Video Overview
Dorji Wangchuck from Ura, Bumthang served as Gup for five years. He shared about Bumthang Yakchoe. Yakchoe was composed by Guru Rinpoche, and is celebrated in the 3rd month of the Bhutanese calendar. It is important to preserve our culture and traditions.
བུམ་ཐང་ལས་ཨིན་མི་ རྡོ་རྗེ་དབང་ཕྱུག་གིས་ ལོ་ལྔ་གི་རིང་ལུ་ རྒཔ་འབད་ཕྱག་བཞུ་འདི་ཡོདཔ་ཨིན་མས། ཁོ་གིས་བུམ་ཐང་ལུ་ཡོད་པའི་ ཨུ་ར་གཡག་མཆོད་སྐོར་ལས་ བཤད་འདི་ཡོདཔ་ཨིན་མས། ཨུ་ར་གཡག་མཆོད་འདི་ གུ་རུ་རིན་པོ་ཆེ་གྱིས་ ཙམ་གནང་ཡོདཔ་ཨིན་མས། ད་ལྟོ་ཡང་ གཡག་མཆོད་འདི་ ཟླཝ་གསུམ་པ་ནང་ བརྩིས་སྲུང་འབད་དོ་ ཡོདཔ་ཨིན་མས། ང་བཅས་རའི ་ལམ་སྲོལ་འདི་ བདག་འཛིན་འཐབ་ནའི་དོན་ལུ་ ཧེ་མ་གྱིས་ ལམ་སྲོལ་ཚུ་ བདག་འཛིན་འཐབ་དགོཔ་ འདི་ཡང་ གནམ་མེད་ས་མེད་ ཁག་ཆེ་ཟེར་ཨིན་མས། དུས་སྟོན་འདི་སྐབས་ འཆམ་དང་ཞབས་བྲོ་ གཉིས་ཆ་ར་རྐྱབ་སྲོལ་ཡོདཔ་ཨིན་མས། གཡག་མཆོད་འདི་ གཞན་དང་མ་འདྲཝ་ཅིག་ ཨིན་མས། ཧེ་མ་འབད་བ་ཅིན་ གཡུས་ཁའི་ སོ་ནམ་པ་ཚུ་གིས་ རྐྱབས་སྲོལ་ཡོདཔ་ཨིན་རུང་ ད་ལྟོ་འབད་བ་ཅིན་ སྒོམ་ཆེན་ཚུ་གིས་ རྐྱབ་སྲོལ་ཡོདཔ་ཨིན་མས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukལགས་སོ་ ཨཱ་ ད་ ང་གི་ངོ་སྤྲོད་ཅིག་ཞུ་བ་ཅིན་ ཏེ་ དང་པ་ར་ ང་རང་གི་མིང་འདི་ རྡོ་རྗེ་དབང་ཕྱུག་ཟེར་སླབ་ཨིན། ཏེ་ ང་ སྐྱེ་ས་དང་སྦོམ་ས་འདི་ ཨུ་ར་མདོ་བཞི་སྤྱི་འོག་ བཀྲ་སྦིས་གཡུས་ཚན་ནང་ལས་ཨིན་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukཏེ་ ད་ ང་རང་གི་ འགོ་གནས་འདི་ད་ལྟོ་ ཏེ་ད་ ད་ལོ་ལྔ་གི་དོན་དག་ལས་ ཏེ་ ཨུ་ར་རྒཔོ་སྦེ་ ཕྱག་ཞུ་དོ་ཟེར་ཞུ་ནི། ད་ ད་རེས་ནཱ་ ང་བཅས་ཨུ་ར་ མདོ་བཞི་ལྷ་ཁང་ནང་ལུ་སྦེ་ ཏེ་ལོ་ལྟར་གྱི་ ཨུ་ར་གཡག་མཆོད་ཟེར་ ཏེ་ང་བཅས་ཀྱི་ དུས་སྟོན་ཅིག་ཡོདཔ་ཨིན་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukཏེ་ ཨུ་ར་གཡག་མཆོད་འདི་ གནམ་མེད་ས་མེད་ཀྱི་ དང་ཕུ་ལས་རང་འགོ་བཙུགས་སྟེ་ དུས་རབས་༨་པ་ལས་ར་ ཏེ་ཨོ་རྒྱན་གུ་རུ་རིན་པོ་ཆེ་གིས་ ཕྱག་བཏབ་སྟེ་སྦེ་ ཁོ་གིས་ ཏེ་རྟེན་འདི་ཚུ་ནཱ་གནང་སྦེ་ཞིནམ་ན་ འ་ནཱི་གི་སྦེ་ ད་ལྟོ་འདི་གི་སྲོལ་བཟུང་པའི་བསྒང་ཡོད་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukང་བཅས་ཀྱི་ ཨུ་ར་གཡག་མཆོད་འདི་ ལོ་ལྟར་དབྱིན་ ཟླ་བ་འབད་བ་ཅིན་ ཟླཝ་གསུམ་པ་གི་ཚེ་ ༡༢ ལས་ ཏེ་ཚེས་ ༡༦ ་ཚུན་ཚོད་ ལོ་ལྟར་བཞིན་དུ་ རྩིས་སྲུང་འབད་དགོ་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukད་ ང་བཅས་ཨུ་ར་གཡག་མཆོད་ཟེར་མི་འདི་ ཧ་ལམ་ངོ་མ་འདི་ ང་བཅས་ཀྱིས་ ཤེས་ཤེསཔ་ད་ མཐོང་མཐོངམ་ གནམ་མེད་ས་མེད་མེད།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukདེ་སྦེ་རུང་ ཕམ་བཟང་པོ་འདི་ཚུ་གིས་ ཏེ་ནཱེ་སྦེ་གོ་ས་འབད་བ་ཅིན་ ཏེ་ཧ་ལམ་ལོ་ ཏེ་འཆམ་འདི་བཙུགས་སྟེ་སྦེ་ ལོ་ ༨༡ དེམ་ཅིག་ཡར་སོང་ནུག་ཟེར་ཞུ་ནི་ལགས་ དུས་ཅི་ལས་ ཏེ་ འདི་གི་ཧེ་མ་འདི་ ཉིནམ་གཅིག་སྦེ་སྡོད་ནུག་ཟེར་ཞུ་ནི་ལགས་ཨུ་ར་གཡག་མཆོད་འདི།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukཏེ་འ་ནཱེ་འབདཝ་ད་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ལུ་ གཞུང་ལས་རྒྱབ་སྐྱོར་ག་ནི་ཡང་མེད་ཟེར་ཞུ་ནི་ལགས་ ང་བཅས་ར་ནཱ་ ཨུ་ར་རྒེད་འོང་གི་ནང་ལས་ཡང་ ང་བཅས་ཨུ་ར་མདོ་བཞི་ མི་སེར་དམངས་ཀྱིས་སྦེ་ཞིནམ་ལས་ ཏེ་ད་ འདི་བརྩི་སྲོལ་ཞུ་དོ་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukད་ མ་པ་ སྤྱིར་བཏང་ ང་བཅས་ར་ འབྲུག་རྒྱལ་ཡོངས་ཀྱི་དམིགས་ཡུལ་དང་འཁྲིལ་བ་ཅིན་ ཏེ་ ང་བཅས་ཀྱི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ནང་ལས་ ཀ་ཆེན་གཅིག་འདི་ ལམ་སྲོལ་ཨིན་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukརྩ་ཆེ་ཏོག་ཏོ་ འདི་གི་ནང་ལས་ཡང་ ཏེ་ང་བཅས་ ནཱ་་ཨུ་ར་ལུ་འབད་བ་ཅིན་ ཨུ་ར་གཡུས་ཚན་གཅིག་གི་ནང་ལུ་མ་གཏོགས་ ཨུ་ར་རྒེད་འོང་ནང་ལུ་འབད་བ་ཅིན་ ལམ་སྲོལ་བརྩི་བཀུར་འབད་མི་གི་ དོན་ཚན་ཁག་བརྒྱད་དེ་ཅིག་ཡོད་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukའདི་གི་ནང་ལས་ གཅིག་འདི་ཨུ་ར་མདོ་བཞི་ འདི་ལམ་སྲོལ་གཙོ་ཅན་གཅིག་སྦེ་ ང་བཅས་ཀྱིས་ཕྱག་ཞུ་དོ་ཟེར་ཞུ་ནི་ ཏེ་ མ་པ་ངོ་མ་འདི་ ང་རང་ ང་རང་རྒཔོ་གི་བདག་རྐྱེན་འབད་ཞིནམ་ལས་ ཨུ་ར་རྒེད་འོག་གི་ བདག་རྐྱེན་འབག་དགོ།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukདམིགས་གསལ་དུ་ ང་རའི་གཡུས་འདི་ ནཱ་ ཨུ་ར་མདོ་བཞི་སྤྱི་འོག་ནང་ལས་སྦེ་ནི་འདི་གིས་ ཨུ་ར་གཡག་མཆོད་འདི་ ནཱ་ལུ་ཏེ་ དང་ཕུ་དིང་ཕུ་ལས་ར་ འདི་ལམ་སྲོལ་འདི་ བདག་འཛིན་འབད་མི་ཅིག་སྦེ་ནི་འདི་གིས་ ཏེ་ ང་གིས་ཤུགས་སྟོན་དོ་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukད་ དེ་སྦེ་ཤུགས་སྟོན་དོ་ཟེར་ཞུཝ་ད་ རྒྱུ་བུང་འདི་ཚུ་གི་ཤུགས་སྟོན་དོ་ཟེར་བ་ཅིན་ ནཱེ་སྦེ་མེན་ཟེར་ཞུ་ནི་ལགས་ ད་ ཐབས་དང་གནས་སྐབས་ཀྱི་ཐོག་ལས་སྦེ་ ཏེ་ད་ ཉམས་པ་འདི་ ཉམས་མ་བཅུག་པར་ སོར་ཆུད་འདི་སྦེ་ མ་མཉམ་གོང་འཕེལ་བཏང་ནི་གི་དོན་དག་ལས་ ག་ཅི་འབད་དོ་ཟེར་བ་ཅིན།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukང་བཅས་ཀྱིས་ དང་ཕུ་བཟུམ་སྦེ་མེན་པ་འབད་ཞིནམ་ལས་ ད་རེས་ནངས་པ ཏེ་ཁོང་ ན་གཞོན་འདི་ཚུ་ལུ་ དང་པ་ར་འཆམ་ དེ་ལས་ བུམོ་འདི་ཚུ་ལུ་ཞབས་ཁྲ་ དེ་ལས་འདི་བཟུམ་སྦེ་ ཏེ་འཚོ་བའི་གི་མཐུན་རྐྱེན་འདི་ཚུ་ ཏེ་ རོགས་ གཞུང་ལས་ཡོད་པའི་གི་ ང་བཅས་ཀྱི་ ནཱ་གི་གཞུང་གཡོགཔ་ལེ་ཤཱ་ཡོད་སྦ་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukའདི་ཚུ་ནང་ལུ་རྒྱབ་སྐྱོར་ཞུ་ ཏེ་འ་ནཱེ་འབད་ཞིནམ་ ད་ དང་ཕུ་འབད་བ་ཅིན་ འཚོ་བའི་མཐུན་རྐྱེན་འདི་ཚུ་ སྐྱོ་སྐྱོཝ་ཨིན་ལགས་ ང་བཅས་ར་བསྡུ་བླང་ཅིག་སྦེ་འབད་ཞིནམ་ལས་ ཏེ་ཏེ་ ཨ་ཙི་ཅིག་ཕོཝ་བགྲངསམ་ཅིག་ ད་ ནཱེ་སྦེ་མེན་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukད་ཨ་་་་་བཟའ་ནི་འཐུང་ནི་སྦེ་རུང་ར་ དྲང་ནི་འབད་རུང་རང་ སྲུང་སྐྱོབས་དགེ་ལྡན་བླམ་འདི་ ང་བཅས་ནཱ་ཨུ་ར་གཡག་མཆོད་ཀྱི་རྩ་བའི་བླམ་ཨིན།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukདེ་ལས་བརྟེན་ཏེ་ ནཱ་གསུང་མཆོད་གནང་ས་ཅིག་རུང་ར་ ཚོགས་ དེ་ལས་གསོལ་ཚོགས་ ག་ཅི་རང་འབད་རུང་མཐུན་སྐྱོན་འཛོམས་ཏོག་ཏོ་སྦེ་ ཏེ་ནཱེ་སྦེ་དྲང་དོ་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukའདི་ལས་བརྟེན་ཏེ་སྦེ་ ཏེ་ མི་དམངས་འདི་ཚུ་ཡང་སྤུངས་འཛོམས་སྦེ་ ང་བཅས་ཨུ་ར་གཡག་མཆོད་བཟུམ་སྦེ་བ་ཅིན་ ཏེ་ ཉིནམ་ལྔ་གི་ནང་ན་ལུ་ ཏེ་ཕར་ ཕྱིའི་ནཱ་ལུ་ང་བཅས་ཀྱི་ སྤུན་ཟླ་ཉེཝ་ཉེ་ཚན་ག་ར་ནཱ་འབོ།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukཁོང་ཡང་ ནཱ་འོང་བཅུག་ དེ་ལས་ག་ར་གིས་ གཅིག་གི་གཅིག་ལུ་ ཏེ་ཕམ་དང་བུ་གཞི་འདི་ཚུ་ག་ར་འཛོམས་ དེ་ལས་ ཡར་དཀོན་མཆོག་ལུ་མཆོད་པ་ མར་ངལ་སོང་ལུ་སྦྱིན་པ།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukདེ་ལས་སྟེ་ ག་ཅི་རང་འབད་རུང་རང་ འ་ནཱི་ནང་ལུ་སྦེ་ནི་འདི་གི་ ཏེ་ ང་བཅས་ག་ར་མཐུན་ལམ་གྱི་མཐོ་ལས་སྦེ་ ལམ་སྲོལ་འདི་ ནཱེ་སྦེ་རྩིས་སྲུང་ཞུ་དོ་ཟེར་ཞུ་ནི།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukད་ བཏབ་མ་བདེཝ་འདི་ལས་ མནོ་བསམ་བཏང་པ་ཅིན་ བཏབ་མ་བདེཝ་འདི་ ལེ་ཤ་འདུག་ཟེར་ཞུ་ནི་ལགས་ ག་ཅིམ་ཟེར་བ་ཅིན་ ད་རེས་ནངས་པ་ དཔེར་ན་ ང་བཅས་ཀྱི་ ལམ་སྲོལ་གྱི་ཐོག་ལས་ ཏེ་ ད་ ཧེ་མ་བཟུམ་སྦེ་ རྩ་ལས་འགྱོ་མི་བཏུབ་སྦེ་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukཨ་ལོ་སློབ་གྲྭ་ནང་ལུ་ ལོ་ ༦ ལས་བཏང་དགོ་སྦེ་ལགས་ འདིན་རྒེད་འོག་གི་ཁས་བླང་ཨིན་ལགས་ ལོ་ ༦ ལས་ ཡང་ཅན་འདི་ ཨ་ལོ་ སློབ་གྲྭ་ནང་མ་བཏང་པ་ཅིན་ ང་བཅས་ གཞུང་སྐྱོང་མཆོག་འགྱུར་གྱི་ནང་ལུ་ ཕྱིའི་ནང་ལུ་ འགན་ཁ་ཡོད་པ་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukའ་ནཱི་སྦེ་ཞིནམ་ལས་ ཡར་ལྟག་བཏང་ དེ་ལས་ཡར་ཡར་ཡར་འགྱོ་ཞིནམ་ལས་ ཏེ་ ཤེས་ཡོན་འདི་ སྦོམ་སྦོམ་སྦོམ་འགྱོ་ཞིནམ་ལས་ ཕར་ཐིམ་ཕུག་ལས་ རྒྱལ་ས་ལྟེ་བ་ལས་ཕར་འགྱོ་ དེ་ལན་ནཱ་ མི་མེད་པའི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukད འཆམ་རྐྱབ་རནམ་ད་ འཆམ་རྐྱབ་མི་མི་མེད་ལགས་ ལམ་སྲོལ་གྱི་དཀའ་ངལ་གཅིག་འདི་ལགས དེ་ལས་ གཉིས་པ་ལུ་ དེ་ལས་ བུཚུ་བུམོ་འདི་ཚུ་ཨིན་པས་ བུམོ་འདི་ཚུ་ཡང་ ལ་ལུ་ཅིག་ཨམ་ཚུ་སྦེ་འགྱོ་ ལ་ལུ་ཅིག་གཡོག་ཐོབ་སྟེ་སྦེ་འགྱོ་ཞིནམ་ལས་ ནཱ་ སྡོད་ནི་མེད་པའི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukད་ ང་བཅས་ནཱ་སྡོད་མི་ ས་ནམ་པ་ཨ་རྒས་ཨང་རྒས་ དེ་ལས་ཏེ་ རེ་རེ་གཉིས་བ་ལྷགཔ་ ནཱ་སྡོད་མི་མེད་སྦེ་ཞིནམ་ལས་ ཏེ་ ལམ་སྲོལ་བརྩི་བཀུར་ལུ་ མི་སྡེའི་ མི་རློབས་དགོ་སྦེ་སྦ་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukམི་རློབས་ལས་བརྟེན་ཏེ་ ལམ་སྲོལ་བདག་འཛིན་འབད་དགོ་སྦེ་ འ་ནཱི་འདི་ཚུ་གི་གདོང་ལན་འདི་ ལེ་ཤ་འདུག་ཟེར་ཞུ་ནི་ ད་ ང་གིས་འབད་བ་ཅིན་ ལམ་སྲོལ་བདག་འཛིན་ཐབས་ནི་འདི་ གནམ་མེད་ས་མེད་ འགན་ཁ་སྦོམ་ཅིག་ཨིན་ཟེར་ཞུ་ནི་ལགས་ ད་ དཔལ་འབྱོར་ འདི་བཟུམ་སྦེ་ ཏེ་ཏེ་ གཞན་མི་ཚུ་འདི་འགྱོ་བཏུབ་སྦེ་སྦ་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukཏེ་ ལམ་སྲོལ་འདི་ གཅིག་འབད་བ་ཅིན་ ཉིནམ་ལྔ་འདི་བདག་འཛིན་འབད་ ལོ་གཅིག་གི་ལས་ཉིནམ་གསུམ་བརྒྱ་དྲུག་བཅུ་ཐམ་པ་ནང་ལས་ ཉིནམ་ལྔ་བརྩི་སྲུང་འབད་དགོ་སྦེ་སྦ་ལགས་ཁོ།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukའ་ནཱི་རྐྱངམ་གཅིག་གི་དོན་དག་ལས་མནོ་བསམ་བཏང་པ་ཅིན་ ཉིནམ་ལྔ་གི་དོན་དག་ལས་ཁག་ཆེ་བའི་ན་ ཡང་ཅིན་འབདན་ ཉིནམ་གསུམ་བརྒྱ་ལྔ་བཅུ་ལྔ་ལྔ་འདི་ཁག་ཆེཝ་ཨིན་ན།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukད་ ང་བཅས་ཀྱིས་གཙོ་བོ་ར་ ཉིནམ་གསུམ་བརྒྱ་ལྔ་བཅུ་ལྔ་ལྔ་འདི་ མནོ་བསམ་བཏང་ཞིནམ་ལས་ ཉིནམ་ལྔ་འདི་བརྩི་བཀུར་མེདཔ་སྦེ་བཞག་པ་ཅིན་ བྱངམ་ཨིན་ལགས་ལམ་སྲོལ།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukད་ འ་ནཱི་འབད་ཞིནམ་ལས་ ཐབས་ཤེས་གནས་སྐབས་འདི་ ག་དེ་སྦེ་འབད་དོ་ཟེར་བ་ཅིན་ ད་ ང་བཅས་ཀྱི་མནོ་བསམ་ལས་ ཁོང་ གཞུང་གཡོག་ནང་ལུ་བཞུགས་མི་གི་ གཞུང་གཡོགཔ་ཨིན་རུང་འདྲ།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukང་བཅས་ནཱ་ལས་འགྱོ་འགྱོཝ་ སྐྱེས་སྐྱེསཝ་ སྤུན་ཆ་ ཕམ་ བུ་གཞི་ཨིན་རུང་ར་ འདི་ཚུ་ཏེ་ ཨ་རྟག་ར་ ཁོང་གིས་འཆམ་རེ་ མ་ཉམས་པར་རྐྱབ་ ང་བཅས་ནཱ་ལས་བཏངམ་ད་ར་ སློབ་གྲྭ་འདི་ ནཱ་སྦོག་ལོག་ཁར་སྦེ་ནི་འདི་གིས་ འདི་ཚུ་གི་ ང་བཅས་ཀྱི་ལམ་སྲོལ་གྱི་ གོམ་འདྲིས་འདི་ཞུགས་བཅུག་སྟེ་གི་སྦེ།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukཏེ་ནཱ་ལས་ཕར་འགྱོ་སྦེ་ ལོག་སྟེ་ནཱ་ལྷོདཔ་ད་ ཉིནམ་ལྔའི་དོན་དག་ལས་ནཱ་ལྷོདཔ་ད་ འཆམ་རྐྱབ་རུང་རྐྱབ་ཆོག་ཆོག་ ཞབས་ཁྲ་རྐྱབ་རུང་ ང་བཅས་ཨུ་ར་གི་ཐུན་མོང་མ་ཡིན་པའི་ཞབས་ཁྲ་ཡོད་སྦ་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukའདི་ཚུ་རྐྱབ་ཆོག་ཆོག་ཅིག་ བཟོ་ཚུགས་པ་ཅིན་ཟེར་བའི་གི་ འཆར་གཞི་གཅིག་འདི་བཞག་དོ་ཟེར་ཞུ་ནི་ལགས་ གཉིས་པ་འདི་ནང་ལུ་ ང་བཅས་ནཱ་གི་ལྷ་ཁང་འདི་ གཞན་དང་མི་འདྲ་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukརྟེན་ཡང་གཞན་དང་མི་འདྲ་ལགས་ ཨུ་ར་གཡག་མཆོད་བརྩི་དགོ་པའི་དོན་དག་ ནཱེ་སྦེ་གི་ལམ་སྲོལ་རྐྱངམ་ཅིག་མེན་ལགས་ དུས་རབས་བརྒྱད་པའི་ནང་ལུ་ གུ་རུ་རིན་པོ་ཆེ་ནཱ་བྱོན་ ལུང་བསྟན་དང་འཁྲིལ་ཏེ་ ཁོ་ར་གི་སྐུ་བཞག་རློནམ་སྦེ་ཕྱག་ན་རྡོ་རྗེ་གནང་།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukདེ་ལས་འདི་ ཕ་ཇོ་འབྲུག་སྒོམ་གྱི་བརྒྱུད་པ་ དགེ་ལྡན་བླམ་ལུ་ཕུལ་ སྦྱིན་བདག་འདི་ཚུ་གིས་ ད་ ད་རེས་ནཱ་ཞུ་ ཉིནམ་ལྔ་ནཱ་བཞག་ འ་ནཱེ་སྦེ་འབད་བརྩི་སྲུང་ཞུ་དགོ་པའི་དམིགས་ཡུལ་ འདི་ལས་བརྟེན་ཏེ་ ད་ ང་བཅས་ཀྱི་ ནཱ་མཐའ་འཁོར་ཉམས་སྲུང་འབད་དགོ་སྦེ་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukལམ་སྲོལ་གྱི་དོན་དག་ལས་ ལྷ་ཁང་བདག་འཛིན་འབད་དགོ་སྦེ་ བཤའ་སྒོར་སྒྲིག་དགོ་པས་ འདི་བཟུམ་སྦེ་རྡོ་གཅལ་ འདི་བཟུམ་སྦེ་ ད་ འ་ ཕྱིའི་མི་འདི་ཚུ་ལུ་ ལམ་སྲོལ་འགོ་བཙུགས་ནི་གི་དོན་དག་ལས་ ད་ ཕྱི་གི་ལྟག་བཤལ་པ་ ལེ་ཤ་ཅིག་འཐོན་དེ་སྦ་ལགས་ནཱ།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukའ་ནཱི་འདི་ཚུ་ཡང་ ལམ་སྲོལ་འདི་དབའི་ འབྲུག་རྒྱལ་ཁབ་ཀྱི་ནང་ལས་ ཨུ་ར་གི་གཡག་མཆོད་འདི་ ལམ་སྲོལ་མ་འདྲཝ་ཅིག་འདུག་མ་རེ་ཟེར་མི་ཅིག་ འདི་མི་ཉམས་གོང་འཕེལ་བཏང་ནི་གི་དོན་དག་ལས་ ཏེ་ འཆར་གཞི་འདི་ ལེ་ཤ་ཅིག་བཟོ་དགོཔ་ཡོད་ཟེར་ཞུ་ནི་ བཟོ་ཡང་བཟོ་དོ་ དོ་རུང་ར་ བཟོ་དགོཔ་ཡོད་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukའ་ ཏེ་ད་ ལེ་ཤ་ཅིག་ཡང་ཡོད་ ཏེ་ད་ ང་བཅས་ནཱ་ འ་ དང་ཕུ་འབད་བ་ཅིན་ ཏེ་ མི་གནགཔ་འདི་ཚུ་གིས་ར་ འཆམ་རྐྱབ་དོ་ཟེར་ཞུ་ནི་ལགས་ ཏེ་་བར་སྐབས་ཅིག་ལས་ སྒོམ་ཆེན་འདི་ཚུ་གིས་ འཆམ་རྐྱབ་དོ་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukད་ ད་རེས་ནངས་པ་ ཆོས་སྒོར་ཞུགས་མི་འདི་ཡང་ ནཱེ་འཚམས་ཅིག་མེད་ སྒོམ་ཆེན་འདི་ཚུ་ཡང་ནཱེ་མཚམས་ཅིག་མེད་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukཏེ་འ་ནཱི་འབད་ཞིནམ་ལས་ ཏེ་ འཆམ་རྐྱབ་མི་ ཞབས་བྲོ་རྐྱབ་མི་ གསུངས་ཆོག་གནང་མི་ ཁག་གསུམ་དེམ་ཅིག་དབྱེ་དགོ་སྦེ་སྦ་ལགས་ ང་བཅས་ནཱ་འདི་ འ་ནཱི་འབདཝ་ད་ གནམ་མེད་ས་མེད་ ལཱ་ཁག་ཡོདཔ་ལས་བརྟེན་ཏེ་ ད་ ང་བཅས་ཀྱི་དང་པ་ར་ ལམ་སྲོལ་གྱི་དོན་དག་ལས་ སྒོམ་གྲྭ་ཨིན་རུང་འདྲ་ དགེ་སློང་གི་གྲྭ་ཨིན་རུང་འདྲ་ བཙུགས་དགོ་སྦེ་སྦ་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukགཅིག་འདི་མནོ་བསམ་བཏང་དོ་ཟེར་ཞུ་ནི་ལགས་ གཉིས་པ་འདི་ དེ་ལས་བརྟེན་ཏེ་ ཏེ་ད་ ང་བཅས་ཀྱི་ ཞབས་ འཆམ་ ཞབས་བྲོ་འདི་ཚུ་ཡང་ འ་ནཱི་ནང་ལས་སྲོལ་རྒྱུན་ ལེགས་ཤོམ་ཅིག་བཙུགས་འབད་ཞིནམ་ལས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukཏེ་ མ་འོངས་པ་ལུ་ ཏེ་ ང་བཅས་ཀྱིས་ དྲ་ལམ་ལམ་ དྲུ་ལམ་ལམ་ དེ་ལས་ བུ་གཞི་འདི་ཚུ་ཡང་ འོང་རུང་ར་ ཏེ་ འ་ནཱི་གི་ནང་ལུ་ འཛུལ་བཏུབ་སྦེ་བཟོ་ནི་གི་ ནཱེ་སྦེ་ཡོད་ཟེར་ཞུ་ནི་ལགས།
- རྡོ་རྗེ་དབང་ཕྱུག་/ Dorji Wangchukཏེ་ད་ གནམ་མེད་ས་མེད་གི་ ཞུ་བ་འདིན་ ད་རེས་ ཏེ་གནམ་མེད་ས་མེད་ དུས་ཚོད་ཡང་མི་ཐོབ་ནི་མས་ ཏེ་ད་ དེམ་ཅིག་ཨིན་ཟེར་ཞུ་ནི་ལགས། ལགས་སོ།