Skip to main content Skip to search
15 Dec 2011
4 min 1 sec
Rating
0
No votes yet
Video Overview
Creators: 
Unknown

An interview with a plain-clothed monk on the history of Uru Katsel Monastery.

Show More

  • འདི་བོད་ཀྱི་ཆོས་རྒྱལ་གྱི་ཐོག་མ་སྲོང་བཙན་སྒམ་པོས་བཞེངས་པའི་དབུ་རུ་ཀ་ཚལ་མི་འགྱུར་གཙུག་ལག་ཁང་དེ་ག་རེ་ཟེར། ད་ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཇོ་ཤཱག་རྣམ་གཉིས་ཀྱི་རྟེན་ཁང་བཟོ་འདྲའི་ཅིག་སྒྲུབ་དུས། ད་འདིར་ཡ་བོད་དེ་ས་ཁྲ་ཅིག་རྦད་དེ་ས་ཁྲའི་མི་རབ་པའི་དཔེ་སྲིན་པོ་གན་རྒྱལ་གྱི་རྣམ་པར་འཛིན། ད་དེའི་རོའི་ད་ག་རེ་ཟེར་དགོས་རེད།
  • ཁ་སྣོན་གྱི་བཟོ་འདྲའི་ཅིག་ལ་ད་རྒྱ་བཟའ་ཀོང་ཇོ་བརྩིས་བསྐོར་བྱས། ད་བོད་དེ་སྲིན་མོ་གན་རྒྱལ་གྱི་རྣམ་པ་ས་ཁྲ་མི་ལེགས་པ་དེའི་ཆེད་དུ། ད་ས་ཁྲ་དེ་ལ་ཡ་ཁ་སྣོན་བཟོ་འདྲའི་ཅིག་ལ་ད། མཐའ་འདུལ་མི་འགྱུར་གྱི་གཙུག་ལག་ཁང་དེ་བརྒྱ་ཙམ་ཅིག་བཞེངས་པར་བྱས་ནས། དེར་ཡ་གྱལ་ཅིག་ད་དབུ་རུ་ཀ་ཚལ་མི་འགྱུར་གཙུག་ལག་ཁང་རེད་ཟེར་འདི།
  • ཡང་འདི་ཁོ་རང་ཆོས་རྒྱལ་སྲོང་བཙན་སྒམ་པོ་ཁོ་རང་། ད་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་བཞེངས། དེའི་ནང་ནས་དབུ་རུ་ཀ་ཚལ་མི་འགྱུར་གཙུག་ལག་ཁང་དེ་བཞེངས་དུས། ཁོ་རང་ཐོག་མར་ཕ་གའི་རྩེ་སྣེའི་གདོང་ལ་ཡ། སྐུ་འཚམ་བཞུགས་བྱས་ད་སྐུ་འཚམ་བཞུགས་བསྡད་དུས།
  • ཁོ་རང་ཡ་ཤྭ་བ་ཡུམ་མ་ཅན་ཁོ་རང་ལ་ལུངས་བསྟན་ཞུས་བྱས། ཁོ་རང་མདུན་དེར་འདུག་བཟོ་་རྒྱུགས་བྱས་བྱས། ཨ་ནི་འདུག་ཟེར། ཀ་ཚལ་དེ་ལ་མི་འགྱུར་གཙུག་ལག་ཁང་གི་ས་ཆ་ད་ལྟའི་ཆགས་བསྡད་སའི། ས་ཆ་འདིའི་སྒང་དེར་ཨ་ནི་ཤྭ་དེའི་ཤྭ་བ་ཡུམ་མའི་གཙུག་གཏོར་ཅིག་ཡོའོ་རེད་པ། རྭ་ཁོག་དེ་འདིར་འཕངས་བྱས་དེ་ནི་ཤྭ་དེ་འདིར་ཡལ་པ་རེད་ཟེར།
  • ཨ་ནི་དེ་ནས་འདུག་ཟེར་ཁོ་རང་དའི་ཡ་འདུག་ཟེར་། དབུ་རུ་ཀ་ཚལ་མི་འགྱུར་གཙུག་ལག་ཁང་གི་ས་ཆ་དེ་ངེས་ཤེས་སྐྱེས་བྱས་ངེས་ཤེས་གནང་བྱས་ཁོ་རང་དེར་ཡ་ཨ་ནི་འདི་ལ་ཡ་ག་རེ་ཟེར་དགོས་རེད། ལུངས་བསྟན་བབས་ལུངས་བསྟན་བྱུང་པའི་བཟོ་འདྲའི་ཅིག་བྱས་ཨ་ནི་ཁོ་རང་གི་འདིར་བཞེངས་པ་རེད་ཟེར།
  • ཨ་ནི་དེའི་མཇུག་ལ་ཡ་འདུག་ཟེར་ད་རིག་གནས་གསར་བརྗེ་དང་དུས་ཡུན་མང་པོ་ཞིག་ལ་དེ་ད་གཅིག་ཉམས་ཆགས་མང་པོ་བྱུང་པ་རེད་པ་ད
  • ཨ་ནི་མཇུག་གུ་མཇུག་གུ་དེར་ད་རེས་ང་ཚོའི་འདིའི་བསྟན་པ་ཅིག་ག་ཟེར་དགོས་རེད། ད་རིག་གནས་གསར་བརྗེ་ཚར་ཚར་ནས་རིག་གནས་གསར་བརྗེའི་སྒང་ལ་ཡིན་ན་དགོན་པ་རྒྱ་ཆེན་པོ་བྱས། ཨོའོ་ཙམ་བྱས་ཡག་པོ་བྱས་ཡང་རིག་གནས་གསར་བརྗེའི་སྒང་ལ་ཡ་ཅིག་གི་ག་རེ་ཟེར་དགོས་རེད་ད།
  • གཅིག་གི་ཉམས་རྒུད་མང་པོ་བྱུང་པ་རེད་པ། ཨ་ནི་དེ་ནས་མཇུག་གུ་དའི་བརྒྱ་བཅུ་ཐམ་པའི་ལོ་ལ་ཡ་ཨ་ནི་ང་ཚོས་ད་ལྟའི་དེ་འོ་དགོན་པའི་ད་སྤྲུལ་སྐུ་དེ་ཐུབ་བསྟན་དབང་པོ་མྱང་བདག་རིན་པོ་ཆེ་ཆོག་གི་ད་རྦད་དེ་ཐུགས་ངལ་ཆེ་ཤོས་སྐྱེས་བྱས།
  • ཨ་ནི་དེ་དང་མཐའ་འཁོར་གྱི་མང་ཚོགས་ཚོས་མ་བསྐུལ་དང་ལངས་ངང་ནས་ད་འདི་བཞེངས་བྱས། ད་ཨ་ནི་ད་ལྟའི་དུས་ལ་འདུག་ཟེར་དགོན་པའི་ཡིན་ན། རྟེན་གཙོ་ཡིན་ནའི་རེད་དེ་གས་ཕུན་སུམ་ཚོགས་པོ་དང་སྒང་ག་ཡིན་ན། ངེས་གཏན་གྱི་ཆོས་ལུགས་བྱེད་སྒོ་ཡིན་ནའི་འདུག་ཟེར་མ་ཉམས་གོང་འཕེལ་དང་། ད་རྒྱུད་འཛིན་བྱེད་ཡས་འདྲ་ཅིག་བྱུང་པ་རེད། ཟེར།
  • ཨ་ནི་ད་ལྟའི་དུས་ལ་དགོན་པའི་འདིའི་རྟེན་གཙོ་ཆ་བཞག་ན་ལྷ་ཁང་ཡིན་ན། ལྷ་ཁང་ཁག་འོག་ལ་ཡ་འདུ་ཁང་བྱས། སྒང་ལ་ཡ་དེའི་སྒང་ལ་ཚེ་དཔག་ལྷ་ཁང་དེའི་སྒང་ལ་མགོན་ཁང་ཆ་བཞག་ན། མགོན་ཁང་ནང་ལ་རྟེན་གཙོ་བོ་འདྲ་དེ་མཁན་སློབ་ཆོས་གསུམ།
  • མཁན་སློབ་ཆོས་གསུམ་དེ་ནས་མར་མཁན་སློབ་ཆོས་གསུམ་སྔོན་མ་ནས་འདིའི་ཡ། སྔར་ཆོས་རྒྱལ་སྐབས་དུས་ནས་དེ་ནས་ཡར་འདི་དགོན་པའི་རྟེན་གཙོ་བོ་འདྲ་དེ་འོག་ལ་ཡ་འདུ་ཁང་འོག་ལ་ཡ། དེ་དུས་གསུམ་སངས་རྒྱས་དང་སྒང་ལ་ཡ་མཁན་སློབ་ཆོས་གསུམ་རེད།
  • ཨ་ནི་དེ་དེང་སང་ཡང་སྒང་ལ་ཡ་རྟེན་གཙོ་བོ་དེ་མཁན་སློབ་ཆོས་གསུམ་བྱས་མཁན་སློབ་ཆོས་གསུམ་མི་ཚད། མི་ཚེད་མི་ད་མི་ཚད་ཡིན་ན་གསུམ་ དེ་ནས་མཁན་སློབ་ཆོས་གསུམ་གྱི་ཚུར་ཕྱོགས་དེར་ད་ང་ཚོ་འབྲི་གུང་གི་ཆོས་སྲུང་དང་། མགོན་པོ་བྱས་མགོན་པོའི་འོག་ལ་ཡ་དེ་ནས་མར་གཞི་བཟང་ཡང་འཇུག དེའི་འོག་ལ་ཡ་ག་ཚོད་ཀྱི་ད་ང་ཚོའི་དེ་དབུ་རུ་ཀ་ཚལ་་མི་འགྱུར་གཙུག་ལག་ཁང་དེ་ཉིད་ཀྱི་ད་དེའི་སྲུང་མའི་བཟོ་འདྲ་གཅིག་བསྟན་སྲུང་རྡོ་རྗེ་གཡུ་སྒྲོན། དེ་ནས་མར་བརྩིས་པའི་ཆོས་སྐྱོངས་རྒྱལ་པོ་འདུག་བཟོ་བྱས་ནས་རྟེན་ཡིན་ན་རིམ་པ་རིམ་པ་ཡོའོ་རེད་ཟེར།
  • ཨ་ནི་འདི་ཚེ་དཔག་ལྷ་ཁང་ནང་ལ་ཆ་བཞག་ན། རྟེན་གཙོ་དེ་རེད། ཚེ་ལྷ་རྣམ་གསུམ་དང་རིགས་གསུམ་མགོན་པོ།
  • ཨ་ནི་འོག་ལ་ཡ་སྔོན་མ་འདིའི་རྟེན་གཙོ་བོ་འདྲ་དེ་དུས་གསུམ་སངས་རྒྱས་དུས་གསུམ་སངས་རྒྱས། འདི་ནས་ཕར་བརྩིས་པའི་ཕུར་པ་བྱས། དེ་ནས་རྒྱལ་བ་རིན་ཆེན་ཕུན་ཚོགས་ང་ཚོའི་འདིའི་འབྲི་གུང་ལ་གདན་རབས་ད་དེའི་སྐྱུ་རའི་གདུང་རབས་རྒྱལ་བ་རིན་ཆེན་ཕུན་ཚོགས་སྒང་ལ་ཡ། རྒྱལ་བ་རིན་ཆེན་ཕུན་ཚོགས་ང་ཚོའི་དགོན་པ་འདི་དེ་བྱས་ད་ག་རེ་ཟེར་དགོས་རེད།
  • ང་ཚོའི་དགོན་པ་འདི་ད་དེ་རེད་པ། དབུ་ལྷའི་བཟོ་འདྲའི་བླ་མའི་བཟོ་འདྲའི་ཅིག་བྱས་བྱས། དེ་ནི་དེའི་སྐབས་ལ་ཡ་རྒྱལ་བ་རིན་ཆེན་ཕུན་ཚོགས་སྒང་ནས། ང་ཚོའི་ཆོས་ལུགས་འདི་མི་ཉམས་་གོང་འཕེལ་ཕྱིན་ནས་ཞེ་པོ་དར་རྒྱས་བྱུང་པ་རེད་པ།
  • ཨ་ནི་རྗེས་ལ་རྒྱལ་བ་རིན་ཆེན་ཕུན་ཚོགས་ཁོ་རང་གིས་དེ། དེ་ནས་ཡར་རྫ་བིའི་གི་དེ་ཟེར་རྒྱུད་ཤེས་རྒྱུན་བཙུགས་བྱས། རྒྱུན་བཙུགས་གནང་ཡས་དེ་འདྲས་བྱས་བྱས་ཨ་ནི་ད་ལྟའི་རྒྱལ་བ་རིན་ཆེན་ཕུན་ཚོགས་ཀྱི་སྐུ་གདུང་ཅིག་ཡོའོ་རེད་ཟེར།
  • རྒྱལ་བ་རིན་ཆེན་ཕུན་ཚོགས་ཀྱི་གདུང་རྟེན་བཀྲ་ཤིས་བཀྲ་ཤིས་ཕུན་ཚོགས་བཀྲ་ཤིས་ཕུན་ཚོགས་དེའི་ནང་ལ་ཡ་སྔོན་མ་ཡིན་ན་རྒྱལ་བ་རིན་ཆེན་ཕུན་ཚོགས་ཀྱི་ད་ཁོ་རང་གི་སྐུ་ཆས་ཆ་ཚང་དང་ཁོ་རང་གི་དབུ་སྐྲ་བྱས་ཨ་ནི་ཁོ་རང་གི་ཕྱག་སེན་དང་ཕྱག་འཛུབ་དེ་གས་ཡོའོ་རེད་ཟེར།
  • ཨ་ནི་དེང་སང་དེ་འདྲས་ད་རིག་གནས་གསར་བརྗེ་ཆེན་པོའི་སྒང་ལ་དེ་འདྲས་ཐོར་བཤིག་སོང་ཙང་། དེང་སང་རྒྱལ་བ་རིན་ཆེན་ཕུན་ཚོགས་ཀྱི་གདུང་རྟེན་དེའི་ནང་ལ་ཡ་ད་དེའི་གུ་རུ་རིན་པོ་ཆེ་ཡི་སྐུ་ཚབ་གཏེར་ལྔའི་ཡ་རྒྱལ་གྱི་ད་སྐུ་ཚབ་གཏེར་གཅིག དེའི་ནང་ལ་དང་། དེ་ནས་རྒྱལ་བ་རིན་ཆེན་ཕུན་ཚོགས་ཀྱི་ཕྱག་་འཛུབ་གཅིག་ད་ལྟ་མ་གའི་བཞུགས་ཡོའོ་རེད་ཟེར།
  • ཨ་ནི་འདིའི་ཚུར་ཕྱོགས་དེར་ཡིན་ན། སྒྲོལ་མ་ཉི་ཤུ་རྩ་ཅིག་སྒྲོལ་མ་ཉི་ཤུ་རྩ་ཅིག་སྒྲོལ་མ་ཉི་ཤུ་རྩ་ཅིག་གི་ཚུར་ཕྱོགས་དེར་་འདི་རེད།
  • རྡོ་རྗེ་ཕུར་པ་བྱས་ཕུར་པ་ཕུར་པའི་དེའི་རྩ་དེར་རྣམ་རྒྱལ་མཆོད་རྟེན་དངུལ་ལས་སྒྲུབ་པའི་རྣམ་རྒྱལ་མཆོད་རྟེན་དེ་འདུག་ཟེར། ད་ག་རེད་ཟེར་དགོས་རེད། ད་ཁྲུ་ཁྲུ་ཁྲུ་དོ་ཙམ་བྱས་ཀྱོག་ཅིག་ཨོའོ་དེ་འདྲས་ཅིག་ཡོའོ་རེད་ཟེར།
  • ཨ་ནི་འདུ་ཁང་ནང་ལ་དེ་སངས་རྒྱས་འདི་ནས་ཚུར་ད་བཀའ་འགྱུར་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ནས་བཀའ་འགྱུར་རིན་པོ་ཆེ་ཨ་ནི་ཀླུ་ཁང་བྱས་ཨ་ནི་ཨེ་འདྲས་དེ་ནས་ག་རེ་ཟེར། དེ་འདྲས་ཨོའོ་ཙམ་ཕུན་སུམ་ཚོགས་པོ་འདྲ་ཅིག་ཡོའོ་རེད་ཟེར། ཨ་ནི་ག་རེ་བཤད་དགོས་རེད།