Video Overview
An interview between Gen Puchung and a vendor from Derge who lives on Thieves' Island. This interview takes place on the northeast part of the island outside of the only Tibetan tourist store.
- Degé
- WEBVTT
- Interviewerཁྱེད་རང་གང་ནས་ཡིན་པ།Where are you from?
- Vendorང་ཕ་ཡུལ་སྡེ་དགེ་རེད།I am from Derge.
- Interviewerཨ་ལས། ལཱ་སེ།Oh, I see.
- Interviewerཁྱེད་རང་འདའི་ག་དུས་སླེབས་པ་རེད།When did you come here?
- Vendorང་འདའི་སླེབས་ནས་ཕལ་ཆེར་ལོ་ལྔ་ཙམ་འགྲོ་གི་ཡོད་པ་འདྲ།I came here about five years back.
- Interviewerལོ་ལྔ་ཙམ་འགྲོ་གིས།Five years?
- Vendorའོ། ལོ་ལྔ་ཙམ་ཞིགYes, about five years.
- Interviewerལཱ་སེ། ཁྱེད་རང་ས་ཆ་འདའ་ཡར་སླེབས་ནས་ག་རེ་ལྟ། གཙོ་བོ་ལས་ཀ་འདི་གས་རེད་པས།I see. After you came here, is this your main occupation?
- Vendorལྟ་ང་ཚོའི་ལས་ཀ་འདི་རེད། ཁྲོམ་སྟོན་ཡག་མ་གཏོགས་གཞན་དག་ལས་ཀ་ཡོད་མ་རེད།That is our main occupation. Other than selling these merchandises, we don't have other work.
- Interviewerལགས་འོང་། ཨཱ་ནི་ཚོང་འདི་ཚོ་གང་ནས་འཐེན་གྱི་ཡོད་རེད།Okay. From where you obtain these merchandises?
- Vendorཚོང་འདི་ཚོ་ཁ་ཤས་གྲོང་གསེབ་པ་ནས་འཐེན་ཡག་འདི་འདྲས་ཡོད་རེད། ཁ་ཤས་འདི་ནས་ལྷ་ས་ནས་མི་འདུག་གས་ཕི་ཕྷ་(Ch. 批发)འཐེན་ཡག་ཡོད་རེད། འདི་འདྲས་འཐེན་ཡག་ཡོད་རེད།Some of them are brought here from the villages. Others are bought from whole sellers in Lhasa.
- Interviewerའོང་། ལཱ་སོ། ལྟ་ཁྱེད་རང་ཕ་ཡུལ་ལ་བསྡད་དུས། འདའི་མ་ཡོང་གོང་ལ་ཁྱེད་རང་ཕ་ཡུལ་གང་བྱེད་ཀྱི་ཡོད།Oh, I see. Before you come here, what did you do in your place?
- Vendorཕ་ཡུལ་ལ་ང་ཞིང་པ་རེད།I was a farmer.
- Interviewerལགས།What?
- Vendorཞིང་པ།Farmer.
- Interviewerཞིང་པ་རེད་པས།Were you a farmer?
- Vendorཞིང་པ་རེད།I was a farmer.
- Interviewerཨཱ་ལས།I see.
- Vendorལགས་འོང། ཞིང་པ་རེད།Yes, I was a farmer.
- Interviewerལཱ་སེ། ལཱ་སེ།Okay.
- Vendorདེ་ལས་ཀ་་་That work ...
- Interviewerའདའི་སླེབས་ནས་ཚོང་རྒྱག་གི་ཡོད་རེད་པས།So you started this business after arrived here?
- Vendorལྟ་འདའི་སླེབས་ནས་ཚོང་རྒྱག འཚོ་བ་འདི་སྐྱེལ་རེད།Yes, after I arrived here, I started doing this job to earn a living.
- Interviewerཚོང་དེ་རྒྱུགས་པོ་ཨོའོ་ཙམ་འདུག་གས།How is the business?
- Vendorཚོང་འདི་ལྟ་དབྱར་ཀ་ཏིག་ཙམ་ཏིག་ཙམ་ཨོའོ་ཙམ་དྲགས་ཀྱི་རེད།In the summer, it is little better than the winter.
- Interviewerའོ་དབྱར་ཀ་་་Right. In summer ...
- Vendorདགུན་ཁ་སྡུག་པ་ཡོད་རེད། དགུན་ཁ་ཞེ་དྲགས་ཡོད་མ་རེད།It is bad in winter, and there is not much business.
- Interviewerལྟ་གཙོ་བོ་ཕྱི་རྒྱལ་མི་དང་རྒྱ་རིགས་རེད་པ།So the main customers are the foreigners and the Chinese. Right?
- Vendorའོ། རྒྱ་རིགས་དང་ཕྱི་རྒྱལ་མི། དེ་ནས་གླིང་ཁ་ག་པར་འདུག་ང་ཚོ་གསལ་པོ་བཟོས་བྱས་འགྲོ་བསྡད་ཀྱི་ཡོད་རེད།Yes. The Chinese and foreigners are the main customers. We gather information and follow the crowd.
- Interviewerཁྱེད་རང་ཚོ་འདི་བཏང་བྱས་འགྲོ་གི་ཡོད་རེད་པས།So you drive this cart there?
- Vendorའོ། འདི་གཏོང་བྱས་འགྲོ་གི་ཡོད་རེད།Yes, we drive it.
- Interviewerའོ་འོ། ལཱ་སེ། ལཱ་སེ།Okay.
- ཁྱེད་རང་འདི་ལས་ཀ་འདའི་དགའ་པོ་འདུག་གས།Do you like this job?
- Vendorལས་ཀ་འདི་ལྟ་This job ...
- Interviewerཡོང་འབབ་And how about the income?
- Vendorདགའ་པོ་མེད་ནའི་དགའ་པོ་ཡོད་ཟེར་གྱི་རེད།Even when one does not like this job, he will say he like the job.
- ལས་ཀ་འདི་མ་གཞི་གཞན་དག་ཤེས་ཀྱི་མ་རེད་པ།Other than this job, we don't what else to do.
- Interviewerཨ་ལས། ཨཱ་ནི་ཁྱེད་རང་འདའི་ཡ་ཨོའོ་འདིའི་གླིང་ཁ་འདིའི་མིང་ལ་ག་རེ་ཟེར་གྱི་ཡོད་མེད། འདིའི་ལོ་རྒྱུས་ཏིག་ཙམ་ཧ་གོ་གི་ཡོད་པས།I see. Before you come to this park, do you know any history of this park?
- Interviewerཨའི་འདི་འདྲས་ལྷ་ས་ལ་ཨས།You mean about Lhasa?
- Interviewerའོ་ལྷ་ས་མ་རེད། འདིའི་མིང་ལ་སྔོན་མ་རྐུན་མ་གླིང་ཁ་ཟེར་གྱི་རེད་པ།Not about Lhasa. Before, this park is called Künma Lingkha (Robber's Park). Right?
- Vendorརྐུན་མ་གླིང་ཁ་ཟེར་གྱི་རེད་འོ།Yes, it was called Künma Lingkha.
- Interviewerའོ་འདི་གང་འདྲ་ཡིན་མིན་གཅིག་གོ་ཐོས་བྱུང་ངས།Do you know how it got that name?
- Vendorའདི་འདྲས་ཀྱི་གལ་གོ་ཐོས་མ་བྱུང་།No, I don't know.
- Interviewerཨ་ལས། ལཱ་སེ།I see. Okay.
- ཁྱེད་རང་གཙོ་བོ་ས་ཆ་གཅིག་ལ་མ་བསྡད་པ་བྱས་གང་ས་གང་ལ་འགྲོ་གི་ཡོད་རེད་པས།Instead of staying at one place, do you visit other places?
- Vendorས་ཆ་དབྱར་ཀ་ང་ཚོ་འདའི་བསྡད་ཀྱི་རེད། ལྷ་ས་ཐན་ཐན་འགྲོ་གི་རེད། ཞི་ཙང་པོན་གོན་ (Ch.西藏宾馆) ཞི་ཙང་ཏ་ཞ་ (Ch.西藏大侠) ག་པར་ཡིན་ནའི་ཕེབས་(འགྲོ་)ཀྱི་རེད།In the summar, we stay here in Lhasa and go around the city like near Hotel Tibet and others.
- Interviewerཨཱ་ལས།I see.
- Vendorའདི་གཅིག་པུར་བསྡད་བསྡད་ན་ཡོང་ཡག་ཡོད་མ་རེད།You can't remain at one place all the time.
- Interviewerལཱ་སོ། ལཱ་སོ།Okay.
- Vendorས་ཆ་ག་པར་ཡོད་ནའི་རྒྱ་མིའི་་་Wherever there are Chinese (tourists) ...
- Interviewerརྒྱ་མ་མང་པོ་ཡོད་ན།Wherever there are Chinese (tournists), right?
- Vendorའོ་ག་པར་ཡོད་ནའི་ག་པར་འགྲོ་གི་རེད།Yes, wherever they are, we go there.
- Interviewerལཱ་སོ། འཇག་མ་གླིང་ཁ་འདའི་ཡ་ཨཱ་ནི་ཚོང་ཡག་པོ་འདུག་གས།Okay. How is the business here in this Jakma Lingkha park?
- Interviewerཏིག་ཙམ་ཏིག་ཙམ་ཞིག་འདུག་འདའི།Here it is little better.
- Interviewerཨཱ་ལས། རྒྱ་རིགས་མང་པོ་ཡོད་རེད་པ།I see. That is because there are a lot of Chinese, right?
- Vendorའོ། རྒྱ་རིགས་མང་པོ་ཡོད་རེད།Yes, there are a lot of Chinese.
- Interviewerའོ་ལགས་སོ།Oh, okay.
- Vendorདབྱར་ཀ་ཏིག་ཙམ་རག་གི་འདུག དགུན་ཁ་ཞེ་དྲགས་ཡོད་མ་རེད་འདའི།In the summer season, you get better sales. But in the winter, there are hardly any sale.
- Interviewerལཱ་སེ། ལཱ་སེ།Okay.
- Interviewerཟ་ཁང་དང་འདི་ཚོ་ཁོང་ཚོས་སྒོ་བརྒྱབ་འགྲོ་གི་རེད་པས།That is because there will close their restaurants and shops.
- Interviewerའོ་རེད།Right.
- Vendorཡོད་མ་རེད།So there is no business.
- Interviewerཨཱ་ནི་དགུན་ཁ་ཚོང་ཡག་པོ་མེད་དུས་ཁྱེད་རང་ཚོ་ཕར་ཕ་ཡུལ་ལོག་འགྲོ་གི་རེད་ད་ག་བསྡད་ཀྱི་རེད།If there is no business in the winter, do you go back to your home or stay here?
- Vendorཕ་ཡུལ་ལ་ལོག་འགྲོ་གི་རེད།We will return home.
- Interviewerཕ་ཡུལ་ལོག་འགྲོ་གི་རེད་པས།You go back to your hometown?
- Vendorཕ་ཡུལ་ལ་ལོག་འགྲོ་གི་རེད།We return to our hometown.
- ལྟ་བོད་ཟླ་བཅུ་པ་ཙམ་ལ་ལོག་འགྲོ་གི་རེད།We return home in the tenth lunar month.
- Interviewerཨཱ་ལས་བོད་ཟླ་བཅུ་པའི་ནང་།I see, you return in the tenth lunar month.
- Vendorའོ་མར་ལོག་འགྲོ་གི་རེད།That is right.
- བོད་ཟླ་གསུམ་པ་བཞི་པར་ཡར་ལྷ་སར་ཡར་སླེབས་ཀྱི་རེད།We return to Lhasa in the third and fourth lunar months.
- Interviewerཨ་ལས།I see.
- Vendorའཚོ་བ་ཆེད་དུ་ཚོང་ཏིག་ཙམ་རྒྱག་གི་རེད།So to earn a living, we do some business.
- Interviewerལཱ་སེ།Okay.
- བོད་ཟླ་བཅུ་པར་མར་ཕྱིན། ཨཱ་ནི་ཕྱི་ཟླ་་་You return in the tenth lunar month. And then ...
- Vendorཕྱི་ཟླ་བཞི་པར་ཡར་སླེབས་ཀྱི་རེད།And then return in April.
- Interviewerབཞི་པ་ཙམ་ལ་ཡར་སླེབས་ཀྱི་རེད་པས།Return here in April?
- Vendorའོ་ལགས།Yes.
- Interviewerའོ་ལཱ་སོ། ལྟ་གཙོ་བོ་ཚོང་རྒྱག་དུས་ཡར་ཡོང་གི་ཡོད་རེད།I see. So you return here when you do business.
- Vendorཚོང་ཡོད་དུས་ཡར་ཡོང་གི་ཡོད་རེད།When the business is good, we come here.
- Interviewerལཱ་སོ། ལཱ་སོ།Okay. Okay.
- Vendorང་ཚོ་ཕ་ཡུལ་ལ་ཚོང་འཁུར་ནས་འགྲོ་དུས་ཡིན་མ་རེ་ལ་སྒོར་མོ་ཉི་ཤུ་སུམ་ཅུ་མ་གཏོགས་རག་གི་མ་རེད། དེའི་ཚབ་ཏུ་ལྷ་སར་ཡོང་ནས་ཚོང་རྒྱག་ན་ཏིག་ཙམ་དྲག་གི་རེད།When we take the merchandises home, we will get only between 20 to 30 Yuan per day. So the business is much better here in Lhasa.
- Interviewerའོ་རེད་པ།Right.
- Vendorདེ་ཚོའི་ཅ་ལག་ཏིག་ཙམ་ཏིག་ཙམ་ཉོས་དགུན་ཁ་ཕ་ཡུལ་ལ་འདི་འཁུར་མར་འགྲོ་གི་རེད།We buy some goods from here and take them with us when we return home in winter.
- Interviewerལཱ་སོ། ལཱ་སོ།Okay. Okay.
- ལྟ་ཕ་ཡུལ་ལ་ཚོང་འདི་འདྲས་ཡོད་རེད་པས།Do you have the same business opportunity in your hometown?
- Vendorཕ་ཡུལ་ལ་ཚོང་འདི་འདྲས་ཡོད་མ་རེད། ང་ཚོའི་རྩར་ལུ་ཡུའུ་(Ch.旅游)གཅས་ཡོང་མཁན་ཡོད་མ་རེད།In my hometown, there is no such opportunity. No tourists visit near my hometown.
- Interviewerའོ་འོ།I see.
- Vendorརྒྱ་མི་ཕྱི་རྒྱལ་དེ་ཚོ་མེད་ན་འདའི་ཚོང་འདི་འདྲས་ཡོད་མ་རེད།If there are no foreigners and Chinese, we don't have business here.
- Interviewerཨ་ལས། ལཱ་སོ།I see. Okay.