Video Overview
Rinchen Lhamo, an elder from Dogar Gewog, Paro, shares about their new year celebration, known as Kam Nyadru. It is celebrated only in Dogar gewog, and villagers celebrate it as a grand new year celebration. In the past, people exchanged oil with grains in Paro town to eat during the celebration. They raised a pig to slaughter for the celebration. The celebration is named Kam Nyadru because villagers believe that on the 15th day of the 10th month of the Bhutanese calendar, the moon and star mate. They offer food and meat to the moon through the open window of their altar. They celebrate this for five days, followed by archery matches among the men of Dogar. They also worship their local deity Dolay during the celebration.
སྤ་རོ་རྫོང་ཁག་ རྡོ་སྒར་རྒེད་འོག་ལས་ ཨང་རྒས་རིན་ཆེན་ལྷ་མོ་གིས་ ལོ་ལྟར་བཞིན་དུ་ ཁོང་གི་གཡུས་ཁ་ བརྩི་སྲུང་འབད་སྲོལ་ཡོད་པའི་ སྐམ་ཉ་རུའི་དུས་སྟོནགྱི་སྐོར་ལས་ བཤད་པ་རྐྱབ་ཨིན་པས། སྤྱིར་བཏང་སྐརམ་ཉ་རུ་འདི་ རྡོ་སྒར་རྒེད་འོག་ནང་རྐྱངམ་ཅིག་ བརྩི་སྲུང་འབད་དོ་ཡོདཔ་ད་ ཁོང་གི་ཉིནམ་འདི་ ཁོང་རའི་ལོ་སྦེ་ བརྩི་སྲུང་ཞུ་དོ་ཡོདཔ་ལས་ ཁག་ཆེ་ཏོག་ཏོ་གི་ དུས་ཚོད་ཅིག་སྦེ་ བརྩིཝ་ཨིནཔས། གཞན་དལ་གཞི་ ཉིནམ་འདི་ལུ་ སྐརམ་ཉ་རུ་གསེས་མེན་པར་ སྐརམ་ཉ་དྲུག་ཟེར་ ཟླཝ་དང་ སྐརམ་སྨིན་དྲུག་གཉིས་ཕྱད་པའི་ དུས་ཚོད་ཅིག་སྦེ་ བརྩིཝ་ཨིནམ་ད་ འདི་ཡང་ ཁོང་གིས་ ལོ་ལྟར་རང་ཟླ་ ༡༠ པའི་ཚེས་ ༡༥ ལུ་ གནམ་མཁའི་ཟླཝ་དང་ སྐརམ་སྨིན་དྲུག་གཉིས་ཕྱད་པའི་གསེས་ ཡིད་ཆེས་བསྐྱེདཔ་ཨིན་པས། དུས་སྟོན་བརྩི་སྲུང་གི་དོན་ལུ་ དེ་བསྒང་འབད་བ་ཅིན་ ཕགཔ་ཅིག་གསོ་སྟེ་ དུས་སྟོན་རནམ་ད་་བསད་དོ་ཡོདཔ་ད་ ད་རུང་ དུས་སྟོན་གྱི་དོན་ལུ་ མི་ཚུ་གིས་ སྤ་རོ་ལུ་སོང་སྟེ་ མར་ཁུ་དང་འབྱུ་འདི་ཚུ་ བརྗེ་སོར་འབད་དོ་ཡོདཔ་ཨིན་པས། རང་ཟླ་ ༡༠ པའི་ཚེས་ ༡༥ འི་ཕྱི་རུ་ མི་ཚུ་གིས་ ཁོང་རའི་ཁྱིམ་གྱི་ མཆོད་གཤམ་གྱི་སྒོ་སྒྲིག་ནང་ལས་སྦེ་ ལྟོ་དང་སྤགས་ ཚོགས་ཚུ་ཕུལ་ཐོག་ལས་ ཟླཝ་འདི་མཆོད་དོ་ཡོདཔ་ད་ འདི་ཡང་ ལོ་གཅིག་གི་རིང་ རྐྱེན་དང་བར་ཆད་ག་ནི་ཡང་མེད་པར་ ལོ་དུས་ཅི་འཛོམས་སར་ སང་ཕོད་ཡང་འཛོམས་པའི་ སྨོན་འདེབས་ཕུལ་ཐབས་ལུ་ཨིན་པས། ཉིནམ་འདི་ཁོང་གི་ལོ་འབདཝ་ལས་ ཕོ་སྐྱེས་ཚུ་གིས་ མདའ་གི་རྩེད་འགྲན་འགོ་འདྲེན་འཐབ་ཐོག་ལས་ ཉིན་གྲངས་ ༥ འི་རིང་ བརྩི་སྲུང་འབད་དོ་ཡོདཔ་ད་ དེ་བསྒང་ གཡུས་ལྷ་རྡོ་ལེགས་འདི་ཡང་ མཆོད་དོ་ཡོདཔ་ཨིན་པས།
- Dogar
- Paro
- མཁའ་འགྲོ་ Khanduཟླ་བ་སྐརམ་ཉ་རུ་(ཉ་དྲུག་)(ཉ་དྲུག་)ཟེར་སྨོ?
- རིན་ཆེན་ལྷམོ་ Rinchen Lhamཨོང་ལགས།
- མཁའ་འགྲོ་ Khanduའ་ནཱི་གི་སྐོར་ལས་ད་ དང་ཕུ་ལས་ག་དེ་སྦེ་ཡོད་ག་ འ་ནཱི་གི་སྐོར་ལས་ཨ་ཙི་ཅིག་
- རིན་ཆེན་ལྷམོ་ Rinchen Lhamད་ དང་ཕུ་ ཏེ་བྱག་འོག་ སྐརམ་ཉ་རུ་(ཉ་དྲུག་)(ཉ་དྲུག་)འཐོན་པའི་བསྒང་ལས་ ཏེ་ པད་ཀར་ ད་བཏོནམ་སྦེ་ ཏེ་ཉིནམ་གཅིག་བརྡལ་ གཉིས་ཟེར་བའི་བསྒང་ལས་ ཏེ་ཆ་རོགས་འཚོལ་ཏེ་བསྡོམས་ ཏེ་ འདི་ནཱ་རང་འཐག་ཁར་འབད་འཐག་སྟེ་ ཏེ་སྤ་རོ་སྐྱེལ་ བཙིར་ཏེ་མར་ཁུ་ ལ་ལུ་མར་ཁུ་བཙོང་ ལ་ལུ་པད་ཕྱེ་བཙོང་འབད་དེ་ ཏེ་ རོགས་ སྤ་རོཔ་ཚུ་གིས་ཉོ་བཏུབ་པས།
- རིན་ཆེན་ལྷམོ་ Rinchen Lhamཔད་ཕྱེ་དེ་ཡང་ ཆུམ་བྱེ་(བྲེ་)རེ་རེ་སྟེར་ ད་ འ་ནཱི་སྦེ་རང་འབད་ཡི། ཏེ་ ང་བཅས་སྐརམ་ཉ་རུ་(ཉ་དྲུག་)ཟེར་སླབ་རུང་ཡང་ ཏེ་ ད་དང་ཕུ་ལས་རང་འདུག་ ད་རེས་འདི་འདི་ ཏེ་ ཡར་ལྡིང་ཡི་རང་སྡོདཔ་མས། དང་ཕུ་ཕགཔ་ཅུང་ཅིག་གསོ་ རྩ་བོ་སྤྱང་ཀ་ཆ་ཁྱབ་པ་འདི་བགོཝ་ ཏེ་ གཟུག་རེ་གཟུག་རེ་འབད་བགོ་སྟེ་ ཏེ་ལོ་ཨིན་ཟེར་ཏེ་ ད་ ཁྱོད་ཕགཔ་གཅིག་བཙུགས་ཅིག་སྦ་ ང་ རྒྱུ་མ་ཅིག་ཡང་གནང་ ཏེ་ ཤ་གཟུག་ཅུང་ཅིག་ཡང་གནང་ཟེར་སླབ་མས།
- རིན་ཆེན་ལྷམོ་ Rinchen Lhamཏེ་ བགོ་བྱིན་དགོ་ཏེ་ ཏེ་རོགས་བཙུགསཔ་ད་ རང་སྐྱིན་མ་ལེན་ འ་ནཱི་ཨིན། འ་ནཱི་འབད་དགོ་ལགས།
- མཁའ་འགྲོ་ Khanduཨེ་འེ་་་ སྐརམ་ཉ་རུ་(ཉ་དྲུག་)བསྒང་།
- རིན་ཆེན་ལྷམོ་ Rinchen Lhamཨོང་ སྐརམ་ཉ་རུ་(ཉ་དྲུག་)བསྒང་། ད་ ད་འདི་ཏེ་ གཞུང་སྐུ་དྲིན་ཆེ་སྟེ་ སྲནམ་ཅུམ་དོ་ཅིག་བཙོང་ འདི་གི་ཏི་རུ་དེ་བསགས་བཞག་ ཀེ་བ་དོ་ཅིག་བཙོང་ འདི་གི་ཏི་རུ་དེ་ཡང་བསགས་བཞག་ དར་ཚིལ་བཙོང་ འདི་གི་ཏི་རུ་དེ་ཡང་བསགས་བཞག་ ཏེ་ ཕུན་ཚོགས་གླིང་ལས་ སྐྱེལ་མི་ ནཱ་ལས་མར་ལས་རང་འགྱོ་མ་ཚུགས་རུང་ རོགས་ལག་རྟགས་བསྡམས་ཏེ་མར་ འགྱོ་མི་ལུ་སྐྱེལ་ཏེ་ ང་ ཤ་ཅིག་འ་ནེམ་ཅིག་འབག་གནང་སྨེ་ཟེརཝ་ད།
- རིན་ཆེན་ལྷམོ་ Rinchen Lhamཏེ་ ཕགཔ་ཤ་གཟུག་གཅིག་ ཏེ་ ནོར་ཤ་གཟུག་གཅིག་འབག་འོང་མས་ ད་ འ་ནཱི་སྦེ་རང་ཟ་ནི་འདུག ཏེ་ ད་ཕགཔ་ཡང་སྤུ་ལས་གསོ་ནི་མེད་ལགས། ད་ ཕགཔ་མ་གསོ་ ངེ་དགེ་སློང་འདི་གིས་ ཁོ་ ག་དེ་ཕར་ཤར་ཕྱོགས་ལུང་པའི་གི་ དེམ་ སློབ་དཔོན་འབད་ཡར་འགྱོ་བའི་བསྒང་ལས་ ད་ ལྟ་མ་ད་རེས་ སྤྱི་ཏོག་ཁར་ཟ་ད་ཨ་མ་ཟེར་ཏེ་ ད་ཁྱིམ་རྐྱབ་པའི་བསྒང་མ་ཟ་བར་ ཐབས་རང་མིན་འདུག་ཟེར་ཏེ་ ད་ ཁྱིམ་འདིན་ག་ར་རྐྱབ་སྤྲོད་ཅི་ཟེར་ཏེ།
- རིན་ཆེན་ལྷམོ་ Rinchen Lhamད་འབདན་ཁྱོད་ཕགཔ་མ་གསོ་ཉ་ ལས་འདི་ག་ར་ངེའི་ལྟག་ཀོ་ནང་ཨིན་ལོ་ཏེ་ ཏེ་ དེ་ལསན་བཞགཔ་ཨིན་ཏེ་ ད་ དུས་ཅི་ལས་བཞག་ཏེ་ ལོ་ལྔ་འགྱོཝ་ཨིན་ལགས། འ་ནཱི་སྦེ་བཞག་སྟེ་ལོ་ལྔ་འགྱོ་ཡི།
- མཁའ་འགྲོ་ Khanduད་ འ་ནཱི་ག་ཅི་ལོ་ སྐརམ་ཉ་རུ་(ཉ་དྲུག་)བསྒང་ལུ་ ཏེ་ ཁྱོད་ནཱ་གི་ལོ་ཨིན་མས་བ་ཏེ་སྨོ? སྐར་ཉ་རུ་(ཉ་དྲུག་)འདི་
- རིན་ཆེན་ལྷམོ་ Rinchen Lhamཨིན་ལགས།
- མཁའ་འགྲོ་ Khanduད་ སྐརམ་ཉ་རུ་(ཉ་དྲུག་)ནང་ ག་ཅི་ར་འབད་ནི་ཡོད?
- རིན་ཆེན་ལྷམོ་ Rinchen Lhamསྤ་་་་ ད་ནཱ་ ད་རེས་ཕྱི་རུ་ལྟདམོ་ཟེརཝ་ཅིག་ཡོད་ལགས། ད་རེས་ཕྱི་རུ་ལས་ ཕོ་རྒས་ཆ་ཁྱབ་པ་གིས་ འ་ནཱི་ལྷ་ཤིང་འདི་ ཏེ་ཨཔ་ཤེས་རབ་ཀྱིས་ ཏེ་ ཤིང་འདི་[རྩ་ལི་ཏེ་ ཁལ་ལི་རྐྱབ་?] ད་ ལུས་ལུ་ན་ཚ་བཏབ་མ་བཅུག་ སེམས་ལུ་སྡུག་བསྔལ་ཕོག་མ་བཅུག་ གཡུས་འདི་ནང་ལུ་དགའ་བ་དང་སྐྱིད་པ་སྦེ་ཅིག་འབད་དགོ་ཟེར་ཏེ་ ཏེ་ ཀར་ཧེ་མ་ ཆང་ཕུད་གཏོར་ དེ་ལས་ ཀར་གཏོར་ལེགས་ཤོམ་ཅིག་ ཏེ་ དེ་ལས་ ཨ་པ་གིས་ གྱི་ཕོགས་གཅིག་ ཏེ་འ་ནཱི་ལྷ་ཤིང་འདི་གི་ ར་ཏོག་ཁར་རྐྱབ་ཅིག་
- རིན་ཆེན་ལྷམོ་ Rinchen Lhamཏེ་ གཞོན་ཤོས་ཆ་ཁྱབ་པ་གིས་ ཏེ་སྟ་རེ་གིས་བརྡབ་ནི་མེད་ལགས་ འ་ནཱི་ གྱི་གིས་རང་བརྡབ་དགོ་ ཏེ་རང་རང་ས་ར་ [བ་ཆེནམོ་?]རེ་འབག་འོང་ ཏེ་གྱི་གིས་བརྡབས་ ཏེ་མར་ས་ཁར་ཤོར་འགྱོ་བ་ཅིན་ ནེམ་ཤོར་ཏེ་ བྱག་ཟེར་སླབ་པའི་བསྒང་ལས་ ཡ་ ད་འབདན་ ཨཔ་གྲོ་ལི་ ད་འབདན་ཁྱོད་ ང་བཅས་རྒྱབ་སྐྱོར་ཡོད་ཟེར་འབདན་ ཞལ་ལག་ཕུད་རྡོག་གཅིག་ཡང་བཅག་མ་བཅུག་ཅིག་ བླམ་དཀོན་མཆོག་གསུམ་པོ་ ཟེར་བའི་བསྒང་ལས།
- རིན་ཆེན་ལྷམོ་ Rinchen Lhamཞལ་ལག་ཕུད་རྡོག་གཅིག་ཡང་མི་བཅག་ལགས། འ་ནཱི་མི་བཅག་ལགས་ འ་ནཱི་འབདན་ ཏེ་ལེགས་ཤོམ་ཡོད་ ཏེ།
- མཁའ་འགྲོ་ Khanduདེ་ལས་ ཏེ་ འ་ནཱི་ལྷ་ཤིང་བཤགས་ནི་ཨིན་མས་སྨོ? དེ་ལས་ ད་སྐརམ་ཉ་རུ་(ཉ་དྲུག་)ཁོ་རའི་སྐབས་སུ་ལུ་ད་ ག་ཅི་ར་འབད་ནི་ཡོད་ཏེ་ལགས་ ངོ་མ་འདི་ ད་རེས་ ཚེས་བཅོ་ལྔ་ལུ་སྨོ? ཚེས་བཅུ་ཐམ་ལུ་བརྩིཝ་སྨོ?
- རིན་ཆེན་ལྷམོ་ Rinchen Lhamཨ་ཧ་ ད་རེས་ ཚེས་བཅུ་གསུམ་ལས་ ཇ་ཆང་བཙག་དགོ་ལགས། ཚེས་བཅུ་གསུམ་ལས་ ཏེ་ མེ་འཕུ་བཅོ་བརྒྱདཔོ་འདི་ ད་རེས་ སློབ་དཔོན་གྱི་ཟ་ ཇ་འཐུང་ ཏེ་ དེ་བསྒང་ ཇ་ ཇ་འཐུངམ་ཨིན་ཟེར་སླབ་རུང་ ཇ་ བསུ་ཇ་ཅིག་འབད་ ཏེ་ ཕྱེ་འ་ནཱི་སྦེ་བསྒྲལ་བཞག་མི་ནང་ལས་ གདོང་ཁར་བཀལ་ཏེ་ཟཝ་མས། ད་ཏེ་ ཕྱེ་ཡང་ ཕྱེ་དགའ་མི་གིས་ ཕྱེ་ཀར་ཕྱེ་ ཏེ་[ཀ་ལི་ཁ་ཏ་ཟ་?] ཏེ་ ཕྱེ་མ་དགའ་མི་གིས་རོགས་ [ལྟོ་རང་དགའ་གངས་ག་གངས་ག་?]རྐྱབ་ནི་ཡོད་ལགས།
- རིན་ཆེན་ལྷམོ་ Rinchen Lhamཏེ་ ཇ་ཙམ་རང་ཟ་ནི་ཡོད་ ཏེ་ཆང་ཕུད་གཏོར་དགོ་ འ་ནཱི་ནང་ལས་ ཆང་ཕུད་གཏོར་དེམ་འབདཝ་ཨིན། ཏེ་གཅིག་འབད་ཞིནམ་ གཅིག་གི་ནང་ལྷོད་འོང་ ཏེ་རང་འབདཝ་ད་ཡང་འ་ནཱི་སྦེ་འབད་དགོ་ ཏེ་གཅིག་གིས་ཨོ་ཏོག་ཏོ་འབད་དེ་ རོགས་ ཚོདམ་ཅིག་ཡང་བཙོ་ ལྟོ་ཅིག་ཡང་འབད་ འབད་དེ་བྱིན་པ་ཅིན་ ཏེ་ང་གིས་འབད་དེ་ ཏེ་ང་འ་ནཱི་སྦེ་བྱིན་ད་པ་ཅིན་ ཏེ་ངེ་གི་ ཁྱིམ་ཚང་ཚུ་གིས་ཡང་ [ཏེ་སྒོ་ཁྱད་དེ་བྱིན་འོང་།?]
- རིན་ཆེན་ལྷམོ་ Rinchen Lhamཏེ་ ང་གི་ཨོ་ཏོག་ཏོ་འབད་ ཇ་མར་ཡང་སྦོམ་མ་བཙུགས་ ཨོ་ཧུ་་་་ ཨོམ་ཡང་ ཨོ་ཇ་གཅིག་ བསྲུ་ཇ་གཅིག་འབད་དགོ་ལགས། ཏེ་དང་ཕུ་ བ་རྡོག་མ་རེ་མེད་རུང་ ཨོམ་ད་ ད་རེས་ཇ་ཆང་བཙག་དགོ་པས་ ཁྱེད་ནོར་ཡོད་མི་ལས་ ང་བཅས་ ཨོམ་ཅིག་དགོ་པས་ཟེར་ཏེ་སླབ་དགོ་ ཏེ་ བྱིན་འོང་ ཏེ་ ཨོམ་ཕུད་ཏ་གང་ལེན་ ཏེ་ ཇ་འབད་ ཏེ་ སྦུག་བཙུགས་སྦེ་ ཏེ་འཐུངམ་མས་ལགས། ཏེ་ འདི་འཐུང་ཞིནམ་ཅིག་ ཏེ་ཆང་ཕུད་གཏོར་དགོ་ ཁྱིམ་ནང་ལས།
- རིན་ཆེན་ལྷམོ་དང་མཁའགྲོ་ Rinchen Lham & Khanduའ་ནཱི་ཨིན། ཚེས་ ཚེས་བཅུ་གསུམ་འབདཝ་ད་ ཚེས་བཅུ་བཞི་ལུ་ག་ཅི་འབད་ནི་ཡོད?
- རིན་ཆེན་ལྷམོ་ Rinchen Lhamཨོང་་་་ ཏེ་ཚེས་བཅུ་ བཅུ་བཞི་དང་བཅོ་ལྔ་འདི་འདི་ ཏེ་ང་བཅས་ཀྱི་སྐརམ་ཉ་རུ་(ཉ་དྲུག་) སྡིག་ཤོས་དེ་རང་འདི་ཨིན་ཏེ་ ཏེ་ དེ་ལས་ བཅུ་དྲུག་ལས་ཏེ་ མདའ་འགོ་བཙུགས་མི་འདི་གིས་ ཏེ་ཕོ་རྒས་ཚུ་གིས་ མདའ་ཉིནམ་གསུམ་དང་བཞི་ལས་རྒལ་ མཇུག་བསྡུ་མི་བཏུབ་བས། མདའ་འདི་ཏེ་ དྲག་ཤོས་ཡང་ཏེ་ ཏེ་དྲག་ཤོས་ཀྱིས་ འབའ་ས་ཡང་ འབའ་ས་(འབའ་ཐང་)འདི་ཡང་ མ་བཏུབ་བཏུབ་འབད་སེལ་ཤིག་ཟེར་ཏེ་ ཏེ་ཏི་རུ་འདི་ ཡར་གཞུང་ལས་ཀྱི་ ག་རི་(སྣུམ་འཁོར་)འོང་མི་འདི་གིས་ ས་དབོག་སྟེ་བཏང་མི་འདི་གི་ ཏེ་ཏི་རུ་འདི་ང་སྤྲོད་འོང་གོ་ཟེར་ཏེ།
- རིན་ཆེན་ལྷམོ་ Rinchen Lhamཏི་རུ་འདི་སྦོམ་ཤོས་རང་ དྲག་ཤོས་མགོནམ་ཚེ་རིང་དྲགཔ་མས་ གཡུས་ཁ་ལས་ ཏེ་ཇ་དང་ལྟོ་འདི་ལས་རྒལ་མེད་ལགས། ཇ་དང་ལྟོ་འདི་བྱིནམ་ཨིན་ ཏེ་ དྲོ་པ་ལས་ འ་ནཱི་ཨིན།
- མཁའ་འགྲོ་ Khanduསྐརམ་ཉ་རུ་(ཉ་དྲུག་)བསྒང་ དྲོ་པ་ཐུགཔ་འཐུང་ འ་ནཱི་སྦེ་འབད་ནི་ཡོད་ག?
- རིན་ཆེན་ལྷམོ་ Rinchen Lhamཡོད་ལགས། ཚེས་བཅུ་གསུམ་ལས་ ཐུགཔ་བསྐོལ་དགོ་ ད་ ད་སག་དྲོ་པ་ཡང་ཐུགཔ་བསྐོལ་ ཚེས་བཅོ་ལྔ་འདི་ ཏེ་ཐུགཔ་ག་ར་ཡོད་ ཏེ་ ཚེས་བཅུ་དྲུག་ལས་ ཏེ་ཐུགཔ་མི་བསྐོལ་ ཏེ་ཇ་རང་ཨིན་ དྲོ་པ་ དྲོ་ཇ་ ཨོ་ཇ་དང་འབད་དྲངསམ་ཨིན། ཏེ་ འདིའི་ཤུལ་བསུ་ཇ་འཐུང་ འ་ནཱི་སྦེ་ཨིན་ལགས།
- མཁའ་འགྲོ་ Khanduང་ ང་འ་ནཱི་སྦེ་གོ་ཡི་ས་ ག་ཅི་ལོ་ སྐརམ་ཉ་རུ་(ཉ་དྲུག་)བསྒང་འདི་འདི་ ཕག་ཤ་ ག་ཅི་ལོ་ མགུ་སྦྲེལ་འབད་ཟ་དགོ་ཟེར་
- རིན་ཆེན་ལྷམོ་ Rinchen Lhamམགུ་སྦྲེལ་མེན་ལགས།
- མཁའ་འགྲོ་ Khanduཨིན་ན?
- རིན་ཆེན་ལྷམོ་ Rinchen Lhamདང་ཕུ་ལས་རང་ཤགས་ཨིན་མས།
- མཁའ་འགྲོ་ Khanduཨེ་འེ་་་་་།
- རིན་ཆེན་ལྷམོ་ Rinchen Lhamདང་ཕུ་ལས་ རང་མགྱོནམོ་ཁལ་གཅིག་འོངན་ ཤགས་ཁལ་གཅིག་སྤྲོད་དགོ་པས། ཏེ་མགྱོནམོ་གཉིས་དང་གསུམ་འབདན་ ཤགས་གཉིས་ ཤགས་གསུམ་སྤྲོད་ནི་རང་ཨིན། ཏེ་འ་ནཱི་ཟ་ཚུགས་རུང་རང་ མགྱོནམོ་གིས་ཟ་འོང་ ཟ་མ་ཚུགས་རུང་ཡང་ ཏེ་ རང་གི་ལྟོ་རས་ནང་སྒྲིལ་འབགཔ་མས། དང་ཕུ་ལྟོ་རས་འབག་འོང་བ་ ད་ད་རེས་ལྟོ་རས་མེན་པས་ ག་ར་དཀར་ཡོལ་རང་ཨིན་མས་ འ་ནཱི་ཨིན་མས།
- མཁའ་འགྲོ་ Khanduའ་ནཱི་ ཤ་ག་ཅི་འབད་འ་ནཱི་བཟུམ་སྦེ་བྱིན་དགོཔ་ཨིན་ན་སྨོ? འ་ནཱི་མགྱོནམོ་ལུ་ ཨང་རྒས་ཀྱིས་ཁུངས་ཅིག་མེད་ག?
- རིན་ཆེན་ལྷམོ་ Rinchen Lhamཨ་ཏེ་ ཤེམ་་་་ དེམ་ མགྱོནམོ་སྦོམ་རུང་ཆུང་རུང་ ཆུང་རུང་ཡང་ད་ ད་རེས་ལོ་འཁོར་ཨིན་ཟེར་ཏེ་ ཕག་ཤ་ ཤགས་ ཨ་་་ མིག་སྤག་སྦོམ་གཅིག་དང་ ཏེ་རྒྱུ་མ་གཅིག་ ཏེ་ནོར་ཤ་གཅིག་བཀལ་དགོ་ལགས། འ་ནཱི་ཨིན། ཏེ་ ཤ་མ་བཞེས་མི་གི་ ཏེ་ གོང་རྡོ་བསྲེགས་ སྲེགཔ་དགའན་བསྲེགས་ བཙོཝ་དགའན་ བཙོ་སྦེ་བྱིན་མས་ལགས་ འ་ནཱི་ཨིན།
- མཁའ་འགྲོ་ Khanduཏེ་ སྐརམ་ཉ་རུ་(ཉ་དྲུག་)འདི་ ཚེས་བཅོ་ལྔ་ལུ་ མཇུག་བསྡུཝ་མས་སྨོ?
- རིན་ཆེན་ལྷམོ་ Rinchen Lhamཚེས་བཅོ་ལྔ་ལུ་མཇུག་མི་བསྡུ་ལགས། བཅུ་དྲུག་ བཅུ་བདུན་ལུ་མཇུག་བསྡུཝ་ཨིན། དེ་ཚུན་ཚོད་དེ་ཁྱིམ་ནང་ལས་ལཱ་འབད་སྡོད་ནི་མེད། ཏེ་ བཅུ་བདུན་ལས་འབདན་ ག་ཡ་ ཏེ་ རི་ཁར་འགྱོཝ་ཨིན་ཟེར་ཡར་འགྱོཝ་མས། ཏེ་འ་ནཱི་ལས་ཏེ་ སྐརམ་ཉ་རུ་(ཉ་དྲུག་)རྫོགསཔ་ཨིན་མས། ཏེ་ དེ་ལས་ང་བཅས་རའི་ ལོ་མཆོད་ཀྱི་ཅ་ལ་སྒྲིགཔ་ཨིན་ འ་ནཱི་ཨིན་ལགས།
- མཁའ་འགྲོ་ Khanduསྐརམ་ཉ་རུ་(ཉ་དྲུག་)ཟེར་ འ་ནཱི་ག་ཅི་ལོ་ ལོ་རྒྱུས་གོཝ་འབདཝ་ད་ལུ་ སྐརམ་ཉ་རུ་(ཉ་དྲུག་)ཟེར་མི་འདི་ དཔེ་འབད་བ་ཅིན་ དཔེར་ན་ལུ་ དང་ཕུ་འབད་བ་ཅིན་ མར་རྒྱ་གར་ལུ་ ག་ཅི་ཨིན་ན་ཅིག་སླབ་མས་བ་ འ་ནཱི་ ཟླཝ་འདི་དང་ སྐརམ་སྨིན་དྲུག་འདི་ ད་རེས་འཕྱདཔ་ཨིན་ ཟེར་ཨིན་མས་བ་ཏེ།
- རིན་ཆེན་ལྷམོ་ Rinchen Lhamཨིན་ལོ་ ཨིན་ལོ།
- མཁའ་འགྲོ་ Khanduད་ འ་ནཱི་མཆོད་ནི་ མཆོད་ནི་ཅིག་ཡོད་ལོ་བ་ཏེ་ ནཱ་ག་དེ་སྦེ་མཆོད་ནི་ཡོད་ག་མ་ཤེས།
- རིན་ཆེན་ལྷམོ་ Rinchen Lhamཏེ་ ནཱ་མཆོད་དགོ་
- མཁའ་འགྲོ་ Khanduཨེ་འེ་་་་་།
- རིན་ཆེན་ལྷམོ་ Rinchen Lhamནཱ་ད་ལྟ་རང་ ལྟོ་ཆུམ་ཕུད་ཏ་གང་འབད་ ཕག་ཤ་ ཤགས་གཅིག་བཙུགས་ སྒོང་རྡོག་གཅིག་བཙུགས་ ཆང་གཅིག་སྦང་སྦེ་ ཏེ་ད་ མཆོད་བཤམས་ཁར་ ཏེ་དཀར་མེ་ཕུལ་ ཏེ་ མཆོད་བཤམས་ཁར་བཀལ་དགོ་ ད་ ད་རེས་ལས་རྒལ་ཏེ་ ཏེ་ཟླཝ་ གསོལཝ་བཞེས་ནི་མེད་ཟེར་ ཏེ་ག་ར་ཁ་ཕར་འགོར་ཏེ་ ཟླཝ་ཕར་ལས་ཚུར་འཐོནམ་ད་ ཁ་ཕར་འགོར་ཏེ་བཀལ་དགོ་ལགས། སྤྱན་སྟེགས་བཀལ་ཏེ་ འ་ནཱི།
- མཁའ་འགྲོ་ Khanduསྐརམ་སྨིན་དྲུག་དང་ཟླཝ་འདི་འཕྱདཔ་ཨིན་ཟེར་སླབ་མས་སྨོ?
- རིན་ཆེན་ལྷམོ་ Rinchen Lhamའཕྱད་ནི་ཡོད་ལོ། ང་ཡར་མ་བལྟ་ རོགས་འཕྱད་ནི་ཡོད་ཟེར་ཏེ་ ཏེ་ཟླཝ་འདི་ ཧེན་ལས་འབད་ སྐརམ་སྨིན་དྲུག་འདི་ རྟིང་ལས་འབད་འོང་ནི་འདུག་ འདུག་འདུག་ ཏེ་ང་བཅས་ དུས་ཅི་ཟླ་ཤོལ་ཡོད་ནི་འདི་གིས་ མདང་ཞག་གི་ ཏེ་དེ་བསྒང་ཡང་ རོགས་སྐརམ་སྨིན་དྲུག་འདི་ ང་བཅས་ ང་ན་སྟེ་ མར་ དྲག་ཤོས་ ཕར་ སྨན་ཆུ་སོང་སྟེ་སྡོདཔ་ད་ ཏེ་ ཁྱོད་ ཨཔ་འདི་གིས་སླབ་མས། ད་ ད་རེས་ཟླཝ་འདི་ གནམ་མ་སོངཔ་ལས་ ཟླཝ་འཐོན་དོ།
- རིན་ཆེན་ལྷམོ་ Rinchen Lhamད་ ད་རེས་ ང་བཅས་ཀྱི་ཉ་རུ་(ཉ་དྲུག་)ངོ་བོ་འདི་ད་རེས་ཨིན། ཏེ་ དུས་ཅི་ཟླ་ཤོལ་ཡོད་ནི་འདི་གིས་ ད་ ཟླ་ཤོལ་བསྒང་སྐརམ་སྨིན་དྲུག་དང་ ཟླཝ་འདྲ་ཚུགས་མི་ཚུགས་ལྟ་གེ་ནོ་ ད་འདིགཟར་་ཨིན་ནོ་ཟེར་ཏེ་ ཟླཝ་འདི་ མཐོ་དོ་དེ་ཅིག་གི་རྩ་བ་ལས་ སྐརམ་སྨིན་དྲུག་འོང་དེས་ལགས། འ་ནཱི་ལྟ་ཡི་ལགས་ འ་ནཱི་ལྟ་ཡི།
- མཁའ་འགྲོ་ Khanduཨེ་འེ་ ཨང་རྒས་ཀྱིས་མཐོང་ནུག་སྨོ?
- རིན་ཆེན་ལྷམོ་ Rinchen Lhamམཐོང་ཅི་ དེ་ཡང་ ང་བཅས་ མར་སྨན་ཆུ་ཡོད་དེ་ གུར་སྤུབས་ ཏེ་ང་ན་སྟེ་ མར་ སྨན་ཆུ་སྡོད་དེ་ཞག་གསུམ་མར་སྡོདཔ་ཨིན། ཨཱ་་་[དྲག་ཤོས་པ་སངས་?]ཟེར་མི་འདི་ཁར་ འ་ནཱ་མཐོང་ཅི་ འ་ནཱི་ང་མཐོང་ཅི་ ཏེ་ད་ ད་འདི་འདི་ ཏེ་ག་ར་ ལྟོ་ཡང་འདྲོངས་མགོ་ཡང་འདྲོངས་ ད་ ད་རེས་མིན་འདུག་ཟེར་མི་ཚུ་ ཏེ་ ཤོ་ ཏཱསི་རྐྱབ་ ལཱ་མ་འབད་ ཏེ་ ནོར་སེམས་ཅན་ མ་གསོ་མི་འདི་གིས་ ཏེ་མེདཔ་མས་ ད་ ང་བཅས་འདི་འདི་ ད་གཞུང་སྐུ་དྲིན་ཆེ་སྟེ།
- རིན་ཆེན་ལྷམོ་ Rinchen Lhamཏེ་ སྤར་རི་གངམ་འདི་ ཨཔ་འདི་གིས་བསྒྲུབས་བཞག་སྦེ་ཏེ་ ཏེ་ད་ ཡར་ཡར་མ་གཏོགས་ཅིགཔོ་ མར་དམའ་ནི་མེད་ལགས། ཡར་ཡར་རང་འགྱོ་དོ་ འགྱོ་དོ་འགྱོ་དོ་ ཏེ་ཕར་ ཞིང་ཁ་གཅིག་ཡང་ཡོད་པ་ཟེརན་ ཏེ་ཞིང་ཁ་ནང་ལས་ཀྱི་ ཨེ་པཱལ་འདི་ཡང་ལེགས་ཤོམ་ཡོད་ལགས་ ངེ་གི་ ཡོད།
- མཁའ་འགྲོ་ Khanduའ་ནཱི་ཚུ་ག་ར་ ཏེ་ཉ་རུ་(ཉ་དྲུག་)འདི་བསྒང་གང་ འ་ནཱི་ཨིན་མས་སྨོ? ཟླཝ་མཆོད་འབད་འབདཝ་གི
- རིན་ཆེན་ལྷམོ་ Rinchen Lhamཨིན།
- མཁའ་འགྲོ་ Khanduའ་ནཱི་ཨིན་མས་སྨོ? ཐུགས་སྨོན་ ཡར་ལས་མར་གྱི་ཐུགས་སྨོན།
- རིན་ཆེན་ལྷམོ་ Rinchen Lhamཨིན་ ཨིན་ ཨིན།
- མཁའ་འགྲོ་ Khanduད་ ཨང་རྒས་ འ་ནཱི་འབདཝ་ད་ ད་ ནཱ་ལས་ཕར་ ད་ ཁྱོད་ར་འ་ནཱི་ ལོ་སྐརམ་ཉ་རུ་(ཉ་དྲུག་)ཟེར་མི་ཚུ་ ད་ རྒས་ཤོས་ཚུ་ག་ར་རྒས་འགྱོ་ ད་ གཞོན་ གཞོན་སྐྱེས་ཚུ་མང་བའི་བསྒང་ལས་ ཡུདཔ་ཅིག་ཁ་ལས་ འ་ནཱི་སྦེ་ ཡལ་ཏེ་མི་འགྱོ་ནི་བཟུམ་མཐོང་མས་ག?
- རིན་ཆེན་ལྷམོ་ Rinchen Lhamམི་ཡལ་ལགས། ད་ ད་རེས་འབདན་ བྱཱར་སོང་སོང་པའི་ཁྱིམ་ འོ་ གཡུས་ནཱི་ནང་ལས་ཀྱི་ སོང་སོང་གི་ཨམ་གཅིག་གི་བུཚུ་གསུམ་རང་སྐྱེས་རུང་ ལ་ལུ་ཕུན་ཚོགས་གླིང་ ལ་ལུ་ཕག་རི་ ལ་ལུ་སྤུ་ན་ཁ་སྡོད་མི་ཚུ་ ད་རེས་ཉི་མའི་གུ་ལུ་ ནཱ་ལྷོད་དགོ་ལགས། མདངམ་ཕྱི་རུ་ ད་ ཁ་ཙ་མ་ལྷོད་པའི་བསྒང་ལས་ ད་རེས་ཕྱི་རུ་པུ་ར་(ག་ར་)འཛོམས་དགོ ཏེ་ མ་འཛོམས་པ་ཅིན་ ནཱ་ ཨ་ཕི་ནང་གི་ལྷ་ཁང་ནང་གི་ གྲོ་ལེ་འདི་གིས་ ག་ལུ་ཡང་སྡོད་མི་སྟེར།
- རིན་ཆེན་ལྷམོ་ Rinchen Lhamདེ་བསྒང་ང་བཅས་ནཱ་ལས་ ཏེ་ ཇོ་བོ་ལས་བྱོག་སྟེ་ ད་རེས་ ཨམ་བྱམོ་འདི་ཕར་ རྒཔོ་ནག་མདོག་གི་ ཁྱིམ་ནང་ལས་ཨིན་མས། ཏེ་ ཕོ་རྒྱ་འདི་ ཏེ་བྱམོ་འབད་བ་རུང་མེད་ རོགས་བཟོ་རྣམ་རྔམ་ལོ་ འཇའ་རིམ་ཨིན་ལོ། ཏེ་ བུ་འདི་ནཱ་ ཨཔ་འདི་ནཱ་ འ་ནཱ་ བུདྡྷ་གི་ ཨ་ཞང་ ཇོ་ཇོ་ཨིན་མས། ད་ འ་ནཱི་སྦེ་ བྱོག་སྟེ་ ཏེ་ནུབ་མོ་བྱོག་སོང་ ད་འབདན་ནཱ་ང་བཅས་ ཇོ་བོ་གིས་ ང་བཅས་ནཱ་སྡོད་མི་སྟེར་བས་ ད་ང་བཅས་པ་ས་ཁར་སོང་གེ་ཟེརཝ་ད་ ཏེ་ ཉིནམ་བཤུད་ནུབ་བཤུད་རྐྱབ་ རྒྱགས་སྐལ་འབག་
- རིན་ཆེན་ལྷམོ་ Rinchen Lhamམར་ཟམ་ དར་སྒར་ཟམ་ལས་འགྱོ་དགོ་ལགས། མར་རྡོགཔ་སྦྱིས་ཀྱི་མཇུག་ལས་ཕར་ ད་ འ་ནཱ་སོང་ མར་ལྷོདཔ་ད་ ཏེ་ན་ཆིཝ་མས། ཏེ་ ནཝ་ད་ དོན་ལྟཝ་ད་ རྒྱ་གར་ནང་ལྟ་རུང་འབྲུག་པའི་ནང་ལྟ་རུང་ ནཱ་ང་བཅས་ཀྱི་གྲོ་ལེ་གི་ གྲོ་ལེ་མཆོད་རང་མཆོད་དགོ་པས་ མ་མཆོད་པ་ཅིན་ ཁྱེད་ཚེ་ཐུང་ནི་མས་ཟེར་སླབ་མས་ཟེར་ཏེ་ ཏེ་མར་ལས་ཡར་ ད་རེས་ང་བཅས་ཀྱི་ ཉེར་གཅིག་་་་་ ཚེས་བཅུ་གསུམ་ལས་ ཕགཔ་གཅིག་བཙུགསཔ་ཨིན་ལོ།
- རིན་ཆེན་ལྷམོ་ Rinchen Lhamཏེ་ བཅུ་བཞི་དང་བཅོ་ལྔ་ལས་ ཏེ་ཕག་མགུ་འདི་བཙོ་ ཏེ་ང་བཅས་ནཱ་མཆོདཔ་ཨིན་ལོ་ མར་ལས། ཏེ་ མི་ཡང་མར་ ཡར་སྤ་རོ་ ཚེས་བཅུ་ནང་འོང་ནི་འདུག་ རོགས་བུ་དང་བུམོ་དང་ ག་ར་འོང་ནི་འདུག་ གཞན་ཁར་འདི་ག་ཡང་མ་མཐོང་ འ་ནཱི་ཚུ་ ཕར་ བྱམོ་མ་པ་ དབུས་ས་ཁ་ལས་ཨིན་མས། ཏེ་ ཕོ་རྒྱ་འདི་ ནཱ་ལས་ཨིན་མས། ཏེ་ ནཱ་ཇོ་བོ་གིས་སྡོད་མི་སྟེར་བས་ཟེར་ བྱོག་སྟེ་ཏེ་སོང་སོངམ་མས།
- རིན་ཆེན་ལྷམོ་ Rinchen Lhamཏེ་ འ་ནཱི་མཆོད་ མར་ལས་ཡར་ནཱ་སྐྱེལ་བའི་བསྒང་ལས་ ཏེ་ང་བཅས་ནཱ་ལུ་ ཁོང་ན་ནི་ག་ཡང་དྲག་སོངམ་མས་ ཏེ་ ནོར་སེམས་ཅན་ཡང་ མ་ཤི་ ཁོ་རང་ཡང་དྲག་ ད་ ལོ་གྲངས་རང་ ང་བཅས་ནཱ་གི་གྲོ་ལེ་འདི་ ཁོང་མར་ཤེས་ལོ་ཏེ་ ཡར་ལས་མར་རྒྱུད་འཕྲིན་ཡང་རྐྱབ་མི་དགོ་ལོ་ ཁོ་རང་ནང་ ཏེ་བརྩིས་ཏེ་ འ་ནཱི་ཨིན་ལོ་ལགས།། །།