
- བཅའ་འདྲི་བྱ་ཡུལ་དེའི་ནང་ལ་འོ་རྒྱུད་སྡེ་བཞི་ཚོགས་ཡོག་རེད་ལགས།
- བཅའ་འདྲི་བ་འཇིག་བྱེད་ཡོག་མ་རེད་པས།
- བཅའ་འདྲི་བྱ་ཡུལ་འཇིག་བྱེད་ཡོག་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་འཇིགས་བྱེད་རྒྱུད་སྡེ་བཞི་ཟེར་བྱས་འདིའི་ནང་ལ་ཡོད་ཀྱོག་དེ་
- བཅའ་འདྲི་བྱ་ཡུལ་དཔལ་འདུས་ཀྱི་འཁོར་ལོ་དེ་མ་གིའི་ནང་ལ་ཚོགས་ཀྱི་ཡོག་རེད་ཟ་ལགས།
- བཅའ་འདྲི་བ་མ་གའི་ཚོགས།
- བཅའ་འདྲི་བྱ་ཡུལ་འོ་ལགས། མ་གའི་ཚོགས་ཀྱི་ཡོག་རེད་ཟ།འདུས་འཁོར་དེ།
- བཅའ་འདྲི་བ་འོ་ལགས་སེ། འདུ་ཁང་འོག་དེའི་ནང་ལ།
- བཅའ་འདྲི་བྱ་ཡུལ་འོ་འདུག་སེ་བྱས་བྱས་རྒྱུད་སྡེ་ལྔའི་བཟོ་ར་གཅིག
- བཅའ་འདྲི་བྱ་ཡུལ་རྗེ་རིན་པོ་ཆེ་ཕེབས་ནས་རྒྱུད་སྡེ་ལྔའི་ཉམས་ལེན།
- བཅའ་འདྲི་བྱ་ཡུལ་དེ་འོ་དེ་རྗེ་རིན་པོ་ཆེ་ཕེབས་པའི་སྐབས་ལ་དེ་འདྲས་ཞུས་པ་རེད་ཟ།
- བཅའ་འདྲི་བྱ་ཡུལ་མི་ནས་ཡར་ལ་མི་གཅིག་ལ་དེ་འདྲས་ཞུས་པ་རེད་ཟ།
- བཅའ་འདྲི་བྱ་ཡུལ་ད་དགོན་པ་ཡ་གིའི་ནང་ལ་ཕྱིན་པ་ཡིན་ན་བཞི་གསུམ་ཉམས་ལེན་ཡག་པོ་ཡོག་རེད་པས་གསུངས་བ་རེད་ཟ།
- བཅའ་འདྲི་བྱ་ཡུལ་བཞི་གསུམ་ཉམས་ལེན་ཟེར་ཡས་དེ་ད་ཆུ་འཁོར་པ་ལ་ཡོད་ན་མེད་ན་བྱས་པ་རེད་ཟ།
- བཅའ་འདྲི་བྱ་ཡུལ་ཆུ་འཁོར་པ་ཟེར་ཡས་གཅིག་འདིའི་གཅིག་ཡོག་རེད། དུས་ཚང་ཆེན་པོ་གཅིག་ཡོག་རེད།ཆུ་འཁོར་པ་སེ་བྱས།
- བཅའ་འདྲི་བྱ་ཡུལ་འོ་ད་ཆུ་འཁོར་པ་ལ་ཕལ་ཆེར་ཡོག་རེད་སེ་བྱས་པ་རེད་ཟ།
- བཅའ་འདྲི་བྱ་ཡུལ་ད་འོ་འོ་འོ་སེ་གསུངས་བ་རེད་སེ། རྗེ་རིན་པོ་ཆེས།
- བཅའ་འདྲི་བྱ་ཡུལ་ཨ་ནི་ད་འོ་སྐུ་ཞོག་དེ་འདྲས་གཅིག་ལ་དྲིས་པ་འདྲ་ཕལ་ཆེར་གཅིག་
- བཅའ་འདྲི་བྱ་ཡུལ་ད་སྐུ་ཞོག་ཟེར་ནའི་འདྲ་དེ་དུས་སྐབས་ལ་རྗེ་རིན་པོ་ཆེ་ཕེབས་པའི་སྐབས་ལ་
- བཅའ་འདྲི་བྱ་ཡུལ་ཡུལ་ཡིན་ནའི་འདྲ་ཡུལ་མི་ཡིན་ནའི་འདྲ།གཅིག་དགོན་པའི་ནང་ལ་ཡིན་ནའི་འདྲ་གཅིག
- བཅའ་འདྲི་བྱ་ཡུལ་ཆོས་ཀྱི་དེ་འདྲས་གཅིག་ཞེ་པོ་གསུངས་ཡས་མེད་པའི་རྐྱེན་གྱིས་བྱུང་པ་འདྲ་ནོ་ག
- བཅའ་འདྲི་བྱ་ཡུལ་བཞི་གསུམ་ཉམས་ལེན་ག་པར་ཡོག་རེད། ཆུ་སྒྲོག་གའི་སྒམ་ནང་ལ་ཡོག་རེད་སེ་བྱས་པ་རེད་ཟ།
- བཅའ་འདྲི་བྱ་ཡུལ་ཆུ་ཁ་སྒྲོག་ཁ་སེ་བྱས་ཡང་ཕ་གའི་དུད་ཚང་ཆེན་པོ་གཅིག་ཡོག་རེད།
- བཅའ་འདྲི་བྱ་ཡུལ་དགོན་པ་ལས་རྫིག་རྫིག་ཙམ་གཅིག དེ་ནི་ཆུ་ཁ་སྒྲོག་ཁའི་སྒམ་ནང་ལ་ཡོག་རེད་གསུངས་བ་རེད་སེ།
- བཅའ་འདྲི་བྱ་ཡུལ་རྗེ་རིན་པོ་ཆེ་གིས་འོ་འོ་འགྲིག་ག་འགྲིག་ག་འགྲིག་ག་སེ་གསུངས་བ་རེད་སེ། རྗེ་རིན་པོ་ཆེ་གིས།
- བཅའ་འདྲི་བྱ་ཡུལ་ད་དེ་ནས་ཡར་ཡོང་བྱས་བྱས་དགོན་པའི་ནང་ལ་ཕེབས་བྱས་བྱས་
- བཅའ་འདྲི་བྱ་ཡུལ་འོ་དེ་ཡུལ་འདིའི་ནང་ལ་ཆ་བཞག་པ་ཡིན་ན་ག་འདྲས་གཅིག་ཡོག་རེད་སེ། གསུངས་བ་རེད་སེ།
- བཅའ་འདྲི་བྱ་ཡུལ་དེ་ག་འདྲས་གཅིག་མིས་མི་ཕལ་པ་གཅིག་ལ་བཤད་པ་ཡིན་ན་ག་འདྲས་གཅིག་སེ་ག་རེ་ཟེར་གྱི་རེད་སེ་ད།
- བཅའ་འདྲི་བྱ་ཡུལ་ག་འདྲས་གཅིག་ཡོག་རེད་ཟེར་དུས་དེ་རྫོབ་པ་རོ་པ་ཟེར་ཡས་གཅིག་ཡོག་རེད།
- བཅའ་འདྲི་བྱ་ཡུལ་ག་འདྲས་གཅིག་ཡོག་རེད་མཛོ་ཧ་པ་གཅིག་ཡོག་རེད་སེ་གསུངས་བ་རེད་ཟ།
- བཅའ་འདྲི་བྱ་ཡུལ་མཛོ་ཧ་པ་གཅིག་འོ་ད་ད་དེ་རྟེན་འབྲེལ་ཡག་པོ་ཞེ་པོ་བྱུང་གསུངས་བ་རེད་ཟ།
- བཅའ་འདྲི་བྱ་ཡུལ་འོ་ད་རྗེ་རིན་པོ་ཆེ་ཉམས་གསོ་མཛད་པའི་སྐབས་ལ་འོ་དེ་ཁོ་རའི་གོ་བ་ར་དེ་འོ་དེ་འདྲས་གཅིག་འདུག་ལགས།
- བཅའ་འདྲི་བྱ་ཡུལ་ཁོ་རྣམས་ཚོའི་ད་ང་ཚོའི་སྔས་མ་ད་སྐུ་ཞོག་བགྲེས་དེ་ཚོས་སྔས་མ་གསུངས་པའི་སྐབས་ལ་
- བཅའ་འདྲི་བྱ་ཡུལ་ད་ང་ཚོའི་གཅིག་ཁོ་རའི་འདིའི་ནང་ལ་བཤད་པ་ཡིན་ན་དེ་གསུངས་བཞག་ལགས་
- བཅའ་འདྲི་བྱ་ཡུལ་འོ་རྗེ་རིན་པོ་ཆེ་ཕེབས་ནས་ད་ཡུལ་བཤད་རྩོམ། གནས་བཤད་རྩོམ།
- བཅའ་འདྲི་བྱ་ཡུལ་འོ་ད་ཁོ་རའི་གྲུབ་མཐའི་རི་བོ་དགེ་ལུགས་པ་ལ་ཕལ་ཆེར་རྗེ་རིན་པོ་ཆེ་གིས་
- བཅའ་འདྲི་བྱ་ཡུལ་རྣམ་ཐར་ཁོ་རའི་ནང་ཁུག་ནས་ཚུར་བཤད་པར་གཅིག་འདྲ་ཕལ་ཆེར།
- བཅའ་འདྲི་བྱ་ཡུལ་ཕལ་ཆེར་འདིའི་ནང་ལ་ཨོད་པ་དེ་འདྲ་པོ་ར་གཅིག་འདུག་ད་འདི་དེ་བྱས་ནོ་ཀ་ལགས་
- བཅའ་འདྲི་བྱ་ཡུལ་འོ་ བདུན་ཅུ། བདུན་ཅུའི། འོ་ལོ་རབས་བརྒྱད་ཅུའི་ནང་དོ་པར་འདྲ་ཕལ་ཆེར།
- བཅའ་འདྲི་བྱ་ཡུལ་འོ་དེ་འདས་གཅིག་སྐབས་ལ་དམངས་ཁྲོད་ཀྱི་ཁ་གཅིག་གི་ད་གཅིག་ཡ་གིའི་ད་ག་རེ་ཟེར་དགོས་རེད།
- བཅའ་འདྲི་བྱ་ཡུལ་ལྷོ་ཁ་ཡིན་ནའི་རེད་གང་ག་གཅིག་དམངས་ཁྲོད་ཀྱི་འོ་དེ་འདྲས་བྱས་བྱས་
- བཅའ་འདྲི་བྱ་ཡུལ་ད་གཅིག་སྔས་མ་སྤྱི་ཚོགས་རྙིང་པའི་མི་ད་གཅིག་དམངས་ཁྲོད་ཀྱི་དོ་པ་གཅིག་ཤོད་རྒྱུན་ར་པོ།
- བཅའ་འདྲི་བྱ་ཡུལ་ད་ག་ནང་བཞིན་དགོན་པའི་ནང་གི་ལོ་རྒྱུས་རེད།
- བཅའ་འདྲི་བྱ་ཡུལ་དགོན་པའི་ནང་ཁུག་ལ་ད་སྔས་མ་དགོན་པ་འདི་ཆ་བཞག་པ་ཡིན་ན་འོལ་
- བཅའ་འདྲི་བྱ་ཡུལ་རྫོང་ཡར་བརྒྱབ་ནས་ཕ་གའི་རྨུ་གོང་ལ་ཟེར་ཡས་གཅིག་ཡོག་རེད་ཀོང་པོ་བཱ་ལའི་ཚུར་ཙམ་དོ་པར།
- བཅའ་འདྲི་བྱ་ཡུལ་འོ་དེ་ཚུར་གདབས། ཡ་ནས་རྒོད་དཀར་ལ་ཚུར་གདབས།
- བཅའ་འདྲི་བྱ་ཡུལ་འོ་དེ་ད་གཅིག་གི་གར་འཁྲབ་སའི་བཟོ་འདྲ་གཅིག་དང་མི་འཛོམས་སའི་བཟོ་འདྲ་གཅིག།
- བཅའ་འདྲི་བྱ་ཡུལ་ལྟད་མོ་བལྟ་སའི་བཟོ་འདྲ་གཅིག འོ་ནི་དགོན་པ་ནི་ལ་ཆགས་བསྡད་ཡོག་རེད་སེ།
- བཅའ་འདྲི་བྱ་ཡུལ་འོ་དེ་འདྲས་སོང་ཙང་ད་དེ་འདྲས་དམངས་ཁྲོད་ཀྱི་བཤོད་ངན་དེ་འདྲས་གཅིག་གི་སྔས་མ་འཁྲབ་མྱོང་བ་
- བཅའ་འདྲི་བྱ་ཡུལ་དགོན་པ་འདིའི་ནང་ལོགས་ལ་རྒྱུད་སྡེ་བཞིའི་ཉམས་ལེན་ཤེས་པ་འོ་དེ་འདྲས་གཅིག་གི་སྐུ་ཞོག་གཅིག་རང་ཡོག་རེད།
- བཅའ་འདྲི་བྱ་ཡུལ་ད་སྐྱ་ས་ལ་བབས་བྱས་དེ་འདྲས་བསྡད་ཡོག་རེད་དེ་ད་ང་ཚོའི་འདིའི་ནང་ལ་གཅིག་གི་
- བཅའ་འདྲི་བྱ་ཡུལ་དགོན་པ་འདིའི་ནང་ལ་འོ་པུ་གུ་རྐྱང་རྐྱང་བྱས་བྱས་ཡིན་པའི་ནང་ནས་
- བཅའ་འདྲི་བྱ་ཡུལ་ལོ་མཐོ་ཤོས་ལ་བཞི་བཅུ་རྫོགས་རྫོགས་༼སྐབས་འདིར་ལོ་བཞི་བཅུ་ལོན་ཙམ།༽ཙམ་རེད་ལགས།
- བཅའ་འདྲི་བྱ་ཡུལ་བཞི་བཅུ་ཞེ་གཅིག་ཞེ་གཉིས་ལ་སླེབས་པ་དེ་འདྲས་ད་དེ་འོ་ང་ཚོས་གཅིག་གིས་ཏིག་ཙམ་ཧྲོག་ཧྲོག་
- བཅའ་འདྲི་བྱ་ཡུལ་བཤོད་ཡས་ར་དེ་འོ་ད་དེ་ཁོང་རྣམས་ཚོས་དེ་དེ་འདྲས་འཁྲིད་གནང་བྱས་བྱས་འོ་
- བཅའ་འདྲི་བྱ་ཡུལ་དེ་འདྲས་བྱུང་ཀྱོག་དེ་འདྲས་རེད་ལགས། འཁྲིད་བྱས་བྱས།
- བཅའ་འདྲི་བྱ་ཡུལ་ལོ་རྒྱུས་རགས་པོ་བྱས་པ་ཡིན་ན་ད་སྔས་མ་སྤྱི་ཚོགས་རྙིང་པའི་སྐབས་ལ་དཀར་ཆག་རྙིང་པའི་ནང་དེའི་ཁོང་རྣམས་ཚོས་
- བཅའ་འདྲི་བྱ་ཡུལ་རྦད་དེ་གཅིག་གི་ད་གཅིག་དང་གཉིས་སེ་བྱས་ནས་བརྡ་འདེད་དེ་འདྲས་གཏོང་ཐུབ་ཡས་ཡོག་མ་རེད་སེ།
- བཅའ་འདྲི་བྱ་ཡུལ་ང་ཡི་དེ་འདྲས་བཤོད་དགོས་བྱུང་ལགས།
- བཅའ་འདྲི་བྱ་ཡུལ་ད་ཁྱེད་རྣམས་ཚོས་ལོ་རྒྱུས་རྙིང་པ་དེ་འདྲས་ནང་ལ་དེ་དེ་བྱས་བྱས་
- བཅའ་འདྲི་བྱ་ཡུལ་ལྕགས་པར་དེ་འདྲས་བརྒྱབ་ཨ་ནི་རྦད་བཤུས་བྱས་དེ་འདྲས་བྱུང་ན་ཡག་པོ་ཞེ་པོ་ཡོང་ང་སེ།
- བཅའ་འདྲི་བྱ་ཡུལ་འོ་འདི་འདྲས་དེབ་ནི་འདྲས་བཟོས་དེང་སང་ང་ཚོས་བཟོས་བྱས་བྱས་དེ་ནི་སྤེལ་ཐུབ་ན་ཡག་པོ་ཞེ་པོ་ཡོང་ང་སེ།
- བཅའ་འདྲི་བྱ་ཡུལ་ད་དེ་འདྲས་གཅིག་བཟོ་གཅིག་བཟོ་གཉིས་བྱས་པ་དང་ཨ་ནི་ཁོང་རྣམས་ཚོ་སྐུ་ཚེ་མ་ཐུབ་བྱས་བྱས་འོ་འདུག་སེ།
- བཅའ་འདྲི་བྱ་ཡུལ་ཤེ་ནི་ཁོང་རྣམས་ཚོ་མིས་གང་མིན་ཚད་དེ་འདྲས་ད་གཅིག་གི་ང་ཚོའི།
- བཅའ་འདྲི་བྱ་ཡུལ་ང་ཚོའི་ལུང་པ་ཁོ་རའི་ནང་ཁུག་ལ་བྱས་པ་ཡིན་ན་གཅིག་ད་
- བཅའ་འདྲི་བྱ་ཡུལ་དངོས་གནས་སྔས་མ་སྤྱི་ཚོགས་རྙིང་པའི་སྐབས་ལ་ཡིན་ན་རྒྱུད་སྡེའི་བཞིའི་ཉམས་ལེན་ཤེས་པ།
- བཅའ་འདྲི་བྱ་ཡུལ་ཨ་ནི་བླ་མ་ཁྲི་པ་དེ་འདྲས་བྱོན་པ། དེ་འདྲས་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཡོན་ཏན་ཟེར་ནའི་འདྲ་དཔེ་ར་གཅིག་ཡོག་རེད་ལགས། ཁོ་ར་ད་ཆོས་ཀྱི་ཆོ་ག་གཏོང་ཡས་རེད།
- བཅའ་འདྲི་བྱ་ཡུལ་ད་འོ་ཡུལ་གྱི་ནང་ལ་སྔས་མ་ཡིན་ན་ལོ་རྒྱུས་བཤོད་ཡས་ཡིན་ནའི་རེད།
- བཅའ་འདྲི་བྱ་ཡུལ་ད་ག་ནང་བཞིན་པའི་ད་གཅིག་གི་འོ་ཟླ་བ་དང་པོའི་ཚེས་པ་བཅོ་ལྔ།
- བཅའ་འདྲི་བྱ་ཡུལ་ཟླ་བ་དང་པོའོ་ཚེས་པ་དྲུག་ནས་ཚེས་པ་བཅོ་ལྔ་བར་དུ་སྔན་ལ་རྫིང་ཕྱི་སྨོན་ལམ་ཟེར་ཡས་དེ་
- བཅའ་འདྲི་བྱ་ཡུལ་སྨོན་ལམ་ཚུགས་ཨ་ནི་དེ་འདྲས་སྐབས་ལ་རྦད་བྱང་ཆུབ་པ་དེ་འདྲས།
- བཅའ་འདྲི་བྱ་ཡུལ་བཤད་ཐུབ་པ་དེ་འདྲས་གནང་དག་མེད་པ་དེ་འདྲས་རེད། ཆུ་ཚད་དེ་འདྲས་མཁས་པ་དེ་འདྲས་རེད།
- བཅའ་འདྲི་བྱ་ཡུལ་འོ་ད་ཚེ་མི་རིང་བྱས་འོ་དེ་འདྲས་བྱུང་སོང་།
- བཅའ་འདྲི་བྱ་ཡུལ་འོ་ད་ཁོང་རྣམས་ཚོས་ང་ཚོས་ད་ལྟ་རགས་ཙམ་གཅིག་ཁྱེད་རྣམས་ཚོ་ལ་ཞུ་ཡས་དེ་འོ་ད་
- བཅའ་འདྲི་བྱ་ཡུལ་སྔས་མ་ང་ཚོས་ཁོང་རྣམས་ཚོའི་ལོགས་ནས་འོ་དེ་འདྲས་གཅིག་ཁྲིད་བྱས་བྱས་
- བཅའ་འདྲི་བྱ་ཡུལ་འོ་དེ་འདྲས་བྱུང་བ་དེ་འདྲས་རེད།
- བཅའ་འདྲི་བྱ་ཡུལ་ད་ཁག་གཅིག་ཅི་ཟེར་དགོས་རེད་རྦད་ཀླད་པ་སྟོང་པའི་བཟོ་འདྲ་བྱས་
- བཅའ་འདྲི་བྱ་ཡུལ་ཤོད་ཡས་མེད་པའི་བཟོ་འདྲ་ཆགས་བསྡད་ནོ་ཡང་གཅིག་རྟག་པར་རེ་ཞིག་ནི་ང་ཚོས་གཅིག་གི་
- བཅའ་འདྲི་བྱ་ཡུལ་ཁོའི་འདི་ནས་འདི་རེད་སེ་གཅིག་བཤད་ཡས་མེད་པའི་བཟོ་འདྲ་གཅིག
- བཅའ་འདྲི་བྱ་ཡུལ་སྔས་མ་མི་ཁོང་རྣམས་ཚོས་ཁྲིད་ཡས་ལ་ནི་ཡག་པོ་དེ་འདྲས་ཁྲིད་ཡོག་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་གཅིག་གི་དགོན་པ་ཁོ་རའི་འགྲོ་ལུགས་ཡིན་ནའི་རེད། དགོན་པ་ཁོ་རའི་ནང་ལ་ཆོ་ག་ཆོ་ལས་བྱེད་ཡས་ཡིན་ནའི་རེད།
- བཅའ་འདྲི་བྱ་ཡུལ་དགོན་པ་ཁོ་རའི་ནང་ཁུག་ད་གཅིག་གི་དུང་རྒྱ་གླིང་གི་གཏོང་སྟངས་ཡིན་ནའི་རེད།
- བཅའ་འདྲི་བྱ་ཡུལ་ད་མི་དོ་པར་གྱི་སྔས་མ་དགོན་པའི་གི་འགྲོ་སྟངས་ཡིན་ནའི་རེད།
- བཅའ་འདྲི་བྱ་ཡུལ་ཆོས་ལུགས་དེ་འདྲས་ཨོ་ཙམ་དེ་འདྲས་ཁྲིད་པ་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཁྲིད་ད་གཙོ་བོ་ང་ཚོའི་དགོན་པ་ནིའི་ནང་ལ་ཆ་བཞག་པ་ཡིན་ན་གཅིག་གི་ད་
- བཅའ་འདྲི་བྱ་ཡུལ་དཔལ་འབྱོར་ར་དེ་འདྲས་ཆུང་དྲག་པ་ཡིན་ཙ་ན་ད་རྒྱུད་སྡེ་བཞི་
- བཅའ་འདྲི་བྱ་ཡུལ་ད་ཁོ་རའི་ནང་ནས་འཇིགས་བྱེད་ཀྱི་རྒྱུད་སྡེ་དེ་འཛུགས་ཡས་རགས་པོ་བྱས་པ་ཡིན་ན་
- བཅའ་འདྲི་བྱ་ཡུལ་ད་དེ་ད་ལྟ་རྦད་སྒྲུབ་མ་སོང་ལགས།
- བཅའ་འདྲི་བྱ་ཡུལ་འཇིགས་བྱེད་ཀྱི་ལྷ་བཅུ་གསུམ་གྱི་གཅིག་ཁོ་རའི་ཕྱག་ལེན་ར་དེ་འཛུགས་ཡས་ལྟར་མ་སོང་དེ་འདྲས་བྱས་
- བཅའ་འདྲི་བྱ་ཡུལ་པ་ཡིན་དེ་ཨ་ནི་ཁོ་རང་ཚོ་གང་ག་བཞེངས་ལ་ཐད་དེ་ནི་ད་ལྟ་སྒྲུབ་མ་སོང་།
- བཅའ་འདྲི་བྱ་ཡུལ་ད་ད་ལྟ་ང་ཚོའི་དིའི་གཅིག་ལྷས་ས་ལ་ར་མོ་ཆེ་ལ་གཅིག་ཞུས་བྱས་བྱས་འོ་དེ་འདྲས་
- བཅའ་འདྲི་བྱ་ཡུལ་འཛུགས་ཡས་ར་གཅིག་གཅིག་རེ་བ་ལྟར་མ་སོང་འོ་དེ་འདྲས་གཅིག་ཡོད་ལགས།
- བཅའ་འདྲི་བྱ་ཡུལ་ད་དགོན་པ་ཁོ་རའི་ལོ་རྒྱུས་ལྟར་མ་སོང་བྱས་ཡིིན་ན་རགས་ཙམ་ར་གཅིག་དེ་འདྲས་གཅིག་ཡོག་རེད་ལགས།
- བཅའ་འདྲི་བྱ་ཡུལ་ད་གཅིག་གི་ད་ལྟ་ངས་སྔས་མ་ཞུ་ཡས་དེ་ད་གཅིག་
- བཅའ་འདྲི་བྱ་ཡུལ་ག་རེ་ཟེར་དགོས་རེད་ཁོང་རྣམས་ཚོས་མར་གཅིག་ཁྲིད་བཞག་ཀྱོ་དེ་དང་བྱས་བྱས་
- བཅའ་འདྲི་བྱ་ཡུལ་དེའི་སྒང་ལ་ད་ཡུལ་བཤད་ཟེར་ནའི་འདྲ་གནས་བཤད་ཟེར་ནའི་འདྲ་
- བཅའ་འདྲི་བྱ་ཡུལ་ད་ད་ལྟའི་འདིེའི་ནང་ལ་བྱས་པ་ཡིན་ན་ནི་འོ་ཡག་གོ་ཞེ་པོ་འདུག་ལགས།
- བཅའ་འདྲི་བྱ་ཡུལ་ང་ཚོའི་ད་དེ་དམངས་ཁྲོད་འདིའི་དེ་བྱས་བྱས་འོ་ཁོ་རྣམས་ཚོས་ཡར་དེ་བྱས་བྱས་མིལ་
- བཅའ་འདྲི་བྱ་ཡུལ་ཁོ་ཚོ་ལ་ཡར་རྩོམ་ངན་དེ་ཚོ་ལ་མར་ཤོད་ངན་དེ་ཚོ་ལ་རེ་རེ་བྱས་པ་མ་ཤེས་མར་སྤྲད་མ་སོང་ལྷོ་ཁ་ནས།
- བཅའ་འདྲི་བྱ་ཡུལ་སྤྲད་མ་སོང་འོ་དེ་ནི་ང་ཚོ་འོ་འདིའི་གཅིག་གི་ནིའི་ནང་ནས་
- བཅའ་འདྲི་བྱ་ཡུལ་ཏིག་ཙམ་ར་གཅིག་དང་ད་འདི་ཁོང་རྣམས་ཚོས་བློ་ལ་རང་མར་སྐྱོར་པ་དེ་འདྲས་རེད་
- བཅའ་འདྲི་བྱ་ཡུལ་མ་ཤེས་ཡང་གཅིག་གི་ཁོ་རའི་དེ་དེ་ཡོག་མ་རེད་ལགས་ག་རེ་ཟ།
- བཅའ་འདྲི་བྱ་ཡུལ་སྔས་མ་གི་དེབ་བྱས་དེ་གས་གས་ཡོག་མ་རེད་ལགས།
- བཅའ་འདྲི་བྱ་ཡུལ་ཡིན་ནའི་ད་ཁོང་རྣམས་ཚོའི་སྔས་མ་སྦྱངས་བཞག་པ་གཅིག་ཡོག་རེད་པ།
- བཅའ་འདྲི་བྱ་ཡུལ་འོ་དེའི་ནང་ནས་མར་མར་གསུངས་པ་དེ་འདྲས་རྐྱང་རྐྱང་རེད།རེད་ལགས།
- བཅའ་འདྲི་བ་ཨ་ནི་འདིའི་བཀའ་འདྲི་ཁ་ཤས་གཅིག་ཞུ་ཡས་ཡོད།
- བཅའ་འདྲི་བྱ་ཡུལ་ལའོ།
- བཅའ་འདྲི་བ་ད་གིན་དེ་གསུངས་སོང་།བྱམས་པ་སྒྲུབ་ཕུག་དེའི་གཅིག་གི་མགར་མིན་ཡོག་ཏན་གཡུ་འབྲུག་ཞུ་གི་ཡོག་རེད་པ།
- བཅའ་འདྲི་བྱ་ཡུལ་ལའོ་ལགས།
- བཅའ་འདྲི་བ་མགར་མིན་གཡུ་འབྲུག་མར་གདན་འདྲེན་ཞུ་པའི་སྐབས་ལ་ཡ་ཨ་ནི་
- བཅའ་འདྲི་བ་དེ་གཅིག་འདུག་ཀ་ལགས་ར་ར་ར་མོ་དཀར་པོ་ཞིག་དང་འབྲེལ་བ་གཅིག
- བཅའ་འདྲི་བྱ་ཡུལ་འོ་འོ།
- བཅའ་འདྲི་བ་འོ་འདིའི་སྐོར་དེ་སྐུ་ཞོག་གིས་ཡང་བསྐྱར་གཅིག་གསུངས་རོགས།
- བཅའ་འདྲི་བྱ་ཡུལ་ལའོ་ལགས་སོ། ལའོ་ལགས་སོ།
- བཅའ་འདྲི་བྱ་ཡུལ་ད་དེ་དེ་གསུངས་འདུག་ག་ལགས་ད་མིས་ཁག་གཅིག་གིས་ཟེར་ཚུལ་ལ་བྱས་པ་ཡིན་ན་
- བཅའ་འདྲི་བྱ་ཡུལ་རྒྱལ་བ་བྱམས་པ་དེ་བྱམས་པ་སྒྲུབ་ཕུག་ནས་འཁྲུངས་པ་རེད་ཟེར་ནོ།
- བཅའ་འདྲི་བྱ་ཡུལ་ད་ཁག་གཅིག་གིས་ཟེར་ཡས་ལ་ནི་དགའ་ལྡན་རྒྱལ་ཁ་ཆོས་གསུམ་ནས་གདན་འདྲེན་ཞུས་པ་རེད་གསུངས་ནོ།
- བཅའ་འདྲི་བྱ་ཡུལ་ད་དང་ཐོག་མར་དགྲ་ལྷ་ས་སྒང་ཟེར་ཡས་དེ་ནས་ཨ་ནི་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་དེ་ནི་
- བཅའ་འདྲི་བྱ་ཡུལ་རྦད་འོ་བཟོ་པའི་ཚུལ་ར་དེ་འདྲས་བསྟན་བྱས་བྱས་བཟོ་རྒྱག་བྱས་བྱས་ཞུགས་ཡོག་རེད་སེ།
- བཅའ་འདྲི་བྱ་ཡུལ་བཟོ་པའི་ཚུལ་ལ་བསྟེན་བྱས་བཟོ་རྒྱབ་བྱས་འོ་དེ་འདྲ་གཅིག་ཞུགས་ཨ་ནི་
- བཅའ་འདྲི་བྱ་ཡུལ་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་བཟོ་རྒྱག་བྱས་ཞུགས་པའི་སྐབས་ལ་འོ་ད་
- བཅའ་འདྲི་བྱ་ཡུལ་རྦད་ད་རྫི་པ་དེ་འདྲས་གཅིག་གི་ར་གཅིག་བརླགས་བརླགས་བརླགས་བརླགས་འགྲོ་བ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ད་ཉིན་མ་གཅིག་ར་ནི་བརླགས་བྱས་ཉིན་རེ་རྟག་པར་རེ་བཞིན་བརླགས་འགྲོ་ནོ།
- བཅའ་འདྲི་བྱ་ཡུལ་ག་པར་ར་གཅིག་འགྲོ་ན་བསམ། སྐེ་དེ་ལ་དགུ་ཐོག་༼འུར་རྡོ།༽གཅིག་སྒྲོག་བཞག་པ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་དེ་ནི་སྐེ་ལ་དགུ་ཐོག་གཅིག་སྒྲོག་བཞག་པའི་སྐབས་ལ་ཨ་ནི་ར་དེ་ཡ་གའི་
- བཅའ་འདྲི་བྱ་ཡུལ་རྒྱལ་བ་བྱམས་པ་ལ་འོ་ཕུད་འཕུལ་པ་ལ་ཞོགས་རེས་འགྲོ་དགོས་རེད་ཟེར།
- བཅའ་འདྲི་བྱ་ཡུལ་དེ་ནི་དགུ་ཐོག་བགྲད་ཤུལ་ལ་ནོག་སེ་༼འདུག་སེ།༽བྱས་ནས་མིག་བལྟས་དེ་ནི་རྫི་པ་དེས་ར་
- བཅའ་འདྲི་བྱ་ཡུལ་དེ་རྙེད་ནས་ར་དེ་ཧིད་པའི་༼རྙེད་པ།༽སྐབས་ལ་དེ་ནི་བྱམས་པ་སྒྲུབ་ཕུག་ཟེར་ཡས་དེ་ནས་
- བཅའ་འདྲི་བྱ་ཡུལ་སྒྲུབ་ཕུག་དེའི་ནང་ད་གར་ཨ་ནི་རྒྱལ་བ་བྱམས་པ་འཁྲུངས་བསྡད་ནི་སེ།
- བཅའ་འདྲི་བྱ་ཡུལ་ཨ་ནི་ཁོ་རང་ལ་འཇལ། ཨ་ནི་ཐུན་མོང་མ་ཡིན་པ་དེ་འདྲས་ཡིག་གྱི་རེད་པ་མིས།
- བཅའ་འདྲི་བྱ་ཡུལ་རྫི་པ་དེ་འོ་དེ་འདྲས་བྱས་པའི་སྐབས་ལ་དེ་ནི་རྫི་པ་དེ་ག་འདྲས་འཆད་ཡོག་རེད་ཟེར་ན།
- བཅའ་འདྲི་བྱ་ཡུལ་དེ་འདྲས་བཞད་པ་རེད་ཟེར།
- བཅའ་འདྲི་བྱ་ཡུལ་ད་རྒྱལ་བ་བྱམས་པ་འཁྲུངས་བསྡད་ནི་སེ་བྱས་བཤད་པ་ཡིན་ན་སྐྱག་རྫུན་ལ་འགྲོ་གི་རེད་སེ།
- བཅའ་འདྲི་བྱ་ཡུལ་ད་བཤད་མི་ཕོད་པའི་བཟོ་འདྲ་གཅིག་བྱས་བྱས།
- བཅའ་འདྲི་བྱ་ཡུལ་བཤད་མི་ནུས་པའི་བཟོ་འདྲ་གཅིག་བྱས་བྱས་དེ་ནི་གླིང་བུ་བཏང་ནས་གླིང་བུའི་ནང་ནས་
- བཅའ་འདྲི་བྱ་ཡུལ་དེ་ནི་གླིང་བུའི་སྒྲ་ལ་དེ་ནི་ང་ཚོའི་ལུང་པའི་ཕུ་ལ་ཨ་ནི་རྦད་རྒྱལ་བ་བྱམས་པ་འཁྲུངས་བསྡད་ནི་སེ།
- བཅའ་འདྲི་བྱ་ཡུལ་འཁྲུངས་བཞག་སེ།
- བཅའ་འདྲི་བྱ་ཡུལ་དེ་ནི་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གི་དེ་ནི་ཨམ་ཅོག་ལ་ཐོས་པ་དང་
- བཅའ་འདྲི་བྱ་ཡུལ་ཨ་ནི་ཡར་ཕེབས་དུས་རྟག་རྟག་དེ་འདྲས་ག་ཐུག་བརྒྱབ།
- བཅའ་འདྲི་བྱ་ཡུལ་བྱས་ནས་ཡིན་ན་འོ་ད་བཤེས་གཉེན་མགར་མིན་ཡོན་ཏན་གཡུ་འབྲུག་གིས་དེ་ནི་དགོན་པ་འདི་ཕྱག་བཏབ།
- བཅའ་འདྲི་བྱ་ཡུལ་ཕྱག་བཏབ་པའི་སྐབས་ལ་དེ་ནི་སྔན་ལ་ཨ་ནི་རྒྱལ་བ་བྱམས་པ་འདིས་འདི་འདྲས་གསུངས།
- བཅའ་འདྲི་བྱ་ཡུལ་རྒྱལ་བ་བྱམས་པ་གསུང་བྱོན་མ་ཡིན་སེ།
- བཅའ་འདྲི་བྱ་ཡུལ་ཁོའི་རྒྱུ་རྐྱེན་དེ་ཨ་ནི་ང་ཚོའི་ཡུལ་འདི་ལ་ད་འོལ་ཁ་རྫིང་ཕྱི་རྫིང་ཕྱི་སེ་ཐོབ་དགོས་ཡས་
- བཅའ་འདྲི་བྱ་ཡུལ་དེ་རྫིང་ཕྱི་རྫིང་ཕྱི་སེ་ཐོབ་ཡས་དེ་འོ་རྒྱལ་བ་བྱམས་པ་གསུང་བྱོན་པ།
- བཅའ་འདྲི་བྱ་ཡུལ་ད་ཁྱེད་ར་དགོན་པ་གཙུག་ལག་ཁང་གཅིག་བཞངས་༼བཞེངས།༽དགོས་ན།
- བཅའ་འདྲི་བྱ་ཡུལ་གཙུག་ལག་ཁང་དེ་བཞངས་པ་ཡིན་ན་ཨ་ནི་རྫིང་གི་ཕྱི་ལ་ཡོད་བསམ་པ་གཅིག་
- བཅའ་འདྲི་བྱ་ཡུལ་བཞོངས་༼བཞེངས་ཤིག༽སེ་གསུངས་བ་རེད་སེ།
- བཅའ་འདྲི་བྱ་ཡུལ་རྫིང་གི་ཕྱི་ལ་ཡོད་བསམ་པ་གཅིག གསུངས་བ་རེད་སེ།
- བཅའ་འདྲི་བྱ་ཡུལ་ཨ་ནི་རྒྱལ་བ་བྱམས་པ་དེ་རྫིང་གི་ཕྱི་ལ་ཡོད་བསམ་པ་གཅིག་བཞངས་པའི་སྐབས་ལ་
- བཅའ་འདྲི་བྱ་ཡུལ་འོ་ད་དེ་ག་འདྲས་ཆགས་ཡོག་རེད་ཟེར་ན།