Skip to main content Skip to search
31 Jan 2012
56 min 5 sec
Video Overview
Creators: 
Columbia University, Tibetan Academy of Social Sciences, Tibet University, University of Virginia
Transcript search
No results found for this search
0 of 0
  • བཅའ་འདྲི་བྱ་ཡུལ་
    ད་དང་པོ་དང་པོ་ང་ཚོ་ལྷ་མོ་ནི་གཅིག་དང་པོ་ནི་ཨེན་ཏིས་ཏན་ཏན་ཏིག་ཏིག་བྱས་ནས་བཤོད་ཡས་ཟེ་མིན་འདུག་ལའོ།
  • བཅའ་འདྲི་བྱ་ཡུལ་
    ཁག་གཅིག་གས་ནི་བུ་སྤུན་བདུན་རེད་ཟེར། ཁག་གཅིག་ཀས་ནི་བུ་མོ་སྤུན་བདུན་རེད་ཟེ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་དེ་ནས་བྱས་ནས་ལྷ་མོ་དེ་ནི་རྒྱལ་བ་ལྔ་པོ་ཆེན་པོའི་གཟིམ་ཁང་ལ་བྱུང་ནིས།
  • བཅའ་འདྲི་བྱ་ཡུལ་
    གཟིམ་ཁང་ལ་བྱུང་ནས་དེ་ནི་ལྷ་མོ་དེ་དར།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་དེ་དར་ནས་ཨེ་ནི་ང་ཚོ་སྤུན་བདུན་ལ་དེ་ནི་སྤུན་བདུན་སྤུན་བདུན་ཟེ།
  • བཅའ་འདྲི་བྱ་ཡུལ་
    ལུང་པ་ཕུ་པ་སྤུན་བདུན་ཟེ། དེ་ལྷ་མོ་སྤུན་བདུན་ཟེ། དེ་འདྲས་གསུངས་ནིས།
  • བཅའ་འདྲི་བྱ་ཡུལ་
    ཨེ་ནི་དེ་ནས་ག་ནས་ནི་ཨ་ནི་ང་ཚོའི་ལྷ་མོ་དེ་ཆགས་ནས་ཡང་མཇུག་གུ་ལ་ཡང་དེ་ནི་བད་དེ་བུ་མོ་
  • བཅའ་འདྲི་བྱ་ཡུལ་
    མེད་པ་བྱས་བུ་རྐྱང་རྐྱང་བཅུ་ཐམ་པ་གཅིག
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ཟེ་བྱས། དེ་འདྲས་བྱས་པའི་ཐོག་ལ་ཡི་བུའི་ཐོག་ལ་ཡིན་ནའི་ལ་རྔོན་པ་ལྔ་བྱས།
  • བཅའ་འདྲི་བྱ་ཡུལ་
    རྒྱ་ལུ་གཉིས་བྱས། ལྷ་མོ་གཉིས་བྱས། རྔ་བརྡུང་གཅིག་བྱས། ཨོ་དེ་འདྲས་ཟེ་ཆགས་བྱས་དེ་བྱུང་།
  • བཅའ་འདྲི་བྱ་ཡུལ་
    དེ་བྱུང་ནས་ཨེ་ནི་དེ་ནི་དེ་ནས་ཐང་སྟོང་རྒྱལ་པོས་ཨེ་ནི་ལྕགས་ཟམ་ཆུ་བོ་རི་ལ་
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ལྕགས་ཟམ་ཆུ་བོའི་རི་ལ་དགོན་པ་བརྒྱ་དང་བརྒྱད།
  • བཅའ་འདྲི་བྱ་ཡུལ་
    ཆུ་མིག་བརྒྱ་དང་བརྒྱད་། དུར་ཁྲོད་བརྒྱ་དང་བརྒྱད་ཡོད་པའི་གནས་དེ་ལ་གྲུབ་པའི་དབང་ཕྱུག་ཐང་སྟོང་ཆེན་པོ་འཁྲུངས།
  • བཅའ་འདྲི་བྱ་ཡུལ་
    དེ་ནས་ཐང་སྟོང་ཆེན་པོ་འཁྲུངས་ནས་ཨེ་ནི་ཐང་སྟོང་ཆེན་པོས་སྤྲང་ཕྲུག་ཆུང་པོ་དེ་ལ་གཟིགས།
  • བཅའ་འདྲི་བྱ་ཡུལ་
    གཟིགས་ནས་ཡིན་ན་ཨེ་ནི་འགྲུལ་པ་ཕར་ཡང་མི་ཐར་ཚུར་ཡང་མི་ཐར་བསྡད་པའི་ཐོག་ལ་ཡིན་ན་སྙིང་རྗེ་དཔག་ཏུ་མེད་པ་སྐྱེས།
  • བཅའ་འདྲི་བྱ་ཡུལ་
    གནང་ནས་ཨེ་ནི་ལྕགས་སློང་ཤིག་གསུངས།
  • བཅའ་འདྲི་བྱ་ཡུལ་
    ལྕགས་སློང་མཛད་ནས་ཨེ་ནི་དེ་ནི་སྟོད་བལ་པོ་སླེབས་ཐུག་ཟེ་སྨད་རྒྱ་མོ་སྟ་ར་ཐ་ས་ཡས་ནས་
  • བཅའ་འདྲི་བྱ་ཡུལ་
    ལྕགས་སློང་གནང་ནས་དེའི་མཇུག་གུ་ཡཱ་དེ་ནི་དབུ་སྐྲ་རྐང་མོ་གཅིག་དང་
  • བཅའ་འདྲི་བྱ་ཡུལ་
    གྲོ་ཐར་ལྤགས་གང་གིས་སྟང་དེ་རུ་དེ་ནི་ལྕགས་ལ་ཨ་ལོང་ལྡིང་བཞག་ནས་ཕུལ།
  • བཅའ་འདྲི་བྱ་ཡུལ་
    རྟེན་འབྲེལ་བཟང་སོང་གསུངས་ནས་དེ་ནི་ག་རེ་བ་ཟེར་ན་ཡ་གའི་ལྕགས་ཟམ་ཆུ་བོ་རིའི་
  • བཅའ་འདྲི་བྱ་ཡུལ་
    ཡ་རུ་ཟམ་པ་དེ་ལ་ཨེ་ནི་བུ་ཡི་དུས་སུ་གང་ཟའ།
  • བཅའ་འདྲི་བྱ་ཡུལ་
    བུ་ཡིས་དུས་སུ།
  • བཅའ་འདྲི་བྱ་ཡུལ་
    ཆུ་ལ་ཟམ་པ་བཙུགས།
  • བཅའ་འདྲི་བྱ་ཡུལ་
    ཕ་ཡི་དུས་སུ་ཆུ་ལ་བཀའ་འགྱུར།
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་དགོན་དམར་བཞེངས།
  • བཅའ་འདྲི་བྱ་ཡུལ་
    མ་ཡི་དུས་སུ་བཀའ་འགྱུར་བསྟན་འགྱུར་བཞེངས་ཟེ་བྱས་དེ་འདྲས་ཟེ་གསུངས་བྱས་ཨེ་ནི་
  • བཅའ་འདྲི་བྱ་ཡུལ་
    ཞབ་གནང་བཙལ་ནས་ཨེ་ནི་མཐའ་མ་དེར་འོ་ཐང་སྟོང་རྒྱལ་པོ་དང་རྒྱལ་བ་ལྔ་པ་ཆེན་པོས་དར་ཁ་དེ་འདྲས་ཟེ་བྱུང་སོང་།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནས་བྱས་ནས་ཨེ་ནི་ང་ཚོ་ད་ལྷ་མོ་དེ་དར་ནས་ཨེ་ནི་ཨེ་ནི་འབྲས་སྤུངས་ཞོ་སྟོན་ལ་འགྲོ་པའི་སྐབས་ལ་
  • བཅའ་འདྲི་བྱ་ཡུལ་
    ཨིན་ན་ཡི་ཨེ་ནི་རྒྱལ་བ་ལྔ་པ་ཆེན་པོའི་ལྷ་མོ་ཟེ་བྱས་སྟག་གཤོང་པ་དེ་འདྲས་ཡི་ཞེ་དྲག་དྲས་མྱོང་།
  • བཅའ་འདྲི་བྱ་ཡུལ་
    ལྷ་ས་པས་ཨ་ནི་རྒྱལ་བ་ལྔ་པའི་ལྷ་མོ་རེད་བྱས་དེ་ནི་ང་ཚོ་འབྲས་སྤུངས་ཞོ་སྟོན་འགྲོ་བའི་སྐབས་ལ་
  • བཅའ་འདྲི་བྱ་ཡུལ་
    ཨིན་ནའི་ཟླ་བ་དྲུག་པའི་ཉི་ཤུ་དགུ་ལ་ཨི་ནི་ཕ་གས་ད་རྩེ་ལ་ཨིན་ན་ཞོགས་པས་ནམ་སིལ་སིལ་ནས་འགྲོ་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    འབྲས་སྤུངས་ཞོ་སྟོན་མར་འབྲས་སྤུངས་པ་མར་གཅིག་འགྲོ་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་ནོར་བུ་གླིང་ག་ལ་གཅིག་འགྲོ་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་ད་ག་ནང་བཞིན་པའི་ཨེ་ནི་ཡང་ང་ཚོའི་ད་ལྷ་མོ་དེ་
  • བཅའ་འདྲི་བྱ་ཡུལ་
    གནང་གང་།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་ཁག་མང་པོ་ཡོད་པོའོ་དེ་ལྷ་མོ་ཁག་བཅུ་གཉིས་དེ་འདྲས་ཡོད་པོའོ་དེ་དེའི་ནང་ནས་
  • བཅའ་འདྲི་བྱ་ཡུལ་
    སྤུན་བདུན་ལྷ་མོ་དེ་དེ་རྦད་དེ་རྒྱལ་བ་ལྔ་པའི་ལྷ་མོ་ཨིན་ཟེ།
  • བཅའ་འདྲི་བྱ་ཡུལ་
    བྱས་དེ་ནི་རྦད་དེ་སྔོན་དང་པོ་ཧྲིག་ཏག་༼རྐྱང་རྐྱང་༽ལ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་འགོ་འཛུགས་ཀའ་ཡི་ཡང་ང་ཚོ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་མཇུག་གུ་ལའ་ཡི་ཡང་བཀྲ་ཤིས་དཀྲིས་ཡས་ཨིན་ན་ལ་ཡང་ང་ཚོས་བཀྲ་ཤིས་གཅིག་བཀྲིས་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་མཇུག་གུ་འཁྲིད་པའི་ག་ཙང་ཡི་ཨེ་ནི་ང་ཚོས་བཀྲ་ཤིས་སྤྲད་ཚར་ནས་ཨ་ནི་ལྷ་མོ་གཞན་དག་ཨིན་ནའ་ཡི་
  • བཅའ་འདྲི་བྱ་ཡུལ་
    གླིང་སྐོར་ཕྱི་ལ་མ་གཏོགས་དེ་པར་འཁྲབ་ས་ཡོད་མ་རེད།
  • བཅའ་འདྲི་བྱ་ཡུལ་
    ད་ད་ག་ནང་བཞིན་པའི་ལྷ་ས་ནང་ཁུལ་ཡིན་ནའི་ང་རང་ཚོ་དེ་ག་ཟི༼དེ་འདྲ་ཟེ༽ཡིན།
  • བཅའ་འདྲི་བྱ་ཡུལ་
    རྨོག་རུ་གྲྭ་ཚང་། བླ་བྲང་ཚེ་སྨོན་གླིང་། བསམ་གྲུབ་ཕོ་བྲང་།
  • བཅའ་འདྲི་བྱ་ཡུལ་
    ར་ག་ཤག ཕ་ལྷ་ཨོ་དེ་འདྲས་གཅིག་གཅིག་གིས་འཇོན་ཐང་ཡོད་རེད།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ཚུར་ལ་ཆ་བཞག་ན་ནི་ཡར་ཆོས་ལ་ཡར་བཀྲ་ཤིས་གདན།
  • བཅའ་འདྲི་བྱ་ཡུལ་
    ནུབ་རིན་མགོན་པོ། ཡར་རྒྱལ་སྨད་ངོགས་ལ་ཡིན་ན་ཞུག་གུ་ཕུད་རུག
  • བཅའ་འདྲི་བྱ་ཡུལ་
    འཕྱོངས་རྒྱས་རྫོང་མི་ཡིན་ན་ཨེ་ནི་རྒྱལ་བ་ལྔ་པའི་ལྷ་མོ་རེད་ཟེ་བྱས་ནས་དགའ་ལྡན་ལྔ་མཆོད་དེ་ལ་
  • བཅའ་འདྲི་བྱ་ཡུལ་
    མིན་གཅིག་མིན་གཅིག་འཕྱོངས་རྒྱས་རྫོང་ལ་འགྲོ་དགོས་རེད།
  • བཅའ་འདྲི་བྱ་ཡུལ་
    དེའི་ཉིན་གང་དེ་ད་ཡའི་འོའོ་ཡའེ་ཡེ་མི་ཁྲིག་ཟེ་རེ་བསླང་ཡས་ཡོད་མེད་དེབ་ནང་ལ་ཡོད་རེད་
  • བཅའ་འདྲི་བྱ་ཡུལ་
    མ་གཏོགས་གཅིག་གཅིག་རེད་མ་རེད་སྣོན་པས་རྒྱག་ཡས་ཡི་ཡོད་མ་རེད་འཐེན་ཡས་ཡི་ཡོ་མ་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་གཅིག་བྱུང་སོང་ལགས།
  • བཅའ་འདྲི་བྱ་ཡུལ་
    དགའ་ལྡན་ལྔ་མཆོད་ཉིན་པ་དེར་ཉེ་ཤོས་ཁོ་རུ།
  • བཅའ་འདྲི་བྱ་ཡུལ་
    ཉེ་ཤོས་པའ།
  • བཅའ་འདྲི་བྱ་ཡུལ་
    གདོང་རང་ལ་ཨོ་དེ་བྱས་སྡོད་དགོས་པའ་ལགས།
  • བཅའ་འདྲི་བྱ་ཡུལ་
    སྡོད་དགོས་ཡས་དེ་ར་དེ་ད་ཁོ་རའི་ཨོ་ནའ་རྒྱ་བ་ལྔ་པའི། རྒྱལ་བ་ལྔ་པའི་གྲོང་ཁག་དེ་གང་བྱས་འཕྱོངས་ལ་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གུ་རུ་བཱ་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་དབང་ལྔ་པ། ད་རྒྱལ་དབང་ལྔ་པ་ཡ་རུ་འཁྲུངས་ནས་དེ་ནི་ལྷ་མོ་དར་ཡས་དེ་
  • བཅའ་འདྲི་བྱ་ཡུལ་
    སྤུན་བདུན་ཟེར་ཡས་དེ་ད་ལུང་པ་ནི་ལ་སྤུན་བདུན་ཟེར་ནཱ།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་དར་ཡས་དེ་ཨོ་དེ་འདྲས་བྱས་ནས་དར་ཀྱོ་བཱ། དེ་ར་གཅིག་ནུའུ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་སྦྱིན་བདག་དེ་ནི་ན་པ་༼འདི་རུ༽བྱས་ན་ད་སྦྱིན་བདག་ག་ས་ག་ལ་
  • བཅའ་འདྲི་བྱ་ཡུལ་
    དེའི་ཟོ་ར་དེ་ཞལ་འདོན་བྱེད་ཡས་ར་པ་དེ་དང་དགོན་སྡེ་ཁག་ལ་བྱེད་ཡས་ར་པ་དེ་འདྲས་
  • བཅའ་འདྲི་བྱ་ཡུལ་
    སོ་སོའི་སྔ་མ་ནས་སྦྱིན་བདག་ཚོས་འཁྲབ་བྱས་ཨོ་དེ་འདྲས་འགྲོ་པཱ།
  • བཅའ་འདྲི་བྱ་ཡུལ་
    དགེ་རྒན་བླ་མ་ཚོས་ཨེ་ནི་ཁོ་དྲག་པའི་རྩོམ་ར་གཅིག་བྲིས་གནང་བྱས་ཨེ་ནི་
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་བཞེས་རོགས་གནང་ཞུ་ཡང་རྒྱལ་སྨན་ལ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཡར་ཆོས་ལ་འགྲོ་དགོས་བཱ། མར་ཡར་ཀླུང་ལ་བྱས་སྣེ་གདོང་ལ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    འགྲོ་ཡས་ར་པོ་ཞེ་དྲག་ཡོད་པོའོ་ལགས་དེ་གའི་གུ་སོང་།
  • བཅའ་འདྲི་བྱ་ཡུལ་
    ཨེ་ནི་དེ་ནས་བྱས་ནས་ད་ང་ཚོའི་ལྷ་མི་དེ་ད་གང་ཟེར་གུ་བཱ་གས་གཅིག་བརྒྱད་ཅུ་བརྒྱ་བདུན་ལོ་ལ་
  • བཅའ་འདྲི་བྱ་ཡུལ་
    ཡིན་ན་དེ་ནི་གང་མིན་ཚད་ཀྱི་མི་ལྷོ་ཁ་པ་གང་ག་ནས་རོགས་གང་གནང་བྱས་ཡང་ལྷ་མོ་དེ་འཁྲབ་ཡས་གནང་བ་རེད།
  • བཅའ་འདྲི་བྱ་ཡུལ་
    བསྐྱར་ས་གཅིག་བསྐར་གནང་པ་རེད། དེ་གའི་སྒང་ལ་ཡིན་ནའི་ང་ཚོ་ད་མི་རྒན་པ་ར་པོ་བརྒྱད་ཙ་གཅིག་བསྡད་ཡོད།
  • བཅའ་འདྲི་བྱ་ཡུལ་
    ཨེ་ནི་དེའི་གུ་སུ་ཡིན་ན་ལྷ་མོ་ག་རུའི་གིས་ཡར་འཁྲལ་འཁྱོལ་ཡས་ར་ཅིག་ཤར་།
  • བཅའ་འདྲི་བྱ་ཡུལ་
    ཡག་པོ་རག་པོ་ཤར་སོང་། དེ་དེ་ནས་ནི་བྱས་ཨེ་ནི་ཡང་ལྷོད་གཡེངས་བཟོ་ར་པོ་བཏང་ཟོ་ར་པོ་ཕྱིན་།
  • བཅའ་འདྲི་བྱ་ཡུལ་
    ཨེ་ནི་ཞེ་དྲག་གཅིག་ད་ཕར་ཚུར་ཕྱིན་ནའ་ཡི་དེ་ཙམ་གྱི་གྱོང་གུ་ཟེ་མེད་པའི་བཟོ་ར་གཅིག་བྱས་བྱུང་།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་བྱས་ནས་་ཨ་ནི་ཡང་མཇུག་གུ་ཡང་མི་གཅིག་ལྷ་ས་ནས་ཡི་ཞེ་དྲག་གིས་བཙས་བཅོས་གནང་ག་ཕེབས་བྱུང་།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག
  • བཅའ་འདྲི་བྱ་ཡུལ་
    ཨ་དེ་རྒན་ལགས་ཀྱིས་གསུངས་ཡས་ཀྱི་རྒན་ལགས་དེ་བྱས། ལྷོ་ཁ་ནས་ཕར་ཐད་ཀྱོ་ཀི།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནས་རྒྱང་བསྒྲགས་ལས་ཁུངས་བྱས། གང་ག་སླའོ༼སྐད་ཆ༽འདྲི་ཀ་ཕེབས།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནས་ཡང་རྒྱ་གར་ནས་པཎ་ཎི་ཡིན་ན་གཅིག་ཟེར་གྱིས་ཡོད་ཟའ།
  • བཅའ་འདྲི་བྱ་ཡུལ་
    ཡང་ཨ་ཅི་གཅིག་དང་ཁྱོ་ཀ་གཅིག་བྱས། སྐད་བསྒྱུར་འཁྲིད་བྱས་སླེབས་བྱུང་། ཨོ་ནི་འདྲི་ཀའ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་གཅིག་ལ་ད་སོ་སོས་མིས་གཅིག་དང་པོའི་ལོ་རྒྱུས་ཟོ་ར་གཅིག་དང་རྣམ་ཐར་གཏོང་ཡས་ཟོ་ར་གཅིག་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་བཏང་བྱས་དེ་གའི་ཨོ་ཡང་རྒན་ལགས་ཁོང་རྣམ་པ་ཚོ་ལ་ཕར་ཕུལ་བ་ཡིན།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ང་ཚོའི་ཡ་རུ་ཤང་ནས་མི་བཀོད་སྒྲིག་ར་ཅིག་གནང་། གཅིག་གནང་དེ་གས་བྱུང་སོང་།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་དེ་འཁྲབ་བྱས་ཨོ་དེས་ཡང་དེ་དུས་གང་ལ་ཉིན་མོ་དགུ་ལ་ཡིན་ན་བཅུ་ལ་ཡིན་ན་གཅིག་
  • བཅའ་འདྲི་བྱ་ཡུལ་
    དངོས་གནས་ཡང་གླ་ཆ་ར་གཅིག་སྤྲོད་ག་གནང་མེ་དྲོ། ད་དེ་ནས་ཞེ་ནིང་ལོ་བཱ་ནཱ་ལོ་གསར་ལ།
  • བཅའ་འདྲི་བྱ་ཡུལ་
    བཱ།
  • བཅའ་འདྲི་བྱ་ཡུལ་
    ཞེ་ནིང་ལོ་ཡང་ཉིན་མོ་གཉིས་ཡིན་ན་གཅིག་སློབ་སྦྱོང་བྱས་བྱས་ནས་ཡང་གླ་མ་རྒྱབ་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་གླ་མ་སྦྱིན་པ་དང་དེས་གཞོན་པ་ཚོས་ཨ་ཙི་ད་ནི་འདུག་ཟེ་བསྡད་ན་དེ་ཡོང་བ་མིན་ནིས་ཟེ།
  • བཅའ་འདྲི་བྱ་ཡུལ་
    ད་ནི་གས་ཁུངས་སྐྱེལ་ར་མིན་ནིས། དེ་ལས་ཨར་པོ་ལ་ཕྱིན་ན་དགའ་ཟེ།
  • བཅའ་འདྲི་བྱ་ཡུལ་
    བཤོད་སྲོལ་ར་པོ་ཨོ་འདུག་ཟེ་བྱུང་སོང་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ངེད་ལ་ནི་བྱེད་ཚང་ཟི་གང་ཡི་མེད་པོའོ་དེ་ནི་ད་ལོ་གཞོན་པའི་རེ་བ་ར་པི་ལ་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    ད་གཅིག་གྱང་རྩ་ར་གཅིག་བསླང་བྱས་བདག་པོ་སྤྲོད་ཉིན་ར་གཅིག་བྱུང་ན་བསམ་པའི་
  • བཅའ་འདྲི་བྱ་ཡུལ་
    ནང་ལ་ད་ཨོ་འདུག་ཟེ་རེ་བ་ར་ཅིག་ད་འོ་གང་ག་ལོ་གོ་ད་ང་གཉིས་གཉིས་ཙམ་མ་གཏོགས་གཅིག་ནི་
  • བཅའ་འདྲི་བྱ་ཡུལ་
    ད་མི་གཅུག་གུ༼གཞན་པ༽དེ་གས་སྤྱིར་བཏང་ནས་བྱས་ན་གསར་པ་བྱས་ནས་མི་གང་ག་ལོག་གོ་ད་ཡོང་དེར་ར་པུ་ཆགས་བསྡད་པ།
  • བཅའ་འདྲི་བྱ་ཡུལ་
    མར་ཆུང་མ་དྲགས་ཡར་རྒན་མ་དྲགས་དེ་བྱས་ཆོག་ཆོག་ར་པོ་ཞེ་དག་བཱ་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    དེ་ཡི་ད་ང་གཉིས་རང་ནི་དེ་འདྲའི་ར་པོ་གཅིག་ཁོང་ཚོའི་ད་གར་ཟི་སྣ་འདྲུད་ཟོ་འདྲ་གཅིག
  • བཅའ་འདྲི་བྱ་ཡུལ་
    ད་སྣེ་འཁྲིད་ར་གཅིག་བཱ
  • བཅའ་འདྲི་བྱ་ཡུལ་
    ཁོང་ནི་ལོར་རྒན་བདུན་ཅུ་དོན་བརྒྱད་ལ་ཕེབས་པོ། ང་ནི་བདུན་ཅུ་དོན་དྲུག་ལ་སླེབས་ཀྱོ་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་ཁོང་ཚོའི་གཅིག་ད་གཱ་ཟེ་གཅིག་སྣེ་འཁྲིད་ཟོ་ར་གཅིག་བྱེད་ཡས་ཀྱི་བསམ་བློ་་ར་གཅིག་བཏང་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་གཅིག་ནུའུ་ཟེ་བཱ་མ་བཱ་ཟེར་ཡས་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    ཨེ་ལས་གཅིག་གུ་སོང་བདག་པོ་སྤྲོས་དགོས་བཱ་ཟེ། གཅིག་དེའི་ཟོ་འདྲ་ར་གཅིག་བཀའ་གནང་།
  • བཅའ་འདྲི་བྱ་ཡུལ་
    གཅིག་གུ་རུའུ་༼ཐེངས་མང་པོ༽གཅིག་བཀའ་གནང་བྱུང་།
  • བཅའ་འདྲི་བྱ་ཡུལ་
    ད་དེ་གས་བདག་པོ་སྤྲོད་མི་ཡོང་ནས་བསམ།
  • བཅའ་འདྲི་བྱ་ཡུལ་
    དེ་གཅིག་གུ་སོང་ཡང་བདག་པོ་མེད་པའི་ཟོ་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    དེ་གང་ཙམ་གཅིག་ལ་འོ་ཁོང་ཚོས་གང་ཙམ་བསམ་འཆར་གཏོང་གྲབས་བྱེད་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཁོང་ཚོས་ཉམ་བས་བཤོད་ཀྱིས། ཧེ་ཧེ་། དེ་འདྲས་ར་གཅིག་བྱུང་སོང་མིས་གྲོས་བསྡུར།
  • བཅའ་འདྲི་བྱ་ཡུལ་
    ད་ལྟེ་བ་ལྟེ་བ་ར་དེ་ལྷ་མོ་ནི།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་ནི་
  • བཅའ་འདྲི་བྱ་ཡུལ་
    ཟི་རི་གུ་ཙང་ཁོ་རིའི་དེའི་ཟོ་ར་ར་དེ་གཞུང་ལྟེ་བ་ནས་བལྟས་པ་ར་གཅིག་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    ཁོ་རིའི་ཨོ་དེ་ཁོ་རིའི་བོད་ཟེར་དགོས་བཱ་གང་ཡིན་ན་དེའི་ནང་ཁུག་ལ་ཟློས་གར་ར་ཟོ་ར་
  • བཅའ་འདྲི་བྱ་ཡུལ་
    དེ་དང་པོ་དང་པོ་དེ་ཨོ་ནི་ནས་འགོ་བཙུགས་ནས་མ་གཏོགས་གཅིག་གིས་རྐང་ཁོ་ར་ནས་བྱུང་མི་ནི་ནཱ།
  • བཅའ་འདྲི་བྱ་ཡུལ་
    ངེད་རས་བྱས་ན་འཁྲབ་སྟོན་བྱེད་ཡས་ཁུངས་དེ། དེ་མ་བྱུང་བའི་རྒྱུ་མཚན་གང་ཡིན་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ད་ཨོ་ཕར་གཙོ་ཆེ་ཤོས་ད་ལྷ་ས་འབྲས་སྤུངས་ཞོ་སྟོན་ཟེར་ཡས་དེ་བཱ་ན་ལགས།
  • བཅའ་འདྲི་བྱ་ཡུལ་
    ལྷ་ས་ཞོ་སྟོན་ལ་འགྲོ་དགོས་བཱ་ཞོ་སྟོན་ལ་ཕྱིན་ཡར་རྩེ་ལ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    རྩེ་ལ་ཕོ་བྲང་ལ་འགྲོ་དགོས་བྱུང་ན་ཡང་ཨང་དང་པོ་མི་གུ་བཅུ་ཐམ་པ་ཡོད་པོའོ་ཨོ་དེ་གས་འགྲོ་ཡིས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་ནོར་བུ་གླིང་ག་ལ་མར་བབས་དགོས་བཱ། ནོར་བུ་གླིང་ཀ་ལ་བབས་ན་ཡིན་ད་ག་བ།
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་གཅིག་གིས་འབྲས་སྤུངས་ཕོ་བྲང་ད་ག་ནང་བཞིན་གུ་གུ་ག་པར་ཕྱིན་ན་ཡང་
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་ནི་སྔོན་དང་པོར་འགྲོ་ཡས་མ་གཏོགས་གཅིག་གིས་ལྷ་མོ་ནིའི་གི་སྔོན་ལ་གོམ་པ་གང་སུ་གཅིག་གིས་ལྷ་མོ་བཅུ་གཉིས།
  • བཅའ་འདྲི་བྱ་ཡུལ་
    མི་གཅིག་བྲོ་པ་ཟེར་ཡས་དེ་གས་བཅུ་གསུམ་ཛ་གཅིག་གི་དེ་ཡོའོ་པོའོ་། བཱ་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་གིས་ནང་ཁུག་ལ་ཨང་དང་པོ་ཨོ་ནི་འགྲོ་དགོས་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ད་མི་མཁས་པོ་སྙན་པོ་བྱས་ཞེ་དྲག་བྱས་ག་ཡེ་མེད་པོའོ་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་ལས་མཁས་པའི་ལྷ་མོ་ཆེ་ཁག་ཞེ་དྲག་ཡོད་པོའོ་ཅོང་པ་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    རྒྱང་ཁར་ཟེར་ཡས་ར་པོའོ། ད་ག་ནང་བཞིན་གཅིག་གིས་སྐྱོ་མོ་ལུང་པ།
  • བཅའ་འདྲི་བྱ་ཡུལ་
    ད་ཡ་རིའི་གང་ག་མི་ལྷ་མོ་ཁོ་རུ་འཁྲབ་འཁྲབ་སྡོད་ཉིང་དེ་ཚོ།
  • བཅའ་འདྲི་བྱ་ཡུལ་
    ད་ནིའི་གྲས་གས་དེ་ག་དུ་སུ༼གང་འདྲ་༽བཱ་གས་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ཡང་དུས་རྒྱུན་དུ་ཁྲལ་བསྐྱལ་སྡོད་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་འོ་འགྲོ་དགོས་གུ་སོང་འབྲས་སྤུངས་ཞོ་སྟོན་འགྲོ་ཡས།
  • བཅའ་འདྲི་བྱ་ཡུལ་
    ད་འོ་ད་ལྟ་ཁག་གཅིག་ཡུ་རུ་ཡར་དེ་ལ་ལྕགས་ཟམ་ལ་འགྲོ་ཡས་གཅིག་ཡོའོ་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་གྲུབ་ཐོབ་ཐང་སྟོང་གི་ཁོང་རའི་དེ་ཀ་ནང་ནས་ཡར་འོ་ལྕགས་ཟམ་ཆུ་བོ་རི་ལ་
  • བཅའ་འདྲི་བྱ་ཡུལ་
    ད་ལྟ་འོའོ་ཡ་རུ་ལྕགས་ཟམ་ཅི་ད་རུ་དེ་དགོན་པ་གཅིག་ཡོའོ་འོ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ལ་ཡར་ཕྱིན་ཕར་ཁུར་པོ་ལོ་རོང་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་ཆུ་འགོ་ཡང་རྩེ་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ཨོ་ཡིན་ནས་ཡར་འགྲོ་ཡས་དེ་ལོ་གསར་ལ་ཡང་ལོ་གསར་སོ་སོའི་ཁང་པའི་ནང་ལ་གཏོང་ཡས་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ལོ་གསར་ཚེས་པ་གཅིག་ལ་ཨོ་ཡོ་རུ་ཡར་འཁྲབ་ཀ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཟླ་བ་དང་པོའི་རིང་ཀ་ཡར་ཡ་མགོར་ཀྱི་བཱ་བཱ་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    མགོར་ཀྱ།
  • བཅའ་འདྲི་བྱ་ཡུལ་
    ད་གར་ཟི་སྦྱིན་བདག་གཅིག་མིས་དགོན་སྡེ་ཁག་ཆེན་པོ་དེ་ཚོ་ཡིན་ན་འདྲ།
  • བཅའ་འདྲི་བྱ་ཡུལ་
    ཞི་ཁག་ཁག་ཆེན་པོ་དེ་ཚོ་ཡིན་ན་འདྲ། ད་དེ་ཚོ་རྦད་དེ་སྦྱིན་བདག་དེ་རྒྱུན་དུ་ཡོད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ག་པར་ཚང་ཆོག་ཆོག ཨོ་དེ་གིས་གས་ཕར་བདག་སྤྲོད་ར་བྱས་དེ་གནང་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་ཡ་རིའི་༼ང་ཚོའི་༽ ན་པ་ཆ་བཞག་བྱས་ན་ནི་མཛད་སྒོ་ཆེན་པོ་ར་གཅིག་དགོན་སྡེ་ཁག་གི་གཅིག་མཛད་སྒོ་ར་པོ་དེ་འདྲས།
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་པའི་ཞི་ཁག་ཁག་གི་འཁྲུངས་ས་སྐྱོན་ཡས་ཟོ་ར་ར་པོ།
  • བཅའ་འདྲི་བྱ་ཡུལ་
    དེ་ག་ནང་བཞིན་གཅིག་ཡང་མི་ཁྲི་བཤགས་གནང་ཡས་ཟོ་ར་ར་པོ།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་ལ་ཡང་ཧ་མ་གོ་ནའི་ཁོ་རྣམ་ཚོས་སྐད་བཏང་བྱས་དེ་འདྲས་གཅིག
  • བཅའ་འདྲི་བྱ་ཡུལ་
    འགྲོ་དགོས་བཱ་ལའོ། སྐད་གཏོང་གི་བཱ་ལགས་། མི་གས་། ཤོག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཡང་གཅིག་སྤྱི་ཚོགས་རྙིང་པའི་བྱས་ན་བླ་མ་ར་པོ་དེ་འདྲས་འཁྲུངས།
  • བཅའ་འདྲི་བྱ་ཡུལ་
    གཅིག་སང་བྱེད་ཡས་ཡོའོ་པོའོ་ནཱ་ཨེ་རིའི་༼ང་ཚོའི༽དགོན་པའི་ནང་ལ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གའི་གུ་སུང་ལྷ་མོ་ཨོ་ནི་སྐད་བཏང་བྱས་དེ་ར་གཅིག་བྱེད་པཱ། ད་ལྟེ་བ་ར་དེ་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    ཨོ་ཡང་དང་པོ་དེ་ཨོ་ན་ག་༼འདི་རང༽བཱ་ཟེར་ཡས་དེ་བཤོད་རེས་ལ་ཨོ་འདུག་ཟེ་བཤོད་ཀྱི་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་གང་བྱས་མི་ཐོག་རྟགས་ལ་མ་སོང་ནའ་ད་གང་བྱས་རྒྱལ་དབང་ལྔ་པའི་དུས་ནས་ད་ལྷ་མོ་ནི་འཁྲབ་ཀྱོ་བཱ་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་དུས་ཚོད་རྟགས་ལ་མ་སོང་ནའི་གཅིག་རྒྱལ་བ་ལྔ་པ་ནས་དྲུག་པ་བདུན་པ་བརྒྱད་པ་
  • བཅའ་འདྲི་བྱ་ཡུལ་
    དགུ་པ་བཅུ་པ་བཅུ་གཅིག་བཅུ་གཉིས་བཅུ་གསུམ་བཅུ་བཞི་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    བཅུ་བཞི་བྱས་ཙང་ད་མི་ཐོག་ཁོ་རོ་མི་ཐོག་དགུ་ཙམ་གཅིག་ཕྱིན་ཀྱོ་བཱ། ད་དེ་དང་དེའི་ཛོ་ར་གཅིག་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཕྱིན་ནིས་དགེ་རྒན་ཁོ་ར་པོ་གཅིག་ཁྲིད་སོང་། དགེ་རྒན་ཡིན་དཱ།
  • བཅའ་འདྲི་བྱ་ཡུལ་
    སྔོན་མ་སྔོན་མ་། དང་གུ་གོ་ཙམ་གྱི་དགེ་རྒན་ལྷུན་གྲུབ་ཟེར་ཡས་གཅིག་གིས་། ཨོ་དེ་ཞེ་པོ་གཅིག་ཡོད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་དེའི་མཇུག་ལཱ་ཡི་དེ་དགེ་རྒན་ང་ཚོར་རྒན་པས་གསུངས་མྱོང་། དགེ་རྒན་སྨིན་དྲུག་ཟེར་ཡས་གཅིག་
  • བཅའ་འདྲི་བྱ་ཡུལ་
    ད་དེའི་མཇུག་ལ་ཡི་དགེ་རྒན་ཕུན་ཚོགས་དོན་གྲུབ་ཟེར་ཡས་གཅིག་གཅིག་ཡོད།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གིས་ཀྱི་དགེ་རྒན་འོག་ལ་ད་ང་གཉིས་ཀས་ད་འགྲིམས་བསྡད་བྱས་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    ཉམ་ཉམ་གཅིག་བཤོད་ཡས་ཡོད་པའི་ཟོ་ར་ར་པོ་མ་གཏོགས།
  • བཅའ་འདྲི་བྱ་ཡུལ་
    ཡང་ང་ཚོའི་དེ་ལ་རྦད་ད་ཞོ་སྟོན་འགྲོ་དགོས་བཱ་། ད་ལྷ་མོ་བསླབས་དགོས་བཱ་ཟེར་ཡས་མེད་པོའོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨོ་ད་ནང་ནས་ཐོན། བོང་བུ་ལ་ཉལ་ཆས་དང་ལྟོ་ཕད་བསྐྱལ། དེ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ཙེ་༼དེ་དུས༽འཕྲུལ་ཆས་མེད་པོའོ་ནཱ། དེ་དགོས་ཁ་ལ་རྒྱབ་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    འཕྲུལ་ཆས་ནི་མེད་པོའོ་ནཱ་ དེ་ནི་བསམ་ཡས་ནང་པའ་སླེབས་པའི་གུ་སང་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    ཨོ་ཡུག་ཙམ་ཡུག་ཙམ་༼འཁྱུག་ཙམ་འཁྱུག་ཙམ༽ར་གཅིག་དགོང་དག་གུ་སོང་བསླབས་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་མ་གཏོགས་བསླབས་བྱས་ཡང་ཡིན་མདོག་ཁ་པོ་བྱེད་ཡས་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་ཚོས་དྲན་ཐོག་གཅིག་ལ་ཡང་སྔོན་མ་དགེ་རྒན་སྨིན་དྲུག་ཟེར་ཡས་གཅིག་དང་དགེ་རྒན་ནོར་བུ་ཟེར་ཡས་གཅིག་ཡོད།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གས་ཡང་ཨོ་ནུ་རུ་དེའི་ག་སང་གཞིས་ཀ་དེ་ཡོད་པོའོ། གཞིས་ཀ་དེ་གཡུལ་ཁའི་ནང་ལ་ཡང་ཨོ།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག་བཱ།
  • བཅའ་འདྲི་བྱ་ཡུལ་
    ཡང་ཨོ་ང་ལོ་བཅུ་གཉིས་སླེབས་པའི་ལོ་དེ་བཱ། ལྷ་མོ་དང་ཐོག་ལ་ཚང་འགྲོའོ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཡང་ཨོ་རུ་ཉིན་མ་གསུམ་ཡིན་ན་བཞི་ཡིན་ན་གཅིག་ཡང་བསླབས་སོང་། ཡག་པོ་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་དེ་ལ་དེའི་སློབ་གྲྭ་༼སློབ་མ༽བྱས་ཨོ་ཟེ་དོན་དུས་༼ད་དུང་༽དོན་ཡས་གཞན་པས་ཞེ་པོས་ནུའུ་ནུ་ནཱ་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    ཁྲི་མེད་ལུང་མེད་ནུའུ་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་ཀས་ཆ་ཚང་བྱས་ལོ་གསར་གཞུང་ནི་ལ།
  • བཅའ་འདྲི་བྱ་ཡུལ་
    ད་མི་ཨེ་རས་༼ང་ཚོས༽གཞུང་དག་པ་བྱས་ཆ་ཚང་བདུན་འཕྱོངས་དང་ཞེ་དྲག་མེད་པོའོ་དེ་
  • བཅའ་འདྲི་བྱ་ཡུལ་
    བཤོད་སྲོལ་དང་མི་ཁོ་རིའི་དེའི་ནང་ནས་བྱས་ན་ལོ་གསར་གཞུང་བཤད་ཡས་ལ་བྱས་ན་
  • བཅའ་འདྲི་བྱ་ཡུལ་
    ཉིན་མོ་བདུན་གཅིག་འགོར་གི་པོའོ་ཟ།
  • བཅའ་འདྲི་བྱ་ཡུལ་
    དེ་བཤོད་ཀྱི་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ད་གིན་དེ་ཨོའོ་སོ་སོས་དེ་བཤོད་ཀྱིས་ནཱ། ཆས་རེ་རེ་ལ་ཉིན་མོ་རེ་རེ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཆས་རེ་ལ་ཉིན་མོ་རེ་རེ་རེ་རེ་བྱས། རྔོན་པ་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    སྔགས་པ་ཟེར་ཡས་ར་པོ། ཡང་ནོར་བཟང་ཟེར་ཡས་ར་པོ། ཡིད་འཕྲོག་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    མ་གཅིག་ག་ཧ་རུ་ནག་པོ་ཟེར་ཡས་ར་པོ། མིར་རྒོད་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འདྲས་གཅིག་དོན་བྱས་བྱེད་པཱ།
  • བཅའ་འདྲི་བྱ་ཡུལ་
    བཤོད་ཡས་ལ་ནི་ཉིས་སྟོང་ལྔ་བརྒྱ་ཡིན་ན་གཅིག དེ་ནི་མི་སྣ་ཟེ་དེ་པ་ཨ་ནི་ཨེ་རས་དྲན་ཐོགས་ལ་ད་ལྟ་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    རྨོ་རུ་ལ།
  • བཅའ་འདྲི་བྱ་ཡུལ་
    རྨུ་རུ་དང་ཞེ་དག་ལ། མི་སྣ་ཁྲིག་གིས་༼ཆ་ཚང་༽
  • བཅའ་འདྲི་བྱ་ཡུལ་
    རྨུ་རུ་གྲྭ་ཚང་ལ་ཞེ་དག་མི་སྣ་ཁྲིག་དོན་འཇུག་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    འབྲུག་པ་དང་ཁ་ཆེ་དང་དེ་ནི་གང་གའི་ཆད་སྤྲས་བྱས་དོན་བྱས་དེ་འདྲས་བྱེད་ནུའུ།
  • བཅའ་འདྲི་བྱ་ཡུལ་
    ཟེར་ཡས་ར་པོ་བྱས་ན་ཨོ་འདུག་ཟེ་ད་གཞུང་ར་དེ་མི་སྣ་མང་པོ་བྱས་བྱས་དང་པོའི་དེ་ལ་
  • བཅའ་འདྲི་བྱ་ཡུལ་
    མིའི་རིང་པོ་བྱས་ཡག་པོ་བསླབས་གནང་ཡག་པོ་ར་པོ་ནུའུ།
  • བཅའ་འདྲི་བྱ་ཡུལ་
    ཨེ་ནི་ད་རིང་སང་གུ་སུའུ་། སྔོན་མའི་དགེ་རྒན་དམ་པ་ཚོ་གིའི་བསླབས་ཀྱོ་དེ་ཚོ་ཡི་རྦད་བརྗེད་པའི་བཟོ་ར་པོ་གཅིག་བྱས་ཙང་།
  • བཅའ་འདྲི་བྱ་ཡུལ་
    ཤན་མིའི་གཅིག་ཡག་པོ་ག་རུའུ་ར་པོ་གཅིག་ཡག་པོ་གུ་རུའུ་ར་པོ་གཅིག་བྱེད་ཡས་བཟོ་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ང་གཉིས་ཞེ་དག་དགེ་རྒན་འོག་ཡས་འགྲོ་ཉེན་བཟོ་ར་པོ་བྱས་སོང་ངོ་།
  • བཅའ་འདྲི་བྱ་ཡུལ་
    བྱས་ནས་ཨེ་ནི་དེ་ནི་ད་དགེ་རྒན་དེ་གས་ནི་དགོངས་པ་རྫོགས་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་མཇུག་ལ་ཕར་བྱས་ཚུར་བྱས་དེ་ནི་ཡང་སློབ་སྦྱོང་བྱེད་དགོས་བཱ་ཟེ་
  • བཅའ་འདྲི་བྱ་ཡུལ་
    བཀའ་གནང་ནས་དེ་ནི་ངེད་འོ། སློབ་སྦྱོང་དེ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཡང་དགེ་རྒན་ཚབ་ར་དེ་ངས་བྱས་དེའི་འོག་དེ་ཁོང་འདྲས་གནང་། ང་གཉིས་ཀས་གུ་རུའི་ར་གཅིག་འཁྲིད།
  • བཅའ་འདྲི་བྱ་ཡུལ་
    བྱེད་ཀ་བྱས་བྱས་དེ་ནི་ཡང་དངོས་གནས་མི་ཟེར་དེས་བརྒྱད་ཅུ་བརྒྱ་བདུན་ལོ་ལ་འགྲོ་དགོས་གུ་སོང་།
  • བཅའ་འདྲི་བྱ་ཡུལ་
    ཆུ་ཚོད་བཞི་ལྔ་ཟེ་དེ་འཁྲིད་བྱུར་ཁོ་ར་འཁྲབ་ཐུབ་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    དེ་རིང་སང་དེ་བྱེད་ཡས་ར་གཅིག་ཡིན་ན་དཱ།
  • བཅའ་འདྲི་བྱ་ཡུལ་
    མི་ང་གཉིས་མ་གཏོགས་འོག་མ་དེ་གས་གང་ག་ལོ་གོ་༼ཚང་མ༽ཡོངས་ལྡིག་ཁོ་ར་ཆགས་བསྡད་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    གཞོན་པ་གཞོན་རྐྱང་རྐྱང་རྐྱང་ཡིན་དཱ།
  • བཅའ་འདྲི་བྱ་ཡུལ་
    ཆུང་ཆུང་བྱས་རྦད། ད་དེ་གས་སྤྱིར་བཏང་རང་མགོ་འདྲོངས་ཉེན་བཱ་ཟེ་གི་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    རྒན་ཁོག་བྱས་ཡོད་ཚོ་༼ང་ཚོ༽ར་གཅིག་མ་བཱ།
  • བཅའ་འདྲི་བྱ་ཡུལ་
    ལོ་སུམ་ཅུ་ཡར་འགལ་མར་འགལ་ཟོ་ར་ར་པོ་ཞེ་དྲག་བྱས་བསྡད་ཡོད་པོའོ་དེ་ནི་།
  • བཅའ་འདྲི་བྱ་ཡུལ་
    ད་མཇུག་རྫ་གུ་སོང་མི་༼མཇུག་ཏུ༽ད་བདག་པོ་མེད་པའི་བཟོ་འདྲ་པོ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཁོ་ཚོ་ཁོ་ཚོའི་དེ་བྱས། རང་མཚམས་ར་པོ་གཅིག་བྱས་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བྱེད་ཀྱི་ཡོད་ལོའོ་ད། ལྷོད་གཡེངས་བཟོ་ར་པོ་གཅིག་ཤོར།
  • བཅའ་འདྲི་བྱ་ཡུལ་
    ཡང་དེ་ནི་ད་ནུའུ་པཱ་ཨོའོ་བ་ཆེ་༼མང་ཆེ་བ༽ར་པོ་ཨར་པོར་ཕྱིན་བསྡད་ཡོད་པོའོ་ཕྲུ་གུ། ལྷ་མོ་ཤེས་མཁན་དེ་ཚོ།
  • བཅའ་འདྲི་བྱ་ཡུལ་
    ཞེ་དྲག་བསྡད་མེད་པོའོ་ནུའུ་པཱ།
  • བཅའ་འདྲི་བྱ་ཡུལ་
    བསྡད་མ་སོང་
  • བཅའ་འདྲི་བྱ་ཡུལ་
    ད་ཁོང་ཚོ་གསུམ་བསྡད་མེ་དྲོ་འདི་རུ་བསྡད་པ་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཨ་ཁུ་བག་བྲོ་ ཨ་ཇོ་བག་བྲོའི་བསྡད་མི་འདུག་གས།
  • བཅའ་འདྲི་བྱ་ཡུལ་
    ཨ་ཇོའོ་བག་བྲོ་ཤན་ལ་ཕྱིན་པཱ་ཡིན་ན་གཅིག་ཟེར་དེ་རིང་།
  • བཅའ་འདྲི་བྱ་ཡུལ་
    བུ་མོ་དེ་སྨན་ཁང་ལ་འཁྲིད་ཕྱིན་མེད་ན།
  • བཅའ་འདྲི་བྱ་ཡུལ་
    ཨོ་གཅིག་བཤད་སོང་ད་རིང་།
  • བཅའ་འདྲི་བྱ་ཡུལ་
    གཞན་ཉམ་དྲགས་པའི་ཁུངས་ར་གཅིག་ཨོ་ད། ཟླ་བ་བྱས། ཨ་ཅོ་བག་བྲོ་བྱས། པད་མ་གཡང་སྐྱིད།
  • བཅའ་འདྲི་བྱ་ཡུལ་
    སྐར་མ་ཚེ་རིང་།
  • བཅའ་འདྲི་བྱ་ཡུལ་
    སྐར་མ་ཚེ་རིང་ཟེར་ཡས་དེ་བྱས། པ་སངས་ཚེ་རིང་བྱས། གང་བྱས་མིན་བྱས་བཅོ་ལྔ་ཙམ་གཅིག་ཡོད་པོའོ་གཞན་ནི།
  • བཅའ་འདྲི་བྱ་ཡུལ་
    ཡོད་པོའོ། བཅོ་ལྔ་རང་ཡིན་ཡིན་ནའ། བཱ་ནཱ
  • བཅའ་འདྲི་བྱ་ཡུལ་
    བཱ། བཅོ་ལྔ་བཱ། སྔོན་མ་ཨེ་རི་འགྲོ་པའི་གུ་སོང་མི་བཅོ་ལྔ་བཱ། མི་བཅོ་ལྔ་ཁྲིད།
  • བཅའ་འདྲི་བ་
    བུ་བཱ་གས།
  • བཅའ་འདྲི་བྱ་ཡུལ་
    འོ། བུ་བཱ་།
  • བཅའ་འདྲི་བྱ་ཡུལ་
    བུ་རྐྱང་རྐྱང་། བུ་རྐྱང་རྐྱང་བཱ།
  • བཅའ་འདྲི་བྱ་ཡུལ་
    བུ་མོ་རྐང་འདྲ་མེད་བོའོ།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་ནིའི་གྲངས་ཀ་ལ་བུ་མ་གཏོགས་བུ་མོ་རྐང་འདྲ་མེད་བོའོ་ད་ལྟ། ལྷ་མོ་ཆུང་ང་དེ་ཚོའི་གྲངས་ལ་ཨི་ནཱ།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་བཀྲ་ཤིས་ཞོལ་པ་ཟེར་ཡས།
  • བཅའ་འདྲི་བྱ་ཡུལ་
    ད་བཀྲ་ཤིས་ཞོལ་པ་ལ་བུ་མོ་ནུའུ་ཀཱ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་སང་ནུའུ་ཀཱ་མི།
  • བཅའ་འདྲི་བྱ་ཡུལ་
    བུ་མོ་བཞི་ཡིན་ན་ལྔ་ཡིན་ན་གཅིག་ནུའུ།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག
  • བཅའ་འདྲི་བྱ་ཡུལ་
    གཞན་སྔ་མོ་སྔ་མོ་ཨིན་ན།ཞོ་སྟོན་ལ་འགྲོ་དགོས་གུ་སོང་སྡེང་ཆའི་སྒང་ལ་ལྷ་མོ་གང་གི་ཨིན་ནའ་
  • བཅའ་འདྲི་བྱ་ཡུལ་
    ཁག་བཅུ་གཉིས་དེ་གས་བུ་མོ་ཟེར་ཡས་གཅིག་རྐང་འདྲ་འཁྲིད་ཆོག་གི་མ་བཱ།
  • བཅའ་འདྲི་བྱ་ཡུལ་
    ལྟེ་བ་བྱས་ན་ཨོ་ཕ་གིའི་རྒྱལ་བ་ལྔ་པའི་ལྷ་མོ་
  • བཅའ་འདྲི་བྱ་ཡུལ་
    བཱ་ཡི། གཅིག་པ་བཱ་དཱ།
  • བཅའ་འདྲི་བྱ་ཡུལ་
    དེ་། དེའི་ནང་ཁུག་ལ་གནད་དོན་གཅིག་ཡོད་པོའོ། གང་ཡོད་ཟེར་ན།
  • བཅའ་འདྲི་བྱ་ཡུལ་
    ད་དང་པོ་ཨིན་ཡས་དེ་རྒྱལ་བ་ལྔ་པོ་ཟེར་ཡས་དེའི་སྤྱན་དེ་རྒྱན་གཟིགས་བཱ་ནཱ། ངེད་རའི་མིག་དང་འདྲ་གི་མ་བཱ།
  • བཅའ་འདྲི་བྱ་ཡུལ་
    ང་ཚོའི་འབག་དེའི་ཨོ་འདུག་ཟེ་ཡར་མིག་དེ་གྱེན་བལྟ་བཱ།
  • བཅའ་འདྲི་བྱ་ཡུལ་
    མིག་དེ་གྱེན་ལ་ཡོད་པཱ།
  • བཅའ་འདྲི་བྱ་ཡུལ་
    རྐྱང་རྒོད་རྒྱལ་མཆོག་ལྔ་པ་ཆེན་པོའི་འཁྲུངས་ཡུལ་ཟེར་རིས་གུ་དུས་འབག་དཀར་པོ། མིག་ཡར་བལྟ་ཟེར་བཱ།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་བ་ལྔ་པོ་ཟེར་ཡས་དེའི་སྤྱན་དེ་ཡར་གྱེན་ལ་ཡོད་པོའོ། ཨོ་དེ་གས་ད་ཁོ་རའི་རྟགས་ཆས་བཟོ་ར་དེ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཨོ་དེ་སྔ་རྟིང་ག་པར་ཡིན་ནའི་སྔོན་ལ་མགོ་ར་གཅིག་འཛུགས་ཀ་ཡང་འགྲོ་དགོས་ཡས་
  • བཅའ་འདྲི་བྱ་ཡུལ་
    མཇུག་ལ་མཇུག་གུ་ར་གཅིག་གི་རྡོག་ག་ཡི་འགྲོ་དགོས་ཡས་བཀྲ་ཤིས་བཟོ་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    ཁོ་རའི་ཨོ་ལོ་རྒྱུས་ར་དེ་ཨོ་འདུག་ཟེ་ནུའུ་ཀཱ།
  • བཅའ་འདྲི་བྱ་ཡུལ་
    མཇུག་རྩ་མཇུག་རྩ་ལ་དེ་ནི་བཀྲ་ཤིས་དེ་གས་བཅོས་པའི་གུ་སོང་ཞེ་དག་མ་རུ་ཞོལ་ལས་ཁུང་ཟེར་དེ་ལ་བཅོས་ཀྱི།
  • བཅའ་འདྲི་བྱ་ཡུལ་
    ཨ་དའ། རྩེའི་འོག་དེ་རུ་ཞོལ་ལས་ཁུངས་གཅིག་ཆགས་བསྡད་པོའོ་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རུ་གང་ག་ལོ་གོ་ཡོད་པོའོ། ལས་ཁུངས་བྱས་། བཙོན་ཁང་བྱས།
  • བཅའ་འདྲི་བྱ་ཡུལ་
    དུམ་༼ཚང་མ༽འཛོམས་བསྡད་པོའོ་དེའི་ནང་ལ་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ཨོ་དེ་རུ་།
  • བཅའ་འདྲི་བྱ་ཡུལ་
    དེ་ཨོ་དེ་རུ། ཨོ་དེ་རུ། བཀྲ་ཤིས་དེ་བཅས།
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་དེ་བཅས་ནས་དེ་ནི་ལྷ་མོ་གཞན་དག་རྐང་འདྲ་ཁོ་རུ།
  • བཅའ་འདྲི་བྱ་ཡུལ་
    རྐང་ཁོ་རུ། གླིང་ཁ་ཁོ་རུ།
  • བཅའ་འདྲི་བྱ་ཡུལ་
    ལྷ་སའི་གླིང་ཁ་ནང་ཁུག་ལ་བརྔ་བརྒྱབ་ཆོག་ཡས་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    དེ་གཞན་དག་མི་ལྷ་མོ་དུས་རྒྱུན་དུ་འཁྲབ་ཉི་དེ་ཚོ་ཕྱི་ཁག་ཕར་འགྲུ་ཡས་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཕྱི་ལོགས་ལ་དང་། གླིང་གི་ཕྱི་ལོགས་ཞེ་དག་འགྲོ་པཱ། དེ་པར་བརྔ་བརྡུངས་ཙམ་བྱས་ཆོག་གི་མ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཡང་གླིང་ཀའི་ནང་ཁུག་ལ་ཁྱད་མཚར་དེ་འདྲས་གཅིག་ནུའུ་ཀཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ཨོང་གང་བྱས་དང་པོའི། ད་ལྷ་མོ་དང་པོ་འཁྲབ་པའི་གུའུ་ཙང་ནུའུ་ཟེ་བཱ་ཟེར་མ་བཱ་ཟེར་
  • བཅའ་འདྲི་བྱ་ཡུལ་
    དང་ཐོག་ཅིག་ནུའུ་ནཱ། དང་ཐོག་ནས་བྱས་ནས་འདོན་རྒྱག་ཡས་དང་།
  • བཅའ་འདྲི་བྱ་ཡུལ་
    དང་ཐོག་ནས་འཁྲབ་པའི་ག་ཙང་འདོན་རྒྱག་ཡས་དང་འདོན་རྒྱབ་བྱས་དེ་ནི་ཆོས་ཆོས། བྱས་ནས།
  • བཅའ་འདྲི་བྱ་ཡུལ་
    མཆོད་བླ་མ་དཀོན་མཆོག་གསུམ་ལ་མཆོད་ཟེར། ད་དེ་ནས་ཨེ་ནིའི་གཅིག་འཁྲབ་། འཁྲབ་ཚར་སོང་ནུའུ་ནཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དགའ་ས་དཀྲིས་ཟེར་ཡས་དེ་བཏང་། དགའ་ས་དཀྲིས་ཟེར་ཡས་དེ་བཏང་ཚར་ནས།
  • བཅའ་འདྲི་བྱ་ཡུལ་
    སྐྱིད་ཤར་ཟེར་ཡས་དེ་བཏང་། སྐྱིད་ཤར་བཏང་ཚར་སོང་ན། ཞོ་གོང་ཟེར་ཡས་དེ་བཏང་།
  • བཅའ་འདྲི་བྱ་ཡུལ་
    ཨེ་ནི་དེ་ནས་དེ་ནས་འོ། གཅིག་སོ་སོའི་མཇུག་གུ་བཤོད་ཡས་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ཨ་དེ་ཐང་སྟོང་རྒྱལ་པོ་དང་གཅིག་ཟེར་ཡས་དེ་། དེ་བཤོད་ཀྱི་བཱ། དེ་བཤད་ཚར་སོང་ན།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་རྣམ་ཐར་བཅུ་གཉིས་མ་བྱ་ཟེར་ཡས་དེ་བཏང་ཡོང་།
  • བཅའ་འདྲི་བྱ་ཡུལ་
    ད་ཨེ་རིའི་མགོ་བརྗོད་གཏོང་སྟངས་ར་པོ་དེ་ལ་བྱས་ནི།
  • བཅའ་འདྲི་བྱ་ཡུལ་
    ཁོང་ཚོའི་ཅི་གཞན་དག་གི་གཏོང་སྟངས་དང་ཨ་ནི་སོ་སོ་དེ་གཅིག་ཡོད་པོ།
  • བཅའ་འདྲི་བྱ་ཡུལ་
    འདྲ་པོ་མེད་པོའོ་། ངེད་ཚོའི་དེ་སྐད་སྦོམ་པོ་ར་གཅིག་ཕར་དེ་བྱེད་པོ་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་ག་ཟེ་བྱས་ན་ཨེ་རིའི་གཅིག་བད་ཨོ། སྤྱིར་བཏང་གཅིག་གྲོང་གསེབ་ནང་ལ་གཞས་བསྐོར་འདྲ་ཚེ་ཚེ་ར་སང་
  • བཅའ་འདྲི་བྱ་ཡུལ་
    ཡོད་པོའོ་ཀོ། ཧེ་ཧེ་ཧེ།
  • བཅའ་འདྲི་བྱ་ཡུལ་
    ད་འོ་།གཞན་དག་ཡིན་ན་སྐད་ཕྲ་མོ་བྱས་སྙན་ངམས་དེ་བྱས་པོ་ནུའུ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ངེད་ཚོའི་དེ་ཡང་སྐད་དེ་སྦོམ་པོ་བྱས། ད་བཀྲ་ཤིས་ཞོལ་པ་དང་ངེད་པར་རུབ་༼བར་དུ༽ཆ་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    ཡ་ཡི་སྐད་དེ་སྙོམ་ཀྱི་མ་བཱ།
  • བཅའ་འདྲི་བྱ་ཡུལ་
    སྐད་དེ་ཚ་ཀྱི་བཱ། ངེད་ཚོའི་དེ་སྐད་སྦོམ་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ངེད་ཚོའི་ནི་ཝོས་ཝོས་ཝོས་ཟེར་རྐྱང་རྐྱང་གི་དེའི་བཟོ་འདྲ་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་ཅི་ཟེར་དགོས་ན་ངེད་ཅི་དེ་མ་གཏོགས་གཅིག་ཅིས་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    བཱ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་དེ་ཀྱི་ལྕང་གླིང་རྨ་བྱ་ཟེར་ཡས་ར་པོ་དེ་ཚོ་བཏང་ཚར་སོང་ན།
  • བཅའ་འདྲི་བྱ་ཡུལ་
    ཨེ་ནི་ཡང་རྔོན་པའི་ཆས་སྤྲོས་ཀྱི་བཱ་ལགས། ཡར་ཞོག་སྔོན་ལ།
  • བཅའ་འདྲི་བྱ་ཡུལ་
    ད་རྒྱལ་པོའི་ཚ་ཆུང་པད་མ་སྣང་མཛོད་དཀྲུངས་ཉེན་ཡིན་པའི་སྐད་ཆ་བཱ་ལགས་ཁོ།
  • བཅའ་འདྲི་བྱ་ཡུལ་
    ཁོས་དེ་ངེད་པོའི་ཆས་དེ་སྤྲས་བྱས་ཨོ་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    ད་ཨོ་དེ་ལ་ཡང་རྣམ་ཐར་གཏོང་ཡས་དེ་ཉམ་ཅིག་ཕྲ་གི་བཱ་ལགས། ཉམ་ཕྲ་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོའི་རྣམ་ཐར་དེ་གས་ཕྲ་གི་བཱ་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    འོ། ལྷ་མོའི་དེ་ཕྲ་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་དེའི་དེ་སྔར་རྒྱུན་བཏང་ན་ཡང་ལྷ་མོའི་དེ་ཡང་ཉམ་སྐད་ཕྲ་ཕྲ་
  • བཅའ་འདྲི་བྱ་ཡུལ་
    དེ་བྱས་། ལྷ་མོ། ད་ལྷ་མོ་གཉིས་ཡོད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གཉིས་ཀྱིས་ད་གཅིག་རྔོན་པ་དེ་ལ་ཕར་མིའི་དེའི་བཟོ་ར་ར་པོ་གཅིག་དེ་ན་གཞོན་རྔོན་པ་དེ་གང་བྱས་རྒྱལ་པོ་།
  • བཅའ་འདྲི་བྱ་ཡུལ་
    དེ། མི་མདའ་ཀླད་ཟེར་ཡས་གཅིག་སྟོན་གྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ཆོས་རྒྱལ་ནོར་བཟང་གི་ད་མི། མཚོ་དེ་དཀྲུངས་ཉིན་༼སྲུང་མཁན༽དེ་དེ་བཱ་ནཱ་ལགས་།
  • བཅའ་འདྲི་བྱ་ཡུལ་
    ན་གཞོན་རྔོན་པ་ཟེར་ཡས་དེ། ད་བྱས་ཙང་མཚོ་དེའི་ཁྱད་ལ་ད་གཅིག་གང་ཟེར་ཀས།
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཕྱོགས་ཡོན་ཏན་གྱི་དེ་ནི་དེ་གས་
  • བཅའ་འདྲི་བྱ་ཡུལ་
    སྔགས་པའི་རྒྱལ་པོ། མར་མཚོ་དེ་ལ་སྔགས་པས་
  • བཅའ་འདྲི་བྱ་ཡུལ་
    སྔགས་པའི་རྒྱལ་པོ་དགྲ་ནག་ཁང་འཛིན་ཀྱིས་དེ་ནི་དུག་རྒྱག་གཱ་ཡོང་ཀྱོ་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་བྱས་ཙང་ན་ཨེ་ནི་ད་རྔོན་པ་ཁྱོད་རང་རྦད་དེ་མཚོ་དེ་ཡག་པོ་དཀྲུངས་རོགས་བྱེད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཀླུ་འཐེན་དེ་གས། ད་ལྷ་མོ་དེ་གས་རྣམ་ཐར་བཏང་བྱས་མི་འདིར་གཡས་ཟེར་ཡས་གཅིག་བརྡུངས་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨེ་ནི་དེ་ནས་རྔོན་པ་དེ་གྱིས་བྱས་སོང་ན་དེ་ནི་སྔགས་པ་དེ་དོན་ཡོང་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    སྔགས་པ་དོང་སོང་ནུའུ་ན་དེ་ནི་ཁོས་དེ་ནི་རྦད་གནོད་དེ་གས་སྐྱེལ་ཀྱི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    མཚོ་དེ་ལ་ཡང་གནོད་སྐྱེལ་བྱས་ཞེ་དྲགས་རང་བྱེད་ཀ་བྱེད་པཱ། ད་གང་ཙམ་དེ་ནི་ཡང་དེ་བྱེད་པཱ་ལཱ།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་པོའི་ས་སྤྲིན་པད་མ་ནོར་འཛོམས་དེ་ནི་ཁོས་སྔགས་པས་དེ་ནི་ཕུར་པ་རྒྱབ་ནས། ཕྱོགས་བཞི་ལྕགས་ཀྱི་ཕུར་པ་རྒྱབ།
  • བཅའ་འདྲི་བྱ་ཡུལ་
    དོན་ཡོད་ཞག་པས་བཅིངས། བྱས་བསྐོར་བརྒྱབ་བྱས་འཁྲིད།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་འདྲས་གཅིག་ཡང་གུ་རུ་གཅིག་༼མང་པོ་གཅིག༽བསྐོར་ཡས་གཅིག་ཡོད་པོའོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་དེ་བྱས་ཚར། དེ་བྱེད་ཚར་སོང་ན་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    སྔགས་པས་ལོག་འགྲོ་ཡས་ཀྱི་རྣམ་ཐར་བཏང་། རྔོན་པས་གློད་ཡས་ཀྱི་རྣམ་ཐར་བཏང་། བྱེད་པཱ།
  • བཅའ་འདྲི་བྱ་ཡུལ་
    དིང་རྩ་དིང་རྩ་ར་དེ་བྱས་ན་ད་ལྷོ་ཕྱོགས་ཀྱི་རྒྱལ་པོ་དང་བྱང་ཕྱོགས་རྒྱལ་པོ་ཁོ་གཉིས་དཱ།
  • བཅའ་འདྲི་བྱ་ཡུལ་
    ཁོ་མི་སྤུན་རྒྱག༼སྤུན་མཆེད༽དེ་འདྲེས་བཱ་ནཱ། ཁོ་གཉིས་ཞེ་སྡང་བཟོ་ར་གཅིག་
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཕྱོགས་རྒྱལ་པོ་དེ་གས་བྱང་ཕྱོགས་རྒྱལ་པོའི་ད།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་པོའི་ས་སྤྲིན་པད་མ་ནོར་འཛོམས་ལ་གནོད་བསྐྱལ་ཀ་དང་ད་བཱ་གནོང་ཡས་ཀྱི་དེ་བྱས་ཀྱོ་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    མེད་པ་བཟོས་པ་ནཱ་། དེ་དེ་ནི་བྱང་ཕྱོགས་རྒྱལ་པོ་རྦད་གང་མིན་ཚད་ཀྱི་སྔར་ལས་དར་ཤིང་རྒྱས་པ་དང་
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཕྱོགས་རྒྱལ་པོ་དེ་ད་རྦད་དེ། སྤྲང་གུའུ་བཟོ་ར་གཅིག་ཤར་བྱས་པོའོ་ཟེར་ཡོང་།
  • བཅའ་འདྲི་བྱ་ཡུལ་
    དེ་དེ་ནི་ཕུ་ཡི་བླ་ཤིང་སྐམ། ཤིང་སྐམ། མདའ་ཡི་བླ་མཚོ་སྐམ་བྱས་འོ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནི་དེ་ཁོས་སྔགས་པས་དེ་ནི་རྦད་སྔགས་པའི་རྒྱལ་པོ་སྦྲུལ་ནག་རྐང་ཅན་གྱི་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    བྱང་ཕྱོགས་རྒྱལ་པོའོ་མཚོ་ལ་གནོད་བསྐྱལ་བྱས།
  • བཅའ་འདྲི་བྱ་ཡུལ་
    ཞེ་དྲག་ར་པོ་གཅིག་མེད་པ་བཟོ་ཀ་བྱས་པའི་སྐད་ཆ་བཱ། ཨོ་དེ་འདྲས་གཅིག་ནུའུ་ལགས་མཇུག་གུ་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནས་བྱས་ནས་ཡང་དེ་དོན་གྱི་བཱ། ཡབ་ཡུམ་གཉིས།
  • བཅའ་འདྲི་བྱ་ཡུལ་
    དེ་གཉིས་དོན་རྤོའོ་དང་རྨོའོ་དེ་དོན། ཨེ་ནི་དེ་གཉིས་དོན་དེ་གཉིས།
  • བཅའ་འདྲི་བྱ་ཡུལ་
    ནོར་བཟང་་བྱས་ཨ་ཅེའི་ཨ་མ་བཱ་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    འོ། ནོར་བཟང་གི་པ་ཕ་དང་ཨ་མ། ཆོས་རྒྱལ་ནོར་བཟང་གི།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་དོན། དེ་དོན་ཚར་སོང་ནི་དེ་ནི། གང་ཙམ་ནོར་བཟང་དོན། ནོར་བཟང་དོན།
  • བཅའ་འདྲི་བྱ་ཡུལ་
    ནོར་བཟང་གཅིག་རྣམ་ཐར་བསམ་གླུ་གཏོང་ཡས་ཟེར་ཡས་གཅིག་ཡོད་པའོ་ལགས།
  • བཅའ་འདྲི་བྱ་ཡུལ་
    བསམ་གླུ་དེ་མ་གཏོགས་དེ་རྦད་།
  • བཅའ་འདྲི་བྱ་ཡུལ་
    དེ་བཱ་ལྟེ་བ་ར་བྱས་ནི་ད་ནོར་བཟང་དེ་ད་ཨོའོ་བྱང་མིར་རྒོད་རྒྱལ་པོའི་དུས་རགས་ཐེབས་ཟེར། དེ་དེ་བཱ་ད་།
  • བཅའ་འདྲི་བྱ་ཡུལ་
    བྱང་མིར་རྒོད་རྒྱལ་པོས་ད་དེ་ལ་ནོར་བཟང་ལ་ཡར་དམག་བཟོ་ར་གཅིག་གནང་བྱས་།
  • བཅའ་འདྲི་བྱ་ཡུལ་
    དེ་བྱས་ནཱ། བྱས་ཙང་དེ་ནི་བྱང་མིར་རྒོད་རྒྱལ་པོས་མར་དེ་གདུལ་ཀ་ཐད་ཡས༼འགྲོ་ཡས་༽ཀྱི་ད།
  • བཅའ་འདྲི་བྱ་ཡུལ་
    ཁོ་འདྲ་༼ཁོ་རང་༽མར་ཐད་ཡས་ཀྱི་དེ་ བྱས་ནི་ནས་མར་ལམ་འགྲོས་བཟོ་ར་དེ་རྒྱབ་ནས་
  • བཅའ་འདྲི་བྱ་ཡུལ་
    གཅིག་དྲིན་ཆེན་ཡབ་ཡུམ་ཡིན་ནའང་འདྲ། ཡིད་འཕྲོག་ཡིན་ནའང་འདྲ།
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་མཛེས་ལྡན་ལྷ་ཡི་སྲས་མོ་ཡིན་གཅིག་ཟེར་ཀ་དེ་ནི་དེ་ཚོའི་ཅི་དེ་གི་གཅིག་རྗེས་དྲངས་ལ་བཟོ་ར་ར་དེ་རྒྱབ་པ་དང་།
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་དེ་གས་ལ་གཅིག་མི་ཁོང་འདྲས་ད་མ་ཐད་ཟེར་ཡིད་བཟོ་ར་གཅིག་སྐྱོ་བྱས་དེ་དེ་བྱས་།
  • བཅའ་འདྲི་བྱ་ཡུལ་
    ཨ་ད་ཨོ་འདུག་ཟེར་དེ་བྱས་ཀྱོ་བཱ། ཨ་ད་གང་ཟེར་ཀས་ད་ཨོང་ལོག་སྒང་དེར་དེ་མར་
  • བཅའ་འདྲི་བྱ་ཡུལ་
    སོ་སོའི་རེ་རེའི་ལ་མར་བསྐལ་ལ་༼བསྐལ་བ༽ཡི་བཟོ་ར་ར་གཅིག་བཞོག་ཀ་གནང་
  • བཅའ་འདྲི་བྱ་ཡུལ་
    བཱ་ལགས། བཱ་ནཱ་། དེ་བྱས་ནས་དེ་ནི་གང་ཟེར་།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་མེ་མདའ་གནའ་ལྕགས་ཐོག་མདའ་མེད། བྱང་གི་དགྲ་བོ་བཅུ་ཕྲག་དགུ་ཡིན།
  • བཅའ་འདྲི་བྱ་ཡུལ་
    རྒྱ་གྲི་སྐར་མ་སྨིན་དྲུག། བུ་མོའི་སེམས་གཏན་བཞག་ཆོག་ཟེར། ནོར་བཟང་བསམ་གྲུབ་
  • བཅའ་འདྲི་བྱ་ཡུལ་
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གའི་དེ་བཱ་ད། ཨོ་དེ་བྱེད་ཡས་དེ་།
  • བཅའ་འདྲི་བྱ་ཡུལ་
    ད་ཁོ་རའི་དེ་བྱས་ན་ཨེ་རའི་ལེབ་ཐོ༼ལོ་ཐོ༽རྟགས་ལ་མ་སོང་ནས་འབྲས་རྩིས་ན་ཀ་རེ་ཀོ་རེ་ཞེ་དྲགས་ཡོད་པོའོ་ལགས།
  • བཅའ་འདྲི་བྱ་ཡུལ་
    དྲ་ཀ་དྲོགས་ཀ་ར་གཅིག་ཚ་ན་ཡོད་པོའོ་དེའི་ཀྲག་དེ་རུ། ཧེ་ཧེ་།
  • བཅའ་འདྲི་བྱ་ཡུལ་
    ད་ཨོའོ་མིས་། ཨ་ཕ་དང་ཨ་མས་ཨི་ནཱ་ཡི་སྐྱེལ་ཆང་
  • བཅའ་འདྲི་བྱ་ཡུལ་
    དེ་མི་སྐྱེལ་ཆང་ལ་འགྲོ་གི
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་ད། ཡིད་འཕྲོག་དང་དེ་གིས་གས་ཡིན་ན་མར་རྗེས་དྲངས་བྱས་ནས་ད།
  • བཅའ་འདྲི་བྱ་ཡུལ་
    གཅིག་མ་ཐད་ཟེར། ད་དེ་མི་བྱང་མི་རྒོད་རྒྱལ་པོ་འདུལ་ཀ་ཐད་དགོས་ཐག་ཆོད་བྱང་ནས་ཡར་ད་གཅིག།
  • བཅའ་འདྲི་བྱ་ཡུལ་
    གང་ཟེར་ན། བྱང་ཕྱོགས་རྒྱལ་པོ་ལ་ད། དམག་ལངས་ཀྱོ་༼ཀྱིན༽ཡོད་པཱ་ནཱ། དེ་ཨ་ད་མིས་དེ་བཞིན་ད།
  • བཅའ་འདྲི་བྱ་ཡུལ་
    ཏ་ལའི་ལ་མོའི་རྩེ་ནས་ཟེར་ཡས་དེ་ཚོ་ཞེ་དག། ཨོ་དེའི་དེ་བཱ།
  • བཅའ་འདྲི་བྱ་ཡུལ་
    བཱ་ལགས། ནོར་བཟང་གི་རྣམ་ཐར་བཱ།
  • བཅའ་འདྲི་བྱ་ཡུལ་
    ཏ་ལའི་ལ་མོའི་རྩེ་ནས། ཕྱིར་བལྟས་རྒྱག་ཙམ་བྱས་པས། སྐྱིད་པའི་བྱང་ཕྱོགས་ལྔ་ལྡན། སྔར་ལས་དར་ཤིང་རྒྱས་པ།
  • བཅའ་འདྲི་བྱ་ཡུལ་
    ཟེར་དེ་དེའི་གུ་སོང་བྱང་ཕྱོགས་ལྔ་ལྡན་ཟེར་དེ།
  • བཅའ་འདྲི་བྱ་ཡུལ་
    ད་བྱང་ལ་མར་བཞུགས་ཡོད་པའི་སྐད་ཆ་བཱ། ཨེ་ནི་ནི་ནས་མར་རྣམ་ཐར་བཏང་པའི་ཁུལ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེར་དེ་ཟེར་ཡས་ར་དེ་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ལྷ་བསང་གཏོང་ཡས་དང་དེ་ཚོ་ད་དེ་ལ་བྱས་ནི་ཁྲག་ཀ་ཁྲོག་གེ་ཞེ་དྲག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་ད་ག་ཟེར་སྒྲུང་བཟོ་ར་པོ་
  • བཅའ་འདྲི་བྱ་ཡུལ་
    དེ་གཅིག་ཨམ་ཅོག་ཧ་རི་ནག་པོས་རྦད་ཞེ་དྲག་ར་པོ་བྱེད་ཀ་བྱེད་པཱ། ད་དེ་ནས་ཨམ་ཅོག་དོན་།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག
  • བཅའ་འདྲི་བྱ་ཡུལ་
    ཨམ་ཅོག་ཧ་རི་ནག་པོ་དོན། དེ་ནི་ཁོས་ལྷ་བསང་གཏོང་དགོས་ཡོད་ཟེར།
  • བཅའ་འདྲི་བྱ་ཡུལ་
    ང་ལྷ་བསང་གཏོང་དགོས་ཡོད་དེ། ངའི་དཔེ་ཆ་ཆོས་རྒྱལ་ནོར་བཟང་གི་བཞུགས་གདན་འོག་ལ་
  • བཅའ་འདྲི་བྱ་ཡུལ་
    ཡོད་ཟེར་བྱས་ཁོད་སྐྱག་རྫུན་ར་གཅིག་བཤད། ཞེ་དྲག་བྱེད་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ཨམ་ཆོས་དེ་འོ། རྒྱལ་པོ་ཆོས་རྒྱལ་ནོར་བཟང་གི་ད་ཨེ་རས་བྱས་ན་མགོན་པོའི་ཚོད་ར་དེ་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    མགོན་པོའོ་དེ་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    དེ་རུ་ད་མི་ཁོ་རའི་གཞིས་ཀ་དེའི་ད་ཞབས་བསྟན་བྱེད་མཁན་གྱི་དེ་ར་གཅིག་དགོས་ཡོད་པོའོ་ནཱ་ད།
  • བཅའ་འདྲི་བྱ་ཡུལ་
    ཨེ་རིའི་གོམས་གཤིས་ནས་བྱས་ན་ད་ཨོ་འདུག་ཟེ་ཡོད་པོའོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་གཞིས་ཀ་ཡིན་ནའང་འདྲ་དགོན་པ་ཡིན་ནའང་འདྲ།
  • བཅའ་འདྲི་བྱ་ཡུལ་
    གང་ཡིན་ན་རེ་རེའི་ནང་ལ་ཁོ་རའི་མགོན་པོའི་བཟོ་ར་དེ་རེ་རེ་ཡོད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཁོས་གཅིག་གི་ག་སོང་ཡིན་པའི་བཟོ་ར་གཅིག གཅིག་མོ་ར་གཅིག་རྒྱོབ་གཅིག་བྱེད་ཀ་བྱས་།
  • བཅའ་འདྲི་བྱ་ཡུལ་
    གཅིག་ག་སོང་ཡང་མིན་པའི་བཟོ་ར་གཅིག་སྐྱག་རྫུན་བཤོད་བཟོ་འདྲ་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    བཤད་བྱེད་ཡོང་།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེར་དེའི་བཟོ་འདྲ་ར་དེ་ཨམ་ཆོས་དེ་གས་འོང་ཡང་ཞེ་དྲག་གཅིག་དེ་ཀྱི་ཕར་དེ་ར་དེ་སྐྱལ་སྡོད་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོའི་བཟོ་ར་གཅིག་བྱེད་ཡས་དང་དེ་ཨོ་ཡིན་ཡས་རྒྱབ་ཆོས་བྱེད་ཡས་ར་སང་སྦྱངས།
  • བཅའ་འདྲི་བྱ་ཡུལ་
    ཐད་པའི་གུ་སོང་དེ་བྱ་བ་རྣམ་པ་གུ་དུས་སུ་འགྲོ་མ་མ་འགྲོ་གི་གནད་དོན་ར་དེ་གས་དེ་བྱས་དེ་ནི
  • བཅའ་འདྲི་བྱ་ཡུལ་
    ཞེ་དྲགས་བྱེད་དགོས་བཱ། སྟེང་དང་འོག་ལ་བཀའ་འགྱུར་བསྟན་འགྱུར།
  • བཅའ་འདྲི་བྱ་ཡུལ་
    བར་ལ་ཀླུ་འབུམ་དཀར་ནག དེ་ནི་དེ་ཚོ་རྦད་ཞེ་དྲག་གཅིག་ཁོ་རོ་བྱེད་དགོས་ཡོད་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་ཟེར་ད་དེ་ཆོས་རྒྱལ་ནོར་བཟང་གིས་ཨོ་འདུག་ཟེ་བཱ་དེ་གནང་བྱས་།
  • བཅའ་འདྲི་བྱ་ཡུལ་
    བཀའ་མངགས་གནང་བྱས་བཞོག་པ་གནང་པའི་སྐད་ཆ་བྱས། དེ་ནི་ཆོས་རྒྱལ་ནོར་བཟང་སྔོན་ལ་ཐད་ཚར་ར་བྱས།
  • བཅའ་འདྲི་བྱ་ཡུལ་
    ཨམ་ཆོས་གྲོང་མཆོག་རྒྱུགས་བྱས་ཕ་པ་དེ་ལ་གྲོང་གསེབ་ལ་འཁྱམས་བསྡད།
  • བཅའ་འདྲི་བྱ་ཡུལ་
    དེ་ཁོས་ཨམ་ཆོས་དེ་གས་ཆོས་རྒྱལ་ནོར་བཟང་ཐེ་གཅོད་མ་ནུས་བྱས། ད་རྗེས་དེ་མ་ཟིན་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་བྱས་སོང་ཨོ་ད་དེ་གི་ལ་དེ་བྱེད་མཁན་བཟོ་ར་གཅིག་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ཁོ་གས་དེ་ནི་ཆོས་རྒྱལ་ནོར་བཟང་བྱང་ལ་ཐད་ཚར་སོང་ངས་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་ཆོས་རྒྱལ་ནོར་བཟང་བྱང་ཐད་ཚར་སོང་། ད་ཆོས་རྒྱལ་ནོར་བཟང་
  • བཅའ་འདྲི་བྱ་ཡུལ་
    བྱང་ལ་ཐད་ཚར་ཡོད་ན་དེ་ང་དེ་ཨམ་ཆོས་རྩད་བཅོད་གནང་མ་སོང་ངས་ཟེར། དེ་ཨམ་ཆོས་རྩད་བཅོད་གནང་སོང་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་གཅིག་གུ་དེ་གས་ཕར་ཞབས་འདྲེན་ཞུ་གིན་བཟོ་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    ཨམ་ཆོས་བརྩད་བཅོས་གནང་སོང་དེ་ཨམ་ཆོས་སྦྲ་ནག་ཞོལ་གྱི་ཆང་མའི་ནང་ལ་ཚང་བཞུགས་བཞག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཟེར་གྱིས་ཟེར་ཡས་ར་སང་དེ་འདྲས་ཟེ་བཤད་བྱས་ཨེ་ནི་དེ་ཁྱོད་ཚོ་རྦད་ང་ལ་ད་བྱེད་མཁན་ཡིན་ན་
  • བཅའ་འདྲི་བྱ་ཡུལ་
    ཞབས་རྟེན་བྱེད་ཡས་ཨོ་དེ་གས་བཞོག་པ་གནང་སོང་ཟེར་ཆོས་རྒྱལ་ནོར་བཟང་གིས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དེ་གིས་གུ་དུ་སི་བྱེད་གུ་བཱ་གས་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་དེ་གི་ཨི་ནི་ཨམ་ཆོས་ཐུགས་རིག་རྒྱས་སོང་ནུ་དེ་ནི་ངག་ཐོག་ལ་འབུལ་གནང་ཆོག་གི་བཱ་ཟེར་ག་བྱས་ཕར།
  • བཅའ་འདྲི་བྱ་ཡུལ་
    བྱས་ཙང་ཡང་ཁོ་རུ་དགའ་ཚོར་བཟོ་ར་གཅིག་བྱས།
  • བཅའ་འདྲི་བྱ་ཡུལ་
    ཁོ་རང་ཞབས་འདྲེན་ཡང་ཞུ་གིན་བཟོ་ར་ར་གཅིག་དེ་ཡི་བྱས་བཞག་བཟོ་ར་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེ་བྱས་མགོ་བསྐོར་གཏོང་ཡས་བཟོ་ར་གཅིག་འདུག་ཟེ་ཡོད་པོའོ་ད།
  • བཅའ་འདྲི་བྱ་ཡུལ་
    ཁོ་རའི་ཉིན་མཚན་མི་ཉིན་མོ་བསྐྱལ་ཡས་བཟོ་ར་གཅིག་ཨོ་དེ་དེ་བྱེད་དགོས་བཱ་ནཱ་སོ་སོའི་དེ་ར་གཅིག་གས།
  • བཅའ་འདྲི་བྱ་ཡུལ་
    རེ་རེ་གས་ཆས་ར་པོ་རེ་རེ་གྱོན་དེ་འོའོ་མགོས་དེ་བསྐོར་བྱས། དེ་འདྲས་གཅིག་བྱེད་པཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་འོ་མོ་ནོ་སུམ་རྩེགས་རེ་རེ་བྱས་བྱས་དེ་ཁོ་རང་དགོས་ཡས་དེ་ཁོ་ར་མི་ཕ་གི་ལོ་པ་དེ་དགོས་ཡས་བཱ་ནཱ་མི།
  • བཅའ་འདྲི་བྱ་ཡུལ་
    གང་ཟེར་ཀས། དཀར་པོའི་སྒོར་སྒོར་དགོས་ཡས་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    དཔེ་ཤག་དགོས་ཡས་བཱ་ཁོ་ལ།
  • བཅའ་འདྲི་བྱ་ཡུལ་
    ཁོས་མགོ་བསྐོར་གང་ག་༼ཚང་མ༽གཏོང་གི་བཱ་ལགས་།
  • བཅའ་འདྲི་བྱ་ཡུལ་
    མགོ་བསྐོར་གང་ག་བཏང་བྱས་དེ་བྱེད་ཀྱི་སྡོད་ཀྱི་བཱ། ཉིན་མོ་བསྐྱལ་བྱས་སྡོད་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་འོ་ད་ལྟ་འཕྱོངས་རྒྱས་རྫོང་ཡ་རུ་དགའ་ལྡན་ལྔ་མཆོད་ལ་ཟླ་བཅུ་གཅིག་པའི་ཉི་ཤུ་ལྔའི་ཉིན་པ་དེ།
  • བཅའ་འདྲི་བྱ་ཡུལ་
    ཉིན་མཚན།
  • བཅའ་འདྲི་བྱ་ཡུལ་
    བཅུ་པའི།
  • བཅའ་འདྲི་བྱ་ཡུལ་
    བཅུ་པའི་བཱ་བཱ་ནཱ། བཅུ་པའི་ཉི་ཤུ་ལྔ་བཱ། བཅུ་པའི་ཉི་ཤུ་ལྔ་ཡི།
  • བཅའ་འདྲི་བྱ་ཡུལ་
    ཉིན་མཚན་འཁྲབ་གུ་བཱ་ཡ་ཡི།
  • བཅའ་འདྲི་བྱ་ཡུལ་
    དེ་ས་༼ཞོགས་པ༽ནས་དོ་དགོང་བར་དུ་གང་བྱས་མདུན་དེ་ལྷ་མོ་དེ་གིས་གས་མཉམ་དུ་རྒྱབ་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་མཇུག་ཞི་ར་དེ་ད་དེ་གཉིས་པོ་དེ་གཉིས་ཀས།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་གཉིས་པོ་དེ་གཉིས་ཀས་ཞབས་ཕྱི་ཞུ་པཱ་མ་གཏོགས་དེ་ས་ནས་དོ་དགོང་བར་དུ་བཀྲ་ཤིས་མ་བཤད་བར་དུ་ཨམ་ཆོས་ཁོ་རས།
  • བཅའ་འདྲི་བྱ་ཡུལ་
    ཉིན་མཚན་། ད་ཉིན་མོ་བདུན་གཅིག་ཡོད་པོའོ་ཟེར་ཡས་ཨོ་འདུག་ཟེ་དེ་རེ་རེས་གས་རེ་རེས་བཀག་ཀྱི་ཡོད་ཀྱོ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཆས་ཁག་རེ་རེས་ཀས།
  • བཅའ་འདྲི་བྱ་ཡུལ་
    ཆས་ཁག་རེ་ཀས། སྔགས་པས་གཅིག་བཀག ཉིན་མ་གཅིག རྔོན་པས་གཅིག་བཀག
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་མིས་ནོར་བཟང་བྱང་ལ་ཐད་པའི་གུ་སོང་ཨ་ལིས་སྔོན་ལ་ཡབ་ཡུམ་གཉིས་དོན་ཡས་
  • བཅའ་འདྲི་བྱ་ཡུལ་
    ཡབ་ཡུམ་གཉིས་ཀས་གཅིག་བཀག དེ་དེ་ལ་རྣམ་ཐར་ཞེ་དྲགས་ཡོད་པོའོ་ནཱ། སོ་སོའི་རྣམ་ཐར་རེ་རེ་ད།
  • བཅའ་འདྲི་བྱ་ཡུལ་
    དེ་ཁོ་ར་ཁོ་རའི་རྣམ་ཐར་ཁག་ཁག་ཁག་ཡོད་པོའོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཁག་ཁག་ཡོད་པོའོ་ལགས། ད་གཅིག་ཡབ་ཡུམ་གཉིས་རྣམ་ཐར་གཏོང་ཡས་ཨ་ནི་དེ་བ་ནས། རྒྱལ་མཚན་དཀར་པོ་དང་།
  • བཅའ་འདྲི་བྱ་ཡུལ་
    ཡབ་རྒྱལ་མཚན་དཀར་པོ་ཟེར་ཡས་གཅིག་གཏོང་གྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    གཏོང་གི་བཱ་ནཱ
  • བཅའ་འདྲི་བྱ་ཡུལ་
    ཡུམ་གྱིས་དེ་ནི་དེ་གཏོང་གི་བཱ་དེ་ད་བས་མཆོད་ཆང་འགྱོགས་ཡས་ཀྱི་
  • བཅའ་འདྲི་བྱ་ཡུལ་
    སྒྲོན་དེ་དང་པོ་སྟེང་ཕྱོགས་ལྷ་ལ་ཕུལ་ཟེར་ཡས་དེ་གཏོང་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་བཱ་ད་སྐྱེལ་ཆང་གཏོང་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    སྐྱེལ་ཆང་དེ་བཏང་།
  • བཅའ་འདྲི་བྱ་ཡུལ་
    འཁྲབ་ཡས་དེ་གཏོང་གི་བཱ། དེ་ཁོ་ར་ཁོ་རི་མི་རེ་རེ་ཀས་འོ་ཡང་ཨོ་རྣམ་ཐར་རེ་རེ་རེ་ཁོ་རའི་ཚིག་བཅད་ར་དེ་རེ་རེ་སྤྲད་བཞག་པ་ནཱ།
  • བཅའ་འདྲི་བྱ་ཡུལ་
    རེད་རེད་། རྦད་ཁོ་རས་རྫགས་སྐྱལ་དགོས་བཱ་དེ། ཧེ་ཧེ།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་ར་གཅིག་ཨིན་ནཱ། ལྷ་མོས་སྤྱིར་བཏང་ནས་བྱས་ན་ཨེ་ལས་ལྷ་མོ་གཅིག་གས་
  • བཅའ་འདྲི་བྱ་ཡུལ་
    གཅིག་གས་དྲིན་ཅན་པད་མ་ནོར་འཛོམས་ཟེར་ཡས་དེ་བཏང་།
  • བཅའ་འདྲི་བྱ་ཡུལ་
    གཏོང་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཁོ་གཉིས་དེ་ར་པོ་བྱས་སོང་ནུའུ་ནི་ཡང་བཀ་འ་བཞི་མ་ཟེར་ཡས་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག་བཱ།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་ལ་ཡང་ཁག་ཁག་ཁག་ཞེ་དྲགས་ཡོད་པོའོ། རྣམ་ཐར་གཏོང་ཡས་དེ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་མི་དེ་ལ་ཕར་རྔོན་པ་ལ་འོ་ཁོ་རའི་བྱེད་ཡས་ཀྱི་ཚོད་ར་དེ་ད།
  • བཅའ་འདྲི་བྱ་ཡུལ་
    རྔོན་པས་ཁས་རྟག་པ་མ་སོང་ནས་རྒྱལ་པོའི་མཚོ་ཆེན་པད་མ་ནོར་འཛོམས་དཀྲུངས་ཡས་ཨ་ལ་བྱས༼ཡག་པོ་བྱས༽
  • བཅའ་འདྲི་བྱ་ཡུལ་
    དཀྲུངས་ཡས་ཁས་རྟག་ལ་མ་སོང་ནས་ལེན་རོགས་གིས་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་རེ་བ་རྟག་ལ་མ་སོང་ནས་ཁོང་འདྲས་རེ་བ་ཆེན་པོ་བཟོས་བྱས་དེ་ནི་བླ་གྲི་གཅིག་སྤྲད།
  • བཅའ་འདྲི་བྱ་ཡུལ་
    དེ་ལ་གྲི་བཤད་བཏང་ཞེ་དྲགས་བྱེད་ཡས་ཡོད་པོའོ། ད་དེ། ཧེ་ཧེ་ཧེ།
  • བཅའ་འདྲི་བྱ་ཡུལ་
    ཁོ་རའི་དེ་དེ་དཀྲུངས་ཡས་དེ་གང་ཡིན་ཟེར་ན་ད།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་པོའི་མཚོ་ཆེན་པད་མ་ནོར་འཛོམས་ཨ་ལ་བྱས་དཀྲུངས་ཡས་ཀྱི་དེ་དེ་ལ་གནོད་ས་དེ་
  • བཅའ་འདྲི་བྱ་ཡུལ་
    ད་ལྷོ་ཕྱོགས་རྒྱལ་པོས་དེ་ནི་གཅིག་བཱ་གང་ཟེར་ན། ཨ་དེའི་ཨོའོ།
  • བཅའ་འདྲི་བྱ་ཡུལ་
    སྔགས་པའི་རྒྱལ་པོ་སྦྲུལ་ནག་ཁང་འཛིན།
  • བཅའ་འདྲི་བྱ་ཡུལ་
    སྔགས་པའི་རྒྱལ་པོ་སྦྲུལ་ནག་ཁང་འཛིན་ཟེར་ཡས་དེ་ཀས་ད་དེ་ལ་མར་གནོད་སྐྱེལ་ཀ་
  • བཅའ་འདྲི་བྱ་ཡུལ་
    གནོད་སྐྱེལ་ཀ་ཁོ་བཏང་བཞག་ཡོད་པཱ་ད་མར།
  • བཅའ་འདྲི་བྱ་ཡུལ་
    ཁོ་རའི་མཚོ་སྐམ་པ་ན་ད། ལྷོ་ཕྱོགས་རྒྱལ་པོའི་དེ་ད་དེ་ཀས་ངེད་ཀས་བྱས་ན་ལྷོ་ཕྱོགས་རྒྱལ་པོ་ཟེར་བྱས་པས་མ་གཏོགས།
  • བཅའ་འདྲི་བྱ་ཡུལ་
    ཤག་སྒོ་གཞོན་ནུ་ཡིན་ན་གཅིག་ཟེར་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག་ཟེར་ཀྱིས་འོ།
  • བཅའ་འདྲི་བྱ་ཡུལ་
    ཡང་དེ་ལ་མིང་བཤོད་ཕྱོགས་གཅིག་ནུའུ།
  • བཅའ་འདྲི་བྱ་ཡུལ་
    མིང་བཤོད་ཕྱོགས་གཅིག་ནུའུ།
  • བཅའ་འདྲི་བྱ་ཡུལ་
    ནུའུ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨེ་རས་བྱས་ན་ད་བྱང་ཕྱོགས་ཀྱི་རྒྱལ་པོ་དང་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཟེར་ཀྱིས་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    འོ་བཱ།
  • བཅའ་འདྲི་བྱ་ཡུལ་
    ལྷོ་ཕྱོགས་རྔོན་ལྡན་ཟེར་ཀ་ད་དེ་ར་གཅིག་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲའི་ཀྱི་བཤད་སྲོལ་གཅིག་ནུའུ།
  • བཅའ་འདྲི་བྱ་ཡུལ་
    ཨང་ཨ་ནེ།
  • བཅའ་འདྲི་བྱ་ཡུལ་
    ད་འབྲས་སྤུངས་ལ་ཆ་བཞག་ན་ཡང་གནམ་རྒྱས་རིང་ལ་ཉིན་མོ་གཅིག་ཉིན་མཚན་ཁྲབ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། ཕོ་བྲང་ལ་ཁྱུག་གས་གཅིག་༼ཁྱུག་ཙམ་གཅིག༽བཱ།
  • བཅའ་འདྲི་བྱ་ཡུལ་
    ཞི་འབོད།
  • བཅའ་འདྲི་བྱ་ཡུལ་
    ཞི་འབོད་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    གུ་གུའི་སྐུ་མདུན་གྱི་ཞི་འབོད།
  • བཅའ་འདྲི་བྱ་ཡུལ་
    གུ་གུའི་སྐུ་མདུན་ལ་ཞི་འབོད་ཁྱུག་གུ་གཅིག་འབུལ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་ཡར་ལྷ་ས་ཡོང་ན་མཚོ་སྨོན་གླིང་ལ་ཉིན་མོ་གཅིག་ཉིན་མཚན་འཁྲབ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    རྨུ་རུ་གྲ་ཚང་ལ་ཉིན་མཚན་འཁྲབ་དགོས་བཱ། བསམ་གྲུབ་ཕོ་བྲང་ལ་ཉིན་མཚན་འཁྲབ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    རྭ་ག་ཤག་ལ་ཉིན་མཚན་གཅིག་འཁྲབ་དགོས་བཱ། ཕ་ལྷ་ལ་ཡང་དགོང་དག་གཅིག་འཁྲབ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་འཁྲབ་ཡས་ར་དེ་ད་སྦྱིན་བདག་གི་ཚོད་ར་དེ་དེ་འདྲས་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཡང་མི་སྔར་མའི་གཅིག་གང་ཟེར་དགོས་བཱ་གས་སྦྱིན་བདག་དེ་དེ་གས་བདམས་། རྩེའི་ཤག་གི་དེ།
  • བཅའ་འདྲི་བྱ་ཡུལ་
    ད་ཕར་ཞོར་དེ་མི་སོ་སོའི་ལྟོ་ཕས་དེ་འཁྱེར་འགྲོ་དགོས་བཱ་མ་གཏོགས་གཅིག་གས་གཞན་པ་རུ་སླེབས་ཚར་ནས་
  • བཅའ་འདྲི་བྱ་ཡུལ་
    ད་ཁོ་རའི་མི་གཞིས་ཁག་ཁག་ཡིན་ནས་འདྲ། དགོན་སྡེ་ཁག་ཡིན་ནས་འདྲ་ཁོང་ཚོས་དེབ་ཁོ་རའི་ནང་ལ་གཅིག་ནུའུ།
  • བཅའ་འདྲི་བྱ་ཡུལ་
    ངེད་ཚོར་མར་སྤྲོད་ཡས་ཀྱི་རྣམ་གྲངས་དེ་ཁྲིག་ཁྲིག་ཁྲིག་། དེབ་ཁོ་རའི་ནང་ལ་འཁོད་བསྡད་ཡོད་པོའོ་ལོའོ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་གཅིག་དེ་བྱས་པ་ར་གཅིག་ཡིན་ན་འཁྲབ་པ་ར་གཅིག་ཡིན་ན་དོ་དགོང་ཁོ་ཕྱོགས་བསྡོམས་རྒྱག་པའི་ལོག་
  • བཅའ་འདྲི་བྱ་ཡུལ་
    དེ་རུ་དེ་ནི་དེ་བྱེད་པ་ནཱ་མི་རྣམ་གྲངས་དེ་མར་དོན་གྱི་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཚོ་དོ་པོ་དོ་པོ་། ད་ག་ནང་བཞིན་གཅིག་མར་ཡིན་ན་འདྲ་། ཤ་ཡིན་འདྲ།
  • བཅའ་འདྲི་བྱ་ཡུལ་
    གང་ཡིན་ན་ཁྲིག་ཐོའི་ནང་ནས་ཏག་ཏག་ཁོ་རུ་དོན་བསྡད་ཡོད་པོའོ། ཁོ་ཐོ་ཤོས་བྱས་དེ་བྱས་སྡོད་ཀྱི་བཱ།
  • བཅའ་འདྲི་བ་
    ཨ་དེའི་དེ་གཅིག་ཐོ་གཞིར་བཤག་བྱས་སྤྲོད་ཡས་གཅིག་ཡོད་པ་ནཱ་ལགས།
  • བཅའ་འདྲི་བ་
    ཨོ་དེ་ནས་བྱས་ནི་མུ་མཐུད་ནས་གསུངས་རོགས་གནང་།
  • བཅའ་འདྲི་བྱ་ཡུལ་
    རྔམ་པའི་བཟོ་ར་གཅིག་གཅིག
  • བཅའ་འདྲི་བྱ་ཡུལ་
    འོ། རྔམ་པའི་བཟོ་ར་གཅིག་རྔོ་རུ་གྲྭ་ཚང་ཡིན་ནའི་གི་
  • བཅའ་འདྲི་བྱ་ཡུལ་
    གང་མིན་ཚད་ཀྱིས་འབོགས་ཁག་གཉིས་ནས་སྐྱོན་སླེབས་ཀྱི་བཱ་ལགས་རྔུ་རུ་ལ། རྔུ་རུ་ལ་ཨིན་ན།
  • བཅའ་འདྲི་བྱ་ཡུལ་
    རྔུ་རུ་དེ་རུ་སླབ་གྲ་ཟེར་ཡས་གཅིག་དང་རྔུ་རུ་རང་ནས་གཅིག་བྱས། ཁག་གཉིས་ཡིན་ན་གཅིག་བྱས།
  • བཅའ་འདྲི་བྱ་ཡུལ་
    ད་མཚོ་སྨོན་གླིང་ལ་ཨིན་ན་ཡང་དོ་པོ་རྐྱང་རྐྱང་ཁོ་རུ་དོ་པོ་བརྒྱད་ཙམ་དགུ་ཙམ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་འདྲས་བསྐྱལ་གཞན་དག་གིས་ཇ་མར་ཟེར་ཡས་ར་པོ། ཐོ་ཁོ་རའི་ནང་ལ་དེ་འདྲས་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ནས་བསམ་གྲུབ་ཕོ་བྲང་ལ་ཕྱིན་ནའི་ད་ག་རང་ཁོ་ར་ཐོ་ཁོ་རུ་རྩིས་བཤར་བཏང་སྤྲད་སྤྲོད་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ར་ག་ཤག་ལ་ཕྱིན་ནའི་ད་ག་རང་སྤྲོད་ཀྱི་བཱ། ཐོ་ཁོ་རུ་ཕ་ནས་སྤྲོད་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་ཨ་འདི་བསམ་གྲུབ་ཕོ་བྲང་དེ་ཕ་ནས་ཐོའི་ནང་ནས་གཅིག་ཀློག་པ་མ་གཏོགས་ཡང་ནུ་རུ་སླེབས་ན་
  • བཅའ་འདྲི་བྱ་ཡུལ་
    འབྲུ་གཅིག་ལེན་ཡས་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཁ་མདོག་གཞིས་ཀ་ཟེར་ཡས་དེ་ནས།
  • བཅའ་འདྲི་བྱ་ཡུལ་
    ཁ་མདོག་གཞིས་ཀ་ནས་། མི་རེའི་རེའི་ལ་ཁལ་རེ་རེའི་དང་བྲེ་བཅུ་བཅུ་གཅིག་ལེན་ཡས་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    དེ་ནུ་རུ་ཚུར་ཡོང་ནས་ལེན་དགོས་བཱ། ད་ཕ་ནས་སྤྲོད་ཡས་དེ་ཡང་ད་ག་ནང་བཞིན་སྤྲོད་ཀྱི་བཱ་ནུའ་རུ།
  • བཅའ་འདྲི་བྱ་ཡུལ་
    འབྲུ་འཛིན་བཟོ་འདྲ་གཅིག་བཀུར་བྱས།
  • བཅའ་འདྲི་བྱ་ཡུལ་
    འབྲུ་འཛིན་བཀུར་ཀྱི་བཱ་ལགས། རྦད་ཡི་གེ་བཀུར། ཨོ་དེ་ནི་ནས་བླངས།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་གཅིག་བྱེད་དགོས་བཱ། ད་ར་ག་ཤག་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ཡང་དེ་ཚོ་གཞིས་སྡེ་ཟེར་ཡས་ར་པོ་འདི་སོང་དེ་བྱེད་པཱ།
  • བཅའ་འདྲི་བྱ་ཡུལ་
    ཕར་ནས་སྤྲོད་ཀྱི་བཱ། ཁྲིག་མིན་ནས་ཕར་ནས་སྤྲོད་ཀྱི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཕ་རུ་མི་གཅིག་གན་མ་གཤིས་ཡག་པོ་བྱུང་ན་འབྲུ་དེ་ཀས་ཆང་མ་བཙོངས། གྲོ་དེ་ཀས་གྲོ་ཁང་ལ་བཙོངས།
  • བཅའ་འདྲི་བྱ་ཡུལ་
    ཨེ་ནི་པད་ཤག་༼དངུལ་སྒོར༽ལ་སྒྲིལ་ཁྱེར་ཡོང་གི་ཡོད། རྩམ་པ་དེ་གས་བཙོངས།
  • བཅའ་འདྲི་བྱ་ཡུལ་
    ད་ངེད་ཨིན་ན་ཡི། ངེད་ཁྲལ་སྐྱེལ་ཀ་ཡོང་ཡས་མིན་ཟེར་ཡས་གཅིག་ཀང་འདྲ་ཁོ་རང་ནས་མེད་པོའོ། ད་ཀ་འགྲོ་དགོས་པཱ།
  • བཅའ་འདྲི་བྱ་ཡུལ་
    དེའི་དུས་ཚོད་དེ་ཏག་ཏག་ཟླ་བ་བདུན་པའི་གང་བྱས།
  • བཅའ་འདྲི་བྱ་ཡུལ་
    དྲུག་པའི་ལ།
  • བཅའ་འདྲི་བྱ་ཡུལ་
    དྲུག་པའི་ལ།
  • བཅའ་འདྲི་བྱ་ཡུལ་
    དྲུག་པའི་ཉི་ཤུ་དགུ་ནས།
  • བཅའ་འདྲི་བྱ་ཡུལ་
    གཉིས་ནས་བཱ།
  • བཅའ་འདྲི་བྱ་ཡུལ་
    བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ནི་ནས་འགྲོ་ཡས་དེ་བཱ་ནཱ། ད་ཕ་རུ།
  • བཅའ་འདྲི་བྱ་ཡུལ་
    ཕ་རུ་ཉི་ཤུ། དགུ གནངས་གང་། ཚེས་པ་གཅིག
  • བཅའ་འདྲི་བྱ་ཡུལ་
    དེ་གས་ཁྲལ་ཡིན་ཟེར་པཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གིས་ཞེ་དག་ཁྲལ་ཁྲལ་རྐྱང་ཁོ་རའི་དེའི་བཟོ་ར་གཅིག་ལ་ད་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་དཔེར་ན་མིས་ཡར་རྩེ་ཕོ་བྲང་ལ་ཕྱིན་ད་ག་ནང་བཞིན་ནོར་བུ་གླིང་ག་ལ་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    ཞོགས་པ་གསུམ་ཙག་འགྲོ་དགོས་བཱ། ད་ག་ནང་བཞིན་འབྲས་སྤུངས་ཕོ་བྲང་ལ་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    དེ་གིས་གི་ཀ་ལས་དེ།
  • བཅའ་འདྲི་བྱ་ཡུལ་
    རྩེ་ལ་ཕྱིན་ནས་རྩེ་ནས་རྩམ་པ་ད་རྐོ་གྱིས་རྐོ་སྟེག་བཟོ་ར་པོ་གཅིག་ཡོད་པཱ་ལགས། ཨོ་དེ་གང་སྟེར་གྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ཇ་ར་གཅིག་གཅིག་སྟོན་རྩིས་གཅིག་བྱེད་པཱ་། སྟེར་གྱི་མ་བཱ་ལགས། ད་ནོར་བུ་གླིང་ག་ལ་ཕྱིན་ན་ཡང་ད་ག་རང་བཱ།
  • བཅའ་འདྲི་བྱ་ཡུལ་
    རྩམ་པ་བརྐོ་སྟེག་གང་དང་ཇ་བསྟན་ཙམ་གཅིག་བྱས་དེ་ནི་ད་གས་ད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་འབྲས་སྤུངས་ཕོ་བྲང་ལ་ཕྱིན་ན་ཡང་ཡང་སྔར་རྒྱུན་ད་ག་བཱ།
  • བཅའ་འདྲི་བྱ་ཡུལ་
    རྩམ་པ་ཨོའོ་རྐོ་སྟེག་གང་དང་དེ་སྟེར་གྱི་བཱ། ཇ་སྟོན་ཙམ་ཞིག་བྱས།
  • བཅའ་འདྲི་བྱ་ཡུལ་
    ཁ་བཏགས་རེ་རེ་གཡོགས། ཨོ་དེ་འདྲས་ཅི་བཟོ་ར་པོ་སྟེར་གྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་རྣམ་རྒྱལ་གླིང་ལ་བྱས་ན་ད་ང་ཚོ་ཉིན་མཚན་གཅིག་འཁྲབ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག
  • བཅའ་འདྲི་བྱ་ཡུལ་
    ཉིན་མཚན་འཁྲབ་ན་དེ་ནི་གསོལ་རས་ཞེ་ད་ཞེ་དྲགས་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཐུག་པ་སྟེར་གྱི་བཱ། བོ་སྟེར་གྱི་བཱ། གང་ག་ཡོད་པོའོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་འོ་རྣམ་རྒྱལ་གླིང་ལ་ཕྱིན་ན་ཆང་ཞེ་དག་དེ་ནི་མ་སྟེར་གུ་སྟེར་སྟེར་གནང་གྱི་བཱ། རྣམ་རྒྱལ་གླིང་སྐུ་གཞོགས་དེ་གིས་ཀས།
  • བཅའ་འདྲི་བྱ་ཡུལ་
    ཆང་དང་ཨ་རག་དཀྲེས ༼བསྲེས༽གནང་དེ་གིའི་གུ་སོང་། ཨོ་དེ་ནི་དགོང་མོས་ཡར་ཡོང་མ་ཐུབ།
  • བཅའ་འདྲི་བྱ་ཡུལ་
    ཡ་ཡི་སང་ཞོག་ཡ་རུ་རྗེས་མ་ཟིན།
  • བཅའ་འདྲི་བྱ་ཡུལ་
    སང་ཞོག་རྗོས་མ་ཟིན་བྱས་། ཡང་གནམ་ཐུང་ཐུང་ཞེ་དྲག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    འཇིགས་སྣང་ཞེ་དྲགས་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    རྟ་ལྕག་འཁྱེར་། རྟ་ལྕག་གི་གཤེད་གཤེད་ཟེར་གྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    པ་བོའོ། ཨེ་ལས་མཐོ་ཤོས་ཁོ་རོ་བྱེད་པའི་གུ་སོང་རྔམ་དྲགས་ཞེ་ཅིག་ཡོད་པོའོ་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    ཞེ་དྲག་བཤོད་ཡས་ཡོད་པོའོ་གོ་དེ་ནི་རྦད།
  • བཅའ་འདྲི་བྱ་ཡུལ་
    ཡོད་པོའོ། བྲག་ཕུག་ཕོ་བྲང་ཡ་ལ་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    མགོ་ལས་དཔུང་པོ་མཐོ། སྐ་རགས་ལས་སྣ་རྫར་རིང་།
  • བཅའ་འདྲི་བྱ་ཡུལ་
    བྱས་ཆོག་གི་མ་བཱ་་དེ་ནི་རྦད་མ་གིའི་ལུས་བཤད་བཟོ་ར་དེ་ཤར་ཀྱག་རྐང་པའི་ལྷམ་ཁོག་ནས་
  • བཅའ་འདྲི་བྱ་ཡུལ་
    གང་ག་ལོག་གོ་དེ་ནི་རྦད་ལག་པའི་ཤབ་གྲས་ནས་བྱས་པ་དེ་གས་རྩིབ་བཤར་གཏོང་གི་བཱ་ཕ་རུ།
  • བཅའ་འདྲི་བྱ་ཡུལ་
    དེ་གས་ཚང་ཡོད་པས་ཟེར། དེ་ཚང་མེད་ཟེར་བྱས་ཆོག་གི་མ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཞེ་དག་ཞེ་དྲགས་གཅིག་དེ་ནི་ད་ག་རང་ཟང་བྱས་ན་དེ་ནི་ཤ་རོ་ཁབ་ཀྱིས་དྲུད་རྒྱུ་དང་རུས་པ་གྲ་མས་
  • བཅའ་འདྲི་བྱ་ཡུལ་
    བཅགས་རྒྱུ་དང་ཞེ་དག་བཟོ་ཡས་ཡིན་ཞེ་དག་བཤོད་ཀྱི་བཱ་ཀོ་མར།
  • བཅའ་འདྲི་བྱ་ཡུལ་
    བཤོད་ཡས་ཡི་ཡང་
  • བཅའ་འདྲི་བྱ་ཡུལ་
    བཤོད་ཡས་ཡང་རྒྱལ་པོ་དེ་གས་གིས། ཡང་འཇིགས་སྐྲག་ཞེ་པོ་གཅིག་ཡོད་པོའོ་ཀོ།
  • བཅའ་འདྲི་བྱ་ཡུལ་
    རྒྱལ་པོ་ཁོང་ཚོ་བཞི་ཡོད་པོའོ་ནུ་མི། ཨེ་འདུས་ཕོ་བྲང་གི་རྒྱལ་པོ་དེ་གཉིས་འཇིགས་པ་ཆེ་ཡོད།
  • བཅའ་འདྲི་བྱ་ཡུལ་
    དང་ཐོག་དང་ཐོག་དེའི་ལོ་པ། རྟ་རྡང་ཟེར་རེ་རྒྱབ་པ་དང་ཚ་ཐེང་ར་གཅིག་བྱེད་ཀྱི་ཡོད་འ་ནི་ཕྲུ་གུ་དང་ཐོག་ད་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨེ་རི་ཆུང་ཆུང་གུ་རུ་འགྲོ་བའི་གུ་སོང་ཞེ་དག
  • བཅའ་འདྲི་བྱ་ཡུལ་
    ཞེ་སྣང་གིས་འབྲས་སྤུངས་ལ།
  • བཅའ་འདྲི་བྱ་ཡུལ་
    ཞ་པོ་གཅིག་ཞེས་ཀྱིས་ལ་དེ་གིས་ཀྱིས་གཅིག་བཤད་ཡོང་བའི་གུ་སུང་དེ་ནི་གཏོང་ཡང་གཏོང་གི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཕ་རུ་འགྲིགས་ལ་མ་འགྲིག་བྱས་། ཡང་རྔ་ཡ་རུ་རྡིང་རྡིང་ཟེར་བརྒྱོབ།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་འཁྲབ་གྱིན་འཁྲབ་གྱིན་ལ་རྟ་ལྕག་ཆག་ཆག་ཟེར་བཞུ་གིས་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག།
  • བཅའ་འདྲི་བྱ་ཡུལ་
    བཞུ་རྐྱང་བཱ་ཀོ། ངས་ཐེངས་གཉིས་མཐོང་མྱོང་།
  • བཅའ་འདྲི་བྱ་ཡུལ་
    དེ་དེ་ནས་ཞོགས་ཀ་གཅིག་ཨེ་རི་འབྲས་སྤུངས་ལས་མཇུག་ལ་ལེས།
  • བཅའ་འདྲི་བྱ་ཡུལ་
    ང་གཉིས་ཀས་རྡོག་ཁྲིས་ཁྱེར་ཡོང་བྱེད་པའི་ལོ་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    ཡ་རུ་རྩེ་ལ་མཇུག་ལ་ལེས་པོའོ་ལགས། འབྲས་སྤུངས་ཆང་བཏུངས།
  • བཅའ་འདྲི་བྱ་ཡུལ་
    འོ། མི་གང་ག་ར་བཟི་། ཡ་ར་ཨུ་མཇུག་ལ་ལེས། ཨ་ནི་ཡ་རུ།
  • བཅའ་འདྲི་བྱ་ཡུལ་
    ནམ་སྐར་གྲལ་ཞིག་མ་ཞིག་ལ་ཡ་རུ་འབྱོར་བ་འགྲོ་དགོས་བཱ་ཀོ།
  • བཅའ་འདྲི་བྱ་ཡུལ་
    འགྲོ་དགོས་བཱ་ཀོ། ཡ་རུ་སླེབས་མ་ཐག་དེ་ནི་གང་ཡང་བྱས་མ་མྱོང་ཟེར། ཁྱེད་རང་ཚོ།
  • བཅའ་འདྲི་བྱ་ཡུལ་
    ཁྱེད་རང་ཚོ་རྐུབ་རྐུབ་ལ་ག་ལེར་ཤོག་ཤོག་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨ་ནེ་ད་གིང་སྐབས་སུ་ཡ་རུ་གཅིག་བཞུགས་ཀྱོ་ར་གཅིག་སྔར་མ་སྐྱོམ་ནུའུ་ཀཱ།
  • བཅའ་འདྲི་བྱ་ཡུལ་
    དགེ་རྒན་བཀྲ་ཤིས་ལགས་ཟེར་ཡས་གཅིག་ཡོད་པཱ།
  • བཅའ་འདྲི་བྱ་ཡུལ་
    ཝ་དེ་ཀས་ཡ་རུ་མི་ཤོག་ཟེར་ཡས་དེ་བསླངས་བྱས་དེ་ནི་མཇུག་ཙ་མཇུག་ཙ་དེ་ནི་
  • བཅའ་འདྲི་བྱ་ཡུལ་
    བཟོ་མོ་དེ་ནི་སྐུ་ཞབས་ཆེན་མོ་བ་མི་སེར་བཱ་ཟེར། ཞེ་དྲག་དེ་འདྲས་བསླངས་ན་འགྲིགས་ཀྱི་མ་རེད་དཱ།
  • བཅའ་འདྲི་བྱ་ཡུལ་
    དེ་གས་གནང་སོང་། ད་དེ་གའི་གུ་སོང་ཕ་ལྷ་ཐུབ་བསྟན་ཡོན་ཏན་རྦད་དེ་ནི་ཞེ་པོ་ཆིག་བཱ་ནཱ། བོད་སྡེ་པ་གཞུང་གི།
  • བཅའ་འདྲི་བྱ་ཡུལ་
    འགྲོན་གཉེར་ཆེན་མོ་བ་བྱས།
  • བཅའ་འདྲི་བྱ་ཡུལ་
    མགྲོན་གཉེར་ཆེན་མོ་བ་བྱས། ཨོ་དེ་གས་བཞུ་ལྕོག་གནང་བྱས་དེ་ནི་རྟ་ལྕག་གཏོང་དགོས་ཡོད་ཉག་འབོད་ཀྱིས་ཀོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག།
  • བཅའ་འདྲི་བྱ་ཡུལ་
    གང་འདྲ་དྲས་པ་དེ་ནི་རྫོས་རྫོས་དེ་ནི་ཨོ་དེ་ཀས་ཞུ་ཚིག་ར་དེ་གནང་གང་གནང་།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་གང་ཙམ་གཅིག་ལ་ད་རྒྱུགས་ཟཱ། ཞོལ་ཞེ་དག་ལ་བསྡད་ཆོག་མི་ཡོང་ཤར་ཀྱག་ནོར་བུ་གླིང་ག་ལ་རྒྱུགས་ཟེར།
  • བཅའ་འདྲི་བྱ་ཡུལ་
    ད་པ་བསྡད་ན་འགྲིག་མ་ཡོང་ངོ་ཟེར། ཨོ་དེ་མཇུག་ལ་མིས་དེའི་ག་སོང་མིས་དཔོན་པོ་དེ་ཡིན་ཙང་།
  • བཅའ་འདྲི་བྱ་ཡུལ་
    དཔོན་པོར་ཡར་སྙན་སེང་ཞུ་དགོས་གནང་སོང་། ག་ཡེ་བྱེད་ཀྱི་མ་རེད་ག་ཡེ་བྱེད་ཀྱི་མ་རེད་གནང་གིས་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ནི་ག་ཡེ་ཟེར་ཉིན་མི་ནིས་ཡང་ཀོ་རུ༼ཨོ་ཙམ༽གཅིག་བྱུང་།
  • བཅའ་འདྲི་བྱ་ཡུལ་
    ད་ཁོ་རའི་དགོས་པ་ཐོན་ཉེད་ཀྱས།
  • བཅའ་འདྲི་བྱ་ཡུལ་
    དགོས་ཀྱི་ཡོད་ཀྱོ་བཱ་ནཱ། དེ་གའི་གོང་ལ་ཡང་དགོས་ཚུགས་ཀྱི་བཱ་ནཱ། ཨོ་འདུག་ཟེར་གཅིག་བྱེད་མྱོང་།
  • བཅའ་འདྲི་བྱ་ཡུལ་
    འཇིགས་སྣང་ར་པོ་ཞེ་དྲག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    འཇིགས་སྣང་གཅིག་ཡོད་པོའོ་ཁོས་གང་བྱས། མིས་དེ་དང་དེ་བྱེད་དུས་ཨོ་སྒལ་པ་དང་ཁྲུལ་པ་ལ།
  • བཅའ་འདྲི་བྱ་ཡུལ་
    ད་གཅིག་བཞུ་མིན་ཡོང་བཞུ་མིན་ཡོང་བསམ་པ།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག།
  • བཅའ་འདྲི་བ་
    བཤད་པ་བཏང་ཡས་དེ་ཐུགས་དྲན་གནང་གི་འདུག་གས། བཤད་པ་གང་འདྲས་བཏང་གི་འདུག
  • བཅའ་འདྲི་བ་
    བཤད་པ་དེ་ཚོ་གསུངས་གནང་ཡས་ཡོད་པས་ལགས།
  • བཅའ་འདྲི་བྱ་ཡུལ་
    ག་གས་ལགས།
  • བཅའ་འདྲི་བ་
    ཐུ་བ་ནས་དེ་བར་དུ།
  • བཅའ་འདྲི་བྱ་ཡུལ་
    ཨ་ལས་དེ་གི་ཅི་འགྲེལ་བཤད་རྒྱག་ཡས་ཀྱི་དུབ་ལོག་༼གྱོན་གོས༽ཀྱིས།
  • བཅའ་འདྲི་བ་
    ཨོ་དེ་གས་ཐུགས་དྲན་གསོས་ཀྱི་འདུག་ཀས་ལགས།
  • བཅའ་འདྲི་བྱ་ཡུལ་
    དུག་ལོག་ཁོ་རའི་ཆ་ཚང་ཁོ་རའི་དེ་ཟེར་བཱ་མི་ནས་ཡར།
  • བཅའ་འདྲི་བྱ་ཡུལ་
    ཟེར་ཡས་ཟེར་པཱ་ལགས།
  • བཅའ་འདྲི་བ་
    ཨོ་དེ་གས་གཅིག་ཐུགས་དྲན་གནང་ན་གཅིག་གསུངས་དང་།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་གཅིག་རྐང་པའི་ལྷམ་ཁོག་ནས་གཅིག་རྐང་གོས༼གོས་ཐུང་༽མཐིལ་ལེན།
  • བཅའ་འདྲི་བྱ་ཡུལ་
    ཟེར་ཡས་ར་པོ་ད་དེ་ཡོད་པོའོ་ནཱ་ལཱ།
  • བཅའ་འདྲི་བྱ་ཡུལ་
    དུག་ལོག་དེ་གིས་ཆ་ཚང་དེའི་ནང་ཁུག་མ་ནིས་ཡར་དེ་ནི་སོ་སོའི་སྟོད་ལཱ་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    བག་ ཕོ་སྟོད
  • བཅའ་འདྲི་བྱ་ཡུལ་
    ཟེར་ཡས་ར་པོ་དེ་གིས་གྱིས་དེ་ནི་ཆ་ཚང་ཚང་ཡོད་པས་ཟེར།
  • བཅའ་འདྲི་བྱ་ཡུལ་
    འགྲིག་ཡོད་པས་ཟེར་ཀྱི་རེད།
  • བཅའ་འདྲི་བྱ་ཡུལ་
    དེ་འགྲིག་མེད་ཟེར་བྱས་ཆོག་གི་མ་བཱ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཆོག་མ་ཡོང་། ཨེ་ནི་བལ་བསྲེས་ཤ་བྲལ་སྐར་ཆུང་།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དཀྲལ་ལྐོག་ཞེ་དག་ལ་དེ་འདྲས་གཅིག་བཤད་ཡོང་། རྒྱུད་ཡོད་པས།
  • བཅའ་འདྲི་བྱ་ཡུལ་
    ཉིན་ལ་མ་ཐད་གོང་ལ། ཡར་གིའི་སྒང་ལ་བསྡད་བྱས་ཆང་བཏུངས།
  • བཅའ་འདྲི་བྱ་ཡུལ་
    དཀར་རྒྱུག་༼གཤེ་གཤེ༽གཅིག་གི་གཏོང་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    བྱས་ཆོག་གི་མ་བཱ། དེ་ནི་སྤོབས་པ་མཐོ་པོ་བྱས་ཆོག་མ་མྱོང་ཟེར་ཡས་བཱ་ཟེར་ཡས་ར་པོ་བྱས་ན། མགོ་ལས་དཔུང་པ་མཐོ།
  • བཅའ་འདྲི་བྱ་ཡུལ་
    སྐ་རགས་ལས་སྣ་རྫར་རིང་། བྱས་ཆོག་མ་མྱོང་།
  • བཅའ་འདྲི་བྱ་ཡུལ་
    དེ་འདྲས་བྱས་གཞི་ནི་དེ་ཨོ་སྣེ་གདོང་གཞོས་པ་ཤ་རོ་དེ་ཨོ་གང་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཕྱགས་མས་ཕྱགས་ཕྱགས་དང་རུས་པ་དེ་ཁབ་གས་དྲུས་དྲུས་དང་ཞེ་དག་དེ་ནི་རྦད་
  • བཅའ་འདྲི་བྱ་ཡུལ་
    ཤབ་ཇུས་རུས་ཇུས་བཟོ་མཁན་ཡིན་མདོགས་མདོགས་ར་དེ་མར།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེར་བཤོད་ཀྱི་བཱ་གོ་བཤོད་ཡས། རྦད་དེ་ཐབས་ཤེས་བྱས་ད་ཨོ་དེ་ལ་ཆ་བཤག་ལ་ར་གཅིག་ཡིན་ན།
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་ལ་ནུ་རུ་ཕོ་བྲང་ལ་འགྲོ་ཡས་ཡིན་ན་ཡི་ནས་ཤར་ཀྱག་འབྲས་ཤག་འོག་འོག་རྐྱང་
  • བཅའ་འདྲི་བྱ་ཡུལ་
    ཡིན་ནས་དེའི་འོག་ཡིན་ནས་མར་ནས་མི་ཁོ་རའི་མཐོ་དེ་གིས་བླངས་བྱས་
  • བཅའ་འདྲི་བྱ་ཡུལ་
    རྒྱལ་པོ་དེ་གས་ཅི་གཏོང་གི་བཱ་ལགས
  • བཅའ་འདྲི་བྱ་ཡུལ་
    རྫིགས་ལོག་གིས་ཨོ་དེ་གིས་མར་རྩིབ་བཤར་གཏོང་གི་བཱ་། ཡོ་ཙུ༼ང་ཚོ༽གཅིག་པུ་མ་བཱ། ལྷ་མོ་གང་བྱས་
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་དུམ་རྩིས་བཤར་གཏོང་གི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཁྲིག་ལོ་གོ་གུ་དུ་སུ་ཡོད་མིན་དེ་གིས་བརྩི་བཤར་གཏོང་གི་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    མི་རིག་ལོ་གོ་ཡར་དེའི་ད་གང་ཟེར་དགོས་བཱ་གས་བླ་མའི་བཀའ་དབང་ཞུ་ཡས་
  • བཅའ་འདྲི་བྱ་ཡུལ་
    དེ་ནུའུ་སྒུར་སྒུར་བྱས་སྡོད་དགོས་མ་གཏོགས།
  • བཅའ་འདྲི་བྱ་ཡུལ་
    ཡར་ལངས་བྱས་དང་རྐུབ་ཀྱག་བྱས་སྡོད་ཡས་ཞེ་དག་མེད་པོའོ། ད་དེ་གའུ་གུ་སོང་སྤྱི་ཚོགས་རྙིང་པའི་དེ་བཱ་ནཱ་ལཱ།
  • བཅའ་འདྲི་བྱ་ཡུལ་
    སྒུར་རིའི་སྡོད་དགོས་པཱ་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    མགོ་ཡ་རུ་དགེ་རྒན་གྱིས་བཱ་དེ་མ་གིའི་ནང་ལ་བླུགས་བྱས་བཞུགས་ཀྱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གའི་ནང་ལ་རྦད་ཞཱ་བྱས་སྒུར་སྒུར་བྱས་སྡོད་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་མི་ནོར་བུ་གླིང་ག་ལ་དེ་ཀ་ཙམ་རང་མེད་པོའི་དེ་བྱེད་ཉིན་དེ།
  • བཅའ་འདྲི་བྱ་ཡུལ་
    ནོར་བུ་གླིང་ཀ་ལ་ཡང་ཆབ་དྲུང་ཟེར་ཡས་གཅིག་ཡོད་པོའོ། གཟན་གྱོན་ཀྱོ་གཅིག་གཉིས།
  • བཅའ་འདྲི་བྱ་ཡུལ་
    དེ་གཉིས་ཀས་དེ་ནི་ཆུ་ཚོད་ར་དེ་སླེབས་སོང་ན་ནི་སྤུན་བདུན་དེ་གས་ཤོག་ཟེར་པཱ། ད་ཁྱེད་རང་ཡོང་དྲགས་པཱ་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཉམ་དྲག་གི་བཱ་དེ། འཇིགས་སྣང་ཡོད་པོའོ་ཀོ
  • བཅའ་འདྲི་བྱ་ཡུལ་
    གཉིས་ཅོག་ལོ་གོ་ཕ་རུ་གདོང་ཕ་རུ་སྡོད་ཀྱི་བཱ་ལགས། རྣམ་ཐར་ནོར་ན་ནི་ཨ་ཟེར་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་སྤུན་བདུན་པ་ཟེར་ཡས་ནི་ཁོ་རུ་སྣ་སྣ་རྐྱང་ཡ་རུ་འགྲོ་སྒོས་བ་ནཱ་ཡ་ཡི།
  • བཅའ་འདྲི་བྱ་ཡུལ་
    ད་ཨོའོ། རྩེ་ལ་ཕྱིན་ན་ནི་བདེ་གཡང་ཤག་གི་ཤར་ཀྱག་ཡ་རུ་ཡ་ཡི་ཆོས་མཇལ་འགྲོ་སའི་དེའི་
  • བཅའ་འདྲི་བྱ་ཡུལ་
    ཕུང་ཀ་ཅི་འོག་ཡ་རུ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    འོག་ཡ་རུ་འགྲོ་གུ་བཱ། ད་དེ་ཕོ་བྲང་ལ་ཡང་ད་ག་བཱ། ནོར་བུ་གླིང་ག་ལ་ནི་མ་གུར་
  • བཅའ་འདྲི་བྱ་ཡུལ་
    རྡོ་གཅལ་གྱི་སྣ་སྣ་ཀྱང་ཕ་རུ་དོན་དགོས་བཱ། ད་ཐེ་བོང་རང་མ་རུ་སླེབས་པ་དང་ཁོང་ཚོ་མི་ཡ་རུ་རྐུབ་རྒྱག་བྱས།
  • བཅའ་འདྲི་བྱ་ཡུལ་
    དེ་དེ་གིས་གཞས་དབྱངས་དེ་གིས་རྫིས། འཁྲུངས་ཕོར་འགྱོགས་ཉིན་འགྱོགས་ཉིན་བྱས།
  • བཅའ་འདྲི་བྱ་ཡུལ་
    སོག་ཤག་སོག་ཞྭ་གྱོན་བྱས་མི་དེ་བཞི་ཡོད་པོའོ་དེ་རུ། ཨོ་དེ་གིས་གས་ཡ་ནས་མར་སྡོད་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ངེད་ཚོ་དེ་གིས་ཁྲིག་ལོ་གོ་ཉི་མོ་ཚ་པོ་མ་གིའི་ལོགས་མཱ།
  • བཅའ་འདྲི་བྱ་ཡུལ་
    ཉིན་མོ་ཚ་གཅིག་འདུག
  • བཅའ་འདྲི་བྱ་ཡུལ་
    དེ་ཤུམ་ཤར་མ་པ་གཅིག་ལ་སླེབས་ཀྱིས་སླེབས་ཀྱིས་ནཱ།
  • བཅའ་འདྲི་བྱ་ཡུལ་
    འོ། ཤུམ་ཤར་ཏག་ཏག་སླེབས་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ཉིན་མི་ཚ་པོ་ར་གཅིག་དེ་ནི་ཨོ་འབྲས་སྤུངས་རྡོ་གཅལ་དེ་ནས་ཡར་ལྷ་མོ་གང་ག་ནུག་ཟེར་ཡར་ཁྱུ་ཤིག་རེ་
  • བཅའ་འདྲི་བྱ་ཡུལ་
    སམ་པ་ཨོ་ནུག་ཟེར་བསྡད་གུ་བཱ། དེ་ཡ་ནས་མར་མཐོ་ཤོས་དེ་གིས་སློགས་བྱས་
  • བཅའ་འདྲི་བྱ་ཡུལ་
    གཏོང་གི་བཱ་དཀར་རྒྱུག༼གཤེ་གཤེ༽ ཨོ་དེ་གིས་ཚང་ཡོད་པས་ཟེར། དེ་དེ་གིས་བྱས་ཆོག་གི་མ་བཱ་ཟེར།
  • བཅའ་འདྲི་བྱ་ཡུལ་
    དེ་གང་ག་ལོག་གོ་གཅིག་མགོ་བཀྲ་ཤིས་སྤུན་བདུན་ནས་བརྩིས་པའི་མཇུག་ཤེལ་རོང་གྲོང་རྫས་
  • བཅའ་འདྲི་བྱ་ཡུལ་
    དེ་ནི་དེ་གིས་ཨོ་དེ་དེ་གིས་ཨོ་ཁོ་རའི་སྒང་དེ་གིས་ལྷ་མོ་ཡ་ནིས་མར་རིམ་པས་བྱས་ཡོད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་གིས་མགོ་མགོ་ཡ་རུ་འགྲོ་མཁན་དེ་གས་ངེད་ཚོ་ཟེར་པཱ།
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་སྤུན་བདུན་ཟེར་པཱ། མཇུག་གུ་མཇུག་གུ་མ་རོ་བསྡད་ཉིན་ཤེལ་རོང་གྲོང་རྫས་ཟེར་ཡས་དེ་
  • བཅའ་འདྲི་བྱ་ཡུལ་
    རྡོ་རྗེ་ཤེལ་རོང་ནས་བཱ།
  • བཅའ་འདྲི་བྱ་ཡུལ་
    གཡག་
  • བཅའ་འདྲི་བྱ་ཡུལ་
    གཡག་དོན་ཉི་ན་དེ་ཨོ་དེ་སླེབས་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    ར་ག་ཆུས་ཟེར་ལྷ་མོ་མི་གཅིག་ཟེར་
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག
  • བཅའ་འདྲི་བྱ་ཡུལ་
    ཡ་ཡི་། རབ་བཅུ་པའི་ཁོངས། སྔོན་མ་བྱས་ན་རབ་བཅུ་པ་ཡོད་པཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ལ་བྲོ་པ་མི་གཅིག་རང་གཅིག་ཡོང་། ཁོ་རའི་ཁུངས་ར་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    ད་ངེད་ཀྱིས་འོ་སྤྱི་ཚོགས་རྙིང་པའི་ཧ་ཧ་ཧ།
  • བཅའ་འདྲི་བ་
    དེ་ཚོ་ཡག་པོ་འདུག
  • བཅའ་འདྲི་བྱ་ཡུལ་
    ད་ཡག་ཚོད་ཡག་ཚོད་ཟེར་བསྡད་མིན་ནི་ཀོའོ་ལགས་རྒན་ལགས།
  • བཅའ་འདྲི་བྱ་ཡུལ་
    ཡལ་གྱིས་ཀོའོ།
  • བཅའ་འདྲི་བྱ་ཡུལ་
    ད་གང་ཟེར་དགོས་བཱ་ཀས། རྫི་མདོག་ཀྱོ་བཟོ་ར་ར་གཅིག་ཆགས་བསྡད་ནུའུ་ཀོ།
  • བཅའ་འདྲི་བྱ་ཡུལ་
    འདུག་ཟེར་ཟ་ཡས་མེད་པོའོ་ལགས། དགེ་རྒན།
  • བཅའ་འདྲི་བྱ་ཡུལ་
    གང་བྱས་མི་བཅུ་ཐམ་པ་ཡོད་པོའོ། དེ་གས་ཏག་ཏག་ཁོ་རུ།
  • བཅའ་འདྲི་བྱ་ཡུལ་
    ཏག་ཏག་བགོ་བཤེ་རྒྱག་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་ཁོ་རའི་ཨོང་དེ་གཅིག་ཡོད་པོའོ། མཚམས་བཅད་གཏོང་ཡས་གཅིག་ཡོད་པོའོ་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    མཚམས་བཅད་དེ་བཏང་མེད་ན་དེ་རྣམ་བཅད་དེ་ཕྱེད་ཀ་མེད་དོ་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་ང་ད་ནིང་ཡར་གསར་པི་ལ་དེ་རིང་དེའི་གྲལ་དེའི་ནང་ལ་གསར་པི་ལ་ད་ལོ་ཚང་ཡོད་ན་
  • བཅའ་འདྲི་བྱ་ཡུལ་
    ཚང་བཅད་མ་བཏང་བྱས་ད་ཕ་རུ་དེ་ལ་ཕྱིན་ན། ཞོ་སྟོན་ལ་ཕྱིན་པ་ར་གཅིག་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    དེ་ང་བསྐལ་ལ་ཕྱེད་ཀ་མ་གཏོགས་མེད་པོའོ། བསྐལ་ལ་གང་ཙང་༼ཚང་མ༽མེད་པོའོ། མ་གཏོགས་གཞན།
  • བཅའ་འདྲི་བྱ་ཡུལ་
    གཞན་གཅིག་བཱ།
  • བཅའ་འདྲི་བྱ་ཡུལ་
    གཅིག་མི་ཐེངས་།
  • བཅའ་འདྲི་བྱ་ཡུལ་
    ཁྲིག་གི་ལོག་གོ་དེ་བྱེད་པཱ།
  • བཅའ་འདྲི་བྱ་ཡུལ་
    དེ་མི་བྱེད་ཡས་ར་དེ་བྱས་ནི་ངེད་ཚོ་ཨོང་ཉམ་གཞོན་པ་དེ་ཀིས་དགེ་རྒན་གྱི་འོག་མ་དེ་ཀྱིས་ཀས་ཨེ་ལིས་
  • བཅའ་འདྲི་བྱ་ཡུལ་
    དགེ་རྒན་དེའི་ཁྲལ་དེ་ཀྱིས་ལ་ཕེབས་ཀྱི་བཱ། ཁྲལ་གསུམ་པོ་དེ་ཀྱི་ལ།
  • བཅའ་འདྲི་བྱ་ཡུལ་
    དེ་སྦྱིན་བདག་དེ་ཀྱིས་ལ་ཕུལ་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    སྦྱིན་བདག་ཉིན་མོ་བཞི་ཉིན་མོ་བདུན། དེ་ལ་དགེ་རྒན་གྱིས་སླེབས་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    དགེ་རྒན་སླེབས་པ་དང་དཀྲུངས་བྱས་དེ་ནི་མི་དགེ་རྒན་ཁོང་འདྲ་ཞོལ་བསྐོར་ར་བཟང་ཐད་ཀྱིན་
  • བཅའ་འདྲི་བྱ་ཡུལ་
    ཐད་ཀྱིན་དེ་གནང་བཞུགས་ཀྱི་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ངེད་ཨོང་འོག་མ་ར་དེ་ད་དེ་ངེད་འོག་མ་ད་ཨི་མི་༼སྤོ་ལགས་༽ཡིན་པ་ལ་ཆ་བཞག་ན་
  • བཅའ་འདྲི་བྱ་ཡུལ་
    ད་དེ་ཨི་མས་མགོ་དེ་འཁྲིད་། དེ་ངེད་ཀྱིས།
  • བཅའ་འདྲི་བྱ་ཡུལ་
    དེ་ངེད་ཀས་ཨོ་གུ་རུའུ་གཅིག་བསྡད་ཡང་གཟིམ་ཤག་གང་ག་ལ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    གཞན་དགེ་རྒན་ལ་གྱོད་བཤད་ཞེ་དག་གང་ཡེ་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    བཅའ་འདྲི་བྱ་ཡུལ་མེད་པོའོ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ངེད་ཚོ་དེ་ཕ་ག་རུ༼ཕར་ཕྱོགས་ན༽ཨོའོ་ད་ཚུར་དེ་རིང་ཨང་ར་གཅིག་བྱས་འཕྲུལ་ཆས་ནི་མེད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་བོང་བུ་ལ་ནི་སོ་སོའི་ཉལ་ཆས་དང་ལྟོ་ཕད་མ་གཏོགས་འཁྱོགས་ཡས་༼ཐེག་རྒྱུ་༽གང་ཡེ་མེད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་འབྲུ་རིགས་ཡོང་གི་བཱ། མང་ཆེ་འབྲུ་རིགས་དང་རྩམ་པ་བཱ། དེ་གིས་ནི་ཕ་རུ་།
  • བཅའ་འདྲི་བྱ་ཡུལ་
    ཕ་རུ་བཙོངས།
  • བཅའ་འདྲི་བྱ་ཡུལ་
    སྤྲད་བྱས་དེ་ནི་པེ་ཤག་ལ་སྒྲིལ།
  • བཅའ་འདྲི་བྱ་ཡུལ་
    དེ་ཕ་ནས་གཅིག་ཉོ་ཆ་ཡི་བཟོ་ར་གཅིག་རྒྱབ་བྱས་སླེབས་ཀྱི་བཱ་ཡང་དེ་ལ་ཡོང་འབབ་ར་པོ་
  • བཅའ་འདྲི་བྱ་ཡུལ་
    ཨོ་ཙམ་ཡོད་པོའོ་ལགས། ཡོད་པོའོ་ལགས། ཕོག་ཡག་པོ་ཡོང་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ཡོང་འབབ་ཨོ་ཙམ་ཡོད་པོའོ་དེས་ནུ་རུ་ཡང་ཞིང་ཁའི་ཞིང་གཡོག་བྱས་བྱས་སྡོད་ཡས་མེད་པོའོ་ཀོ།
  • བཅའ་འདྲི་བྱ་ཡུལ་
    ཞིང་གཡོག་དེ་ཤོར་ཀྱོ་ཀོ་ཡང་།
  • བཅའ་འདྲི་བྱ་ཡུལ་
    གང་བྱས་གཅུ་ཧྲིག༼ཚང་མ༽ཕར་འགྲོ་དགོས་བཱ་ནཱ། ཁྱོ་ག་ར་དེ་གིས།
  • བཅའ་འདྲི་བྱ་ཡུལ་
    ཁྱོ་གོ་ངེད་ཚོ་མི་ཉི་ཤུ་ཐམ་པ་ཕ་རུ་ཕར་འགྲོ་དགོས་བཱ་ནཱ། ཁག་གཉིས་ཡོད་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ད་ནུའུ་རུ་བྱས་ན་ནི་། ད་ཨོང་ལྷ་མོ་དེ་ཨོ་དེ་རུ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    གནང་ཆེན་དང་དེ་གིས་བསྣམས་དེ་སོ་སོ་ལ་ད་གཅིག་ཡར་དཔོན་པོ་ལ་སྤྲོད་ཡས་ཡི་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་ག་ནང་བཞིན་གཅིག་གིས་དགེ་རྒན་ལ་ཐོད་པས་ཟེར་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    གཅིག་ར་པོ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཕྲུ་གུ་ཆུང་ཆུང་བཱ་ཟེར་དེ་ལ་ཁོ་རའི་ལས་ཀ་དེ་ཡིན་ན་གཞོན་གྲལ་ལ་རྒྱུགས་ཡས་དེ་
  • བཅའ་འདྲི་བྱ་ཡུལ་
    ཕྲུ་གུས་བྱེད་དགོས་བཱ་བྱས་པ་མ་གཏོགས་གཞན་ནི་དེ་ཞེ་དག་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་ལྟོ་ཡི་མགོ་མཇུག་ར་གཅིག་གིས་དགེ་རྒན་སྔོན་ལ་བླུགས་ཡས་ར་གཅིག་མ་གཏོགས་གཞན་གཅིག་གཅིག་རྐྱང་བཱ།
  • བཅའ་འདྲི་བྱ་ཡུལ་
    ཆ་ཁོ་ར་བཱ།
  • བཅའ་འདྲི་བྱ་ཡུལ་
    བགོས་དུས་འཁོད་སྙོམས་པོ་ཞེ་དྲག་ཡོད་བཱ། རྐང་དྲགས༼གཏན་ནས༽་ཁོ་རུ་དེ་བྱས་གཏོགས་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    དེ་ཨོ་མིས་ཕར་ཕྱིན་པའི་བསྣམས་པའི་བཟོ་ར་དེ་གས་གཅིག་ལྷ་སར་ད་ཨོ་དེ་རིང་སང་ཨེ་རིའི་
  • བཅའ་འདྲི་བྱ་ཡུལ་
    རྩེད་ཐང་དང་བཟོ་ར་པོ་བྱས་ཚོང་འདུས་ཚོགས་ས་ལྷས་ས་ལ་མ་གཏོགས་མེད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    རྩེད་ཐང་ལ་ཡོད་པོའོ་དེ་གཅོལ་གཅོལ་༼ཏོག་ཙམ༽མ་གཏོགས་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    དེ་ཨོ་ཕིན་ནས་ཚོང་ར་བཟང་བརྒྱབ་བྱས་དེ་བྱས་སླེབས་ཀྱི་བཱ། དེ་ཨོ་ཙམ་ར་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ཡོད་པོའོ་ལགས། ཞོ་སྟོན་དེ་ལ།
  • བཅའ་འདྲི་བྱ་ཡུལ་
    ད་ཨོ། ཞོ་སྟོན་། དེ་ནི་ནུ་རུ་ཨོང་དུས་རྒྱུན་དུ་བྱས་ན་ནུ་རུ་ཁྲལ་རྒྱུགས་དགོས་བཱ་ངེད་ཚོ།
  • བཅའ་འདྲི་བྱ་ཡུལ་
    ཅག་བཀག་༼རྟག་པར༽ཁོ་རུ་དེ་ལ་འགྲོ་དགོས་མིན་དབྱེ་བ་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་འཁྲབ་ཀ་དང་ལྷ་མོ་སློབ་དང་གཞན་དག་ཀང་དྲག་ཁོ་ར་བྱེད་ཡས་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    རྐང་ནས་ཁོ་རུ། ཡོང་ཀྱི་མ་བཱ།
  • བཅའ་འདྲི་བྱ་ཡུལ་
    གང་བྱས་ནུའུ་རུ་སྒོ་དུད་གྲོང་ཚོ་ནིའི་ནང་ལ་སྒོ་ཆེ་བ་སྒོ་དུད་བཅུ་གཉིས་དང་།
  • བཅའ་འདྲི་བྱ་ཡུལ་
    ཆུང་བ་བརྒྱད།
  • བཅའ་འདྲི་བྱ་ཡུལ་
    ཆུང་བ་བརྒྱད་ཡོད་པོའོ། ཨོ་དེ་ཀས་ནུའུ་ཀུ་རུ་གཞིས་སྡོད་ནིའི།
  • བཅའ་འདྲི་བྱ་ཡུལ་
    གཞིས་ཀ་ནི་ཀིའི
  • བཅའ་འདྲི་བྱ་ཡུལ་
    ཞབས་ཕྱི་ཞུས་བྱས་སྡོད་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཕར་ལྷའི་གཞིས་ཀ་བཱ་ལགས་གཞིས་ཀ་ནི། ཕ་ལྷ།
  • བཅའ་འདྲི་བྱ་ཡུལ་
    གཞིས་ཀ་ནིའི་ཕ་ལྷའི་གཞིས་ཀ་ནིའི་ཞབས་ཕྱི་གཅིག་བཞུ་དགོས་བཱ། ད་སྡེ་པ་གཞུང་རང་ཅི་མིས་ཁྲལ་བཟོ་ར་དེ།
  • བཅའ་འདྲི་བྱ་ཡུལ་
    ཡར་ནས་མར་སེ་རའི་དུས་ཆེན་ཨིན་ན་འདྲ། གང་ཡིན་ན་གཅིག་དེ་དོན་ཀྱི་བཱ་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    དེའི་ཨོ་དེའི་གང་ག་ལོག་ག་དང་འདྲ་བཞིན་པ་ཁྲལ་བསྐྱལ་ཀ་འགྲོ་དགོས་བཱ་མ་གཏོགས།
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་ད་དེ་སྐྱོར་མོ་ལུང་པ་དང་ལྷ་ས་ཞོལ་པ་དང་ནུའུ་ཚོ་བཟོ་ར་ར་བྱས་རྒྱུགས་ཕྱིན་བྱེད་ཡས་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་ཕ་ཚུར་༼ཁོང་ཚོ༽གཡས་གཡོན་ལ་དགོན་སྡེ་ཁག་ར་བཟང་གཞི་ཁག་ཁག་ར་བཟང་སྐད་བཏང་བྱས་ད།
  • བཅའ་འདྲི་བྱ་ཡུལ་
    རྟེན་འབྲེལ་ར་པོ་བྱས།
  • བཅའ་འདྲི་བྱ་ཡུལ་
    མཛད་སྒོ་ཆེ་དེ་ཚོར།ཨོ་དེ་ཡང་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ཨོ་དེ་གིས་རུབ་རུབ་བཟོས་བྱས་དེ་ནི།
  • བཅའ་འདྲི་བྱ་ཡུལ་
    ཉིན་མོ་གཉིས་ཙམ་གཅིག་གཉིས་ཙམ་གཅིག་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    ཨོ་འདུག་ཟེར་དེ་བྱེད་པཱ།
  • བཅའ་འདྲི་བྱ་ཡུལ་
    ད་མར་འཁྲིད་ཡོང་ཚར་སོང་ན་ཡང་དེ་ཉིན་མོ་གཅིག་བགོ་བཤའ་རྒྱབ། གཅིག་ར་པོ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཐོད་དཔལ་མེད་པོའོ་ལགས་ངེད་གཉིས་ལ། ཡག་པོ་ཡོང་གི་ཡོད་མི།
  • བཅའ་འདྲི་བྱ་ཡུལ་
    ཁྲལ་བསྐྱལ་དགོས་བ་གོ་མིས་ཡར་འཕྱོངས་རྒྱས་རྫོང་ལ་ཞབས་ཕྱི་གཅིག་བཞུ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཕར་ཕ་ལྷ་ལ་ཞབས་ཕྱི་གཅིག་བཞུ་དགོས་བཱ། ནུའུ་རུ་ཞི་སྡོད་ལ་ཞབས་ཕྱི་གཅིག་བཞུ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    དགུན་ཁའི་གུ་སོང་དེ་ནི་ཕ་ལྷ་ལ་ཁྲལ་ཞེ་དག་ལ་འབྲུ་སྐྱེལ་ཀ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    བཱ། ཡང་བོང་བུ་དེད།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་རེ་ཐག་བཞིན་ཐེང་ཐེངས་རེ་རེས་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་ད་དགུན་ཁ་ཟླ་བ་བཅུ་པ་བཅུ་གཅིག་པ། བཅུ་གཉིས་པ་དེ་གས་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་གསུམ་གྱི་ནང་ལ་ད་ནུ་རུ་མིས་འབྲུ་རིགས་དེར་བཞག་པ་དེ་སྤུན་བདུན་གཞིས་ཀས་ནུ་རུ་རུབ་རུབ་བཟོས་བཞོག་གི་བཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ཨོ་དེ་གཅིག།
  • བཅའ་འདྲི་བྱ་ཡུལ་
    དེ་ཕར་བསྐྱལ་བར་འགྲོ་དགོས་བཱ་ཡ་ཡི།
  • བཅའ་འདྲི་བྱ་ཡུལ་
    དེ་ཕར་གཅིག་བསྐྱལ་ཀ་འགྲོ་དགོས་བཱ། ད་ལུང་པ་ཡ་གིའི་བཤན་ཡོད་པོའོ། འབྲོག་པ།
  • བཅའ་འདྲི་བྱ་ཡུལ་
    འབྲོག་པོ་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    འབྲོག་པ་དེ་ད་མིས་མར་འཕྱུར་ར་ཟེར་ཡས་ར་པོ།ད་ག་ནང་བཞིན་གྱི་སྤུ།
  • བཅའ་འདྲི་བྱ་ཡུལ་
    གང་ག་ལོག་གོ་ཨོ་ཡང་ཕར་བསྐྱལ་ཀ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་ཟླ་བ་བཅུ་པའི་ནང་ལ་རྨོ་བརྔོས་ཟེར་དེ་ཡང་།
  • བཅའ་འདྲི་བྱ་ཡུལ་
    ཡང་གཅིག་བསྐྱལ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་ལྷས་ས་ལ་ལྟེ་བ་ནས་བྱས་ན་ལྷས་ས་ལ་དེ་ལྷས་ས་སྨོན་ལམ་ཟེར་དེ་ཚུགས་ཀྱི་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨེ་དཱ་ལྷ་ས་སྨོན་ལམ་གྱི་ཞལ་འདེབས་ཟེར་དགོས་བཱ་གས་གང་ཟེར་དགོས་བཱ་གས་ད་དེའི་གང་ག་ལོག་ཀ་ནས་
  • བཅའ་འདྲི་བྱ་ཡུལ་
    ཁག་གཅིག་ནས་རྩམ་པ་གཅིག་འཁྱེར་འགྲོ་གི་བཱ། ཁག་གཅིག་ནས་པེ་ཤག་འཁྱེར་འགྲོ་དགོས་བཱ་ཨོ་དེ།
  • བཅའ་འདྲི་བྱ་ཡུལ་
    ཟླ་བ་བཅུ་པའི་ནང་ལ་ཡང་བསྐྱལ་ཀ་འགྲོ་དགོས་བཱ།
  • བཅའ་འདྲི་བྱ་ཡུལ་
    ཁྲལ་ཁོ་རུ་བཙར་ཀ་བསྐྱལ་མ་ཚར་བྱས་བསྡོད་དགོས་བཱ་དུས་རྒྱུན་དུ་ཨིན་ན།
  • བཅའ་འདྲི་བྱ་ཡུལ་
    དེ་ངེད་ཚོའི་ལྷ་མོ་དེ་དེ་རག་གཅིག་བཱ་ལྟེ་བ་ར་དེ་བྱས་ན་མ་པ་བྱས་ན་ནི་
  • བཅའ་འདྲི་བྱ་ཡུལ་
    མིང་ཆེན་པོ་ར་གཅིག་དང་དེ་བྱེད་པོ་ར་གཅིག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    མ་གཏོགས་སྐྱོར་མོ་ལུང་པ་ར་གཅིག་དང་འཁྲབ་བསྡོད་ཡས་མེད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་མཁས་པོ་སྙན་པོ་ར་པོ་དེ་བྱས་པོ་ར་གཅིག་ཞེ་པོ་མེད་པོའོ་ད་སྔོན་མ་ཅི་མི་
  • བཅའ་འདྲི་བྱ་ཡུལ་
    དགེ་རྒན་གོང་མ་དེ་ཚོར་ཞེ་དག་ད་གཅིག་མིས་ཡི་གེ་དང་ཞེ་དག་གུ་རུའུ་ཡོད་པ་བྱས་
  • བཅའ་འདྲི་བྱ་ཡུལ་
    གཞུང་ཡི་དག་པོ་བྱས་ཡང་དེ་བྱེད་པོ་ཞེ་དྲག་ཡོད་པོའོ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་སང་ཡང་མིས་ང་ཨོ་ཐོག་ཞེ་དྲག་གཅིག་དེ་མི་གཞུང་དག་པོ་བྱས་ཞེ་པོ་གཅིག་ཨེ་རས་ཏག་ཏག་དེ་གས།
  • བཅའ་འདྲི་བྱ་ཡུལ་
    སླེབས་ཐུབ་ཀྱི་མིནནིས། རྐང་དྲགས༼གཏན་ནས༽ཡི་གེ་ཡང་མི་ཤེས།
  • བཅའ་འདྲི་བྱ་ཡུལ་
    ཁག་པོ་ཁག་པོ་བཱ་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    དཔེར་ན་ཆ་བཞག་ན།
  • བཅའ་འདྲི་བྱ་ཡུལ་
    གྲུབ་ཐོབ་ཐང་སྟོང་གི་དང་ཐོག་གི་རྩ་རྒྱན་ག་ནས་ག་རུ་ཨིན་པ་དང་རྒྱལ་བ་ལྔ་པའི་ད་
  • བཅའ་འདྲི་བྱ་ཡུལ་
    རྩ་རྒྱན་ག་ནས་ཡིན་མེད་ད་མཐར་ཐུག་མིས་སོ་སོས་བློ་ལ་འཇགས་པ་ར་དེ་གིས་ཨིན་ནི་
  • བཅའ་འདྲི་བྱ་ཡུལ་
    གཅིག་ད་ལྷ་མོ་འཁྲབ་པའི་གུ་སོང་ཨིན་ན་ཡི་དེ་ནས་ཡར་འགྲེལ་བཤད་བཟོ་ར་སོང་རྒྱབ་བྱས་དེ་ནི་ཨོང་
  • བཅའ་འདྲི་བྱ་ཡུལ་
    མིས་དེ་རྟག་ལ་མ་སོང་ན་ཡིས་བཟོས་བང་བསྒྲིགས་བཟོ་ར་དེ་ད་དང་པོ་འདོན་རྒྱག་སྟངས་ནས་
  • བཅའ་འདྲི་བྱ་ཡུལ་
    འདོན་རྒྱག་ཡས་དེ་གས་གཅིག་དོན། གཉིས་དོན་རྒྱག་ཡས། སུམ་དོན་རྒྱག་ཡས།
  • བཅའ་འདྲི་བྱ་ཡུལ་
    དེའི་མཇུག་གུ་དེ་རུ་གཅིག་བསྔགས་དོན་རྒྱག་ཡས་ཡིན་ན་ཡང་འདྲ།
  • བཅའ་འདྲི་བྱ་ཡུལ་
    ན་གཞོན་རྔོན་པ་དོན་ཡས་ཡིན་ན་ཡང་འདྲ། ཁོ་རའི་བང་བསྒྲིགས་ར་དེ་གིས་ཡར།
  • བཅའ་འདྲི་བྱ་ཡུལ་
    དེ་སོ་སོ་སོའི་གིས་རྣམ་ཐར་ར་པོ་རེ་རེས་སྤྲད་བཞག་ཡོད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ཀྱིས་ཡར་དེ་བྱས་ནི་མ་གཏོགས་གཅིག་ད་ནི་ངོ་ཐོག་དག་པོ་བྱས་ཞེ་པོ་གཅིག་དེ་བྱེད་ཡས་ཟེར།
  • བཅའ་འདྲི་བྱ་ཡུལ་
    ངོ་གདོང་ཡང་ཧར་སོང་བཤད་ན་ཡང་དེ་ཟེར་གང་མེད་པོའོ། བཱ་ནཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    གཙོ་བོ་ར་དེ་ནི་ཨོ་འདུག་ཟེར་ཟེར་ཀྱིས་དེ་ནི་གང་།
  • བཅའ་འདྲི་བྱ་ཡུལ་
    ཟེར་ཡང་ཟེར་ལགས་ཨིན་ཨིན་པ་འདྲ་ཨེ་རས་འགྲོ་ཡས་ཀྱི་དུས་ཚོད་ཁོ་རང་ལ་ཕྱིན་པ་ར་གཅིག
  • བཅའ་འདྲི་བྱ་ཡུལ་
    བྱས་ན་ཡང་ལྷས་ས་ལ་ཕྱིན་གཅིག་སྤུན་བདུན་ཕྱིན་པ་མ་གཏོགས་གཅིག་ལྷ་མོ་
  • བཅའ་འདྲི་བྱ་ཡུལ་
    དེ་གིས་རྐང་དྲགས་ཁོ་རང་སྣ་ལ་འགྲོ་ཡས་མི་ནིས།
  • བཅའ་འདྲི་བྱ་ཡུལ་
    འགྲོ་ཡས་མེད་པོའོ་ལགས་རྐང་ནས།
  • བཅའ་འདྲི་བྱ་ཡུལ་
    ཁྲིག་གིས་ལོག་ཀོས་ཨོ་དེ་ཀྱིས་ཨོ་ད་ཀས་སྤུན་བདུན་བཀྲ་ཤིས་དེ་མིས་ཞོལ་ལས་ཁུངས་ལ་མ་རུ་
  • བཅའ་འདྲི་བྱ་ཡུལ་
    ཕོ་བྲང་གི་གཞོག་དེ་རུ་ཞོལ་ལས་ཁུངས་ད་རུ་བཀྲ་ཤིས་བཅོད་ཀ་ཕྱིན།
  • བཅའ་འདྲི་བྱ་ཡུལ་
    བཀྲ་ཤིས་ངེད་སྔ་ཐོག་གཅིག་ལ་བཅད་ཚར་ཀྱི་བཱ་དེ་མིས་ངེད་བཀྲ་ཤིས་བཅད་ནས་དེ་ལྷ་མོ་ངེད་ཚོའི་གླིང་ཁའི་ནང་ལ་
  • བཅའ་འདྲི་བྱ་ཡུལ་
    ལྷ་མོ་རྔ་བརྒྱབ་བྱེད་ཡས་རྐང་དྲགས་ཁོ་ར་ནས་དེ་མིན་ནི་ནཱ།
  • བཅའ་འདྲི་བྱ་ཡུལ་
    རྒྱུན་ནས་མེད་པོའོ་ནི།
  • བཅའ་འདྲི་བྱ་ཡུལ་
    ད་ལྷ་མོ་ཆེ་ཁག་དེ་ཚོ་ད་ལྷ་མོ་བརྟན་ཚུགས་ཀྱི་ཁྲལ་བསྐྱལ་མ་དགོས་བྱས་བརྟིང་ཚུགས་སྡོད་མཁན་ཡོད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་ཚོ་མི་ལྷ་མོ་ག་པར་འཁྲབ་འཁྲབ་ཡོད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    དེ་ཚོར་ཡང་ཞོ་སྟོན་ཟེར་ཡས། སེར་ར་ཞོ་སྟོན་ཟེར་ཡས་ར་པོ། ད་པར་ཕྱི་ཁག་ལ་ཞོ་སྟོན་ཞེ་དྲགས་ཡོང་ཀྱི་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་སོ་ཁ་རག་ཁ་རག་དོན་འགྲོ་གིས་ནཱ།
  • བཅའ་འདྲི་བྱ་ཡུལ་
    རྒྱང་དཀར་ཟེར་ཡས་ར་པོ། གཅུང་དཀར་ཟེར་ཡས་ར་པོ། ཤངས་པ་ཟེར་ཡས་ར་པོ།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་སྐྱོར་མོ་ལུང་པ་ཟེར་ཡས་ར་པོ་ཨོ་ཁོང་ཚོ་དེ་ནི་ཨོ་ཕྱིར་ལོག་ཁག་ལ་འཁྲབ་ས་ཞེ་དྲག་ནུའུ།
  • བཅའ་འདྲི་བྱ་ཡུལ་
    དེ་ངེད་འོ་བཀྲ་ཤིས་དེ་དེ་རིང་སྤྲད་ཚར་ན། སང་བོང་བུ་དེད་ཡོང་དགོས་བཱ་ཚུར། ཀྲེ་ལེང་ཀྲེ་ལེང་ཟེར།
  • བཅའ་འདྲི་བྱ་ཡུལ་
    རྒོད་ཀ་ལ་ལ་ཉི་ན་མ་གང་བྱས་ཕར་ཞོར་ཉིན་མ་ལྔ་དང་ཚུར་ཞོར་ཉིན་མ་ལྔ་བསྡོད་དགོས་བཱ་
  • བཅའ་འདྲི་བྱ་ཡུལ་
    གང་བྱས་བོང་བུ་དེད་བྱས་། ད་དེ་རིང་སང་ནི་མི་ཡག་པོ་བཱ། ཞོག་ལས་གཅིག་ལ་མིས།
  • བཅའ་འདྲི་བྱ་ཡུལ་
    ཡག་ག་ལ་བཱ་ལགས་ལ་དེ་རིང་སང་།
  • བཅའ་འདྲི་བྱ་ཡུལ་
    ཁྲལ་ཁྲལ་རྐྱང་རང་བཱ། ངེད་ཚོའི་དེ།
  • བཅའ་འདྲི་བྱ་ཡུལ་
    ཡར་ཀླུང་བཀྲ་ཤིས་ཞོལ་པཱ་ཡང་ངེད་འདྲ་པོ་བཱ། ཁོང་ཚོ་ཁྲལ་པ་བཱ་ལྟེ་བ་བྱས་ན།
  • བཅའ་འདྲི་བྱ་ཡུལ་
    ཡང་ཞིང་པ་བཱ། ཨིན་ཡས།
  • བཅའ་འདྲི་བྱ་ཡུལ་
    ཞིང་པ་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་ངེད་ཚོ་ཉེ་པོ་ར་པོ་བཱ་དཱ། གང་ཨིན་ན་ཡི།
  • བཅའ་འདྲི་བྱ་ཡུལ་
    ཁོང་ཚོ་ལ་ཡང་དེ་རིང་སང་སྣེ་གདོང་ཤན་གྱིས་ཡང་རོགས་གནང་བྱས་འགོ་འཁྲིད་གནང་།
  • བཅའ་འདྲི་བྱ་ཡུལ་
    ཡང་ཁོང་ཚོ་ཡང་ཁྲ་འབྲུག་དང་ཞེ་དག་ལ་ཚར་མ་འགྲོ་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཁོང་ཚོ་ཡང་མགོ་འཐེན་མཁན་དེ་ཉམ་དེ་བྱེད་པཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཡག་པ་ཡོད་པ་འདྲ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཁྲ་འབྲུག་ཀྲན་བཱ་ཟེར་བྱས་མ་མ་ནས་བྱས་མགོ་ཡར་འཐེན་སླེབས་ཀྱིས་ནཱ།
  • བཅའ་འདྲི་བྱ་ཡུལ་
    དེ་སྣེ་གདོང་ཤན་ཁོ་རུ་ནས་དེ་ནི་ཡང་ཐུགས་ཁུར་ཞེ་དྲག་གནང་བྱས་ཨ་ད་ཆུད་ཀུང་ཨུད་ཞེ་དག་གིས་མར།
  • བཅའ་འདྲི་བྱ་ཡུལ་
    མར་དེ་ལ་སྐད་བཏང་བྱས་ཞེ་དྲག་གིས་མིས་གློག་དང་ཞེ་དག་སྤྲད་གནང་སོང་གནང་སོང་ཀཱ་མིས་ད་ཞག
  • བཅའ་འདྲི་བྱ་ཡུལ་
    གནང་པ་ཀོ་མིས་དགེ་རྒན་ལགས།
  • བཅའ་འདྲི་བྱ་ཡུལ་
    དེ་ནི་ཨོ་ཁོང་ཚོ་ལ་མིས་ད་དེའི་བགས་ཆགས་དེ་ག་རུའུ་ཡོད་པོའོ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཁོང་ཚོ་ལ་དེ་ཞུས་དེ་ཁོང་ཚོ་རང་ལ་ཡང་ཁོང་ཚོས་ཡང་མིས་དོན་བྱ་ར་པོ་ག་རུའུ་གཅོད་ཀྱི་ཡོད་ཀྱོ་བཱ།
  • བཅའ་འདྲི་བྱ་ཡུལ་
    ད་དེ་རིང་སང་ཁོང་ཚོའི་དེ་རྒྱུན་དུ་ཁོ་རུ་ད་ད་རིང་ཡ་རུ་འཕྱོངས་རྒྱས་ཅི་རི་བོ་བདེ་ཆེན་ལ་གུ་གུ་གཅིག་བཀྲམ་དགོས་བཱ་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་དེ་ལ་ཡང་ད་རིས་དེ་ནུའུ། ཡར་ན་ཅི་བྲོ་པ་དང་བཀྲ་ཤིས་ཞོལ་པ།
  • བཅའ་འདྲི་བྱ་ཡུལ་
    ཨོ་ད་དེ་ར་དེ་སྔོན་ལ་ནི་སྤུན་བདུན་གང་དོན་ཡོད་ན་མགོ་ཚོད་མ་སོང་།
  • བཅའ་འདྲི་བྱ་ཡུལ་
    མཇུག་ལ་བཀྲ་ཤིས་བཅོད་ཡས་ལ་ངར་རྒྱུན་ཁོ་ར་ཨེ་རིའི་ད་གཱ་
  • བཅའ་འདྲི་བྱ་ཡུལ་
    བཅད་སོང་།
  • བཅའ་འདྲི་བྱ་ཡུལ་
    ང་དེ་བྱེད་པའི་གུ་སོང་། བཀྲ་ཤིས་བཅད་། དེ་ནི་རྣམ་བཅོད་བཏོན།
  • བཅའ་འདྲི་བྱ་ཡུལ་
    ཁོང་ཚོའི་དེས་མཇུག་གུ་རྡོག དེའི་མཇུག་གུ་ད་གུ་རུ་བྲོ་པ་དོན་སོང་།
  • བཅའ་འདྲི་བྱ་ཡུལ་
    ཨོའོ།
  • བཅའ་འདྲི་བྱ་ཡུལ་
    སྔོན་ལ་པད་མ་འོད་འབར་བཱ་ཟེར་ནཱ།
  • བཅའ་འདྲི་བྱ་ཡུལ་
    ཨོ་ན་འགྲོ་བ་བཟང་མོ་བཱ་ཟེར་ནཱ་གཅིག་ཟེར།
  • བཅའ་འདྲི་བྱ་ཡུལ་
    འགྲོ་བ་བཟང་མོ་བཱ་ཟེར་ཨེ།
  • བཅའ་འདྲི་བྱ་ཡུལ་
    འོ། འགྲོ་བ་བཟང་མོ་དོན་སོང་ཟེར།
  • བཅའ་འདྲི་བྱ་ཡུལ་
    ཨོའོ་ཨིན་ཀྱ། ང་དེ་བྱེད་པའི་གུ་སོང་ངེད་ཚོའི་ཀྲོམ་ཚལ་ལ་བསྡད་དེ་ཡར་དེ་བྱས་མ་བྱུང་།
  • བཅའ་འདྲི་བྱ་ཡུལ་
    མགོས་འཁོར་སོང་།
  • བཅའ་འདྲི་བྱ་ཡུལ་
    ཨོའོ། འགྲོ་བ་བཟང་མོ་དོན་སོང་ཡིན་ན་གཅིག་ཟེར།
  • བཅའ་འདྲི་བྱ་ཡུལ་
    བྱས་ན་འགྲོ་བ་བཟང་མོ་ཨིན་པོའོ།
  • བཅའ་འདྲི་བྱ་ཡུལ་
    ང་ཚོའི་དེའི་གསུངས་ཐར་གྱི་དེ་བུ་མོ་རེད་པཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    བུ་མོ་བཱ་ལགས།
  • བཅའ་འདྲི་བྱ་ཡུལ་
    ཨེ་ནི་ཉམ་དུམ་བུ་སྙན་པ་གཅིག་ཁྱེད་རྣམ་གཉིས་ཀྱིས་གཅིག་འདོན་གནང་ཐུབ་པ་འདུག་ཀས་ལགས།
  • བཅའ་འདྲི་བྱ་ཡུལ་
    ལགས་སོས།
  • བཅའ་འདྲི་བྱ་ཡུལ་
    གང་ཕུལ་ན་ཡང་ཁྱད་མིན་ནིས་ནཱ། སྔར་རྟིང་གང་གི་ཁྱད་མེད་པོའོ་ནཱ།
  • བཅའ་འདྲི་བ་
    ཁྱད་མིན་འདུག
  • བཅའ་འདྲི་བྱ་ཡུལ་
    ནོར་འཛོལ་རྣམ་ཐར་ཕུལ་བཞོག
  • བཅའ་འདྲི་བྱ་ཡུལ་
    འོའོ་བཱ།
  • བཅའ་འདྲི་བྱ་ཡུལ་
    ཨ་ནི་ཁྱེད་འདྲས་དེ་གནང་ཞོག་དང་།