Skip to main content Skip to search
15 Dec 2011
8 min 34 sec
Rating
0
No votes yet
Video Overview
Creators: 
Unknown

Famous Tibetan comics Tupten and Mikmar introduce their comedy act with background information and historical notes.

Show More

  • ཐུབ་བསྟན། 
  • ཐུབ་བསྟན། 
    ཨན་་་ ད་སྐུ་ཞབས་རྣམ་པ་ཚོ། ཨ་་་ གྲོགས་པོ་རྣམ་པ་ཚོ། ད་དེ་རིང་ཡིན་ན། ཨ་ནི་་་ མིག་དམར་ལགས་ང་གཉིས་ཀྱིས་ལྷན་རྒྱས་ཚོ་ལ། ཨ་ནི་་་དགོད་བྲོའི་གཏམ་གླེང་དུམ་བུ་གསུམ་ཙ་༿ཙམ་༾ཅིག་༿ཞིག་༾མར་ཨ་ནི་་་འཁྲབ་སྟོན་ཞུ་གི་ཡིན་ཟེ།༿ཟེར་༾ 
  • ཐུབ་བསྟན། 
    སྔན་༿སྔོན་༾ལ་འདི་མ་ཞུས་གོང་ལ་ང་གཉིས་གཉིས་ཀྱིས་ལྷན་རྒྱས་ཚོ་ལ་ཡིན་ན་དགོད་བྲོའི་གཏམ་གླེང་ཟེར་ཡས་ཀྱི་གནས་ཚུལ་འདི་ཡིན་ན་ཨ་ནི་་་ངོ་སྤྲོད་མདོར་བསྡུས་ཅིག་༿ཤིག་༾མར་ཨ་ནི་་་གསལ་བཤད་ཞུ་གི་ཡིན་ཟེ། 
  • ཐུབ་བསྟན། 
    ད།དགོད་བྲོའི་གཏམ་གླེང་ཟེར་ཡས་འདི་ཡིན་ན་ང་ཚོ་བོད་ནས་བྱས་པ་ཡིན་ན། ཨ་ནི་་་སྔོན་མ་ལོ་རྒྱུས་ཀྱི་ཐོག་ལ་ཡིན་ན། ཨ་ནི་་་འདི་འདྲས་ཀྱི་མི་གཉིས་ཀྱིས་ཨ་ནི་་་ད་གཏམ་གླེང་འདི་འདྲས་བཤད་སྲོལ་འདི་འདྲས་ཡོའོ་རེད་༿ཡོད་རེད་༾ཟེ།
  • ཐུབ་བསྟན། 
    ད་ཡིན་ནའི་ག་རེ་རེད་ཟེར་ན། འདི་ཡིན་ན་ཨ་ནི་་་དགོད་བྲོ་པོ་དང་འདི་འདྲས་ཀྱི་ཨ་ནི་་་ག་རེ་ཟེར་དགོས་རེད། ད་ཕ་གའི་ཨ་ནི་་་བསྟན་བཤིག་བསླངས་ཡས་ཀྱི་འདི་འདྲས་ཀྱི་རྣམ་པ་འདི་ཡིན་ན། ད་སྤྱིར་བཏང་འདི་དུས་ཙ་༿ཙམ་༾ནས་ཡོའོ་༿ཡོད་༾མ་རེད་ཟེ། 
  • ཐུབ་བསྟན། 
    ད་སྤྱིར་བཏང་གིས་ག་རེ་ཟེར་དགོས་རེད། ད་བཤད་གནང་དུས་ཙ་༿ཙམ་༾ནས་ཡིན་ན་གམ་པོ་༿སྒམ་པོ་༾དང་ད་ག་ནང་བཞིན་གྱི། ཨ་ནི་་་བཀྲ་ཤིས་རྟེན་འབྲེལ་ཞུ་ཡས་ཀྱི་འདི་འདྲས་ཀྱི་ནང་དོན་བྱས་བྱས་འདི་གནང་གི་ཡོའོ་རེད་༿ཡོད་རེད་༾ཟེ། 
  • ཐུབ་བསྟན། 
    ད་ཡིན་ནའི་གཞུག་གུར་༿རྗེས་སུ་༾ཡིན་པ་ཡིན་ན།ཨ་ནི་་་ག་རེ་རེད་ཟེར་ན། མེས་རྒྱལ་ནང་ཁུལ་གྱི་ཨ་ནི་་་དགོད་བྲོའི་གཏམ་གླེང་བཤད་ཡས་ཀྱི་ད་ཁོའི་འདི་གཅིག་ཡོའོ་རེད་༿ཡོད་རེད་༾པཱ། 
  • ཐུབ་བསྟན། 
    ག་རེ་ཟེར་དགོས་རེད། གཅིག་ནས་ཨ་ནི་་་ ད་དགོད་བྲོ་པོ་དང་། ཨ་ནི་་་ད་འདི་འདྲས་ཀྱི་ཨན་་་ གཉིས་ནས་ཡིན་ན་ནང་དོན་སྒང་ནས་ཡིན་ན་ཁོ་ག་རེ་ཟེར་དགོས་རེད་ད། 
  • ཐུབ་བསྟན། 
    ཨ་ནི་་་ ཁོ་རའི་༿ཁོ་རང་གི་༾སྤྱི་ཚོགས་ཀྱི་གནས་ཚུལ་མང་པོ་གཅིག། ཨ་ནི་་་འདི་འདྲས་ཀྱི་ཨན་་་ནང་དོན་འདི་བྱས་བྱས་གསར་རྩོམ་བྱས་བྱས་ཡིན་ན། ཨ་ནི་་་བཤད་ཡས་ཀྱིས་འདི་འདྲས་ཀྱི་འགོ་གཅིག་ཚུགས་པ་རེད་ཟེ། 
  • ཐུབ་བསྟན། 
    འདི་འདྲས་སོང་ཙང་། ཨ་ནི་་་ང་ཚོའི་ད་ག་རེ་ཟེར་དགོས་རེད། བོད་ཀྱི་ཨ་ནི་་་ ད་ང་ཚོའི་དགོད་བྲོའི་གཏམ་གླེང་ཨ་ནི་་་དང་པོ་ཨ་ནི་་་རྩོམ་གནང་མཁན་དང་། དང་པོ་ཨ་ནི་་་འཁྲབ་སྟོན་གནང་ཉན་༿མཁན་༾འདི་ཡིན་པ་ཡིན་ན་མཚན་ལ་ཡིན་ན་བློ་བཟང་རྡོ་རྗེ་ལགས་ཞུ་གི་ཡོའོ་རེད་༿ཡོད་རེད་༾ཟེ། 
  • ཐུབ་བསྟན། 
    ཨ་ནི་་་ཁོང་གིས་ཡིན་ན། ཨ་ནི་་་མེས་རྒྱལ་ནང་ཁུལ་གྱི་ཨ་ནི་་་ག་རེ་རེད་ཟེར་ན། དགོད་བྲོའི་གཏམ་གླེང་གི་ཨ་ནི་་་བཤད་སྟངས་འདི་བྱས། 
  • ཐུབ་བསྟན། 
    ང་ཚོ་བོད་ཀྱི་སྔན་༿སྔོན་༾མའི་ཨ་ནི་་་ག་རེ་ཟེར་དགོས་རེད། ད་ང་ཚོའི་ཨ་ནི་་་ ཁོའི་་་ ད་ཕ་གའི་ཁོའི་རྣམ་པ་འདི་ཡིན་ན། ཨ་ནི་་་མཉམ་དུ་ཟུང་འབྲེལ་བྱས་བྱས་ཨ་ནི་་་འདིའི་ཐོག་ལ་ཡིན་ན་གཙོ་བོ་དེ་ག་རེ་རེད་ཟེར་ན། 
  • ཐུབ་བསྟན། 
    ང་རང་ཚོ་བོད་རང་གི། ཨ་ནི་་་བོད་ཀྱི་སྐད་ཡིག་གིས་ཐོག་ནས་ཡིན་ན། ཨ་ནི་་་ཁོའི་གི་་་ད་ག་རེ་ཟེར་དགོས་རེད། བེད་སྤྱོད་གཏང་གནང་ཡས་འདི་གཙོ་བོ་བྱས་བྱས་༿ནས་༾ཡིན་ན། ཨ་ནི་་་འདུག་ཟེ་བྱས་རྩོམ་གནང་པ་རེད་ཟེ། 
  • ཐུབ་བསྟན། 
    རྩོམ་གནང་བྱས་ཡིན་པ་ཡིན་ན། ཁོ་རང་གིས་དང་པོ་འཁྲབ་གནང་དུས་ཙ༿ཙམ་༾ནས། ཨ་ནི་་་ག་རེ་ཟེར་དགོས་རེད། ད། 
  • ཐུབ་བསྟན། 
    ཨན་་་ ལོ་རབས་ཨཱ་་་དྲུག་ཅུའི་ནང་ལ་འདི་འདྲས་ཀྱི་ཨ་ནི་་་ད་དཔེར་ན་དྲུག་ཅུ་རེ་གཅིག་རེ་གཉིས་དེ་དུས་ཙ་༿ཙམ་༾ནས་ཡིན་ན་ཨ་ནི་་་ཁོང་གིས་གསར་རྩོམ་གནང་། ཁོང་གིས་ཁོ་རང་གིས་འཁྲབ་སྟོན་གནང་འདུག་ཟེ་གནང་པ་རེད་ཟེ། 
  • མིག་དམར། 
    ཁོ་རང་འདི་རེད་ཤག སྔན་༿སྔོན་༾མ་ཀྲུང་དབྱང་མི་རིགས་སླབ་༿སློབ་༾གྲྭར་ཨེན་་་སླབ་༿སློབ་༾གྲྭར་ཕེབས་ཀྱོག་༿མྱོང་བ་༾བྱས། ད་མ་གའི་རྒྱ་ནག་སློབ་གྲྭར་བཞུགས་དུས་ཙམ་པ་༿སྐབས་སུ་༾མི་་་རྒྱ་སྐད་ཀྱི་རྨང་གཞི་འདི་ཡག་པོ་ཆགས་ཡོའོ་རེད་༿ཡོད་རེད་༾པཱ། 
  • མིག་དམར། 
    མ་གའི་ང་རང་ཚོའི་རྒྱ་ནག་ནས་སྐད་གྲགས་བྱེད་ཡས་ཀྱི་ཧའོ་བཱ་ལེ་༼དགོད་བྲོའི་གཏམ་གླེང་མཁན་རྒྱ་རིགས་ཞིག་གི་མིང་།༽ཟེར། ད་དགོད་བྲོའི་གཏམ་གླེང་ནང་གི་སྐད་གྲགས་ཆེ་ཤོས་དེ་རེད་པཱ། ཧའོ་བཱ་ལེ་ཟེར་ཉན་༿མཁན་༾འདི། མཱ་ཅིས་ཟེར་ཉན་༿མཁན་༾འདི་ཡོའོ་རེད་༿ཡོད་རེད་༾པཱ། ད་ལྟ་རྒྱ་ནག་ལ་ཡ། 
  • མིག་དམར། 
    ཁོ་ཚོའི་འདི་འདྲས་མང་པོ་ཞིག་བོད་ཡིག་ལ་ཁོ་རང་བསྒྱུར་གནང་འདུག་ག བོད་ཡིག་ལ་བསྒྱུར། ད་གཞུག་གུར་༿རྗེས་ལ་༾ཡར་སློབ་གྲྭ་ཐོན་བྱས་ང་རང་ཚོ་བོད་ལ་ཡར་ཕེབས་ནས་བོད་ལ་ཡ་འདི་གྱད་༿འདི་ཚོ་༾གནས་ཚུལ་འདི་གྱད་༿འདི་ཚོ་༾བྱུང་ནས། གཞུག་གུར་༿རྗེས་སུ་༾བོད་ལ་ཡ་བཞུགས། ད། ག་རེ་རེད་ཟེར་ན། 
  • མིག་དམར། 
    ཤར་ཕྱོགས་ཟློས་གར་ཟེར་ཡས་གཅིག་ཡོའོ་རེད་༿ཡོད་རེད།༾ སྔན་༿སྔོན་༾མ་ཕལ་ཆེར་སྐུ་ཞབས་ཁྱེད་རང་ཚོས་གཅིག་བྱས་ན་ངེས་གནང་གི་ཡོད་ཀྱི་རེད་ཟེ། ཤར་ཕྱོགས་ཟློས་གར་ཟེ།༿ཟེར།༾ 
  • མིག་དམར། 
    འདིའི་ནང་ལ་བཞུགས་གདན་འཇགས་བྱས། ད་ཁོང་གིས་རྩོམ་མང་པོ་གཅིག་བྲིས་གནང་པ་རེད། བོད་ཀྱི་ཁྱད་ཆོས་དང་བྱས་བྱས་༿ནས།༾ ད་མ་གཞི་ད་ལྟ་འདིའི་མགོ་འདི་གྱད་༿འདི་ཚོ་༾རྒན་ལགས་ཀྱིས་གསུངས་སོང་ང་། 
  • མིག་དམར། 
    མ་ཙང་བྱས་ན། དགོད་བྲོའི་གཏམ་གླེང་འདི་བོད་ལ་ཡོའོ་རེད་༿ཡོད་རེད་༾པས་ཟེར་ན། འདུག ལོ་རྒྱུས་སྒང་ལ་ཡ་རྒྱལ་བ་ལྔ་པའི་སྐབས་དུས་ནས་རེད་ཤག 
  • མིག་དམར། 
    སྔན་༿སྔོན་༾མ་ག་རེ་རེད་ཟེར་ན། ང་ཚོའི་རྩེ་ལ་ཡ་ལོ་གསར་སྐབས་དུས་མཛད་སྒོ་ཚོགས་དུས་ཙམ་པ་༿སྐབས་ལ་༾ འདི། ཞོགས་གཡས་འདའི་༿འདི་ལ་༾དྲུང་འཁོར་ཞིག་དང་གཡོན་འདའི་༿འདི་ལ་༾རྩེ་དྲུང་ཞིག་ཡོང་གི་འདུག་གཱ 
  • མིག་དམར། 
    ཁོ་གཉིས་གཉིས་འདུག་ཟེ་ལོས་གསར་ཚེས་པ་གཅིག་ཞོགས་གས་༿ཞོགས་པ་༾ཕ་གའི་ལངས་བསྡད་བྱས་༿ནས་༾ད་་་ཕ་གའི་བཤད་ཡས་འགང་ག་ལོགས་༿ཚང་མ་༾རྟེན་འབྲེལ། བཀྲ་ཤིས་འདི་འདྲས་བཤད་ཡས་ཀྱང་ཀྱང་རེད་འདུག་གཱ 
  • མིག་དམར། 
    བཀྲ་ཤིས་མ་གཏོགས། ད་ལྟ་འདྲ་བྱས་ཆོབ་སྐུལ་ཡས་གཅིག་ཡའི་༿ཀྱང་༾མི་འདུག་ག ད་གཅིག་གད་མོ་བསླངས་ཡས་འདི་འདྲས། ད་འདི་བཀྲ་ཤིས་ཀྱི་སྨོན་ཚིག་ཞུ་ཡས་རྒྱུན་རིང་པོ་ཞེ་པོ་གཅིག་༿ཧ་ཅང་༾བྱེད་དུས་གཞུག་གུར་༿རྗེས་སུ་༾ཨ་ནི་་་ཡིན་ན་རྒྱལ་བ་ལྔ་པའི་སྐབས་ལ་ད་འདི་མཛད་སྒོ་མང་པོ་ཚོགས། ཨ་ནི་་་འདིའི་ཞོགས་གས་༿ཞོགས་པ་༾ཚེས་པ་གཅིག་རེད་པཱ། 
  • མིག་དམར། 
    གནས་གཟིགས་ལ་ཐད་འདི་འདྲས་གནས་ཚུལ་བྱེད་དུས། ད་དུས་ཚོད་མང་པོ་ཞིག་ཞེ་པོ་གཅིག་༿ཧ་ཅང་༾བཀག་གི་འདུག་ཟེ། ད་འདི་གཞུག་གུར་༿རྗེས་སུ་༾རྟེན་འབྲེལ་དེ་མ་ཉམས་པའི་ཆེད་དུ་རྩེ་དྲུང་གཅིག་དང་དྲུང་འཁོར་གཅིག་འདའི་༿འདི་ལ་༾བསྡད། 
  • མིག་དམར། 
    ཁོ་གཉིས་གཉིས་ཕ་གའི་བསྡད་བྱས་ཚབ་འདྲ་གཅིག་བྱས་བསྡད་པས་མ་གཏོགས་བཤད་དགོས་ཀྱི་མིན་འདུག དེ་ནས་བཟུང་དགོད་བྲོའི་གཏམ་གླེང་། དེ་དུས་ཡིན་ན་དགོད་བྲོའི་གཏམ་གླེང་ཟེར་གྱི་མི་འདུག གཏམ་གླེང་པ་ཟེར་གྱིས། འདི་གཉིས་གཉིས་ལ་ཡ། 
  • མིག་དམར། 
    འདི་ནས་བྱས་བྱས། ད་ཕ་གའི་ཚབ་བྱས་བསྡད་པ་མ་གཏོགས་བཤད་ཡས་མིན་འདུག་ག ད་ད་ལྟའི་ག་རེ་རེད་ཟེར་ན་རྒན་ལགས་ང་གཉིས་ཀྱིས་བཤད་ཡས་འདི་དགོད་བྲོའི་གཏམ་གླེང་ཟེར་ཡས་འདི་རེད་པཱ། ད། 
  • མིག་དམར། 
    དགོད་བྲོ་ཟེར་ཡས་འདི་ཡང་སྣོན་པའི་༿བསྣན་པས་༾བརྒྱབ་ཀྱོག་༿པ་༾རེད། སྔན་༿སྔོན་༾མ་བྱས་ན་གཏམ་གླེང་རེད་འདུག་ག འོ་འདུག་ཟེ་བྱས་བྱས་༿ནས་༾ འོ་ད་རྒན་བློ་བཟང་རྡོ་རྗེ་ལགས་ཀྱིས་རྩོམ་འབྲི་ཨང་དང་པོ་དེ་ད་ལྟ་རྒན་ལགས་ཀྱིས་གསུངས་སོང་ང་། ངས་དེ་འདྲས་ཅིག་༿ཤིག་ཡིན༾། 
  • ཐུབ་བསྟན། 
    འོ་་་འདི་འདྲས་ཅིག་༿ཤིག་༾གནང་པ་རེད་ཟེ། དེ་ནས་ག་རེ་རེད་ཟེར་ན། ཨ་ནི་་་རྒན་ལགས་ཀྱིས་དྲུག་ཅུ་རེ་གཅིག་རེ་གཉིས་ཀྱི་ནང་ལ་འཁྲབ་སྟོན་དེ་གནང་པ་རེད་ཟེ། 
  • ཐུབ་བསྟན། 
    གནང་ཙང་ད་ང་ཚོ་འདི་རེད་པཱ་ག་རེ་ཟེར་དགོས་རེད། དེ་དུས་ཁོང་རྣམ་ཚོ་ཤར་ཕྱོགས་ཀྱི་ཟློས་གར། ང་ཚོ་གྲོང་ཁྱེར་གྱི་ཟློས་གར། འདི་འདྲས་སོང་ཙང་། 
  • ཐུབ་བསྟན། 
    ཨ་ནི་་་ སྐབས་འདའི་༿འདིར་༾ག་རེ་རེད་ཟེར་ན། ད་ཁོང་རྣམ་ཚོས་བཤད་གནང་ཡས་དེ་གཟིགས་མོ་གཟིགས་མོ་བ་ཚོས་ད་མཉེས་པོ་ཞེ་དྲག་གནང་བྱས། 
  • ཐུབ་བསྟན། 
    དགོད་བྲོ་པོ་དང་འདི་འདྲས་ཀྱི་རྦད་དེ་ཨ་ནི་་་ནང་དོན་ཡིན་ནའི་ག་རེ་རེད་ཟེར་ན། ཁོང་གིས་ཡང་གཅིག་འདི་ཡིན་ན། འདི་གཅིག་ཡོའོ་རེད་༿ཡོད་རེད༾། ཆང་བཏུང་པའི་གནས་ཚུལ་གཅིག ར་བཟི་པའི་གནས་ཚུལ། ད་ར་བཟི་ན་ཁོ་ག་རེ་རེད་ཟེར་ན་གནས་ཚུལ་མང་པོ་ལྷག་གི་ཡོའོ་༿ཡོད་༾རེད་པཱ། འོ་་་འདི་འདྲས་ཀྱི་འཁྲབ་སྟོན་གཅིག་གི་ནང་ལ། 
  • ཐུབ་བསྟན། 
    གཅིག་ག་རེ་རེད་ཟེར་ན། ད།འགྲིམ་འགྲུལ་གང་ནས་རྐང་རྐ་རིལ་༿རྐང་འཁོར་༾བཞོན་བྱས། ཨ་ནི་་་རྐང་སྒ་རིལ་༿རྐང་འཁོར་༾གྱི་ག་རེ་རེད་ཟེར་ན། 
  • ཐུབ་བསྟན། 
    ཨ་ནི་་་ ག ག ག་ས་ག་ནས་སྐད་མང་པོ་བརྒྱབ་ཡས་དང་འདི་འདྲས་ཀྱི་ད་ལྕགས་ཤོག་དང་འདི་བར་འགང་གས་༿ཚང་མས་༾སྐད་བརྒྱབ་ཡས་ཀྱི་འདི་འདྲས་ཀྱིས་གནས་ཚུལ་བྱས་བྱས་༿ནས༾། ཡང་འདི་འདྲས་ཀྱི་འགྲིམ་འགྲུལ་སྒང་ནས་ཡང་གཟབ་གཟབ་བྱེད་དགོས་ཡས་ཀྱི་ཐོག་ལ། འདི་འདྲས་ཀྱིས་དྲིལ་བསྒྲགས་གནང་བྱས་རྦད་དེ་ཞེ་དྲག་ཡག་པོ་བྱུང་སོང་ང་།
  • ཐུབ་བསྟན། 
    བྱས་ཙང་འདི་ཡིན་ན་ང་ཚོ་གྲོང་ཁྱེར་གྱི་ཟློས་གར་གྱིས་ཚུར་སློབ་སྦྱོང་ཞུས་པ་རེད་ཟེ། སློབ་སྦྱོང་ཞུས་བྱས་དྲུག་ཅུ་རེ་གསུམ་ནས་འགོ་བཙུགས་བྱས་ཨ་ནི་་་ང་ཚོས་གཏམ་གླེང་དེ་ང་ཚོས་བཤད་པ་རེད་ཟེ། དྲུག་ཅུ་རེ་གསུམ་ནས། 
  • ཐུབ་བསྟན། 
    བཤད་བྱས་ཡིན་ན། ད་ག་རེ་ཟེར་དགོས་རེད། ཨ་ནི་་་བར་རྩ་ལ་༿བར་སྐབས་༾གཅིག རིག་གནས་གསར་བརྗེ་དང་འདི་འདྲས་སྐབས་ལ་ཡིན་ན་ཨ་ནི་་་ཁོ་མཚམས་འཇོག་བྱེད་དགོས་བྱུང་པ་རེད་ཟེ། 
  • ཐུབ་བསྟན། 
    ད་གཞུག་གུར་༿རྗེས་སུ་༾ཆིག་སྟོང་དགུ་བརྒྱ་བརྒྱ་ཅུ་ཐམ་པའི་ལོ་ལ་ཨ་ནི་་་གཞི་ནས་སྲིད་ཇུས་ལྷུག་ཏུ་ཕྱིན་བྱས་ཡིན་ན། ཨ་ནི་་་ང་ཚོའི་འདིའི་འགང་ག་༿ཚང་མ་༾ལོགས་སླར་གསོ་བྱུང་བྱས་ཡིན་ན། ཨ་ནི་་་བརྒྱད་ཅུ་ཐམ་པའི་ལོ་ནས་ཨ་ནི་་་ང་ཚོས་བཤད། ཡང་བསྐྱར་བཤད་པ་རེད་ཟེ།
  • ཐུབ་བསྟན། 
    བཤད་བྱས་ཡིན་ན། འདའི་༿འདིར་༾རྒན་ལགས་ཀྱི་མཚན་ལ་མིག་དམར་ཞུ་གི་ཡོའོ་རེད་༿ཡོད་རེད་༾ཟེ། ངའི་མིང་ལ་ཐུབ་བསྟན་ཟེར་གྱི་ཡོའོ་རེད་༿ཡོད་རེད་༾ཟེ། 
  • ཐུབ་བསྟན། 
    ད་ང་གཉིས་གཉིས་ག་རེ་རེད་ཟེར་ན། བརྒྱ་ཅུ་ཐམ་པའི་ལོ་ནས་གཏམ་གླེང་བཤད་བྱས་ཡིན་ན། ད་བོད་ཀྱི་རྒྱ་ཆེའི་མང་ཚོགས་འགང་ག་ལོགས་༿ཚང་མ་༾ཀྱིས་ཁ་ཤས་ཀྱིས་ང་གཉིས་ད་འདུག་ཟེ་བྱས་བྱས་༿ནས་༾ཁ་ཐུག་ལ་གཟིགས་ཡོའོ་རེད་༿ཡོད་རེད་༾ཟེ། 
  • ཐུབ་བསྟན། 
    ཁ་ཤས་བརྙན་འཕྲིན་ནང་ནས་གཟིགས་པ་མ་གཏོགས་གཅིག་གི། ང་གཉིས་དངོས་སུ་མཇལ་ཡོའོ་༿ཡོད་༾མ་རེད་ཟེ། ད་ཡིན་ནའི་འགང་ག་ལོགས་༿ཚང་མ་༾ཀྱིས་ངོ་ཤེས་གནང་གི་ཡོའོ་རེད་༿ཡོད་རེད་༾ཟེ། 
  • ཐུབ་བསྟན། 
    བྱས་ཙང་ང་གཉིས་ཀྱིས་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུ་ཐམ་པའི་ལོ་ནས་འགོ་བཙུགས་བྱས་དགོད་བྲོའི་གཏམ་གླེང་འདི་བཤད་པ་རེད་ཟེ། 
  • ཐུབ་བསྟན། 
    བྱས་ཙང་འདི་འདྲས་སོང་ཙང་། དགོད་བྲོའི་གཏམ་གླེང་འདི་བཤད་ཚར་པའི་རྗེས་སུ་ཡིན་པ་ཡིན་ན། ཨ་ནི་་་མང་ཚོགས་ཀྱིས་འདི་ལ་ཡིན་ན་དགའ་པོ་ཞེ་དྲག་གནང་གི་འདུག་ཟེ། དགའ་པོ་གནང་ཡས་ཡིན་ན་གནས་ཚུལ་གཉིས་ཡོའོ་རེད་༿ཡོད་རེད་༾ཟེ།
  • ཐུབ་བསྟན། 
    གཅིག་ཡིན་པ་ཡིན་ན། ཨ་ནི་་་ཁོའི་སྒྱུ་རྩལ་འདི་ཡིན་པ་ཡིན་ན། ཁོ་ག་རེ་རེད་ཟེར་ན། ཨ་ནི་ཨན་་་་ ད་དགོད་བྲོ་པོ། མི་ལ་ཨ་ནི་་་གད་མོ་བསླངས་ཡས་ཀྱི་ཐོག་ནས། ཨ་ནི་་་དེ་སློབ་གསོ་ཐེབས་ཡས། བསླབ་བྱ་ལེན་ཡས་འདི་འདྲས་ཀྱི་ཨ་ནི་་་ཁོའི་ནང་དོན་ཡོད་ཙང་འདི་ལ་དགའ་པོ་གནང་གི་ཡོའོ་རེད་༿ཡོད་རེད་༾ཟེ། 
  • ཐུབ་བསྟན། 
    འན་་ གཉིས་ཡིན་པ་ཡིན་ན་ག་རེ་རེད་ཟེར་ན། ཨ་ནི་་་ངམ་་ ང་གཉིས་གཉིས་ལའི་༿ལ་ཡང་༾། གཏམ་གླེང་བཤད་ཚར་རའི་༿ཚར་བའི་༾རྗེས་ལ་ཡིན་ན་ང་གཉིས་གཉིས་ལ་ཡི་གེ་མང་པོ་འབྱོར་བྱུང་ཟེ། འབྱོར་བྱས་ག་རེ་གསུངས་པ་རེད་ཟེར་ན། 
  • ཐུབ་བསྟན། 
    ད་ཁྱོད་རང་གཉིས་ཀྱིས་བཤད་ཡས་ཀྱི་ནང་དོན་དེ་ཡག་པོ་ཞེ་པོ་འདུག་ཟེ། ང་ཚོར་་སློབ་གསོ་ཞེ་དྲག་ཐེབས་སོང་ཟེ། འདི་འདྲས་སོང་ཙང་མཇུག་མ་༿རྗེས་སུ་༾མང་ཙམ་བཤད་རོགས་བྱེད་ཟེ་བྱས། ང་གཉིས་གཉིས་ལ་རེ་བ་ཡིན་ནའི་མི། མི་མང་པོས་བཏོན་གནང་བྱུང་ཟེ། 
  • ཐུབ་བསྟན། 
    བྱས་ཙང་འདི་འདྲས་སོང་ཙང་། ད་དཔེར་ན་ལོ་གསར་གྱི་བཟོ་ར་༿བཟོ་འདྲ་༾འདི་འདྲས་ལོ་ལྟར་རེ་བཞིན། ད་ཨན་་་ལོ་གསར་སྐབས་དུས་ཙ་༿ཙམ་༾ནས་ང་གཉིས་གཉིས་ཀྱི་འཁྲབ་སྟོན་ར་པ་༿འདྲ་པོ་༾གསར་པ་ག་རེ་ཡོའོ་རེད་༿ཡོད་རེད་༾ཟེ་བྱས། ཡང་ང་ཚོར་ཨན་་་སྐད་ཆ་འདྲིས་གནང་ཉན་༿མཁན་༾མང་པོ་ཡོའོ་རེད་༿ཡོད་རེད་༾ཟེ། 
  • ཐུབ་བསྟན། 
    བྱས་ཙང་འདི་འདྲས་སོང་ཙང་། འདི་མང་ཚོགས་ཀྱིས་མཉེས་པོ་ཡོད་པ་དང་། ད་ག་ནང་བཞིན་གྱི་ཁོའི་སྤྱི་ཚོགས་ཀྱི་ཨེན་་་ནང་ལོགས་ཀྱི་ད་ཡག་ག་༿པ་༾འདི་ཚོ་ལ་ང་ཚོས་བསྟོད་བསྔགས་ཞུས། ཨན་་་མ་འདང་བ་འདི་ཚོ་ལ་སྐྱོན་ཆ་འདི་ཚོ་ལ་ང་ཚོས་ཀྱིས་ད་ཟུར་ཟ་དང་དམའ་འབེབས་བྱས། བྱས་ཙང་ད་ག་རེ་ཟེར་དགོས་རེད་ཚང་མ་ལོགས་ལ་ཁོ་བསླབ་བྱ་ལེན་ཡས་ཀྱི་ཁོའི་ནང་དོན་གཅིག་ཡོད་ཙང་། 
  • ཐུབ་བསྟན། 
    ཨ་ནི་་་ ང་གཉིས་གཉིས་ལ་བཤད་ཡས་ལ་དགའ་པོ་གནང་ཡས་དང་། ང་གཉིས་གཉིས་ཀྱིས་བཤད་པ་དེ་ལ་ཡིན་ན། འཁྲབ་སྟོན་དེ་ལ་ཡིན་ན། ཚང་མས་དགའ་བསུ་གནང་ཡས་འདི་འདྲས་ཡིན་ན་ཐོབ་སོང་ཟེ།
  • ཐུབ་བསྟན། 
    བྱས་ཙང་འདི་འདྲས་སོང་ཙང་། དེ་རིང་ང་གཉིས་གཉིས་ཀྱིས་ཨ་ནི་་་ང་གཉིས་ཀྱིས་བཤད་ཡས་འདི་གྱད་༿འདི་ཚོ་༾འདིའི་ནང་ནས། ད་དུམ་བུ་གསུམ་ཅིག་ལྷན་རྒྱས་ཚོ་ལ་ཨ་ནི་་་ཞུ་གི་ཡིན་ཟེ། 
  • ཐུབ་བསྟན། 
    རེད་པཱ་མ་རེད་པས། ཨ་ནི་་་དུམ་བུ་དང་པོ་དེ་ཡིན་པ་ཡིན་ན་ཨ་ནི་་་བོད་ཀྱི་ཨང་དང་པོ་ཟེར་ཡས་དེ་ལྷན་རྒྱས་ཚོར་འཁྲབ་སྟོན་ཞུ་གི་ཡིན།
  • མིག་དམར། 
     འདི། དེ་རེད་ང་རང་ཚོ་དེ་ག་རེ་རེད། དེ་བར་བརྙན་འཕྲིན་ནང་ལོགས་ལ་ཅི་ཉིའི་སི་༼རྒྱ་སྐད་འཛམ་གླིང་སྟེང་གི་དམིགས་བསལ་གྱི་བྱ་བར་བྱ་དགའ་བྱེད་པའི་ཐབས་ཤིག༽ཟེར་ཡས་ཀྱི་ག་རེ་རེད། སྤུས་ཚད་ཨང་དང་པོ་དེའི་ནང་ལ་བཅུག་ཡས་ཀྱི་དེ་གཅིག་འདུག་ག གཙོ་བོ་འདའི་༿འདིར་༾ལྟས། འདའི་༿འདིར་༾བལྟས་བྱས་ཨ་ནི་་་བོད་ལ་ཡོད་པའི་ད་ལས་ཀ་མང་པོ་ཞིག གནས་ཚུལ། རིག་གནས། ཨང་གི་དང་པོ་མང་པོ་ཡོའོ་རེད་༿ཡོད་རེད་༾པ། དེ་གཉིས་གཉིས་ཟུང་འབྲེལ་བྱས་པ་དེ་འདྲས་ཅིག ད་ཡིན་ནའི་ང་གཉིས་གཉིས་རྒྱུན་རིང་པོ་མ་བཤད་ཙང་། ཕལ་ཆེར་ཚིག་ཁ་ཤས་སྒང་ལ་ཡར་མར་མགོ་རྟིང་ལོག་པ་དེ་འདྲས་ཏིག་ཙ་༿ཏོག་ཙམ་༾ཡོང་གི་རེད། དགོངས་འགལ་མེད་པ་ཞུ་གི་ཡིན་ལྷན་རྒྱས་ཚོ།