31 Jan 2012
1 min 32 sec
Video Overview
Creators:
Unknown
An interview between Yanglha and a rollerskater at the roller rink located on the main north-south road in the center of Thieves' Island.
- Lhasa
- ཁྱེད་རང་ལུང་གང་ནས་ཕེབས་པ་ཡིན་ནམ།Where are you from?
- བདག་གཞིས་ཀ་རྩེ་ནས།I am from Zhikatsé.
- འོ་འོ། ཨཱ་ནི་འདའི་ལྷ་སར་ཕེབས་ནས་རྒྱུན་རིང་ལོས་ཕྱིན་སོང་།I see. How long have you been here in Lhasa?
- ཟླ་བ་གཉིས་ཙམ་ཕྱིན་སོང་།About two months now.
- ཟླ་བ་གཉིས། དེང་སང་ཕྱག་ལས་ག་རེད་གནང་གི་ཡོད་ནཱ།Two months. What work are you doing now?
- ཨ་མའི་རྩར་ཡོང་བ་ཡིན། ཨ་མ་ཐུག་པར་ཡོང་བ་ཡིན། ལས་ཀ་ཡོག་མ་རེད།I came here to visit my mom. I don't have a job right now.
- ལགས་སེ། ཨཱ་ནི་སྔས་མ་གཞིས་ཀ་རྩེ་ལ་བཞུགས་དུས་ཕྱག་ལས་ག་རེ་ཡིན་ནམ།I see.
- གཞིས་ཀ་རྩེ་ལ་ཅི་ལྦེ་ནང། (Ch.纪委)ནང་།In Zhikatsé, I was at Planning Commission.
- ཅི་ལྦེ།Planning Commision?
- འོ།Yes.
- ལགས་སོ། ལྟ་དེ་རིང་ཁྱེད་རང་འདའ་ག་རེ་གནང་ག་ཕེབས་པ་ཡིན་ནམ།I see. Why you come here today?
- དེ་རེས་འདའི་གང་རེད་ལྟ་ང་ཚོ་སྤུ་གུ་བཟོ་ལྟ་བྱས་རྩེད་མོ་དེ་ལ་དགའ་པོ་ཡོད།Here I am with my friends, and I like rollerskating.
- འོ་འོ།Okay.
- བྱས་ཙང་འདའི་འཛོམས། འདི་བཏང་ག་ཡོང་པ་ཡིན།So we met here for rollerskating.
- ལཱ་སེ། ཨཱ་ནི་ཁྱེད་རང་འདའི་ལྷ་སར་ཡ་ས་ཆ་གཞན་དག་ཡོག་རེད་པ། ཨཱ་ནི་འདའི་འཇག་མ་གླིང་ག་ཕེབས་ཡག་གི་རྒྱུ་མཚན་ར་འདའི་ཁྱེད་རང་གིས་འདའི་འདིའི་ལོ་རྒྱུས་མཁྱེན་པ་རེད། ཡང་མིན་ན་རོགས་པ་ཨེ་འདྲས་ཡོད་པ་བྱས་འདི་པ་ཕེབས་རྒྱོག་རེད།Okay. In Lhasa, you can visit many other places. Why you come here in Jakma Lingga? Is it because of its history or what is it?
- ལྟ་རོགས་པ་ཨེ་འདྲས་མཉམ་དུ་ཤོག་ཟེར་གྱི་འདུག་ག ལྟ་ལོ་རྒྱུས་འདི་འདྲས་ཞེ་དྲག་བཤད་ཡག་མེད།I friends asked me to join them. Otherwise, I don't know anything about the history of this place.
- ལཱ་སེ།Okay.
- ཨཱ་ནི་ཁྱེད་རང་གིས་འདའི་སྐོར་ར་རྒྱག་ཡག་ལ་མཉེས་པོ་ཡོད་པས།You like roller staking here?
- འོ། འདའི་དགའ་པོ་ཡོད།Yes, I like it very much.
- ལཱ་སེ། ཨཱ་ནི་འདི་ག་དུས་ནས་སྦྱངས་གནང་རྒྱོག་རེད། ཁྱེད་རང་འདའི་ཚུར་ཕེབས་ནས་སྦྱངས་རྒྱོག་རེད་ཡང་མིན་སྔས་མ་ཆུང་ཆུང་དུས་ནས་ཤེས་ཀྱི་ཡོག་རེད།Okay. When did you learn how to rollerskate? Did you learn how to skate here or you know it since your childhood and before coming to Lhasa?
- འདའི་མར་སླེབས་བྱས་སྦྱངས་རྒྱོག་ཨེ་འདྲས་རེད།I learned it after coming here.
- ལྷ་སར་སླེབས་ནས་སྦྱངས་རྒྱོག་ཡོག་རེད་པ།You learned it in Lhasa?
- འོ། སྔས་ལ་ཧ་གོ་གི་མེད། ཅས་ཤེས་ཀྱི་མེད།Yes, I don't know how to stake before.
- འོ། འདའི་ཁྱེད་རང་གི་ཡག་པོ་ཞིག་སྐོར་གནང་གིས།Okay. I saw you staking very well.
- འོ་འོ།Okay.
- ལགས་སོ། ཁྱེད་རང་འདའི་མཉེས་པོ་ཡོད་ན། ས་ཆ་གཞན་པ་ལ་རྩེད་མོ་རྩེ་བ་ཕེབས་མྱོང་ཨེ་ཡོད།Right, so you like staking. Have you been to other places for playing games?
- གཞན་དག་ཞེ་དྲགས་འགྲོ་མྱོང་མེད། འདི་པ་ཁོ་ར་ཅིག་རོགས་པ་མཉམ་དུ་ཤོག་ཟེར་གྱི་འདུག་གI haven't been to other areas. Here my friends asked me to join them.
- ལཱ་སེ།Okay.
- གཞན་དག་ལ་ཞེ་དྲགས་འགྲོ་མ་མྱོང་།I haven't been to other places that much.
- ལཱ་སེ། འོ་ཐུགས་རྗེ་གནང་།Okay. Thank you very much.
- འོ་འོ།You welcome.