Skip to main content Skip to search
30 Aug 2018
3 min 46 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • དབུ་འཛིན་འོགམ་ Vice Principal
    ད་འ་་་ མ་པ་ ང་བཅས་ནཱ་གི་ སློབ་གྲྭ་འདི་ མ་པ་ད་ལྟོ་འབད་པ་ཅིན་ ཏེ་ འ་་་ ཐིམ་ཕུག་བཟོ་རིག་བཅུ་གསུམ་སྤེལ་ཁང་ཟེར་ ཏེ་ མ་པ་ འ་་་ ངོ་མ་འདི་རང་འབད་བ་ཅིན་ ཧེ་མ་ང་བཅས་ སྤྱི་ལོ་གཅིག་སྟོང་དགུ་བརྒྱ་བདུན་བཅུ་དོན་གཅིག་ལུ་ ཏེ་ འབྲུག་རྒྱལ་གསུམ་པ་ཞིང་ཕེབས་ཀྱིས་སྦེ།
  • དབུ་འཛིན་འོགམ་ Vice Principal
    ཏེ་ ང་བཅས་ར་གི་ ལྷ་བྲིས་ཀྱི་རྒྱུན་འདི་ མར་ཉམས་ནི་འདྲས་ཟེར་མནོ་སྟེ་གིས་སྦེ་ འབྲུག་རྒྱལ་གསུམ་པ་ཁོ་ར་གིས་ བསྐུལ་མ་བཟུམ་ཅིག་སྦེ་ ཏེ་ ང་བཅས་དེ་བསྒང་ འ་་་ སློབ་ཕྲུག་སུམ་བཅུ་འབད་མི་ཅིག་དང་ སློབ་དཔོན་གཉིས་འབད་མི་ཅིག་གིས་ འགོ་བཙུགས་ཅི་ལགས། ཏེ་ འ་ནཱ་ལས་ཚུར་ རིམ་པ་བཞིན་དུ་སྦེ་ ཡུདཔ་ཅིག་ལས་ སྲོལ་འཛིན་ལྷན་ཚོགས་དང་།
  • དབུ་འཛིན་འོགམ་ Vice Principal
    དེ་ལསནི་ ནང་སྲིད་ལྷན་ཁག་གི་འོག་ལུ་སྦེ་ སྡོད་དེ་གིས་སྦེ་ ཏེ་ ང་བཅས་ཡུདཔ་ཅིག་ ཏེ་ བཟོ་རིག་ཡང་འདི་ནང་ལས་ འཇིམ་བཟོ་འདི་ཚུ་ཡང་ལྷབ་འབད་སྦེ་ ཏེ་ འ་ནཱི་སྦེ་འགྱོ་ཡི་ལགས་ ཏེ་ ཡུདཔ་ཅིག་ལཱ་གཡོག་ལྷན་ཁག་གི་འོག་ལུ་ལྷོད་ཞིནམ་ལས་ ཏེ་ད་ ང་བཅས་བཟོ་རིག་བཅུ་གསུམ་ཡོངས་རྫོགས་རང་ ནཱ་ལུ་ལྷབ་ནི་ཡོད་ནི་འདི་གིས་ ཏེ།
  • དབུ་འཛིན་འོགམ་ Vice Principal
    མིང་ཡང་ཡུདཔ་ཅིག་ལས་ འགྲོས་ཀྱིས་བཏང་སྟེ་གིས་སྦེ་ བཟོ་རིག་བཅུ་གསུམ་སྤེལ་ཁང་ཟེར་ འ་ནཱི་སྦེ་དར་ཏེ་གིས་སྦེ་ ད་ལྟོ་ནཱ་ལུ་ བཟོ་རིག་བཅུ་གསུམ་ ཏེ་ མ་པ་བཟོ་རིག་བཅུ་གསུམ་ཟེར་སླབ་དཔ་བའི་ ཏེ་ ཡོད་ནི་འདི་ཧེ་མ་འདི་ང་བཅས་ཚར་གཅིག་ འགོ་འདི་ཆ་མཉམ་རང་བཙུགས་ནུག་ལགས།
  • དབུ་འཛིན་འོགམ་ Vice Principal
    ཏེ་ ཨིན་རུང་བར་སྐབས་ཅིག་ལས་ ཏེ་ བཟོ་རིག་ལ་ལུ་ཅིག་ནང་ལུ་ ཏེ་ ཨ་ལོ་ཚུ་གིས་ སྤྲོ་བ་བསྐྱེད་མ་བཏུབ་པར་འབད་སྦེ་ ཏེ་ད་ལྟོ་ང་བཅས་བཟོ་རིག་ ཡུདཔ་ཅིག་ ནཱ་ལྷབ་ནི་ཡོད་པ་གིས་ ཏེ་ ཡུདཔ་ཅིག་ ལྷ་བྲིས་ འཇིམ་བཟོ་ དེ་ལས་ པ་ཏྲ་ ཚེམ་དྲུབ་ དེ་ལསནི་ཏེ་ རྩེདམོ་བཟོ་ དེ་ལསནི་ ནཱི་བཟུམ་སྦེ་ ལྕགས་བཟོ།
  • དབུ་འཛིན་འོགམ་ Vice Principal
    དེ་ལས་ འདི་བཟུམ་སྦེ་ སྤྲོས་བཟོ་ ཏེ་དེ་ལས་ གྲྭ་ལྷམ་ ཏེ་དེ་ལས་ ད་ལྟོ་འ་ནེམ་ཅིག་ ནཱ་ལུ་ སློབ་སྟོན་འབད་དོ་ལགས་ ང་བཅས་ནཱ་ལུ་ ཏེ་ད་ ནཱ་ལུ་ ཨ་ལོ་འབད་བ་ཅིན་ཡུདཔ་ཅིག་ ད་ དུས་ཅི་སུམ་བརྒྱ་ཉེར་ལྔ་དེ་ཅིག་ཡོད་ལགས་ ཏེ་དེ་ལས་ད་ ང་བཅས་ལྷ་བྲིས་བཟུམ་ཅིག་ནང་འབད་བ་ཅིན།
  • དབུ་འཛིན་འོགམ་ Vice Principal
    ཏེ་ མར་ལས་ཡར་སྦེ་ཡུདཔ་ཅིག་ ཤིང་ཚོན་དང་པ་དང་གཉིས་པ་ཟེར་ཏེ་ ཁོང་ར་འ་ནཱི་སྦེ་ ལོ་གཉིས་ཀྱི་ ཏེ་ མཇུག་བསྡུ་སྟེ་གིས་སྦེ་ འགྱོ་མི་ཅིག་ཡང་ཡོད་ལགས་ ཏེ་ དེ་ལས་ ཤིང་ཚོན་དང་པ་དང་གཉིས་པ་ ལྷབ་ཚར་ཞིནམ་ལས་ ལྷ་བྲིས་ནང་ལུ་ ཏེ་ ལོ་ངོ་ གསུམ་པ་ལས་སྦེ་ ཡར་དྲུག་པ་ཚུན་ཚོད་འབདཝ་ད།
  • དབུ་འཛིན་འོགམ་ Vice Principal
    ཏེ་ བསྡོམས་ཀྱིས་འདི་ ཤིང་ཚོན་དང་ ཏེ་ ཁྱིམ་ ཁྱིམ་ཚོན་ཟེར་ཡང་སླབ་ཨིན་ ཤིང་ཚོན་ཟེར་ཡང་སླབ་ཨིན་ ཏེ་ འ་ནཱི་ བསྡོམས་ཀྱིས་འདི་ ཡུདཔ་ཅིག་ལོ་དྲུག་ སྦྱང་བ་འབད་དགོ་ལགས་ ཏེ་ འདི་བཟུམ་སྦེ་ང་བཅས་ འཇིམ་བཟོ་འདི་ཡང་ཡུདཔ་ཅིག་ལོ་དྲུག་གི་རིང་ལུ་ སྦྱང་བ་འབད་དགོ་ལགས།
  • དབུ་འཛིན་འོགམ་ Vice Principal
    ཏེ་ ང་བཅས་ནཱ་ལུ་ པ་ཏྲ་བཟུམ་ཅིག་ཨིན་པ་ཅིན་ ཏེ་ ལོ་གཉིས་ལུ་འགྱོ་མི་གཅིག་ཡང་ཡོད་ དེ་ལས་ འབག་བཟོ་དང་ འ་ནཱི་ཚུ་ལྷབ་པ་ཅིན་ ཏེ་ ལོ་བཞི་གི་རིང་ལུ་ སྦྱོང་བརྡར་འབད་དགོ་ལགས་ ཏེ་ འདི་བཟུམ་སྦེ་ ང་བཅས་བཙེམ་བཟོ་གི་སྡེ་ཚན་ནང་འབད་པ་ཅིན་ ད་ ཁོ་ར་ང་བཅས་ར་གི།
  • དབུ་འཛིན་འོགམ་ Vice Principal
    བཙེམ་བཟོ་རྐྱངམ་གཅིག་ལུ་ལོ་གཉིས་སྦེ་ལྷབ་ནི་ཅིག་ཡང་ཡོད་ ཏེ་ དེ་ལས་ ད་ཁོང་ར་ཚེམ་དྲུབ་རྐྱངམ་གཅིག་ལྷབ་ནི་ཟེར་བ་ཅིན་ ཚེམ་དྲུབ་དེ་ཡང་ ལོ་གཉིས་རྐྱངམ་གཅིག་སྦེ་ འཇུག་བསྡུ་སྟེ་འགྱོ་མི་ཡང་ཡོད་ལགས་ ཏེ་ དེ་འབདཝ་ད་ལུ་ ཚེམ་དྲུབ་དང་བཙེམ་བཟོ་བསྡོམས་སྟེ་གིས་སྦེ།
  • དབུ་འཛིན་འོགམ་ Vice Principal
    ད་ མར་ལས་ཡར་འཛུལ་ད་འབདན་ ཏེ་ བཙེམ་བཟོ་ལས་འཛུལ་བ་ཅིན་ ཚེམ་དྲུབ་ལས་འཇུག་བསྡུ་འབད་སྦེ་ ལོ་བཞི་རྐྱབ་མི་ཅིག་ཡང་ཡོད་ལགས་ ཏེ་ དེ་དང་གཅིག་ཁར་ལུ་ ཏེ་ གྲྭ་ལྷམ་འདི་ཡུདཔ་ཅིག་ ང་བཅས་ཟླ་ངོ་དྲུག་དེ་ཅིག་གི་ སྦྱོང་བརྡར་བྱིན་འབདཝ་ད་ལུ་ ལོ་བཞི་ནང་ལུ་ འ་ནཱི་ འ་་་ བཙེམ་ནི།
  • དབུ་འཛིན་འོགམ་ Vice Principal
    ད་རུང་རྒྱན་ཆས་ དེ་ལསནི་འདི་ནང་ལུ་ མཆོད་རྫས་ དེ་ལས་ འདི་ནང་ལུ་ ང་བཅས་ར་གིས་ ཏེ་ ཚེམ་དྲུབ་ དེ་ལས་ གྲྭ་ལྷམ་འབདཝ་ད་ལུ་ འ་ནཱི་ལོ་བཞི་ནང་ལུ་ འ་ནཱི་ལྷབ་ཚར་སྦེ་འགྱོ་མི་ཡང་ཡོད་ལགས།
  • དབུ་འཛིན་འོགམ་ Vice Principal
    ཏེ་ དེ་ལས་ ལྕགས་བཟོ་བཟུམ་ཅིག་འབད་རུང་རང་ ལོ་གཉིས་རང་ཨིན་ལགས་ དེ་ལས་ སྤྲོས་བཟོ་འདི་ཡང་ལོ་གཉིས་རང་ཨིན་ལགས་ ཏེ་ ད་ལྟོ་ སྦྱོང་བརྡར་བྱིན་པ་གི་ འ་ནེམ་ཅིག་བྱིན་དོ་ལགས།