31 Jan 2012
1 min 54 sec
Video Overview
Creators:
Unknown
An interview between two girls from Shigatse and Yanglha in a Yu Bao Zi restaurant on the north-central part of Thieves' Island.
- Lhasa
- ཁྱེད་རང་གཉིས་ཀྱི་མཚན་ལ་ག་རེ་ཞུ་གི་ཡོད་དམ།What are both of your names?
- ཚེ་སྒྲོན།I am Tsedon.
- འོ། ཁྱེད་རང་།And you?
- བདེ་སྐྱིད།Dekyi.
- ཁྱེད་རང་གཉིས་འདིར་ས་ཆ་གང་ནས་ཕེབས་པ་རེད།Where you two are from?
- གཞིས་ཀ་རྩེ།From Shigatse.
- གཉིས་ཀ་ལོགས་རེད་པས།Both of you?
- འོ།Yes.
- ཁྱེད་རང་གཉིས་གཞིས་ཀ་རྩེ་ལ་བཞུགས་དུ་ས་ཁུལ་ཆ་རེད་པས། ལུང་པ་ཆ་རེད་པས།So both of you came from the same part of Shigatse?
- འོ་ཨོ།I see.
- ཆ་རེད།Yes, we did.
- ད་ལྟ་ལྷ་སར་ཕེབས་ནས་རྒྱུན་རིང་ལོས་ཕྱིན་སོང་།How long have you been in Lhasa?
- ལོ། ལོ་གཉིས་ཙམ།About two years.
- ལོ་གཉིས་རེད་པས།Is it two years?
- འོ།Yes.
- ཁྱེད་རང་གཉིས་མཉམ་དུ་ཚུར་ཕེབས་པ་རེད་པས།You both came here together?
- འོ།Yes.
- ལཱ་སེ། ལྷ་སར་མ་ཕེབས་གོང་གཞིས་ཀ་རྩེར་བཞུགས་དུས་ཁྱེད་རང་གཉིས་ཕྱག་ལས་ག་རེ་གནང་གི་ཡོད།Okay. What kind of did you both do in Shigatse before coming to Lhasa?
- ཞིང་ལས།Farming.
- ད་ལྟ་ནང་གི་ཞིང་ལས་བཞག་ནས་ལྷ་སར་ཕེབས་ཡག་རྒྱུ་མཚན་ག་རེ་རེད་དམ།Why did you stop farming in hometown and came here in Lhasa?
- ཡོང་འབབ་བསགས་ཡགTo earn some income here.
- ཨཱ་ནི་ལྟ་ནང་གི་ཞིང་ལས་བྱེད་མཁན་ཡོག་རེད་པས།Is there anyone at home does the farming for you?
- ཡོག་རེད།Yes, there is.
- ནང་ལ་མི་དང་དེ་ནས་ཁྱེད་རང་ཉིས་འདིར་ཚུར་ཡོང་འབབ་བསགས་པའི་ཆེད་ཕེབས་པས།So someone is at home and you two came here to earn some income?
- འོ།Yes.
- འདི་ནས་ལྷ་སར་ཚུར་ཕེབས་ནས་ས་ཆ་འདིར། འཇག་མ་གླིང་ཁར་ཕྱག་ལས་གནང་བར་ཕེབས་དགོས་པའི་རྒྱུ་མཚན་གང་ཡིན་ནམ།Why you came here to work at Jakma Park?
- འདའི་ས་ཆ་ཡག་པོ་ཞིགIt is a right place.
- ཡང་སོ་སོས་འཚལ་གག་ཡོང་པ་རེད་ཡང་མིས་ངོ་སྤྲོད་བྱས་པ་རེད།You found the job yourself, or someone introduced it to you?
- སོ་སོ་འཚལ་རྒྱོག་རེད།We found it ourselves.
- འདའི་ཕྱག་ལས་གནང་ནས་རྒྱུན་རིང་ལོས་ཕྱིན་སོང་།How long have you been working here?
- ཟླ་བ་གསུམ་ཙམ།About three months.
- ཁྱེད་རང་མཉམ་པོར་འདའི་ཕེབས་པ་རེད་པས།You two came here together?
- འོ།Yes.
- འདའི་ཕེབས་ནས་ས་ཆ་འདིར་ཟླ་བ་གསུམ་ཙམ་ཕྱག་ལས་གནང་བ་རེད་པ། ས་ཆ་འདའི་དགའ་ལོས་འདུགSo you have been here for three months. Do you like the place?
- འོ། དགའ་པོ་འདུགYes, we like it.
- ནམ་རྒྱུན་ཕྱག་ལས་ཁག་པོ་འདུག་ཡང་ན་མིན་ན་གང་འདྲ་འདུགHow is your work here? Is it hard?
- ལས་སླ་པོ་འདུགIt is easy.
- དཀའ་ལས་འདུག་གས་ནམ་རྒྱུན།Normally, is it tiresome?
- དཀའ་ལས་མི་འདུགNo, it is not hard.
- ཞོགས་གས་ག་དུས་ཙམ་ལ་ཕྱག་ལས་གནང་གི་ཡོད་དམ།At what time you start working in the morning?
- ཆུ་ཚོད་༨ནས་དགོང་དག་ཆུ་ཚོད་༩བར་གཏོགས།From 8 o'clock in the morning till 9 o'clock in the evening.
- ཞོགས་གས་ཆུ་ཚོད་༨ནས་དགོང་དག་ཆུ་ཚོད་༩བར་གཏོགས། ཆུ་ཚོད་༡༢ཙམ་བྱེད་ཀྱི་ཡོག་རེད། རེས་པ།From 8 o'clock in the morning till 9 o'clock in the evening, which is about 12 hours per day. Right?
- འོ།Yes.
- དཀའ་ལས་ཞེ་དྲགས་མེད་པ་བྱས། ཁྱེད་རང་གཉིས་ས་ཆ་གཞན་དག་ཡང་ཕྱག་ལས་འཚལ་ཀར་ཕེབས་ཡག་གི་བསམ་བློ་ཡོད་པས།So the work is not hard for you. Do you have any plan to look for new jobs in another part of the city?
- ཨེ་འདྲས་མེད།No, we don't have any intention.
- ད་གཱ་རང་བཞུགས་རྩིས་ཡོད་པས།Are you planning to continue here?
- འོ།That's right.
- ལཱ་སེ། འོ་ཐུགས་རྗེ་གནང་།Okay, thank you very much.