Skip to main content Skip to search
31 Jan 2012
33 min 46 sec
Video Overview
Creators: 
Unknown

Interview in English with Sotop, the owner of the Banakshol Restaurant in Lhasa, about the history of the development of Thieves' Island.

Transcript search
No results found for this search
0 of 0
  • དྲི་བ་ལེན་མཁན་ Questioner
    ཡཱ་བྱས་ཙང་་་
    Okay. So ...
  • བསོད་སྟོབས་ Sotop
    ཡཱ།
    Okay.
  • དྲི་བ་ལེན་མཁན་ Questioner
    འཇག་མ་གླིང་ཁ་ཟེར་བའི་ས་ཆ་དེ་ལ་མིང་གཞན་ཡོད་མེད་ཁྱེད་ཀྱི་མཁྱེན་གྱི་ཡོད་དམ།
    The place that is known as Jakma Lingkha, um, do you know other names for it?
  • བསོད་སྟོབས་ Sotop
    འཇག་མ་གླིང་ཁ། ཁྱེད་ཀྱིས་བོད་སྐད་ནང་གསུང་གི་ཡོད་དམ།
    Jakma Lingkha, in Tibetan?
  • དྲི་བ་ལེན་མཁན་ Questioner
    འོ།
    Um.
  • བསོད་སྟོབས་ Sotop
    བོད་སྐད་ནང་དུ་རྐུན་མ་གླིང་ཁ་ཡང་ཟེར་གྱི་ཡོད།
    So in Tibetan, they call it Künma Lingkha also.
  • དྲི་བ་ལེན་མཁན་ Questioner
    ཨཱ་ལས། ཁྱེད་ཀྱིས་དེ་ལྟར་ཟེར་དགོས་པའི་རྒྱུ་མཚན་ཤེས་ཀྱི་ཨེ་ཡོད།
    Aha. Did you know why?
  • བསོད་སྟོབས་ Sotop
    ཡཱ། དེ་ཕལ་ཆེར་རྐུན་མ་གླིང་ཁ་ཞེས་ཟེར་དགོས་པའི་རྒྱུ་མཚན་ནི། ལོ་མང་པོའི་གོང་ལ། ཁྱེད་ཀྱིས་མཁྱེན་གསལ་ལྟར།
    Ya, it is maybe Künma Lingkha is, they give the name, um, many years ago. You know.
  • དྲི་བ་ལེན་མཁན་ Questioner
    འོ།
    Aha.
  • བསོད་སྟོབས་ Sotop
    དེའི་རྒྱུ་མཚན་ནི་གོ་ཐོས་ལ་དེའི་སྐབས་ལ་ལྷ་ས་གྲོང་ཁྱེར་ནི་དེ་ཙམ་གཞི་རྒྱ་ཆེན་པོ་མེད་པ་དང་།
    Because, I heard that when in Lhasa when there is a lot of, very small city that time.
  • དྲི་བ་ལེན་མཁན་ Questioner
    ཡཱ།
    Yah.
  • བསོད་སྟོབས་ Sotop
    རྐུན་པ་ཁག་གཅིག་གིས་གྲོང་ཁྱེར་ནང་ནས་རྐུན་མ་བརྐུས་ནས་གནས་དེར་ཡིབ་ནས་སྡོད་ས་ཡིན་པའི་ཆ་ནས་མིང་དེ་ལྟར་ཐོབ་ཡོད་ས་རེད།
    And then okay, many thieves maybe, and then the thieves come in the city, to steal something and then, ah, then they go hiding there. You know.
  • གང་ཡིན་ཟེར་ན། གནས་དེ་གླིང་ཕྲན་ཆེན་པོ་ཞིག་ཡིན་པ་དང་། དེར་རྩ་དང་ལྗོན་ཤིང་མང་པོ་ཡོད།
    Because that place is, ah, it is a big island, and many bushes and trees.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Aha.
  • བསོད་སྟོབས་ Sotop
    དེ་སྐབས་ལ་སྤྱིར་བཏང་གི་མི་ཚོ་གནས་དེར་འགྲོ་གི་མེད། ངས་གོ་ཐོས་ལ། ཉིན་མའི་དགུང་ལ་མི་དཀྱུས་མ་དེར་ཕྱིན་ན་ཉེན་ཁ་ཡོད་པ་གོ་ཐོས་བྱུང་། དེ་འདྲ་སོང་ཙང་ས་ཆ་དེར་རྐུན་མ་གླིང་ཁ་ཞེས་མིང་ཐོབ་ཡོད།
    So usually normal people they didn't go there that time. I heard, yes. During the day. It is dangerous for normal people to go there. So it is called Künma Lingkha.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    I see.
  • བསོད་སྟོབས་ Sotop
    འོ་རྐུན་མ་གླིང་ཁ་ཟེར་གྱི་ཡོད་རེད།
    Ya. Thief's Island.
  • དྲི་བ་ལེན་མཁན་ Questioner
    ཨང་ཨཱ་ནི་འཇག་མ་གླིང་ཁ་ཞེས་པ་གོ་དོན་ག་རེད་ཡིན་ནམ།
    Oh. And Jakma Lingkha, what does that means?
  • བསོད་སྟོབས་ Sotop
    འཇག་མ་གླིང་ཁ། འཇག་མ་གླིང་ཁ། འཇག་མ་ཟེར་བའི་ཚིག་དེའི་དོན་གང་ཡིན་པ་ངས་ཤེས་ཀྱི་མེད།
    Jakma Lingkha, Jakma Lingkha I don't know the word Jakma.
  • འཇག་མ་ཟེར་ན་གང་ཡིན་ནམ་ངས་མི་ཤེས།
    Jakma I don't know.
  • དྲི་བ་ལེན་མཁན་ Questioner
    ངས་ཀྱང་ཤེས་ཀྱི་མེད།
    I don't know either.
  • ཁྱེད་འཇག་མ་གླིང་ཁར་ཕེབས་མྱོང་ཡོད་དམ།
    Did you ever use to go to Jakma Lingkha?
  • བསོད་སྟོབས་ Sotop
    དེང་སང་རེད་པས།
    Now?
  • དྲི་བ་ལེན་མཁན་ Questioner
    ཨམ། ཕྱི་ལོ་༡༩༨༠ནང་ལ། [གད་མོ་]
    Um, well, in the 1980s, perhaps. [Laughter]
  • བསོད་སྟོབས་ Sotop
    འོ། སྔར་དེར་འགྲོ་མྱོང་ཡོད།
    Ya, I used to go there.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Aha.
  • བསོད་སྟོབས་ Sotop
    ཡང་སེ་དེར་འགྲོ་མྱོང་ཡོད། ངས་རང་ཉིད་ཀྱི་ཟ་ཁང་འགོ་འཛུགས་བྱེད་པའི་སྐབས་ལ་འགྲོ་མྱོང་ཡོད། ཟ་ཁང་དེ་ལྷ་སར་རང་ཉིད་ཀྱི་ནུབ་ཕྱོགས་ཀྱི་ཟས་རིགས་ཟ་ཁང་དང་པོ་དེ་རེད།
    Ya, often. Ya, when I open my restaurant. That was my first, ah, western restaurant in Lhasa.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Aha.
  • བསོད་སྟོབས་ Sotop
    དེའི་སྐབས་ལ་ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་མཁན་གྱི་ནུབ་ཕྱོགས་པ་མང་པོ་ཡོད། ཁོང་ཚོ་ཚང་མའི་བསམ་ཚུལ་གཅིག་མཚུངས་ཤིག་ཡོད་པ་དེ་ནི། ལྷ་སར་ཟ་མ་ཡག་པོ་མེད་པའི་བསམ་ཚུལ་དེ་རེད།
    So and then, okay, that time many tourists, western tourists. Mostly western tourists, and they, everybody complains like there is no good food in Lhasa. You know.
  • བོད་པ་དང་རྒྱ་མིའི་ཟ་ཁང་འགའ་ཤས་ཡོད་རེད།
    Because there are some restaurants but Tibetan restaurants or Chinese.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Um ah.
  • བསོད་སྟོབས་ Sotop
    འགའ་ཤས་ནི་རྒྱ་ཁ་ཆེའི་ཟ་ཁང་རེད།
    And, run by some Muslim Chinese.
  • བྱས་ཙང་ངའི་བསམ་པར་ཟ་ཁང་ཞིག་ཟིན་པ་ཡིན་ན་ཡག་པོ་འདུག་བསམས་བྱུང་། བྱས་ཙང༨༧ལོར་ངས་ཟ་ཁང་ཞིག་སྒོ་ཕྱེ་བ་ཡིན།
    And then okay. I thought I just open a restaurant. Then I open my restaurant in 87.
  • གཅིག་ནས་ང་ཚོས་དབྱིན་ཇིའི་སྐད་ཡིག་ཤེས་པ་དང་། དེ་མིན་ཟས་རིགས་ཁག་བལ་ཡུལ་ནས་ཚུར་ནང་འདྲེན་བྱེད་ཀྱི་ཡོད།
    And then okay, oh, we speak English and then, ah, we put every, most of the food imported from Nepal.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Oh.
  • བསོད་སྟོབས་ Sotop
    ལྷ་སའི་ནང་ལ་ཟ་ཁང་ཁ་ཤས་ཡོག་རེད། ནུབ་ཕྱོགས་ཀྱི་ཟས་ཡོད་པའི་ཟ་ཁང་ཁ་ཤས་ཡོད་ཀྱང་། མི་མང་པོ་ཞིག་ངའི་ཟ་ཁང་ལ་སླེབས་ཀྱི་ཡོད།
    So the people, they okay, they had, ah, some restaurants in Lhasa. You know western restaurants, so everybody comes here.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Aha.
  • བསོད་སྟོབས་ Sotop
    ངའི་ཟ་ཁང་ལ་སླེབས་ཙང་ལས་ཀ་མང་པོ་འདུག ཁྱེད་ཀྱི་ཤེས་གསལ་ལྟར། དེ་དང་མཉམ་དུ་སྐབས་རེ་ལབ་གླེང་དང་གནོན་ཤུགས་ཀྱང་སླེབས་ཀྱི་ཡོད། ཉིན་མོའི་སྐབས་ཉིན་ལྟར་ཟ་ཁང་ཆུ་ཚོད་གསུམ་ཙམ་རིང་ལ་སྒོ་བརྒྱབ་ཀྱི་ཡོད།
    My place. And then so, okay, a lot of works, you know. Tension, and then stress, then okay. Ah, during the day, I just close down my restaurants. For about three hours.
  • དེ་དགུང་ཚིགས་གྲ་སྒྲིག་དང་ངལ་གསོའི་ཆེད་དུ་རེད། ཉིན་མོའི་སྐབས་ལ་སྐབས་རེ་རྐུན་མ་གླིང་ཁར་འགྲོ་གི་ཡོད།
    For preparation for the dinner, and also to relax, sometimes, you know. And during that day, ah, that time, I just go, to that, ah, Künma Lingkha.
  • ངས་གོས་ལོག་འགའ་ཤས་མཉམ་དུ་འཁྱེར་བ་དང་། སྐུད་མེད་རླུང་འཕྲིན་ཞིག་ཀྱང་མཉམ་དུ་འཁྱེར་འགྲོ་གི་ཡོད། དེ་མིན་འཐུང་ཆུ་མངར་མོ་ཀོའོ་ཀོ་ཀོའོ་ལཱ་ཁུར་གྱི་ཡོད།
    I take some clothes with me. I have a small radio. And then some drinks. Like Coco-Cola that.
  • གནས་དེར་ཕྱིན་ནས་གཞས་ཉན་པ་དང་། ཆབས་ཅིག་ཏུ་གོས་བཀྲུ་བ། རང་བྱུང་ཁོར་ཡུག་མཛེས་ལྗོངས་ལ་ལྟ་བ་སོགས་སྐབས་དེ་དུས་སྣང་བ་སྐྱིད་པོ་ཡོག་རེད།
    And go there, listen to music, wash clothes, and enjoy with nature. You know. It is really, yeah. Very pleasant time, that time. Yes.
  • དྲི་བ་ལེན་མཁན་ Questioner
    གླིང་ཕྲན་དེའི་སྒང་ལ་ཁང་ལ་སོགས་པ་ཡོད་དམ། དཔེར་ན་ཟམ་པ་ལྟ་བུ། ཁྱེད་རང་དེར་གང་འདྲ་བྱས་ནས་འགྲོ་གི་ཡོད་དམ།
    Were there any structure on the island? Was there a bridge? How do you get there?
  • བསོད་སྟོབས་ Sotop
    དེར་ཟམ་པ་ཞིག་ཡོག་རེད། ཟམ་པ་རིང་པོ་ཞིག་ཡོད་རེད། དེ་བོད་ཀྱི་སྲོལ་རྒྱུན་ཤིང་གིས་བཟོས་པའི་ཟམ་པ་ཞིག་ཡོག་རེད།
    Ah, there was one bridge. It is a long bridge. It is a Tibetan style wooden bridge. Wooden, yeah. Wooden, yes.
  • ཟམ་པ་རིང་པོ་ཡག་པོ་ཞིག་ཡོད་རེད། ང་ཟམ་པ་དེ་ལ་དགའ་པོ་ཡོད། དེ་ནི་ཧ་ཅང་སྙིང་རྗེ་པོ་ཞིག་ཡོད་རེད། ཟམ་པ་དེའི་ཕྱོགས་གཉིས་ཀར་དར་ལྕོག་མང་པོ་ཡོད་རེད། ཁྱེད་ཀྱིས་ཟམ་པའི་སྒང་ལ་ཕྱིན་ན་དེ་གཡོ་འགུལ་ཐེབས་ཀྱི་རེད།
    And, yes quite long and very nice. I like the bridge, the beautiful. And both sides they have prayer flags. You know, very long, And so if you go over the bridge, it shakes, you know.
  • སྐབས་རེ་ང་ཚོས་ཟམ་པའི་སྒང་ལ་རྩེད་མོ་རྩེ་གི་ཡོད།
    So sometimes we play on the bridge also.
  • དྲི་བ་ལེན་མཁན་ Questioner
    [གད་མོ་]
    [Laughter]
  • བསོད་སྟོབས་ Sotop
    ཡཱ།
    Yah.
  • དྲི་བ་ལེན་མཁན་ Questioner
    སྐབས་དེ་དུས་གླིང་ཕྲན་དེའི་སྒང་ལ་ཐོག་བརྩེགས་ཁང་པ་ལ་སོགས་པ་ཡོད་དམ།
    And were there any buildings? Was it looks like, the island?
  • བསོད་སྟོབས་ Sotop
    དེ་དུས་དེར་ཐོག་བརྩེགས་ཁང་པ་ལ་སོགས་པ་གཅིག་ཀྱང་མེད། ལྗོན་ཤིང་དང་རྩ་མང་པོ་ཡོད། ཁང་པ་ཆེན་པོའི་རིགས་གང་ཡང་མེད།
    There was no any building that time. Just a lot of trees and bushes, you know. And there is one big house.
  • དེ་རང་རེད། ཁང་པ་དེ་ནི། ཨམ། ཁང་པ་དེ་ནི་གླིང་ཕྲན་དེར་ལྟ་རྟོགས་བྱེད་མཁན་གྱི་མི་ཁག་ཅིག་གི་ཁང་པ་རེད།
    That is, ah, that is, that is a house for the people who look around the island, you know.
  • དྲི་བ་ལེན་མཁན་ Questioner
    ཨ་ལས། ལྟ་རྟོགས་བྱེད་པ།
    Okay. Look after it.
  • བསོད་སྟོབས་ Sotop
    དེ་རང་རེད། ཁོང་ཚོས་ལྟ་རྟོགས་བྱེད་ཀྱི་ཡོད།
    Ya. They look after it.
  • དེ་མིན་དེའི་སྟེང་ལ་གང་ཡང་མེད།
    Otherwise, there was nothing.
  • ཡཱ།
    Ya.
  • དྲི་བ་ལེན་མཁན་ Questioner
    ད་ལྟའི་དུས་ཚོད་ལ་གླིང་ཕྲན་དེའི་སྟེང་དུ་མི་མང་པོ་འདུག་གམ། ཁོང་ཚོས་ས་གནས་དེར་གཙོ་བོ་ག་རེ་བྱེད་ཀྱི་ཡོད་དམ།
    There were a lot of people on the island this time. What were they doing? People who were there.
  • བསོད་སྟོབས་ Sotop
    ཨཱ། ལཱ་སེ།
    Ah, okay.
  • ཡཱ། ཨམ། ཕལ་ཆེར་ས་ཆ་དེར་རྐྱལ་རྫིང་ཆུང་ཆུང་ཞིག་འདུག དེ་རང་རེད། རྐྱང་རྫིང་ཆུང་ཆུང་ཡོག་རེད།
    So, yeah. Um, there is a small swimming pool I think. Ya, there is one small swimming. Yes.
  • གཞོགས་གཉིས་ཀ་ནས་ཁོང་ཚོས་ས་བྲུས་ནས་མཐའ་ཡོངས་སུ་རྡོ་བརྩེགས་དེ་དཀྱིལ་དུ་ཆུ་བཀང་ནས་བཟོས་ཡོད།
    Ah, is both sides is a, they dig the place, and all around they put some rocks and then fill the water.
  • ཁོང་ཚོས་དེ་ནས་དངུལ་ཕྲན་བུ་བཟོ་ཐུབ་ཀྱི་ཡོག་རེད། དེ་མིན་ཁོང་ཚོས་ཡང་ཚལ་ཡང་བཏབ་ཀྱི་ཡོད།
    Ah, so then they get some money from that also. So they do some vegetation also.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Oh.
  • བསོད་སྟོབས་ Sotop
    གླིང་ཕྲན་དེའི་སྒང་ལ་སྡོད་མཁན་གྱི་མི་དེ་ཚོས། ཁོང་ཚོས་དེ་མིན་གྱི་རིན་པ་གཞན་གང་ཡང་ལེན་གྱི་མེད།
    The people who live there, you know. Yah. Then, they don't charge anything else. They didn't charge.
  • དྲི་བ་ལེན་མཁན་ Questioner
    དེ་ཆུ་རྐྱལ་རྒྱག་ས་ཡག་པོ་ཞིག་ཡོད་པ་རེད།
    And it is a good place to swim there?
  • བསོད་སྟོབས་ Sotop
    འོ། འོ།
    Ya. Ya.
  • དྲི་བ་ལེན་མཁན་ Questioner
    གཞན་གང་ཡོད་དམ།
    What else?
  • བསོད་སྟོབས་ Sotop
    ཕལ་ཆེ་བ་ཕྲུ་གུ་རེད། དེ་རང་རེད། མང་ཆེ་བ་བྱིས་པ་ཤ་སྟག་རེད། མི་རྒན་པ་རྣམས་སྐབས་རེ་ཆུ་འགྲམ་དུ་འགྲོ་གི་ཡོད།
    Mostly kids. Yes, mostly kids. Elder people sometimes they go to the riverside.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Ah.
  • བསོད་སྟོབས་ Sotop
    ཡཱ། ཨམ། ས་ཆའི་དེའི་གནས་འགའ་ཤས་ལ་ཆུ་མཐོ་པོའམ་གཏིང་ཟབ་པོ་མེད།
    Ya. Um, some, some part is a, not very high water, you know. So not very deep.
  • དེ་འདྲ་སོང་ཙང་མི་ཚོས་དེར་ཆུ་རྐྱལ་རྒྱག་གི་ཡོད་པ་དང་། དེ་མིན་གླིང་ཁ་གཏོང་གི་ཡོད། ཁྱེད་ཀྱིས་མི་མང་པོས་གོས་བཀྲུ་བ་དང་། གདན་བཀྲུ་བ་ལ་སོགས་དེ་འདྲ་བྱ་བ་བྱེད་པ་མཐོང་ཐུབ།
    So people are swimming there. And picnic. And you would see a lot of people washing clothes, washing the carpet, like that.
  • དྲི་བ་ལེན་མཁན་ Questioner
    ཨོའོ། དཔེ་ཡག་པོ།
    Oh, nice.
  • བསོད་སྟོབས་ Sotop
    ད་ག་ནང་བཞིན་དེའི་ཉེ་འགྲམ་དུ་རི་ཡོད་པས། ཡུལ་ལྗོངས་ཧ་ཅང་མཛེས་པོ་ཡོད་པ་དང་། མི་འདྲ་བ་ཞིག་ཡོད།
    And the mountain is very, there is a mountain, you know. Is very close by, ya. Something different.
  • ཡག་པོ་ཡོག་རེད།
    It's very nice.
  • དྲི་བ་ལེན་མཁན་ Questioner
    དཔེ་ཡག་པོ། དེང་སང་ས་གནས་དེ་གང་འདྲ་ཞིག་ཆགས་ཡོད་དམ།
    That sound very good. And, so now what is it like there?
  • བསོད་སྟོབས་ Sotop
    ཨཱ། དེང་སང་། དེང་སང་ཐོག་བརྩེགས་ཅན་གྱི་ཁང་པ་མང་པོ་ཡོག་རེད། ཡཱ། ངའི་བསམ་པར་ཕལ་ཆེར་༩༦དང་༩༧ནང་ལ་ཁོང་ཚོས་ཤིང་སྡོང་མང་པོ་ཞིག་བཅད་ནས་མེད་པ་བཟོས་སོང་།
    Ah, now, now concrete buildings mostly. Ya, and like I think 95 or 96, they cut down all the trees. You know.
  • དེ་ནས་ཁོང་ཚོས་ས་ཆ་ཁོད་སྙོམས་པོ་བཟོས་ནས་དེ་ཚོ་བཟོས་པ་རེད། དེང་སང་གནས་དེར་ཚོང་ཁང་དང་མགྲོན་ཁང་ལ་སོགས་པ་ཡོད་རེད་པ་དང་། མི་ཧ་ཅང་མང་པོ་ཡོག་རེད།
    And then make it, ah, ah, so leveled. And then cemented and then, now there is many marketplaces and hotels there. It is very crowded now.
  • དྲི་བ་ལེན་མཁན་ Questioner
    ཨམ།
    Um.
  • བསོད་སྟོབས་ Sotop
    ཡཱ།
    Ya.
  • དྲི་བ་ལེན་མཁན་ Questioner
    ཁྱེད་རང་ས་གནས་དེར་དགའ་པོ་ཡོད་དམ། དེར་ཡང་སེ་འགྲོ་གི་ཡོད་དམ།
    Do you like it? Do you go there often?
  • བསོད་སྟོབས་ Sotop
    མ་རེད། མ་རེད། མ་རེད། སྐབས་རེ་དེར་ཁྲོམ་ལ་འགྲོ་གི་ཡོད། དེ་རང་རེད། ཡ། ཡུལ་ལྗོངས་ལ་ལྟ་བར་འགྲོ་གི་ཡོད།
    No, no, no. Just for sometimes, to see the market. That's. Ya. I don't go, just to spend my time with nature.
  • དེ་རང་རེད།
    Okay.
  • དྲི་བ་ལེན་མཁན་ Questioner
    ཁྱེད་ཀྱིས་ང་ལ་གནས་དེར་གང་འདྲ་བྱས་ནས་ཕྱིན་ཡོད་མེད་སྐོར་ལ་གསུང་ན་འགྲིག་གི་རེད་དམ།
    Do you mind telling me how you have gone there?
  • བསོད་སྟོབས་ Sotop
    གང་རེ།
    What?
  • དྲི་བ་ལེན་མཁན་ Questioner
    ཁྱེད་ཀྱིས་ང་ལ་གནས་དེར་ཉེ་དུས་གང་འདྲ་བྱས་ནས་ཕྱིན་ཡོད་མེད་སྐོར་ལ་ཡང་བསྐྱར་གསུང་ན་འགྲིག་གི་རེད་དམ།
    If you don't mind telling me again how you have gone there recently.
  • བསོད་སྟོབས་ Sotop
    ཨམ། ཡཱ། ངས་གནས་དེར་ཕྱིན་པ་ཡིན། གླིང་ཕྲན་དེ་གནས་དེར་ཡོད་པ་དང་། དེ་སྡེ་ཚན་གཉིས་སུ་བགོས་ཡོད།
    Um. Ya, I have been there, okay, there is an island now, there are two sections.
  • དྲི་བ་ལེན་མཁན་ Questioner
    ཨཱ་ལས།
    Aha.
  • བསོད་སྟོབས་ Sotop
    ཕྱོགས་གཅིག་ལ་ངས་ཁྱེད་ལ་བཤད་པ་བཞིན་ཁྲོམ་དང་མགྲོན་ཁང་ཡོད་ས་དེ་རེད། ཁྱེད་ཀྱི་མཁྱེན་གསལ་ལྟར་དེ་ཚོ་ཡོད་རེད།
    So one section is, ah, I mention to you, you know, there is a market and hotels, shopping place, and all these, you know.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Ah ha.
  • བསོད་སྟོབས་ Sotop
    ཕྱོགས་གཞན་ཞིག་ལ་གླིང་ཁ་གཏོང་ས་ཡོག་རེད། དེ་ནས་ན་ནིང་ངས་གནས་དེར་ཕྱི་དྲོའི་འཆམ་འཆམ་ཕྱིན་པ་ཡིན། ཕྱོགས་གཅིག་ལ་ངས་ལྗོན་ཤིང་མང་པོ་ཡོད་པ་མཐོང་བྱུང་།
    Other side is picnic place now. And then, just last year I went, evening walk, you know. Around that island, and then on the section I saw many trees there.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Ah ha.
  • བསོད་སྟོབས་ Sotop
    དེ་ནས་དེ་ལོ་ཟླ་བ་གཅིག་དང་ཟླ་ཕྱེད་ཙམ་གོང་ལ་ངས་ས་ཆ་དེ་རང་དུ་ཡར་བསྐྱར་འགྲོ་དུས། ལྗོན་ཤིང་དེ་དག་ཚང་མ་མེད་པ་བཟོས་ཚར་འདུག
    And then, ya, then this year just about one and half month ago, I went there and then also these trees were gone.
  • དྲི་བ་ལེན་མཁན་ Questioner
    ལྗོན་ཤིང་གསར་པ་མང་པོ་ཡོད་པ་རེད་དམ།
    So there was like new trees?
  • བསོད་སྟོབས་ Sotop
    མ་རེད། མ་རེད། མ་རེད། ཁོང་ཚོས་ཁང་པ་དང་མགྲོན་ཁང་འགའ་ཤས་རྩིག་གི་འདུག གང་ཡིན་ནམ་ངས་གསལ་པོ་ཤེས་ཀྱི་མེད། གང་ལྟར་བློ་ཕམ་པོ་བྱུང་། དེ་རང་རེད།
    No, no, no. They building just houses and some hotels. I don't know what. So yeah. That embarrasses me a lot. Yes.
  • དྲི་བ་ལེན་མཁན་ Questioner
    བྱས་ན་ཁྱེད་གནས་དེའི་ད་ལྟའི་གནས་སྟངས་ལ་དེ་ཙམ་དགའ་པོ་མེད་པ་རེད།
    And so you don't really like it so much now?
  • བསོད་སྟོབས་ Sotop
    མ་རེད། མ་རེད། མ་རེད། ང་དགའ་པོ་ཡོད། ཁྱེད་ཀྱི་མཁྱེན་གསལ་ལྟར། ང་རང་བྱུང་ཡུལ་ལྗོངས་ལ་དགའ་པོ་ཡོད། ཡ། ཆུ་ལ་སོགས་པ། ས་ཆ་དེ་རང་ལ་མ་གཏོགས་དེ་འདྲ་ཡོག་མ་རེད།
    No. No. No. No. I like, you know, like nature and yeah that is the only place, okay, water you know. Like, yeah.
  • ཆུ་རྐྱལ་རྒྱག་ས་སོགས་དེ་ཙམ་ཡོག་མ་རེད། དེང་སང་གང་སར་ཐོག་བརྩེགས་ཅན་གྱི་ཁང་པས་ཁེངས་ནས་ཡོད། [གད་མོ]
    Swimming, so not now much. So buildings everywhere. [Laughter]
  • དྲི་བ་ལེན་མཁན་ Questioner
    ཁྱེད་རང་ཕྲུ་གུ་ཡིན་པའི་སྐབས་ལ་གནས་དེར་ཆུ་རྐྱལ་རྒྱག་པར་འགྲོ་གི་ཡོད་དམ།
    And when you kid did you go swimming there at all?
  • བསོད་སྟོབས་ Sotop
    མེད། མེད། མེད། དེང་སང་འགྲོ་གི་མེད།
    No. No. No. Not now.
  • དྲི་བ་ལེན་མཁན་ Questioner
    ངས་ཟེར་ན་ཁྱེད་རང་ཕྲུ་གུ་ཆུང་ཆུང་ཡིན་པའི་སྐབས་ལ་ཆུ་རྐྱལ་རྒྱག་པར་འགྲོ་གི་ཡོད་དམ་ཟེར་གྱི་ཡོད།
    But when you were a kid did you go swimming?
  • བསོད་སྟོབས་ Sotop
    ཨཱ། ང་ཆུང་ཆུང་སྐབས་ལ་འགྲོ་གི་ཡོད། ང་ཚོ་དེར་འགྲོ་གི་ཡོད། ང་ཚོ་ས་ཆ་དེར་ཆུ་རྐྱལ་རྒྱག་པ་དང་། དེ་མིན་ཡང་། ཨོའོ། ཆུའི་དཀྱིལ་ལ་སྐབས་རེ་ས་ཕུང་ཡོག་རེད།
    Ah, when I was, ya, ya. We used to go there. We use to go there and swimming and then also, oh, in the middle of the water there is sometimes like a sand dune, you know.
  • དྲི་བ་ལེན་མཁན་ Questioner
    ལགས་འོང་།
    Oh, ya.
  • བསོད་སྟོབས་ Sotop
    ཡ། ང་ཚོས་ཆུའི་ཕ་རོལ་དུ་ཕྱིན་ནས། དེ་ནས་ཕ་རོལ་དུ་སླེབས་རྗེས། སྐབས་རེ་དེར་མི་གཞན་གྱིས་གོས་ལོག་བཀྲུ་གི་ཡོད་པ་མཐོང་རྒྱུ་ཡོད། དེ་འདྲ་པོ་རེད།
    Ya. We cross the river and then, okay, once you are there, so other side maybe people are washing clothes, like that, you know.
  • བྱས་ཙང་ང་ཚོས་ཆུའི་ཕ་རོལ་དུ་སོང་ནས་མི་གང་ཡང་མེད་ན། དེས་ན་སྐབས་རེ་ང་ཚོས། སྐབས་དེ་དུས་ང་ཚོས་ཕལ་ཆེར་ལོ་ཉི་ཤུ་རྩ་གྲངས་རེད། ང་ཚོས་དེར་ཕྱིན་ནས་གོས་གང་ཡང་མེད་པར་དམར་ཧྲང་ངང་བསྡད་ཀྱི་ཡོད།
    So we cross there and then is nobody. And then, ah, maybe we are that time, maybe twenty-three years, and then we just go there, and everybody is naked.
  • དྲི་བ་ལེན་མཁན་ Questioner
    [གད་མོ།]
    [Laughter]
  • རྩལ་བསྡུར།
    Skill...
  • དེ་རང་རེད། གང་ཡིན་ཟེར་ན་མི་གཞན་གྱིས་ལྟ་མཁན་ཡོག་མ་རེད།
    Ya. No one is looking you know, so.
  • དྲི་བ་ལེན་མཁན་ Questioner
    གང་ཡིན་ཟེར་ན་ཉེ་འགྲམ་དུ་མི་མང་པོ་ཡོད་པ་མ་རེད།
    Because there were not many people around.
  • བསོད་སྟོབས་ Sotop
    རེད། རེད། ཡོག་མ་རེད།
    No. No. No.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Ah.
  • འགྱུར་ལྡོག་ག་དུས་བྱུང་ཡོད་དམ། ག་དུས་གནས་དེ་རྩེད་མོ་རྩེ་སའི་གླིང་ཕྲན་དང་། རང་བྱུང་ཡུལ་ལྗོངས་ཡུལ་ལྗོངས་ཀྱི་བཀོད་པར་འགྱུར་ལྡོག་སོང་ནས་དེང་སང་གང་ཡོད་པ་ཆགས་པ་རེད་དམ།
    And when did they change? When did they stop becoming play island? This nature island. When did they change to being what it is now?
  • བསོད་སྟོབས་ Sotop
    ཨོའོ། ཨམ་༩༥དང་༩༦གཡས་གཡོན་ལ་རེད།
    Oh, ah, around 95 or 96.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Okay.
  • བསོད་སྟོབས་ Sotop
    ཡཱ།
    Ya.
  • དྲི་བ་ལེན་མཁན་ Questioner
    སྒོ་འབྱེད་མཛད་སྒོའི་ཆེད་དུ་རྟེན་འབྲེལ་བྱས་ཡོད་མེད་ཁྱེད་ཀྱི་མཁྱེན་གྱི་ཡོད་དམ། ཡང་ན་གནས་དེར་དུས་སྟོན་རིགས་ཡོད་མེད་ཁྱེད་ཀྱིས་ཤེས་སམ། སྒོ་འབྱེད་མཛད་སྒོའི་ཆེད་དུ།
    Do you know there was an opening ceremony or anything there is some sort of festivals there? Mark the opening there.
  • བསོད་སྟོབས་ Sotop
    སྒོ་འབྱེད། ང་མི་ཤེས། ང་ནམ་རྒྱུན་དེ་འགྲོ་གི་ཡོད།
    Opening, I don't know. Then, I usually don't go there.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Okay.
  • བསོད་སྟོབས་ Sotop
    ངས་ཤེས་ཀྱི་མེད།
    I don't know.
  • དྲི་བ་ལེན་མཁན་ Questioner
    དེ་ནས་་་
    And ...
  • བསོད་སྟོབས་ Sotop
    ཁྱེད་ཀྱི་མཁྱེན་གསལ་ལྟར་ང་རང་བློ་ཕམ་བྱུང་སོང་། ཁོང་ཚོས་ལྗོན་ཤིང་ཚང་མ་བཅད་འདུག
    That made me very sad, you know. So, they cut down all the things.
  • དྲི་བ་ལེན་མཁན་ Questioner
    ཡཱ།
    Yah.
  • མ་འོངས་པར་ཁྱེད་ཀྱིས་ས་གནས་དེར་ཁ་ཟང་ཞིག་སྒོ་འབྱེད་ཐུབ་ཀྱི་རེད་བསམ་གྱི་འདུག་གམ།
    Do you, do you feel you can open a restaurant there sometimes in the future?
  • བསོད་སྟོབས་ Sotop
    ཨམ་་་། རེད། ས་གནས་དེ་འཚང་ཁ་ཤིག་ཤིག་ཏུ་གྱུར་ཡོད། ཡིན་ནའང་ཆུའི་ཉེ་འགྲམ་དུ་ཕལ་ཆེར་དེ་ལྟར་ཡོང་ཐུབ། ཡུལ་ལྗོངས་མཛེས་པོ་ཡོད་ཙང་།
    Um... Yes, very crowded but on the side there is water, so maybe near the water is, maybe more natural. Oh, it is nice.
  • མགྲོན་ཁང་ངམ་དེ་འདྲ་པོ་ཞིག་ཡོང་ཐུབ། གང་ཡིན་ཟེར་ན་དེར་ཆུ་ཡོད་པ་དང་། ཁྱེད་ཀྱི་མཁྱེན་གསལ་ལྟར་རི་ཡང་ཉེ་འགྲམ་དུ་ཡོག་རེད།
    To open a hotel or something. Because there is water, you know, then there is a mountain close by.
  • དྲི་བ་ལེན་མཁན་ Questioner
    ཡཱ།
    Ya.
  • བསོད་སྟོབས་ Sotop
    དེ་ནས་ཁྱེད་ཀྱིས་ཕོ་བྲང་པོ་ཏ་གསལ་པོར་མཇལ་ཐུབ།
    You can have a very good view of Potala.
  • དྲི་བ་ལེན་མཁན་ Questioner
    དེ་རང་རེད།
    Yes.
  • བསོད་སྟོབས་ Sotop
    ཡཱ། ཡཱ།
    Yes. Ya.
  • དྲི་བ་ལེན་མཁན་ Questioner
    རྩེ་དེ་ཚོ་ཡག་པོ་མཐོང་ཐུབ་ཀྱི་ཡོད་པ་རེད།
    Especially view are high up.
  • བསོད་སྟོབས་ Sotop
    དེ་རང་རེད།
    Ya, ya.
  • དྲི་བ་ལེན་མཁན་ Questioner
    དྲི་བ་ཞིག་ཡོད་པ་དེ་ནི། ཁྱེད་ཀྱིས་དེ་ནས་ས་ཆ་ཞིག་ཉོས་ནས་ཟ་ཁང་ཡང་ན་མགྲོན་ཁང་འདྲ་པོ་སྒོ་འབྱེད་ཡག་གི་འཆར་གཞི་ཡོད་དམ།
    Top of that. Would you consider, have a question in mind, start a restaurant there, the hotel there?
  • བསོད་སྟོབས་ Sotop
    མེད། མེད། མེད། སྔས་མ་དེ་ལྟར་བསམས་བྱུང་། གང་ཡིན་ཟེར་ན། ངའི་གྲོགས་པོ་ཞིག་གིས་དེ་ནས་ས་ཆ་ཞིག་ཉོ་ཡག་གི་འཆར་གཞི་ཡོག་རེད།
    No. No. No. Ya, before we thought, because one of my friends he was supposed to buy some land from that side, you know.
  • དྲི་བ་ལེན་མཁན་ Questioner
    ཨ་ལས། གླིང་ཁ་གཏོངས་དེ་ནས་རེད་དམ།
    Ah, ha. The picnic side?
  • བསོད་སྟོབས་ Sotop
    མ་རེད། མ་རེད། མ་རེད། ཕྱོགས་གཞན་དེ་ནས། ངས་གོང་དུ་ཁྱེད་ལ་ཞུས་པའི་ཚོང་ཁང་ཡོད་སའི་ཕྱོགས་དེ་ནས།
    No. No. No. Other side, where the I told you the marketplaces.
  • དྲི་བ་ལེན་མཁན་ Questioner
    ཨ་ལས། དེ་ནས་ཡིན་པ་རེད།
    Okay, that side.
  • བསོད་སྟོབས་ Sotop
    འོ། སྐབས་དེ་དུས་ས་ཆ་གོང་ཁེ་པོ་རེད། ད་ལྟ་ས་ཆ་དེ་ཙམ་མང་པོ་ལྷག་མེད་པ་དང་། གང་ས་གང་ལ་ཁེངས་ནས་བསྡད་ཡོད་རེད།
    Ya. That time it was very cheap. But now, ah, not much space. Everywhere is full, mostly. Ya.
  • དྲི་བ་ལེན་མཁན་ Questioner
    ཁྱེད་ཀྱི་བསམ་ཚུལ་ལ་མི་གང་འདྲ་འདྲ་པོ་ས་གནས་དེར་འགྲོ་གི་ཡོད་དམ།
    And what kind of people do you think go there?
  • བསོད་སྟོབས་ Sotop
    ད་ལྟ་ཟེར་གྱི་ཡོད་དམ།
    Now or,
  • དྲི་བ་ལེན་མཁན་ Questioner
    འོ། དེང་སང་།
    Um ha.
  • བསོད་སྟོབས་ Sotop
    དེང་སང་རྒྱ་མི་མང་པོ་དང་། དེ་བཞིན་བོད་པ་མང་པོ་ཡོག་རེད།
    Now many Chinese and also many Tibetans.
  • དྲི་བ་ལེན་མཁན་ Questioner
    འོ།
    Ya.
  • བསོད་སྟོབས་ Sotop
    བོད་པ་རེད། ཡུལ་སྐོར་བ་མ་རེད།
    Tibetans, not tourists.
  • དྲི་བ་ལེན་མཁན་ Questioner
    ཡུལ་སྐོར་བ་མིན་པ་རེད།
    No tourists?
  • བསོད་སྟོབས་ Sotop
    ཡུལ་སྐོར་བ་མ་རེད།
    No tourists.
  • དྲི་བ་ལེན་མཁན་ Questioner
    ཁྱེད་ཀྱིས་ས་ཆ་དེར་ཉ་ཟིན་པར་འགྲོ་གི་ཡོད་དམ།
    And did you ever go fishing there?
  • བསོད་སྟོབས་ Sotop
    མེད། མེད། མེད།
    No. No. No.
  • དྲི་བ་ལེན་མཁན་ Questioner
    ཉ་ཟིན་གྱི་མེད་པ་རེད། ཉ་ཟིན་མཁན་ཡོག་མ་རེད།
    No fishing. Nobody was fishing?
  • བསོད་སྟོབས་ Sotop
    ཨོའོ། ཡོག་མ་རེད།
    Oh, no, no, no. Nobody.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Okay.
  • བསོད་སྟོབས་ Sotop
    འོ། སྤྱིར་བཏང་ནས་ང་ཉ་ཟིན་གྱི་རེད།
    Ya. Usually, I don't do fishing.
  • དྲི་བ་ལེན་མཁན་ Questioner
    [གད་མོ།]
    [Laughter]
  • དྲི་བ་ལེན་མཁན་ Questioner
    ཁྱེད་ཀྱི་གནས་དེའི་ད་ལྟའི་གནས་སྟངས་དེ་ལྟར་ཆགས་དགོས་པའི་རྒྱུ་མཚན་གང་ཡིན་པ་ཤེས་ཀྱི་ཡོད་དམ། ཐོག་བརྩེགས་ཅན་གྱི་ཁང་པ་དང་། དེ་བཞིན་དེར་འཛུགས་བསྐྲུན་རིགས་མང་པོ་ཞིག་ཡོད་པ་དེ་དག་དེར་ཡོད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།
    Do you know like what is the reason for the current state there? The reason for all these concretes, and the reason for the developments. Do you know why?
  • བསོད་སྟོབས་ Sotop
    ཨོའོ། གཅིག་བྱས་ན། འོ། ཁོང་ཚོས་གྲོང་ཁྱེར་དེ་རྒྱ་བསྐྱེད་གཏོང་འདོད་ཡོད་པའི་རྐྱེན་གྱིས་རེད། རྒྱུ་མཚན་དེ་ཡིན་གྱི་རེད། གང་ཡིན་ཟེར་ན། གླིང་ཕྲན་དེ་ས་ཆ་ཆེན་པོ་ཡོག་རེད།
    Oh, maybe, ya, they want to expand the city, because of that. Because the island is very big.
  • དྲི་བ་ལེན་མཁན་ Questioner
    རེད།
    Yes.
  • བསོད་སྟོབས་ Sotop
    འོ།
    Ya.
  • དྲི་བ་ལེན་མཁན་ Questioner
    རྐྱ་ཆེ་རུ་གཏོང་འདོད་ཡོད་པ་རེད།
    Wanted to expand?
  • བསོད་སྟོབས་ Sotop
    རེད།
    Ya.
  • དྲི་བ་ལེན་མཁན་ Questioner
    གཅིག་བྱས་ན་གྲོང་ཁྱེར་ཕྱོགས་ཚང་མ་ནས་རྒྱ་བསྐྱེད་གཏོང་འདོད་ཡོད་པ་རེད། ལྷོ་ཕྱོགས་ངོས་ལ་དེ་ལྟར་རྒྱ་བསྐྱེད་གཏོང་འདོད་ཡོད་པ་རེད།
    Maybe expand it all directions, that south too.
  • བསོད་སྟོབས་ Sotop
    རེད།
    Ya.
  • དྲི་བ་ལེན་མཁན་ ༢ Questioner 2
    ཁོང་ཚོ་ཟེར་ན་གཞུང་རེད་པས།
    They are the government?
  • དྲི་བ་ལེན་མཁན་ Questioner
    འོ། ཁྱེད་ཀྱི་བསམ་ཚུལ་ལ་གཞུང་གི་ངོས་ནས་དེ་ལྟར་བྱེད་ཀྱི་ཡོད་པ་རེད་བསམ་གྱི་འདུག་གམ། ཡང་ན་ཚོང་པ་ཚོས་དེ་ལྟར་བྱེད་འདོད་ཡོད་པ་རེད།
    Ya, do you think it is the government doing this? Or is it the business people?
  • བསོད་སྟོབས་ Sotop
    གཅིག་བྱས་ན་ཚོང་པ་ཚོ་ཡིན་གྱི་རེད། ངས་གོ་ཐོས་ཁོང་ཚོས་གན་རྒྱའམ་དེ་འདྲ་པོ་ཞིག་བཞག་ཡོག་རེད་ཞེས་གོ་ཐོས་བྱུང་སོང་། དེ་གཞུང་དང་ཡིན་མིན་སྐོར་ལ་ང་ལ་ཤོད་ཡག་མེད།
    Maybe some business people. They took, I heard like a, ah, they have, they make a contract or something, you know, with the government. I don't know.
  • བསོད་སྟོབས་ Sotop
    འོ།
    Ya.
  • དྲི་བ་ལེན་མཁན་ Questioner
    གླིང་ཕྲན་དེ་མི་ཞིག་གམ་ཡང་ན་གང་ཟག་སྒེར་པ་བདག་བཟུང་བྱས་ཡོད་མེད་སྐོར་ཁྱེད་ཀྱི་མཁྱེན་གྱི་ཡོད་དམ་མེད།
    Do you know anybody, in particular, owns the island or it is privately owned by an individual?
  • བསོད་སྟོབས་ Sotop
    གཅིག་བྱས་ན་ཀམ་པ་ནི་འགའ་ཤས་ཀྱིས་བཟུང་ཡོད་ཀྱི་རེད།
    Maybe some companies. I think.
  • དྲི་བ་ལེན་མཁན་ Questioner
    ཀམ་པ་ནི་འགའ་ཤས་ཀྱིས།
    Some companies?
  • བསོད་སྟོབས་ Sotop
    འོ། ཀམ་པ་ནི་འགའ་ཤས་ཀྱིས།
    Ya. Some companies.
  • དྲི་བ་ལེན་མཁན་ Questioner
    ཀམ་པ་ནི་འགའ་ཤས་ཀྱིས་ས་ཆ་གང་ཚང་བཟུང་ཡོད་དམ།
    Some companies, the whole thing?
  • བསོད་སྟོབས་ Sotop
    འོ། ཚང་མ་ལོག
    Ya, the whole thing.
  • དྲི་བ་ལེན་མཁན་ Questioner
    ཨམ།
    Um.
  • ཀམ་པ་ནི་ཡང་ན་འཛུགས་བསྐྲུན་ཀམ་པ་ནི་ཡིན་གྱི་རེད།
    Company or construction company?
  • བསོད་སྟོབས་ Sotop
    རེད།
    Ya.
  • དྲི་བ་ལེན་མཁན་ Questioner
    ཁྱེད་ཡང་ན་ཁྱེད་ཀྱི་གྲོགས་པོར་གླིང་ཕྲན་དེ་དང་འབྲེལ་བའི་ལོ་རྒྱུས་སམ་སྒྲུང་འདྲ་པོ་ཤོད་རྒྱུ་ཨེ་ཡོད།
    And do you have any other story or friend's story about that, about the island?
  • བསོད་སྟོབས་ Sotop
    ཨཱ། འོ་སྐབས་རེ། འོ། ང་ཚོས་ས་ཆ་དེར་སྔར་གླིང་ཁ་གཏོང་བར་འགྲོ་གི་ཡོད། ཁྱེད་ཀྱིས་མཁྱེན་གསལ་ལྟར་མི་མང་པོ་མཉམ་དུ། རང་གི་གྲོགས་པོ་ཚོ་དང་མཉམ་དུ། དེ་ནས་དེར་ཤ་སྲེག་གཏོང་བ་སོགས་བྱེད་ཀྱི་ཡོད། སྐྱིད་པོ་ཡོག་རེད།
    Ah, yes sometimes, okay, so we do picnic also there, you know, a group of people, friends, then barbeque, yes, very nice.
  • ངས་དེར་རྐང་རྩེད་སྤོ་ལོ་དང་རྩེད་མོ་གཞན་རྩེ་གི་ཡོད། དེར་གུར་བརྒྱབ་ནས།
    I would play football, and different games, you know. Built tent there.
  • དྲི་བ་ལེན་མཁན་ Questioner
    ཨོའོ།
    Oh.
  • ཉིན་མོར་དེར་བསྡད། མཚན་མོ་དེར་བསྡད་ཀྱི་མེད་པ་རེད།
    Oh, for the daytimes but you wouldn't stay overnight?
  • བསོད་སྟོབས་ Sotop
    མ་རེད། མ་རེད། མ་རེད། མཚན་མོ་ཡང་དེར་བསྡད་ཀྱི་རེད།
    No. No. No. We stay there.
  • དྲི་བ་ལེན་མཁན་ Questioner
    མཚན་མོར་ཡང་།
    Overnight?
  • བསོད་སྟོབས་ Sotop
    འོ། འོ།
    Yes. Yes.
  • དྲི་བ་ལེན་མཁན་ Questioner
    ཨོའོ།
    Oh.
  • བསོད་སྟོབས་ Sotop
    དེ་ནས་སྐབས་རེ་དེར་སྐྱེས་པའི་རྩ་དེ་ཚོ་ཧ་ཅང་རིང་པོ་ཡོད་རེད།
    And the, sometimes the bushes very high.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Aha.
  • བསོད་སྟོབས་ Sotop
    ས་ཆ་ཡག་པོ་ཡོག་རེད། དེར་ཁྱེད་ཀྱི་མཁྱེན་གསལ་ལྟར་གསང་སྤྱོད་ཡོག་མ་རེད།
    Very nice. Yes. And there is no toilet you know.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Aha.
  • དྲི་བ་ལེན་མཁན་ Questioner
    བྱས་ཙང་ང་ཚོས་རྩ་དཀྱིལ་དུ་སོང་ནས་གང་བྱེད་དགོས་པ་དེ་བྱེད་ཀྱི་རེད། དེ་ཁང་མེད་གསང་སྤྱོད་རེད། [གད་མོ།]
    So okay, we go into behind bush and then, open toilet. [Laughter]
  • དྲི་བ་ལེན་མཁན་ Questioner
    རང་བྱུང་གི
    Nature?
  • བསོད་སྟོབས་ Sotop
    འོ། རང་བྱུང་གི
    Ya, nature.
  • དྲི་བ་ལེན་མཁན་ Questioner
    དེ་ཚོ་༡༩༨༠ནང་རེད་དམ།
    And it was in the 80s perhaps?
  • བསོད་སྟོབས་ Sotop
    འོ། ༡༩༨༠ནང་རེད། ད་ག་རེད།
    Ya, during the 80s. Yes. Ya.
  • དྲི་བ་ལེན་མཁན་ Questioner
    གནས་དེར་གཏན་འཇགས་སྡོད་མཁན་རིགས་ཡོད་པ་ཁྱེད་ཀྱི་ཤེས་ཡོད་དམ།
    And do you know if anyone was living there permanently?
  • བསོད་སྟོབས་ Sotop
    ད་ལྟ་རེད་དམ། ཡང་ན་སྐབས་དེ་དུས།
    Now? Or that time?
  • དྲི་བ་ལེན་མཁན་ Questioner
    འོ། གླིང་ཕྲན་དེ་ལྟ་སྐྱོང་བྱེད་མཁན་གྱི་མི་གྲངས་ཚད།
    Ya, the size of the people who were taking care of this island.
  • བསོད་སྟོབས་ Sotop
    མ་རེད། མ་རེད། མ་རེད། ཡོག་མ་རེད།
    No. No. No. Nobody.
  • དྲི་བ་ལེན་མཁན་ Questioner
    དེའི་ནང་མི་མེད་པ་རེད།
    Nobody was in there?
  • དྲི་བ་ལེན་མཁན་ Questioner
    ས་ཆ་དེ་ད་དུང་ཡང་རྐུན་མ་ཚོས་འཁྱམ་མྱུལ་བྱེད་སའི་ས་ཆ་རེད་དམ།
    Was it still a thief's island, a hangout for thieves?
  • བསོད་སྟོབས་ Sotop
    ཡོག་མ་རེད།
    No.
  • བསོད་སྟོབས་ Sotop
    སྐབས་དེ་དུས་གསུང་གི་ཡོད་དམ།
    That time?
  • དྲི་བ་ལེན་མཁན་ Questioner
    འོ།
    Um ha.
  • བསོད་སྟོབས་ Sotop
    ཨོའོ། མ་རེད། མ་རེད། མ་རེད། ངའི་བསམ་པར་ད་རྐུན་མ་ཡོག་མ་རེད།
    Oh ... No. No. No. No thieves I think.
  • དྲི་བ་ལེན་མཁན་ Questioner
    ད་བྱས་ན་དེ་སྔ་མོའི་སྐབས་ལ་ཡིན་གྱི་རེད།
    That was way long ago?
  • བསོད་སྟོབས་ Sotop
    འོ། སྔ་མོ་དེ་ལྟར་ཡོག་རེད། འོ། ད་ག་རེད།
    Ya, very long long ago. Yes. Ya.
  • དྲི་བ་ལེན་མཁན་ Questioner
    ཁྱེད་ཀྱིས་གླིང་ཕྲན་དེའི་སྒང་ལ་དཔེར་ན་ཞིང་ལས་བྱེད་མཁན་ཡོད་མེད་ཤེས་ཀྱི་ཡོད་དམ། དཔེ་ཆ་བཞག་ན། ནས་སོགས་བཏབ་མཁན་རིགས།
    And do you know any was like cultivating field on the island? There was any sort of, um, you know barley field?
  • བསོད་སྟོབས་ Sotop
    འོ།
    Aha.
  • དྲི་བ་ལེན་མཁན་ Questioner
    དེ་འདྲ་བྱེད་མཁན་ཡོད་དམ།
    Anything like that?
  • བསོད་སྟོབས་ Sotop
    ཡཱ། འོ། ཚལ་འདེབས་མཁན་ཡོག་རེད། དེ་ལྟར་ཡིན་པ་ཡོད།
    Ya, yes. There is some vegetable field, I think.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Okay.
  • བསོད་སྟོབས་ Sotop
    འོ། དེའི་ནང་ལ་ཚན་ཞིང་འགའ་ཤས་ཡོག་རེད།
    Yes. there are some vegetable fields.
  • ཚལ་ཞིང་དེ་དག་ནི་གླིང་ཕྲན་དེར་ལྟ་རྟོག་བྱེད་མཁན་གྱི་མི་ཚོས་བཏབ་པ་ཤ་སྟག་རེད།
    Owned by these people, you know, who look around the whole island.
  • དྲི་བ་ལེན་མཁན་ Questioner
    འོ།
    Ya.
  • བསོད་སྟོབས་ Sotop
    འོ། ཁོང་ཚོའི་ས་ཆར།
    Ya. Their own place.
  • དྲི་བ་ལེན་མཁན་ Questioner
    མི་ག་ཚོད། མི་དེ་འདྲ་བ་ག་ཚོད་ཡོད་མེད་ཤེས་ཀྱི་ཡོད་དམ། གླིང་ཕྲན་དེ་ལྟ་རྟོག་བྱེད་མཁན་གྱི་མ་ག་ཚོད་ཡོད་དམ།
    How many people, how many of these people were there? Those people who look after the island.
  • བསོད་སྟོབས་ Sotop
    ཨཱ། གཅིག་བྱས་ན་དེར་མི་ཚང་གཉིས་འདྲ་པོ་ཡོག་རེད།
    Ah, there are maybe two families or something like that.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Okay.
  • བསོད་སྟོབས་ Sotop
    འོ། ད་ག་རེད།
    Yes. Ya.
  • དྲི་བ་ལེན་མཁན་ Questioner
    སྔ་མོ་ས་གནས་དེར་རྐུན་མས་འཁྱམ་མྱུལ་བྱེད་དགོས་དོན་གང་ཡིན་པ་ཁྱེད་ཀྱི་ཤེས་ཀྱི་ཡོད་དམ།
    And do you know why thieves hung out there a long time ago? We were talking probably,
  • བསོད་སྟོབས་ Sotop
    འོ།
    Ah.
  • དྲི་བ་ལེན་མཁན་ Questioner
    ང་ཚོས་ཕལ་ཆེར་༡༩༢༠ནས་༣༠བར་གྱི་སྐབས་ལ་བཤད་ཀྱི་ཡོད། དེ་ཡང་དེ་དུས་རྐུན་མ་གླིང་ཁ་ཟེར་བའི་སྐབས་ལ།
    More like the 20s, 30s, stuff like this. When it was thief's island.
  • བསོད་སྟོབས་ Sotop
    ཨཱ།
    Ah.
  • དྲི་བ་ལེན་མཁན་ Questioner
    གཅིག་བྱས་ན་རྐུན་མ་ཚོས་ས་ཆ་དེ་རང་བདམ་པ་ལས་ས་ཆ་གཞན་དུ་མི་འགྲོ་བའི་རྒྱུ་མཚན་གང་ཡིན་པ་ཁྱེད་ཀྱི་ཤེས་སམ།
    Perhaps, do you have any idea why they would choose that place instead of somewhere else?
  • བསོད་སྟོབས་ Sotop
    ཡཱ། དེ་དེའི་སྐབས་ལ་ཁྱེད་ཀྱིས་མཁྱེན་གསལ་ལྟར་གནས་སྟངས་དེ་འདྲ་པོ་རེད།
    Ya, so that is a little bit, you know, during that time.
  • དྲི་བ་ལེན་མཁན་ Questioner
    འོ།
    Aha.
  • བསོད་སྟོབས་ Sotop
    གཅིག་བྱས་ན་རྒྱུ་མཚན་དེ་ནི་ཁྲོམ་ཡོད་ས་དང་། དེ་བཞིན་བོད་མི་སྡོད་ཁང་ནས་ཏོག་ཙམ་རྒྱང་རིང་ས་ལ་ཡོད་པའི་རྐྱེན་གྱིས་ཡིན་གྱི་རེད། ,
    Maybe little bit outside, a little bit far from the, ah, Tibetan market, Tibetan residential places. You know.
  • དྲི་བ་ལེན་མཁན་ Questioner
    ཨོའོ། དེ་འདྲ་ཡིན་པ་རེད།
    Oh was there?
  • བསོད་སྟོབས་ Sotop
    འོ། ཏོག་ཙམ་རྒྱང་རིང་གི་ས་ལ་ཡོད་ཙང་རེད།
    Ya. Little bit far.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Aha.
  • བསོད་སྟོབས་ Sotop
    གཞན་དེ་གླིང་ཕྲན་ཞིག་ཡིན་པ་སོང་ཙང་རེད། དེ་ཟམ་པ་གཅིག་མ་གཏོགས་ཡོག་མ་རེད།
    And also, is an island. So there is only one bridge.
  • དྲི་བ་ལེན་མཁན་ Questioner
    འོ།
    Ah.
  • བསོད་སྟོབས་ Sotop
    བྱས་ཙང་མི་སུ་འདྲ་ཞིག་ས་ཆ་དེར་ཕྱིན་པ་ཡིན་ཡང་དེར་ཡིབ་ས་མང་པོ་ཡོག་རེད། ཁྱེད་ཀྱི་མཁྱེན་གསལ་ལྟར། ཡིབ་ས་ས་ཆ་ཆེན་པོ་མང་པོ་ཡོག་རེད། གླིང་ཕྲན་དེ་ཆེན་པོ་ཡོག་རེད། སྤྱིར་བཏང་མི་ཚོ་དེར་འགྲོ་གི་མ་རེད།
    So, okay, even if somebody comes there, you know, so they have a lot of places to hide. You know, it is a big place. Usually, I think nobody goes there.
  • དྲི་བ་ལེན་མཁན་ Questioner
    འོ།
    Ah.
  • བསོད་སྟོབས་ Sotop
    རྐུན་མ་མིན་པའི་མི་གཞན་སྐབས་དེ་དུས་དེར་འགྲོ་གི་མ་རེད།
    Like some other people. Except for thieves. That time. Yes.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    I see.
  • དྲི་བ་ལེན་མཁན་ Questioner
    ཁྱེད་ཀྱིས་དྲི་བ་གཞན་བསམ་བློ་འཁོར་གྱི་འདུག་གམ།
    Can you think of any other question?
  • ཁྱེད་ཀྱི་གླིང་ཕྲན་དེའི་སྐོར་ལ་གཞན་པ་ཤོད་རྒྱུ་ཨེ་ཡོད། ཁྱེད་ཀྱི་ཤེས་པ་དང་ངས་སྐད་ཆ་དྲིས་པའི་རིགས།
    Can you think of anything else about this island that you know and that I haven't ask?
  • བསོད་སྟོབས་ Sotop
    དེང་སང་རེད་པས།
    Now?
  • དྲི་བ་ལེན་མཁན་ ༢ Questioner 2
    ཁྱེད་རང་གྲོགས་པོ་ཚོ་ས་གནས་དེར་འགྲོ་གི་ཡོད་དམ།
    Do your friends go there now?
  • དྲི་བ་ལེན་མཁན་ ༢ Questioner 2
    འོ། ཁྱེད་རང་གི་གྲོགས་པོ་ཚོ།
    Ya, your friends.
  • བསོད་སྟོབས་ Sotop
    མ་རེད། མ་རེད། མ་རེད། དེང་སང་འགྲོ་མཁན་མེད། སྔས་མ་ང་ཚོ་གྲོགས་པོ་ཚོ་མཉམ་དུ་འགྲོ་གི་ཡོད། ངའི་གྲོགས་པོ་ཞིག་ལ་ཚོང་ཁང་ཞིག་ཡོག་རེད།
    No. No. No. Not now. That time we used to go with friends, you know. My friends, he has a shop there.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Aha.
  • བསོད་སྟོབས་ Sotop
    དེང་ངས་་་
    And then I close my ...
  • དྲི་བ་ལེན་མཁན་ Questioner
    དེ་ག་དུས་རེད་དམ། ཁོང་ལ་གླིང་ཕྲན་དེའི་སྒང་ལ་ཚོང་ཁང་ཞིག་ཡོད་རེད་པས།
    When was this? Does he have a shop on the island?
  • བསོད་སྟོབས་ Sotop
    མ་རེད། མ་རེད། མ་རེད། བར་བསྐོར་ནང་ལ་ཡོག་རེད།
    No. No. No. Barkor.
  • དྲི་བ་ལེན་མཁན་ Questioner
    ཨོའོ། བར་བསྐོར་ནང་ལ། ལཱ་སེ།
    Oh, barkor. Okay.
  • བསོད་སྟོབས་ Sotop
    བྱས་ཙང་ང་ཁོ་སྐད་བཏང་ནས། ང་ཚོ་གླིང་ཕྲན་ནང་ལ་འགྲོ་ཟེར་གྱི་རེད། བྱས་ཙང་ཁོས་རང་གི་ཚོང་ཁང་སྒོ་བརྒྱབ། དེ་ནས་ང་ཚོ་མཉམ་དུ་འགྲོ་གི་ཡོད། མཉམ་དུ་ང་ཚོས་ཅེ་སི་རྩེད་མོ་འཁྱེར་འགྲོ་གི་ཡོད།
    So I call him like, okay, let's go to the island. So then, ya, he closed down his shop and went together. Then we take chess.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Ah.
  • བསོད་སྟོབས་ Sotop
    འོ། ང་ཚོས་ཅེ་སི་རྩེད་མོ་དང་རླུང་འཕྲིན་མཉམ་དུ་འཁྱེར་འགྲོ་གི་ཡོད། ང་ཚོ་བལ་ཡུལ་ནས་ཡིན་པ་སོང་ཙང་། ཁྱེད་ཀྱི་མཁྱེན་གསལ་ལྟར། སྐབས་རེ་རྒྱ་གར་གྱི་གཞས་ཡིན་ནའི་རེད། ཡང་ན་གསར་འགྱུར་དྲན་གྱི་འདུག
    Ya, we take chess and radio, so we are from Nepal you know. Like we came from Nepal. So we miss sometimes, ah, Indian music, or some news.
  • དྲི་བ་ལེན་མཁན་ Questioner
    རེད།
    Ya.
  • བསོད་སྟོབས་ Sotop
    བྱས་ཙང་ང་ཚོས་རྒྱུན་དུ་རླུང་འཕྲིན་འཁྱེར་འགྲོ་གི་ཡོད། དེ་ནས་དེར་རྩེད་མོ་རྩེ་བ་དང་། ཅེ་སི་རྩེད་མོ་རྩེ། འཐུང་ཡག་རིགས་མཉམ་དུ་འཁུར་འགྲོ་གི་ཡོད།
    So I always take a radio, and then play there. And then, ya, play chess. Some drinks.
  • དྲི་བ་ལེན་མཁན་ Questioner
    སྣང་བ་སྐྱིད་འདུག་ཁ་པོ་འདུག
    Sound very nice.
  • བསོད་སྟོབས་ Sotop
    ཡོག་རེད།
    Ya.
  • དྲི་བ་ལེན་མཁན་ ༢ Questioner 2
    ལྷ་སའི་མི་གཞན་གཞན་ས་གནས་དེར་༡༩༨༠ནང་ཁྱེད་རང་ཚོ་ནང་བཞིན་འགྲོ་མཁན་ཡོད་དམ།
    Do other people in Lhasa go there when you went there in the 80s?
  • བསོད་སྟོབས་ Sotop
    འོ།
    Ya.
  • དྲི་བ་ལེན་མཁན་ Questioner
    མི་མང་པོ་ཡོག་རེད་པས།
    A lot of people?
  • བསོད་སྟོབས་ Sotop
    མི་མང་པོ་ཡོག་རེད། ལྷག་པར་དུ་གླིང་ཁ་གཏོང་མཁན་རིགས་མང་པོ་ཡོག་རེད། གོས་བཀྲུ་མཁན་སོགས། གོས་ལོག་དང་གདན་བཀྲུ་མཁན་རིགས་ཡོག་རེད།
    A lot of people. Especially for picnicking and to wash something. Some clothes or carpet like that.
  • དྲི་བ་ལེན་མཁན་ Questioner
    མང་ཆེ་བ་བོད་པ་རེད་དམ་ཡང་ན་མི་རིགས་གཞན་ཡོད་དམ།
    Was it mostly Tibetan people or what is,
  • བསོད་སྟོབས་ Sotop
    མང་ཆེ་བ་བོད་པ་རེད།
    Mostly Tibetan people.
  • དྲི་བ་ལེན་མཁན་ Questioner
    འོ།
    Ya.
  • བསོད་སྟོབས་ Sotop
    ཁ་ཆེ་ཁ་ཤས། རྒྱ་ཁ་ཆེ་ཁ་ཤས་ས་གནས་དེར་ཉ་འཛིན་ཆེད་ཡོང་གི་ཡོད།
    And some, some Muslim, Chinese Muslim for fishing, you know.
  • དྲི་བ་ལེན་མཁན་ Questioner
    ཨོའོ། དེར་ཉ་ཡོད་པ་རེད།
    Oh. There was fish there.
  • བསོད་སྟོབས་ Sotop
    འོ། ཉ་ཡོད་རེད། ད་ག་རེད།
    Ya, fish there. Yes.
  • དྲི་བ་ལེན་མཁན་ Questioner
    ཨཱ། ཨ་ལས།
    Ah, I see.
  • བསོད་སྟོབས་ Sotop
    འོ། འོ། རྒྱུག་ཆུ་ཆུང་ཆུང་རིགས། དེ་ཚོ་ངའི་སེམས་ཀྱི་འཆར་སྣང་ནང་ལ་ད་དུང་ཤར་ཡོང་གི་འདུག [གད་མོ།]
    Ya. Ya. Some streams. Still, I can, oh, remember these things, you know, pictures in my eyes. [Laughter]
  • དྲི་བ་ལེན་མཁན་ Questioner
    དེར་གྲུ་ཡོད་དམ། མི་ཚོས་གྲུའི་ནང་དུ་ཕར་ཚུར་འགྲོ་མཁན་ཡོད་དམ།
    Were there boats? Do people go in a boat around there?
  • བསོད་སྟོབས་ Sotop
    གྲུ་ཨས།
    Boats?
  • དྲི་བ་ལེན་མཁན་ Questioner
    འོ།
    Um ha.
  • བསོད་སྟོབས་ Sotop
    གྲུ་ཡོག་མ་རེད།
    Boats no.
  • དྲི་བ་ལེན་མཁན་ Questioner
    གྲུ་ཡོག་མ་རེད་པས།
    No boats?
  • བསོད་སྟོབས་ Sotop
    གྲུ་ཡོག་མ་རེད། འོ།
    No boats. Ya.
  • ཉེ་འགྲམ་གྱི་གྲོང་གསེབ་པ་ཚོ་འགའ་ཤས་ལ་གྲུ་ཡོག་རེད། ཁྱེད་ཀྱིས་མཁྱེན་གྱི་ཡོད་ཀྱི་རེད། ཆུ་ཕ་རོལ་དུ་གནས་མཁན་དེ་ཚོ་ལ། དེར་གྲོང་ཚོ་འགའ་ཤས་ཡོག་རེད། ཁོང་ཚོ་བོད་ཀྱི་ལྤགས་པས་བཟོས་པའི་ཀོ་གྲུ་ཡོག་རེད། གཡག་གི་ཀྭོ་བས་བཟོས་པའི་གྲུ།
    There is, ya, boats owned by some villagers, I think. You know, like on the other side of the river, there are some villages. So they have Tibetan kind of skin boat, yak skin boat.
  • དྲི་བ་ལེན་མཁན་ Questioner
    གཡག
    Yak?
  • བསོད་སྟོབས་ Sotop
    འོ་གཡག་གི་ཀྭོ་གྲུ།
    Yak, like that.
  • དྲི་བ་ལེན་མཁན་ ༢ Questioner 2
    ཀྭོ་བ།
    Kowa (hide)?
  • དྲི་བ་ལེན་མཁན་ Questioner
    ཀྭོ་བ།
    A kowa? [Laughter]
  • བསོད་སྟོབས་ Sotop
    ཀྭོ་བ། ཀྭོ་བ།
    Kowa, kowa.
  • དྲི་བ་ལེན་མཁན་ Questioner
    ཀྭོ་བ།
    Kowa?
  • བསོད་སྟོབས་ Sotop
    ཀྭོ་བ།
    Kowa.
  • དྲི་བ་ལེན་མཁན་ Questioner
    དེ་འདྲ་ཡིན་པ་རེད།
    I see.
  • བསོད་སྟོབས་ Sotop
    འོ། དེར་ང་ཚོས་དགའ་མོས་བྱེད་པའི་འགྲོ་སའི་ས་ཆ་འགའ་ཤས་ཡོག་རེད། ལྗོན་ཤིང་མང་པོ་ཡོད་པ་དང་། ས་ཆ་སྐྱིད་པོ་དེ་འདྲས། དཔེར་ན་ནེའུ་གསེང་འདྲ་པོ། ཁྱེད་ཀྱིས་མཁྱེན་གསལ་ལྟར། ང་ཚོས་རྟག་ཏུ་དེ་ཚོར་འགྲོ་གི་ཡོད།
    Ya, we have some favorite places you know, where there is trees and a nice place too, like a meadow, you know. And then always we stay there.
  • ཆར་དུས་ཀྱི་སྐབས་ལ།
    Sometimes in the raining season,
  • དྲི་བ་ལེན་མཁན་ Questioner
    འོ།
    Aha.
  • བསོད་སྟོབས་ Sotop
    ཆུ་ཡར་རྒྱས་ཡོང་ན།
    so when the water is too high,
  • དྲི་བ་ལེན་མཁན་ Questioner
    འོ།
    Aha.
  • བསོད་སྟོབས་ Sotop
    ས་ཆ་དེ་ཚོ་ཆུས་བཀང་ནས་ཡོད་སྲིད། དེ་འདྲ་བྱུང་ན་ས་ཆ་གཞན་ལ་འགྲོ་གི་ཡོད།
    So okay that place also full of water. So we go to another place.
  • དྲི་བ་ལེན་མཁན་ Questioner
    ཨ་ལས། དེར་ཡང་སེ་འགྲོ་གི་ཡོད་པ་རེད།
    Aha, so you would go there all year round?
  • བསོད་སྟོབས་ Sotop
    འོ།
    Ya.
  • དྲི་བ་ལེན་མཁན་ Questioner
    ཨོའོ།
    Aha.
  • ཁང་པ་གཅིག་རང་པ་དེ་ནི་ས་ཆ་དེར་ལྟ་རྟོག་བྱེད་མཁན་དེ་ཚོའི་ཁང་པ་དེ་རང་ཡིན་པ་རེད།
    And there the only building was the people who took care of them?
  • བསོད་སྟོབས་ Sotop
    རེད།
    Ya.
  • དྲི་བ་ལེན་མཁན་ Questioner
    དེ་ཁོང་ཚོའི་ནང་རེད་པས།
    It was their home.
  • བསོད་སྟོབས་ Sotop
    རེད།
    Ya.
  • དྲི་བ་ལེན་མཁན་ ༢ Questioner 2
    ཕྱི་ལོ་༩༥དང་༩༦ནང་ལ་ཁོང་ཚོ་ས་ཆ་དེར་ཐོག་བརྩེགས་ཅན་གྱི་ཁང་པའི་ཨར་ལས་ཀྱི་འཛུགས་བསྐྲུན་འགོ་ཚུགས་པ་རེད།
    So in 95 or 96, when they started constructing these big buildings,
  • བསོད་སྟོབས་ Sotop
    འོ། ད་ག་རེད།
    Um hum.
  • དྲི་བ་ལེན་མཁན་ ༢ Questioner 2
    ཁྱེད་ཀྱི་གནས་ཚུལ་ཐོག་མར་གོ་དུས་བློ་ཕམ་བྱུང་སོང་ངམ།
    What were you, when you heard about it, were you disappointed or?
  • བསོད་སྟོབས་ Sotop
    འོ། ང་བློ་ཕམ་ཆེན་པོ་བྱུང་སོང་། གནས་དེར་མང་པོ་ཡོག་རེད། ངས་སྔར་དེར་ཡང་སེ་འགྲོ་གི་ཡོད། ས་ཆ་དེ་ཡག་པོ་དང་སྐྱིད་པོ་ཡོག་རེད།
    Ya. I was very much disappointed. There is still a lot of things, you know, okay, so that time we often go there, because that was a very nice place to stay at the time. And ya.
  • དྲི་བ་ལེན་མཁན་ ༢ Questioner 2
    ཁྱེད་ཀྱི་ཨར་ལས་འཛུགས་བསྐྲུན་གྱི་གནས་ཚུལ་སྐོར་ལ་ཐོག་མར་གང་འདྲ་བྱས་ནས་ཤེས་སོང་ངམ། ཡང་ན་རང་ཉིད་ཀྱི་དངོས་སུ་མིག་མཐོང་བྱུང་བ་རེད་དམ།
    How did you first know about the construction? Did you see or heard about it?
  • བསོད་སྟོབས་ Sotop
    ཨོའོ། སྐབས་དེ་ང་རང་བལ་ཡུལ་ལ་ཡོད། ང་ཕྱིར་ལོག་ཡོང་དུས། ཁོང་ཚོས་ཤིང་སྡོང་མང་ཆེ་བ་བཅད་ཚར་ཡོད་པ་དང་། གང་ས་གང་ལ་ས་བྲུས་འདུག
    Oh, that time I was in Nepal. And then when I came back, so, they mostly cut down the trees and digging the place, you know.
  • འོ། ང་རང་བློ་ཕམ་ཆེན་པོ་བྱུང་སོང་། ད་ག་རེད།
    Ya, I was very upset. Yes.
  • དྲི་བ་ལེན་མཁན་ Questioner
    ང་ཁྱེད་ལ་དྲི་བ་གཞན་གང་བཀའ་འདྲི་ཞུ་དགོས་མིན་ཤེས་ཀྱི་མི་འདུག [གད་མོ་]
    I can't think of anything else to ask you. [Laughter]
  • ཁྱེད་ཀྱི་ས་གནས་དེའི་སྐོར་བསམ་བློ་གཏོང་དུས། ཨམ། དེང་སང་མི་ཚོས་ས་གནས་དེར་མིང་གང་བཏགས་ཡོད་དམ།
    I wanted to know as you think about the place, but, um, now what do people call it?
  • བསོད་སྟོབས་ Sotop
    དེང་སང་ཨས།
    Now,
  • དྲི་བ་ལེན་མཁན་ Questioner
    མི་ཚོས་གནས་དེ་ལ་འཇག་མ་གླིང་ཁ་ཟེར་གྱི་ཡོད་དམ།
    Do people call it Jakma Lingkha?
  • བསོད་སྟོབས་ Sotop
    མ་རེད། མ་རེད། མ་རེད། དེང་སང་རྐུན་མ་གླིང་ཁ་ཡང་ཟེར་གྱི་མེད། དེང་སང་ཁོང་ཚོས། གང་ཟེར་རྒྱ་སྐད་ཀྱི་མིང་གསར་པ་ཞིག་བཏགས་ཡོག་རེད། ངས་ཤེས་ཀྱི་མེད།
    No. No. No. Now, they don't call it Künma Lingkha also. Now, they call it there is one Chinese name, I don't know.
  • དེ་གང་རེད། རྒྱ་མིའི་མིང་ཞིག་བཏགས་ཡོག་རེད།
    What is that? Chinese name?
  • བསོད་སྟོབས་ Sotop
    ཐེའེ་ཡང་དའོ། ད་ག་རེད།
    Téyangdao. Ya.
  • དྲི་བ་ལེན་མཁན་ Questioner
    ཐེའེ་ཡང་དའོ།
    Téyangdao?
  • དྲི་བ་ལེན་མཁན་ Questioner
    མི་ཕལ་ཆེ་བས་དེ་ལྟར་ལབ་ཀྱི་ཡོད་དམ།
    Most people call that?
  • བསོད་སྟོབས་ Sotop
    འོ། དེང་སང་ཐེའེ་ཡང་དའོ་ལབ་ཀྱི་ཡོག་རེད།
    Ya, now Téyangdao.
  • དྲི་བ་ལེན་མཁན་ Questioner
    མི་ཕལ་ཆེ་བས་དེ་ལབ་ཀྱི་ཡོད་དམ།
    Almost everybody?
  • བསོད་སྟོབས་ Sotop
    འོ།
    Ya.
  • དྲི་བ་ལེན་མཁན་ ༢ Questioner 2
    ཐེའེ་ཡང་དའོ་ཞེས་མིང་དེ་བཏགས་དགོས་པའི་རྒྱུ་མཚན་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ།
    Do you know why they named it as Téyangdao?
  • བསོད་སྟོབས་ Sotop
    བྱས་ཙང་། ངས་ཐེའེ་ཡང་དའོ་ཞེས་མིང་དེ་ལྟར་བཏགས་དགོས་པའི་རྒྱུ་མཚན་ཤེས་ཀྱི་མེད། ངས་མི་ཤེས། [གད་མོ་]
    So, I don't know the meaning of Téyangdao. I don't know. [Laughter]
  • དྲི་བ་ལེན་མཁན་ Questioner
    ངའི་བསམ་པར་དེའི་གོ་དོན་ནི་ཉི་འོད་གླིང་ཕྲན་རེད།
    I think it means Sun Island.
  • བསོད་སྟོབས་ Sotop
    ཉི་འོད་གླིང་ཕྲན།
    Sun Island?
  • དྲི་བ་ལེན་མཁན་ Questioner
    གོ་ཐོས་མགྲོན་ཁང་ཞིག་ཡོད་པ་དེའི་མིང་ནས་ཚུར་བསྒྱུར་ནས་ཐོབ་པ་རེད་ཟེར་གྱི་འདུག
    They said how they translated the hotel they call Sun Island.
  • བསོད་སྟོབས་ Sotop
    ཨ་ལས། ཐེའེ་ཡང་། ཨོའོ། འོ། འོ། ལཱ་སེ། ཐེའེ་ཡང་། འོ།
    Oh, Téyang. Oh, ya, ya. Okay. Ya, Téyang. Yes.
  • དྲི་བ་ལེན་མཁན་ Questioner
    ཁོང་ཚོས་དེ་ལྟར་ལབ་དགོས་པའི་རྒྱུ་མཚན་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ།
    Do you know why they would pick that?
  • བསོད་སྟོབས་ Sotop
    ང་ཤེས་ཀྱི་མེད།
    I don't know.
  • དྲི་བ་ལེན་མཁན་ Questioner
    ངས་ཀྱང་མི་ཤེས། [གད་མོ།]
    Me either. [Laughter]
  • བསོད་སྟོབས་ Sotop
    མི་ཤེས།
    No idea.
  • དྲི་བ་ལེན་མཁན་ Questioner
    གཅིག་བྱས་ན་བོད་ལ་ཉི་འོད་མང་པོ་ཕོག་གི་ཡོད་པའི་རྐྱེན་གྱིས་རེད།
    Maybe because Tibet is very sunny.
  • དྲི་བ་ལེན་མཁན་ ༢ Questioner 2
    ཉི་འོད་གླིང་ཕྲན་སྒང་ལ་ཟ་ཁང་ཡག་པ་ཨེ་འདྲས་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ།
    Are they any good restaurant on Sun Island? Are they any good?
  • བསོད་སྟོབས་ Sotop
    ཡཱ། འོ། ཡོད་རེད། འོ། ངས་མཐོང་བྱུང་། དེ་ཇ་ཁང་འདྲ་པོ་ཞིག་རེད། ཁྱེད་ཀྱི་མཁྱེན་གསལ་ལྟར།
    Yea, ah, yea, there is one. Ya, I have seen that. It is, it is kind of, tea shop. You know.
  • དྲི་བ་ལེན་མཁན་ Questioner
    ཇ་ཁང་རེད་པས།
    A tea shop?
  • བསོད་སྟོབས་ Sotop
    འོ། རྒྱ་མིའི་ཇ་ཆང་ཞིག་རེད།
    Ya, it is a Chinese tea shop.
  • དྲི་བ་ལེན་མཁན་ ༢ Questioner 2
    ཁྱེད་དེ་ལ་དགའ་པོ་ཡོད་དམ།
    Do you like it?
  • བསོད་སྟོབས་ Sotop
    ངས་དེར་ཐེངས་པ་གཅིག་ལས་འགྲོ་མྱོང་མེད། ཨོའོ། འོ། སྐབས་ཤིག་ལ་ངས་རྐང་འཁོར་གཞོན་ནས་ཕྱིན་པ་ཡིན། སྐོར་ར་ཆེན་པོ་ཞིག་བརྒྱབ་པ་ཡིན།
    I have been just one time there. Oh, ya. Because one time I went by bicycle. Took a big round, you know.
  • དྲི་བ་ལེན་མཁན་ Questioner
    ཨཱ། འོ།
    Ah, yes.
  • བསོད་སྟོབས་ Sotop
    ཆུའི་ཕ་རོལ་དུ་ཕྱིན་པ་ཡིན།
    Other side of the river.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Ah ha.
  • བསོད་སྟོབས་ Sotop
    ང་དང་མཉམ་དུ་འགྲོ་མཁན་གྱི་ངའི་གྲོགས་པོ་ཞིག་ཀྱང་ཡོད། ཁོང་གིས་ཀྱང་རྐང་འཁོར་བཞོན་ནས། ཁོ་དཀའ་ལས་ཁ་ཐག་ཆོད། དེ་ནས་ང་ཚོས་གློག་གྲུ་ཞིག་མཐོང་བྱུང་།
    Then, I have with one of my friends, also cycling. He was tired, and we saw this thing, motor boat, you know.
  • ཁོས་རྐང་འཁོར་གཞོན་ནས་ཡང་བསྐྱར་ཕྱིར་ལོག་འགྲོ་འདོད་མེད་པ་སོང་ཙང་། ཁྱེད་ཀྱིས་མཁྱེན་གསལ་ལྟར་དེ་ནས་ང་ཚོས་གློག་གྲུ་གཏོང་མཁན་དེ་འབོད་ནས་གྲུའི་ནང་དུ་རྐང་འཁོར་བཞག་ཏེ་ཆུ་འགྲོལ་བ་ཡིན།
    Then he doesn't want to go back with the same bicycle, you know. And then we called the motorboat and put the bicycle in the motorboat, and we crossed the river.
  • དྲི་བ་ལེན་མཁན་ Questioner
    གླིང་ཕྲན་དེར་ཕྱིན་པ་རེད་པས།
    To the island?
  • བསོད་སྟོབས་ Sotop
    འོ་གླིང་ཕྲན་ལ་ཕྱིན། དེར་ཟ་ཁང་ཞིག་འདུག
    To the island. And there was a restaurant.
  • དྲི་བ་ལེན་མཁན་ Questioner
    ཨོའོ། བྱས་ན་དེ་ལྷོ་ཕྱོགས་དང་གླིང་ཕྲན་གྱི་རྒྱབ་ལ་གནས་ཡོད་པ་རེད།
    Ah, so kind of south and behind the island?
  • བསོད་སྟོབས་ Sotop
    འོ། ལྷོ་ཕྱོགས་ལ་ཡོད་རེད།
    Ya. South, yes.
  • དྲི་བ་ལེན་མཁན་ Questioner
    དེ་རྒྱ་མིའི་ཇ་ཁང་ཞིག་རེད་པ།
    Is a Chinese tea house?
  • བསོད་སྟོབས་ Sotop
    འོ། རྒྱ་མིའི་ཇ་ཆང་ཞིག་རེད། ཡག་པོ་ཞིག་འདུག
    Ya. Some Chinese tea house. It's nice.
  • དྲི་བ་ལེན་མཁན་ Questioner
    དེར་གང་འདུག དེ་ཕྱི་ལོགས་ལ་འདུག་ཡང་ན་ནང་ལོགས་ལ་འདུག
    What is there? Is it outside or inside?
  • བསོད་སྟོབས་ Sotop
    ཨཱ་ཕྱི་ནང་གཉིས་ཀར་སྡོད་ས་འདུག ཕྱི་ལོགས་ལ་ལྡུམ་རྭ་ཆུང་ཆུང་ཞིག་འདུག ནང་ལོགས་ལ་སྡོད་ས་ཁང་པ་ཆུང་ཆུང་འགའ་ཤས་འདུག དེ་འདྲ་ང་ཚོས་རང་ཉིད་ཁྱེར་རྐྱང་དུ་སྡོད་ས་འདྲ་པོ་རེད།
    Ah, both. So outside there is a small garden and inside is some rooms, you know. So people can, ah, this kind of private things.
  • རང་གི་ནང་མི་དང་གྲོགས་པོ་ལ་སོགས་པས་སྔོན་ནས་ས་ཆ་མངགས་ནས་སྡོད་ས། དེར་ཁོང་ཚོས་རྩེད་མོ་རྩེ་བ་དང་། ཇ་འཐུང་བྱེད་ས་འདུག ད་ག་རེད།
    So they just, family or friends they book the room, and then they play, drink tea, ya.
  • དྲི་བ་ལེན་མཁན་ Questioner
    དེང་སང་མི་མང་པོ་དེར་འགྲོ་གི་ཡོད་དམ།
    Now do a lot of people go there?
  • བསོད་སྟོབས་ Sotop
    གླིང་ཕྲན་དེ་ལ་ཟེར་གྱི་ཡོད་དམ། ཡང་ན་ཇ་ཁང་དེ་ལ་ཟེར་གྱི་ཡོད།
    To the island? For the tea shop or?
  • དྲི་བ་ལེན་མཁན་ Questioner
    གླིང་ཕྲན་དེ་ལ་སྤྱིར་བཏང་ནས་ཟེར་གྱི་ཡོད། ཁྱེད་ཀྱི་བསམ་པར་མི་མང་པོ་གནས་དེར་འགྲོ་གི་ཡོག་རེད་བསམ་གྱི་འདུག་གམ།
    Just to the island in general. Do you think a lot of people go there?
  • བསོད་སྟོབས་ Sotop
    ཨཱ། ངའི་བསམ་པར་ཕལ་ཆེར་མི་ཚོས་དེར་གཙོ་བོ་ཉོ་ཆ་རྒྱག་པ་དང་དེ་མིན་གྱི་ལས་དོན་ཆེད་དུ་འགྲོ་གི་ཡོག་རེད་བསམ་གྱི་འདུག
    Ah, okay maybe people just go for shopping or something. That reason.
  • དྲི་བ་ལེན་མཁན་ Questioner
    ཉོ་ཆ་རྒྱག་ཡག་ཆེད་དུ།
    Shopping?
  • བསོད་སྟོབས་ Sotop
    འོ། ཡུལ་ལྗོངས་ལྟ་ཡག་ཁོ་ནའི་ཆེད་དུ་མ་རེད། ཁྱེད་ཀྱིས་མཁྱེན་གསལ་ལྟར།
    Ya. Not just to enjoy with nature, you know.
  • དྲི་བ་ལེན་མཁན་ Questioner
    འོ། རྒྱུ་མཚན་གཞན་པ་ཞིག་ཡོད་ཀྱི་རེད།
    Ya. So has to be for a different reason?
  • བསོད་སྟོབས་ Sotop
    འོ། འོ། འོ། དེང་སང་ཆུ་ལས་མཐོ་བ་ཡོད། སྔོན་མ་ཆུ་དང་མཐོ་ཚད་འདྲ་པོ་ཡོད། ས་ཆ་དེ་ཚོ། དེང་སང་བཅད་མཚམས་ཡོག་རེད།
    Ya, ya, ya. So now much more higher than the water. So before is the same level, the water, and the land. Now is kind of barrier, you know, water.
  • དྲི་བ་ལེན་མཁན་ ༢ Questioner 2
    མི་ཚོས་གླིང་ཕྲན་དེ་ཡོངས་བསྒྲགས་མིན་པའི་མིང་གཞན་པ་ཡོད་མེད་ཁྱེད་ཀྱི་ཤེས་ཀྱི་ཡོད་དམ། ཡོངས་བསྒྲགས་མིན་པ། ལྐོག་མིང་འདྲ་པོ།
    Are there any other names for the island people like call it privately? Not publicly. Silent name.
  • བསོད་སྟོབས་ Sotop
    མི་དགའ་ཤས་ཀྱིས་དེ་ལ་དགའ་རོགས་གླིང་ཁ་ཡང་དེ་འདྲའི་མིང་མིང་བཏགས་ཡོད།
    Um, some people they call it, um, Garok Lingkha or something.
  • དྲི་བ་ལེན་མཁན་ Questioner
    དགའ་རོགས་གླིང་ཁ།
    Garok Lingkha
  • བསོད་སྟོབས་ Sotop
    དགའ་རོགས་གླིང་ཁ་ཞེས་པའི་དོན་དག་ནི་དགའ་པོའི་གླིག་ཕྲན་རེད།
    Garok Lingkha means lover's island. [Laughter]
  • དགའ་རོགས། འོ། དགའ་རོགས་གླིང་ཁ།
    Garok, ya, lover's park.
  • དྲི་བ་ལེན་མཁན་ Questioner
    ཨཱ། དེ་ལྟར་ལབ་དགོས་དོན་གང་ཡིན་ནམ།
    Aha. Why did they call that?
  • བསོད་སྟོབས་ Sotop
    དེ་ཕལ་ཆེར་ང་གོང་དུ་ཁྱེད་ལ་ཞུས་པ་བཞིན། རྐྱན་མ་ཚོར་ཆ་བཞག་ན་གླིང་ཕྲན་དེ་ཡིབ་སའི་ལྷ་ཡུལ་འདྲ་པོ་རེད།
    Maybe it is like a, I told you because for the thieves, it is like a haven, you know.
  • དྲི་བ་ལེན་མཁན་ Questioner
    འོ་འོ།
    Ah ha.
  • བསོད་སྟོབས་ Sotop
    མི་གཞན་དེར་འགྲོ་མཁན་མེད། བྱས་ཙང་ཁོང་ཚོས་དེར་ཡིབ་ཐུབ་ཀྱི་ཡོད། བྱས་ཙང་དགའ་རོགས་སྒྲིག་མཁན་ཚོའི་ངོས་ནས་བཤད་ནའང་ས་གནས་དེར་ཕྱིན་ན་གཞན་གྱི་མཐོང་ཐུབ་ཀྱི་མེད། [གད་མོ་]
    Nobody comes there. So they can hide. So even there, maybe for the lovers, they go there, and no one can see. [Laughter]
  • རྒྱུ་མཚན་དེ་འདྲ་རེད།
    That is why.
  • དྲི་བ་ལེན་མཁན་ Questioner
    ཨ་ལས། [གད་མོ་]
    I see. [Laughter]
  • བསོད་སྟོབས་ Sotop
    གལ་སྲིད་མི་ཞིག་གིས་གཞན་ཞིག་ཐུགས་འདོད་ཡོད་ན། གནས་དེར་ཐུགས་འཕྲད་བྱེད་ཐུབ།
    If somebody wants to make an appointment, they meet there.
  • དྲི་བ་ལེན་མཁན་ Questioner
    གསང་བའི་འབྲེལ་མཐུད་བྱེད་ས། [གད་མོ་]
    A secret rendezvous? [Laughter]
  • བསོད་སྟོབས་ Sotop
    རེད། རེད།
    Ya, ya.
  • དྲི་བ་ལེན་མཁན་ Questioner
    དེ་འདྲ་ཡིན་པ་རེད།
    I see.
  • དྲི་བ་ལེན་མཁན་ ༢ Questioner 2
    གླིང་ཕྲན་དེར་དགོང་མོར་ཕེབས་མྱོང་ཡོད་དམ།
    Is the island, have you been there at night?
  • བསོད་སྟོབས་ Sotop
    དེང་སང་ལབ་ཀྱི་ཡོད་དམ།
    Now? These days?
  • དྲི་བ་ལེན་མཁན་ ༢ Questioner 2
    འོ། ཉེ་དུས་ལ།
    Yes, these days.
  • བསོད་སྟོབས་ Sotop
    ཨཱ་མཚན་མོར་འགྲོ་མྱོང་ཡོད།
    Ah, evening yes.
  • བསོད་སྟོབས་ Sotop
    ཨཱ་རེད། མཚན་མོར་འགྲོ་མྱོང་ཡོད།
    Ah, evening, yes.
  • དྲི་བ་ལེན་མཁན་ ༢ Questioner 2
    དགོང་མོ་ལ།
    Evening?
  • དྲི་བ་ལེན་མཁན་ ༢ Questioner 2
    མཚན་མོར།
    Evening?
  • བསོད་སྟོབས་ Sotop
    འོ། ཆུ་ཉེ་འགྲམ་དུ་འགྲོ་མྱོང་ཡོད། ཁྱེད་ཀྱིས་མཁྱེན་གསལ་ལྟར་དེར་ཟ་ཁང་ཁ་ཤས་ཡོག་རེད།
    Ya. But I have been to the riverside, you know, some restaurants there.
  • དྲི་བ་ལེན་མཁན་ Questioner
    ཨཱ་ལས། མཚན་མོར་མི་འདྲ་བ་གང་ཡོད་དམ། ཉིན་མོ་དང་མི་འདྲ་བ།
    Aha. What's, is there something different at night about? it is a supposed day or ...
  • བསོད་སྟོབས་ Sotop
    ཨམ། ཁྲོམ་ལ་ཟེར་གྱི་ཡོད་དམ་ཡང་ན།
    Um, in the market or ...
  • དྲི་བ་ལེན་མཁན་ Questioner
    སྤྱིར་བཏང་གླིང་ཕྲན་དེ་རང་ལ།
    Just the island in general.
  • བསོད་སྟོབས་ Sotop
    འོ། དེར་ཚ་ཁོག་བཟའ་ས་ཁ་ཤས་ཡོག་རེད། ཁྱེད་ཀྱིས་མཁྱེན་གསལ་ལྟར།
    Ya, there are some hot pot restaurants, you know.
  • དྲི་བ་ལེན་མཁན་ Questioner
    ཨཱ་ལས།
    Aha.
  • བསོད་སྟོབས་ Sotop
    བྱས་ཙང་དགོང་མོར་དེར་མི་མང་པོ་འགྲོ་གི་རེད། ཟ་ཁང་དེ་ལ།
    So evening many people go there. Just to the restaurant.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    I see.
  • བསོད་སྟོབས་ Sotop
    འོ།
    Ya.
  • དེར་མགྲོན་ཁང་ཆེན་པོ་ཞིག་ཡོག་རེད། དེ་ནས་དེར་སོ་ནཱར་ཡོད་རེད། མི་མང་པོ་ཞིག་གིས་སོ་ནཱར་ཁོ་ནའི་ཆེད་དུ་འགྲོ་གི་ཡོག་རེད།
    There is a big hotel. And then is a sonar, and people go for sonar also.
  • དྲི་བ་ལེན་མཁན་ Questioner
    འོ།
    Ya.
  • དྲི་བ་ལེན་མཁན་ ༢ Questioner 2
    གླིང་ཕྲན་སྒང་ལ་ཡོད་མགྲོན་ཁང་དེ་དག་གི་ནང་ལ་མི་གང་འདྲ་འདྲ་པོ་གནས་སྡོད་བྱེད་ཀྱི་ཡོད་དམ།
    Do you know who stay at the hotel on the island? Like what kind of people stay there?
  • བསོད་སྟོབས་ Sotop
    ངའི་བསམ་པར་ཕལ་ཆེ་བ་རྒྱ་མི་ཡུལ་སྐོར་ཤ་སྟག་རེད། རེད། རྒྱ་མི་ཡུལ་སྐོར་བ་རེད།
    I think most are Chinese tourists. Ya, Chinese tourists.
  • དྲི་བ་ལེན་མཁན་ Questioner
    ཕྱི་རྒྱལ་གྱི་ཡུལ་སྐོར་བ་དེ་ཙམ་མངཔོ་མེད་པ་རེད།
    There is not a lot of foreigners?
  • བསོད་སྟོབས་ Sotop
    ཡོག་མ་རེད། ང་ཕྱི་རྒྱལ་ཡུལ་སྐོར་བ་དེར་སྡོད་མཁན་ངས་རྩ་བ་ནས་མཐོང་མ་སོང་། ད་ག་རེད། དེ་སྐོར་ལ་ངས་སྐབས་རེ་རང་གི་གྲོགས་པོ་ཚོ་དང་མཉམ་དུ་སྐད་ཆ་བཤད་ཀྱི་ཡོད།
    No. No. No. I never saw any western tourists there. Ya, sometimes we talk with, because, ya, I used to talk with my friends, you know.
  • དཔེ་ཆ་བཞག་ན། ཁོང་ཚོའི་ངོས་ནས་འཆར་གཞི་ཡག་པོ་བཏིང་མི་འདུག་བསམ་གྱི་འདུག ཁྱེད་ཀྱི་མཁྱེན་གསལ་ལྟར། ང་ཚོས་ལབ་པ་ཡིན། རྒྱ་གར་ཡང་ན་བལ་ཡུལ་དང་འདྲ་བར། ཡང་ན་ཐའི་ལེན་ཌ་ཐེ་འདྲ་བར་ཡུལ་སྐོར་བའི་ཆེད་དུ་ས་ཆ་ངེས་ཅན་ཞིག་ཡོད་ན་བཟང་སེ་བཤད་པ་ཡིན།
    Like, okay, they really did, maybe not a good plan. You know. So maybe, we said, in India or Nepal, there is some, there is one place, a particular place. Like Thailand, you know.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Aha.
  • བསོད་སྟོབས་ Sotop
    ཡུལ་སྐོར་བ་ཁོ་ནའི་ཆེད་དུ་ཡིན་པ་ཞིག
    Just for the tourists.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Aha.
  • བསོད་སྟོབས་ Sotop
    ང་ཚོས་ད་དུང་ཁོང་ཚོས་གལ་སྲིད་གླིང་ཕྲན་གང་ཚང་ལ། གཅིག་བྱས་ན་ལྗོན་ཤིང་འགའ་ཤས་བཅད། འགའ་ཤས་རང་སོར་བཞག
    And we are saying like, maybe that time, if they make the whole island, you know, maybe they cut some trees, they keep some trees, you know.
  • དེ་ནས་ཡུལ་སྐོར་བ་ཁོ་ནའི་ཆེད་དུ་ས་ཆ་ཞིག་བཟོས་ན། མགྲོན་ཁང་དང་ཆ་ཚང་། ཁྱེད་ཀྱིས་མཁྱེན་གསལ་ལྟར། ཡུལ་སྐོར་ཞབས་ཞུའི་ལས་ཁང་དང་། ཚོང་ཁང་། དེ་བཞིན་གཞན་ཚང་མ་ཡུལ་སྐོར་བ་ཁོ་ནའི་ཆེད་དུ་བཟོས་ན་ལེགས་ཞེས་ཕན་ཚུན་བཤད་པ་ཡིན།
    Then maybe if they make just for the tourists, with hotels, everything, you know. Travel agencies, and shopping place, everything. Just for the tourists.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Aha.
  • བསོད་སྟོབས་ Sotop
    དེ་ནས་དེ་འདྲ་ས་ཆའི་ནང་དུ་མོ་ཊའི་རིགས་རྩ་བ་ནས་ཡོང་མི་ཆོག་པ་དང་། ཆ་ཤས་འགའ་ཤས་གཅིག་བྱས་ན་མོ་ཊ་འགྲོ་ཆོག་པ་བཟོས། ཆ་ཤས་འགའ་ཤས་ལ་རིག་ཤོའོ་འགྲོ་ཆོག་པ་བཟོས། ཡང་ན་ཤིང་རྟ་འདྲ་པོ་བཟོས་ན་ལེགས་པའི་བསམ་ཚུལ་བརྗེ་རེས་བྱས།
    And then no cars, you know, just, some part maybe cars, then other parts maybe some rickshaws, or some horse carts, or you know like, maybe that is very good.
  • ང་ཚོས་དེ་འདྲ་ལབ་པ་ཡིན། གང་ཡིན་ཟེར་ན། དེ་ནས་ཕོ་བྲང་པོ་ཏ་ལ་ཡག་པོ་མཇལ་ཐུབ་པ་དང་། དེའི་རྒྱབ་ལ་ལྷ་སའི་སྐྱིད་ཆུ་རྒྱུགས་བཞིན་ཡོད། ཕྱོགས་གཞན་དེ་ལ་རི་སོགས་ཡོད་པས། བཀོད་པ་ཧ་ཅང་མཛེས་པོ་ཡོད།
    We are saying. Because that is, you can have a very good view of Potala, and behind there is the Kyichu river. And other side good mountain. Very nice.
  • དྲི་བ་ལེན་མཁན་ Questioner
    གནས་ས་ཡག་པོ་ཡོད་པ་རེད།
    The location?
  • བསོད་སྟོབས་ Sotop
    རེད། རེད། གལ་སྲིད་ཁྱེད་ཀྱིས་དེ་ལྟར་བཟོས་ཐུབ་ཡོད་ན། ད་ལྟ་ལས་ཀྱང་བཟང་བ་ཡོད་རེད་བསམ་གྱི་འདུག
    Yes. Yes. If you could make like that, maybe more nice than which is now.
  • དྲི་བ་ལེན་མཁན་ ༢ Questioner 2
    གླིང་ཕྲན་སྒང་ལ་ཅ་ལག་གང་འདྲ་པོ་འཚོང་གི་ཡོད་དམ། ཁྲོམ་དེ་ཡག་པོ་ཡོད་དམ།
    What they sell at the market on the island? Is the market any good?
  • བསོད་སྟོབས་ Sotop
    ཨཱ། ཡོག་རེད། སྔ་མ་ཡིན་ན་ལྷ་ས་གྲོང་ཁྱེར་ནང་དུ་ཁྲོམ་ར་འགའ་ཤས་ཡོག་རེད། ཚོང་པ་ཚོས་སྲང་ལམ་གྱི་སྒང་ལ་ཚང་མ་ས་ལ་བཀྲམ་ནས་འཚོང་གི་ཡོད།
    Ah, yes. So before in Lhasa, there are some markets, where they put everything on the street, you know.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Aha.
  • བསོད་སྟོབས་ Sotop
    ལྟ་དེང་སང་མོ་ཊ་ཤིན་ཏུ་མང་པོ་བྱས་ལམ་ཀ་འགག་ནས་འགྲིམ་འགྲུལ་གནོད་ཀྱི་ཡོད་པར་བརྟེན། གཅིག་བྱས་ན་རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་ཚོས་ཚོང་པ་དེ་དག་གླིང་ཕྲན་དེའི་ནང་དུ་བཏང་བ་རེད།
    So okay, now so, too much traffic, like that. Maybe disturb the traffic, you know. So then these people were sent back to that island.
  • དྲི་བ་ལེན་མཁན་ Questioner
    ཨ་ལས། དེ་འདྲ་ཡིན་པ་རེད།
    Oh, I see.
  • བསོད་སྟོབས་ Sotop
    ཁོང་ཚོ་ཚོང་ཁང་ནང་དུ་བཞག་པ་རེད། ཁྱེད་ཀྱི་མཁྱེན་གསལ་ལྟར།
    They put their shops there, you know.
  • དྲི་བ་ལེན་མཁན་ Questioner
    ད་ལྟ་སྲང་ལམ་སྒང་ལ་མ་ཡིན་པར་ཚོང་ཁང་ནང་ལ་བཞག་པ་ཡིན་གྱི་རེད།
    Now instead of being on the street, they are in the shops.
  • བསོད་སྟོབས་ Sotop
    འོ། ཚོང་ཁང་ནང་དུ་བཞག་པ་རེད།
    Ya. In the shops.
  • དྲི་བ་ལེན་མཁན་ ༢ Questioner 2
    ཨཱ་དེ་འདྲ་ཡིན་པ་རེད། གླིང་ཕྲན་དེའི་ནང་གི་འཆར་གཞི་དེ་འགྲིམ་འགྲུལ་མི་འགག་པའི་ཆེད་དུ་དམིགས་པ་ཡིན་གྱི་རེད།
    Ah, I see. Maybe the island is also to reduce the traffic in the city?
  • བསོད་སྟོབས་ Sotop
    འོ། རེད། ད་ག་རེད།
    Ya. Yes. Yes. Ya.
  • དྲི་བ་ལེན་མཁན་ ༢ Questioner 2
    ཁོང་ཚོ་གླིང་ཕྲན་ནང་དུ་མ་སྤོས་གོང་ལ་ཚོང་ཁང་ཁག་གང་དུ་ཡོད་དམ། གྲོང་ཁྱེར་གྱི་དཀྱིལ་ལ་ཡོད་དམ་ཡང་ན་གང་དུ་ཡོད།
    So before they move to the island, where was the shops? Around the center of the city or?
  • བསོད་སྟོབས་ Sotop
    འགའ་ཤས་གྲོང་ཁྱེར་གྱི་དཀྱིལ་ལ་ཡོག་རེད། རེད། གྲོང་ཁྱེར་གྱི་དཀྱིལ་ལ་ཡོག་རེད།
    Some are at center of the city. Some are at the center of the city. Yes.
  • དྲི་བ་ལེན་མཁན་ Questioner
    ཚོང་ཁང་དང་བཟོ་ལས་དེ་འདྲ་འགོ་ཚུགས་པ་རེད་པ།
    And the shops or type of the industry, right?
  • བསོད་སྟོབས་ Sotop
    རེད། རེད།
    Ya. Ya.
  • དྲི་བ་ལེན་མཁན་ Questioner
    གླིང་ཕྲན་སྒང་ལ་དེང་སང་མི་སྡོད་མཁན་ཡོད་དམ།
    So do people live on the island now?
  • བསོད་སྟོབས་ Sotop
    རེད། ད་ལྟ་གསུང་གི་ཡོད་པས།
    Ya. Now?
  • དྲི་བ་ལེན་མཁན་ Questioner
    འོ།
    Ah hum.
  • བསོད་སྟོབས་ Sotop
    ཡོག་རེད།
    Yes. Yes.
  • དྲི་བ་ལེན་མཁན་ Questioner
    དེར་གནས་སྡོད་བྱེད་མཁན་གྱི་མི་དེ་ཚོ་ས་གནས་གང་ནས་སླེབས་པ་རེད་དམ། ལྷ་ས་གྲོང་ཁྱེར་ནས་རེད། ཡང་ན་ས་ཕྱོགས་གཞན་ནས་སླེབས་པ་རེད་དམ།
    And where are these people from? They are from Lhasa or they are from? People who live there.
  • བསོད་སྟོབས་ Sotop
    ཕལ་ཆེ་བ་རྒྱ་མི་ཤ་སྟག་རེད།
    Mostly Chinese people.
  • དྲི་བ་ལེན་མཁན་ Questioner
    རྒྱ་ནག་གི་ས་ཆ་གཞན་ནས་སླེབས་པ་རེད་པས།
    From other parts of China?
  • བསོད་སྟོབས་ Sotop
    རེད། རེད། རྒྱ་ནག་གི་ས་ཆ་གཞན་ནས་སླེབས་པ་རེད། རེད། གླིང་ཕྲན་དེའི་ནང་ལ་བཟོ་གྲྭ་ཆུང་ཆུང་འདྲ་པོ་འགའ་ཤས་ཡོག་རེད། ཁྱེད་ཀྱི་མཁྱེན་གསལ་ལྟར། རྒྱ་ཁ་ཆེས་གཉེར་བ་འགའ་ཤས་ཡོག་རེད།
    Ya. Ya. All the parts of China. Ya. So also there is also some small kind of factories also there, you know. Owned by Chinese Muslims.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Aha.
  • བསོད་སྟོབས་ Sotop
    བྱས་ཙང་ཁོང་ཚོ་དེར་སྡོད་ཀྱི་ཡོག་རེད། ད་ག་རེད།
    So they just stay there. Ya.
  • དྲི་བ་ལེན་མཁན་ Questioner
    ཁོང་ཚོ་དེར་ལས་ཀ་བྱེད་ཀྱི་ཡོད་པ་རེད།
    People work there.
  • བསོད་སྟོབས་ Sotop
    རེད། ཁོང་ཚོ་དེར་ལས་ཀ་བྱེད་ཀྱི་ཡོད་རེད།
    Ya. People work there. Yes.
  • དྲི་བ་ལེན་མཁན་ Questioner
    ཨོའོ། བཟོ་གྲྭ་དེ་ཚོར་ལས་ཀ་བྱེད་མཁན་མིན་པའི་མི་གཞན་དག་གླིང་ཕྲན་དེའི་སྒང་ལ་སྡོད་ཀྱི་ཡོད་དམ།
    Ah, do other people besides these factory workers live on the island?
  • བསོད་སྟོབས་ Sotop
    ཨམ། ཡོག་རེད། དེའི་ནང་ལ་མཚན་ཚོགས་མང་པོ་ཡོག་རེད། མཚན་ཚོགས་དང་ཟ་ཁང་མང་པོ་ཡོག་རེད། ཁོང་ཚོ་དེར་སྡོད་ཀྱི་ཡོག་རེད།
    Um, ya, there is, ah, many nightclubs, like that. Nightclubs and restaurants. So, people, people work in the nightclubs and restaurants, also live there.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Okay.
  • བསོད་སྟོབས་ Sotop
    འོ།
    Ya.
  • དྲི་བ་ལེན་མཁན་ Questioner
    ད་བྱས་ན་ཁོང་ཚོ་དེར་སྡོད་ཀྱི་ཡོད་པ་རེད། སྥྱིར་བཏང་མི་ཚོས་རང་ཉིད་ལས་ཀ་བྱེད་ས་དེའི་ཉེ་འགྲམ་དུ་གནས་སྡོད་བྱེད་ཀྱི་ཡོད་དམ།
    And so they live there just because, do people usually live near where they work? Near the place where they work.
  • བསོད་སྟོབས་ Sotop
    རེད། དེ་གནས་སྟངས་ལ་རག་ལུས་ཡོག་རེད། གལ་སྲིད་ཉེ་འགྲམ་དུ་སྡོད་ས་ཡོད་ན། གལ་སྲིད་མེད་ན། ས་ཆ་གཞན་དག་ཡོག་རེད།
    Ya, maybe depends, you know. If there is a place nearby. If not, then there are other places around.
  • དྲི་བ་ལེན་མཁན་ ༢ Questioner 2
    ཁྱེད་ཀྱི་གླིང་ཕྲན་དེའི་སྐོར་ལ་ཚགས་ཤོག་ཡང་ན་བརྙན་འཕྲིན་བརྒྱུད་ནས་ཤེས་རྟོགས་བྱེད་ཀྱི་ཡོད་དམ།
    Do you read about the island in the paper or on T.V.?
  • བསོད་སྟོབས་ Sotop
    ཨམ་་་
    Ah...
  • དྲི་བ་ལེན་མཁན་ ༢ Questioner 2
    གླིང་ཕྲན་དེའི་སྐོར་ལ་གསར་འགྱུར་རིགས་ཡོད་དམ།
    Are there any news about the island?
  • བསོད་སྟོབས་ Sotop
    དེང་སང་གསུང་གི་ཡོད་དམ། ཡང་ན།
    These days or,
  • དྲི་བ་ལེན་མཁན་ ༢ Questioner 2
    འོ་དེང་སང་།
    Ya.
  • བསོད་སྟོབས་ Sotop
    དེང་སང། དེང་སང་དེ་ཁྲོམ་རྭ་བྱས་བྱས་སྐད་གྲགས་ཆེན་པོ་ཡོད་རེད། ཁྱེད་ཀྱིས་མཁྱེན་གསལ་རེད། བྱས་ཙང་ང་ཚོས་དེར་ཉོ་ཆ་རྒྱག་པ་དང་ཡང་ན་དེ་འདྲ་པོ་བྱེད་པའི་ཆེད་དུ་དེར་འགྲོ་གི་ཡོད་ཡོད། ལྟད་མོ་ལྟ་བའི་ཆེད་དུ།
    These days. These days, so now is popular with markets and all these things, you know. So we go for shopping or something like this. Just to see.
  • དྲི་བ་ལེན་མཁན་ ༢ Questioner 2
    འོ།
    Ya.
  • དྲི་བ་ལེན་མཁན་ Questioner
    ངས་ཤེས་འདོད་ཡོད་ཙང་དྲི་བ་འདི་དྲིས་པ་ཡིན། གཞན་པ་ངས་གང་ཡང་དྲན་གྱི་མི་འདུག ཁྱེད་ཀྱིས་དེང་སང་ངམ། ཡང་ན་སྔ་མོ་གླིང་ཕྲན་དེ་དང་འབྲེལ་བའི་སྐོར་ལ་ཤེས་རྟོགས་གང་ཡོད་དམ།
    I am just curious. I can't think of anything else. If yon can think else about the island, in the old days, or today, anything.
  • དྲི་བ་ལེན་མཁན་ ༢ Questioner 2
    མ་འོངས་པའི་དུས་ལ་གླིང་ཕྲན་དེ་ལ་འགྱུར་ལྡོག་རིགས་གང་ཡོང་མིན་སྐོར་ལ་ཁྱེད་ཀྱི་ངོས་ནས་ཤེས་རྟོགས་ཨེ་ཡོད།
    Do you know what is, are there any changes that are going to happen in the future? Do you know?
  • བསོད་སྟོབས་ Sotop
    མ་འོངས་པར་གསུང་གི་ཡོད་པས།
    In the future?
  • དྲི་བ་ལེན་མཁན་ ༢ Questioner 2
    འོ།
    Ya.
  • བསོད་སྟོབས་ Sotop
    མ་འོངས་པར་ངས་མི་ཤེས། ངས་ཧ་མི་གོ
    In the future. I don't know. No idea.
  • གཅིག་བྱས་ན་ཁ་སྣོན་གྱི་མགྲོན་ཁང་འཕར་མ་འགའ་ཤས་བསྣན་སྲིད། [གད་མོ་]
    Maybe some hotels, maybe. [Laughter]
  • དྲི་བ་ལེན་མཁན་ Questioner
    འོ་རེད། འཛུགས་བསྐྲུན་སྐོར་ལ་ཁྱེད་ཀྱི་གོང་དུ་ཕྱི་ལོ་༩༥དང་༩༦ནང་བྱུང་བ་རེད་གསུངས་སོང་།
    Oh, the development, did it happen like, like you said in 95 and 96.
  • བསོད་སྟོབས་ Sotop
    ད་ག་རེད།
    Aha.
  • དྲི་བ་ལེན་མཁན་ Questioner
    དེ་ནས་གནས་དེ་གླིང་ཁ་གཏོང་ས་མེད་པ་ཆགས་ནས་རིམ་པས་ཚོང་ལས་བྱེད་ཡུལ་དེ་གྱུར་ཡོད་པ་རེད།
    Then it stopped being a king of lingkhatong (picnicking), come about, um, more of a commercial place.
  • བསོད་སྟོབས་ Sotop
    ད་ག་རེད།
    Um ah.
  • དྲི་བ་ལེན་མཁན་ Questioner
    དེ་དག་ཚང་མ་དུས་མཉམ་དུ་བྱུང་བ་རེད་དམ། ཡང་ན་གླིང་ཕྲན་གྱི་ཆ་ཤས་གཅིག་སྔོན་ན་ཡར་རྒྱས་བཏང་ནས་དེ་ནས་དེ་བྱིངས་རྣམས་འཛུགས་བསྐྲུན་བྱེད་ཡོད་དམ།
    Did it happen all at once, it was like a certain part of the island was developed first, and then later other parts are ...
  • བསོད་སྟོབས་ Sotop
    ཨཱ་རིམ་པས་བྱུང་ཡོད་རེད་བསམ་གྱི་འདུག
    Ah, slowly, I think.
  • དྲི་བ་ལེན་མཁན་ Questioner
    དལ་པོའི་ངང་།
    Slowly.
  • བསོད་སྟོབས་ Sotop
    འོ། དལ་པོའི་ངང་། རེད། ཁྱེད་ཀྱིས་མཁྱེན་གསལ་ལྟར། ཐོག་མར་དེར་ཁང་པ་འགའ་ཤས་ལས་མེད།
    Yes, slowly. Ya. At the beginning. There are just a few houses. You know.
  • དྲི་བ་ལེན་མཁན་ Questioner
    ཨ་ལས།
    Um ha.
  • བསོད་སྟོབས་ Sotop
    དེང་སང་མང་པོ་ཡོག་རེད། གླིང་ཁ་དེའི་རྒྱ་ཁྱོན་ལ་ཀི་ལོ་མི་ཊར་གྲུ་བཞི་མ་ག་ཚོད་ཡོད་མེད་སྐོར་ལ་ངས་གང་ཡང་ཤེས་ཀྱི་མེད། ཡིན་ནའང་དེ་ས་ཁྱོན་ཆེན་པོ་ཡོག་རེད།
    Then now, now is many now. I don't know how many square kilometers of the island. But it is huge island.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ།
    Um ha.
  • བསོད་སྟོབས་ Sotop
    དེ་ནས་རིམ་པས་བྱུང་ཡོད། ད་ཆ་ས་ཆ་དེ་ཁེངས་ཚར་བ་ལྟ་བུ་རེད།
    And then slowly, now almost full now.
  • དྲི་བ་ལེན་མཁན་ Questioner
    འོ།
    Ya.
  • བསོད་སྟོབས་ Sotop
    མི་ཚོས་དེ་ནས་ས་ཆ་ཉོ་གི་ཡོད། གང་ཡིན་ཟེར་ན། དེར་མགྲོན་ཁང་གསར་རྒྱག་དང་། ཚོང་ཁང་མང་པོ་སྒོ་འབྱེད་ཀྱི་ཡོད། ཁྱེད་ཀྱི་མཁྱེན་གསལ་ལྟར། ཡང་ན་ཁྲོམ་རྭ་ཞིག་ཆགས་ཡོང་གི་ཡོག་རེད།
    People are buying land there, because, okay there is a hotel is constructing and, there are some shopping complex, or marketplaces are building, you know.
  • བྱས་ཙང་མི་ཚོས་དེར་མ་རྩ་འཇོག་ན་ཡག་པོ་འདུག་བསམ་གྱི་ཡོད་པ་རེད།
    So then people thought it may be a good place to invest money on that island.
  • དྲི་བ་ལེན་མཁན་ Questioner
    འོ།
    Ya.
  • བསོད་སྟོབས་ Sotop
    བྱས་ཙང་ངའི་བསམ་པར་ག་ལེར་ག་ལེར།
    So I think, ya. So, ya, slowly.
  • དྲི་བ་ལེན་མཁན་ Questioner
    འདས་པའི་ལོ་བཅུའི་ནང་རེད་པ།
    In the past ten years?
  • བསོད་སྟོབས་ Sotop
    རེད། རེད། རེད།
    Ya. Ya. Ya.
  • དྲི་བ་ལེན་མཁན་ Questioner
    ལཱ་སེ། ཨཱ་ནི་ཐོག་མར་གང་དུ་འཛུགས་བསྐྲུན་འགོ་ཚུགས་པ་རེད་དམ། གང་དུ་ཁང་པའི་ཨར་ལས་ཐོག་མར་འགོ་ཚུགས་ཡོད་མེད་ཁྱེད་ཀྱི་ཤེས་ཀྱི་ཡོད་དམ།
    Okay. And where it was developed first? Where were the first buildings, do you know?
  • བསོད་སྟོབས་ Sotop
    ཨོའོ། དཀྱིལ་ལ་ཐོག་མར་འགོ་ཚུགས་པ་རེད། གླིང་ཕྲན་དེའི་དཀྱིལ་ལ་ཐོག་མར་འགོ་ཚུགས་པ་རེད།
    Oh, around the middle of, around the middle of the island.
  • དྲི་བ་ལེན་མཁན་ Questioner
    ཨམ། གླིང་ཕྲན་གྱི་དཀྱིལ་ལ་རེད་པ།
    Um, the center of it?
  • བསོད་སྟོབས་ Sotop
    རེད། དཀྱིལ་ལ་རེད།
    Center. Yes. Ya.
  • རེད། ཐོག་མར་མདོག་ཉེས་པོ་ཞེ་དྲགས་འདུག [གད་མོ་]
    Ya, at the beginning looks so ugly. [Laughter]
  • ཧ་ཅང་མདོམ་ཉེས་པོ་འདུག
    Very much ugly.
  • དྲི་བ་ལེན་མཁན་ Questioner
    ཁྱེད་ཀྱི་ད་ལྟ་མཛེས་པོ་ཆགས་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་དམ།
    Do you think it is pretty now?
  • བསོད་སྟོབས་ Sotop
    སྔ་མ་ལས་ཀྱང་བཟང་བ་འདུག རེད། ད་ལྟ་སྔར་གྱི་གླིང་ཕྲན་དེ་ནང་བཞིན་ལྟ་ཡོག་མ་རེད་འདའི། ཁྱེད་ཀྱིས་མཁྱེན་གསལ་ལྟར། དེ་ད་ལྟ་ཁྲོམ་རྭ་ཞིག་ཆགས་ཡོད། ད་ག་རེད།
    It is better than before. It's like a, okay, there is no island. But now it is like a, and you don't, ya, that was like a shopping place. You know. Ya.
  • དྲི་བ་ལེན་མཁན་ Questioner
    ད་ཆ་རང་བྱུང་གི་ཁོར་ཡུག་སྔར་ལྟར་ཡོག་མ་རེད།
    No longer natural place.
  • བསོད་སྟོབས་ Sotop
    ཡོག་མ་རེད། རང་བྱུང་གི་ཁོར་ཡུག་སྔར་ལྟར་ཡོག་མ་རེད།
    No. No. No. Not a natural place.
  • དྲི་བ་ལེན་མཁན་ Questioner
    ངས་ཀྱང་དེ་ལྟར་རེད་བསམ་གྱི་འདུག ཁྱེད་ཀྱི་ངོས་ནས་གཞན་བསམ་བློ་གང་འཁོར་གྱི་ཡོད་མེད་ལྟ་ཆོག
    I guess so. Let's see if you can think of anything else.
  • བསོད་སྟོབས་ Sotop
    ད་དེ་འདྲ་པོ་རེད།
    Almost like this.
  • དྲི་བ་ལེན་མཁན་ Questioner
    སྔར་ལོ་ལྟར་དེར་ཁྱེད་ཀྱི་ཡང་སེ་ཕེབས་ཀྱི་ཡོད་པ་རེད། ༡༩༨༠ནང་ལ།
    Do you, so you went there kind of year round? In the 80s you would go there.
  • བསོད་སྟོབས་ Sotop
    རེད།
    Ya.
  • དྲི་བ་ལེན་མཁན་ Questioner
    དབྱར་དགུན་ཁྱེད་པར་གང་ཡང་ཡོད་པ་མ་རེད་པ།
    Summer or winter didn't matter.
  • བསོད་སྟོབས་ Sotop
    མ་རེད། མ་རེད། མ་རེད། ང་དབྱྲར་ཁར་འགྲོ་གི་ཡོད།
    No. No. No. Usually, I go summer.
  • དྲི་བ་ལེན་མཁན་ Questioner
    རྒྱུན་དུ་དབྱར་ཁར་རེད་པས།
    Usually in the summer?
  • བསོད་སྟོབས་ Sotop
    རེད། དགུན་དུས། དགུན་དུས་སུ་ངས་དེར་འགྲོ་གི་མེད།
    Ya. Winter time, winter time no. I don't go there.
  • དྲི་བ་ལེན་མཁན་ Questioner
    གང་བྱས་ནས།
    Why?
  • བསོད་སྟོབས་ Sotop
    འོ། དགུན་དུས་སུ་ཁྱེད་ཀྱིས་མཁྱེན་གསལ་ལྟར་ཧ་ཅང་གྲང་པོ་ཡོད་རེད། བྱས་ཙང་རྒྱུན་དུ་དབྱར་དུས་སུ་དེར་འགྲོ་རྒྱུ་དགའ་པོ་ཡོད། གང་ཡིན་ཟེར་ན་དེ་དུས་ལྗང་མདོག་མང་བ་ཡོག་རེད།
    Ya. Winter time, it is very cold, you know. So, usually like go there just to enjoy, as more green, you know, summertime.
  • དྲི་བ་ལེན་མཁན་ Questioner
    རེད།
    Ya.
  • བསོད་སྟོབས་ Sotop
    དེ་མིན་ཆུ་རྐྱལ་རྒྱག་པ་དང་གོས་བཀྲུ་བ་སོགས་བྱེད་ཐུབ། འོན་ཀྱང་དགུན་དུས་སུ་ཧ་ཅང་གྲང་མོ་ཡོག་རེད། ད་ག་རེད།
    And, swimming and washing clothes something, wintertime water is cold. Yes.
  • དྲི་བ་ལེན་མཁན་ Questioner
    དེ་ཙམ་སྐྱིད་པོ་ཡོག་མ་རེད།
    No so fun.
  • བསོད་སྟོབས་ Sotop
    ད་ག་རེད། དེ་ཙམ་སྐྱིད་པོ་ཡོག་མ་རེད།
    Ya. Not so fun. Yes.
  • དྲི་བ་ལེན་མཁན་ ༢ Questioner 2
    རྐུན་མ་གླིང་དང་འབྲེལ་བ་ཡོད་པའི་སྒྲུང་སོགས་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད་དམ།
    Do you know any story that were associated with the Künma Lingkha, any story?
  • བསོད་སྟོབས་ Sotop
    སྒྲུང་། སྒྲུང་ངས་ཤེས་ཀྱི་མེད། [གད་མོ་]
    Stories, stories I don't know. [Laughter]
  • དྲི་བ་ལེན་མཁན་ Questioner
    དྲི་བ་ཡོད་དམ།
    Any questions?
  • བྱས་ན་དེ་ལ་དགའ་རོགས་གླིང་ཁ་ཡང་ཟེར་གྱི་ཡོད་པ་རེད།
    So it is also called Garok Lingkha?
  • བསོད་སྟོབས་ Sotop
    དགའ་རོགས་གླིང་ཁ་ཡང་ཟེར་གྱི་ཡོག་རེད།
    Garok Lingkha. Yes.
  • དྲི་བ་ལེན་མཁན་ Questioner
    [གད་མོ་]
    [Laughter]
  • Cool.
    དཔེ་ཡག་པོ།
  • དྲི་བ་ལེན་མཁན་ ༢ Questioner 2
    ཨམ། དེང་སང་གླིང་ཁ་གཏོང་བ་ཆེད་དུ་གང་དུ་འགྲོ་གི་ཡོད་དམ།
    Um, where do you go lingkha now?
  • བསོད་སྟོབས་ Sotop
    དེང་སང་། འོ་རེད། གལ་སྲིས་གླིང་ཁ་གཏོང་བར་ཕྱིན་ན་ངས་ཐག་རིང་པོ་ལ་འགྲོ་གི་ཡོད། རང་གི་གྲོགས་པ་ཚོ་དང་མཉམ་དུ། དེ་ནས་རྩིས་པ་ཡིན་ན་ཕལ་ཆེར་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་འགྲོ་དགོས་ཀྱི་རེད།
    Now, so oh, okay, if I go, I go very far. So with some friends, you know. Maybe from here, uh, half an hour by car.
  • དྲི་བ་ལེན་མཁན་ Questioner
    ཨམ།
    Um.
  • བསོད་སྟོབས་ Sotop
    དཔེར་ན་གྲོང་ཁྱེར་ལྷ་སའི་ཉེ་འགྲམ་དུ་ཡོད་པའི་ས་ཆ་འགའ་ཤས་ཡག་པོ་ཞེ་དྲགས་ཡོག་རེད།
    Like, ya, some places are very nice. Nearby, near Lhasa.
  • དྲི་བ་ལེན་མཁན་ Questioner
    དེང་སང་མོ་ཊ་གཏོང་ནས་འགྲོ་གི་ཡོད་པ་རེད། སྔར་གོམ་པ་རྒྱག་ནས་འགྲོ་གི་ཡོད་པ་རེད། དེ་འདྲ་རེད་དམ།
    Now you go by car, before you walk right?
  • བསོད་སྟོབས་ Sotop
    རྐུན་མ་གླིང་ཁར་གོམ་པ་རྒྱག་པའམ་ཡང་ན་རྐང་འཁོར་བཞོན་ནས་འགྲོ་གི་ཡོད།
    Walk or bicycle. Ya Künma Lingkha. Ya.
  • དྲི་བ་ལེན་མཁན་ Questioner
    དེང་སང་མོ་ཊ་བཏང་བྱས་འགྲོ་གི་ཡོད་རེད་པ།
    And now you go by car?
  • བསོད་སྟོབས་ Sotop
    འོ། ཨམ། རྐུན་མ་གླིང་ཁ་ཐག་རིང་པོ་ཡོག་མ་རེད། ངས་གོང་དུ་ཞུས་པའི་ས་ཆ་དེ་ཆུ་ཚོད་གཅིག་དང་ཕྱེད་ཀ་རིང་མོ་ཊའི་ནང་དུ་འགྲོ་དགོས་ཀྱི་རེད།
    Ya. Um, ya Künma Lingkha is not very far. But this place I told you, is half an hour by car.
  • དྲི་བ་ལེན་མཁན་ Questioner
    ཨ་ལས། ལཱ་སེ།
    Ah, okay.
  • བསོད་སྟོབས་ Sotop
    བྱས་ཙང་། དེའི་སྐབས་ལ་ངས་ས་ཆ་དེའི་ཤེས་ཀྱི་མེད། ངས་ད་ལྟ་འགྲོ་སའི་ས་ཆ་དེའི་སྐོར་ལ། ཁྱེད་ཀྱི་མཁྱེན་གསལ་བཞིན། འོ།
    So, people, that time I don't know, about this place which I go now, you know. Ya.