Skip to main content Skip to search
15 Dec 2011
24 min 26 sec
Rating
0
No votes yet
Video Overview
Creators: 
Unknown

Tsering Gyalpo interviews two monks at Ganden Monastery.

Show More

  • བསྟན་འཛིན་ཉི་མ།
    ལགས་སོ། ད་རྗེ་རིན་པོ་ཆེ་ཐོག་མ་ཡ། དེ་ནི་ཨམ་མདོ་ནས་ཡིན་མདོ་སྨད་ཨམ་མདོ་ནས། ཁོང་གི་འཁྲུངས་ཡུལ་མདོ་སྨད་ཨམ་མདོ་ནས་ཡིན་ཙང་། ཨམ་མདོ་ནས་ཡར་ཕེབས་བྱས།
  • བསྟན་འཛིན་ཉི་མ།
    ད་འདི་དགུང་ལོ་དེ་ང་བཤད་ཡས་མེད་མ་གཏོགས། དེ་ནས་ཡར་ཕེབས་ནས། དེ་ནི་ཁམས་ཆབ་མདོ་ན་ཡར་ཕེབས་བྱས། དེ་ནི་ཆབ་མདོ་ལ་ཕེབས་ནས། ཆབ་མདོ་དགོན་པ་དེ་ཕྱག་བཏབ་བྱས་དེའི་ནང་རྗེ་རེན་པོ་ཆེ་ཡིས་གསུང་གནང་།
  • བསྟན་འཛིན་ཉི་མ།
    ད་མ་འོངས་པ་ལ་འདིར་དགོན་པ་གཅིག་ཕྱག་བཏབ་པ་ཡིན་ན། དེ་ནི་ས་ཆ་འདི་ཡག་པོ་ཞེ་དྲག་འདུག་ཟེར། དེ་འདྲ་གསུང་ནས་དེ་ནི་རྗེས་མ་འདྲ་དེ། རྗེ་རིན་པོ་ཆེ་ཡར་ཕེབས་ཚར་དུས། དེ་ནི་མ་འོངས་པ་ན། ཆབ་མདོ་དགོན་པ་དེ་ཨོའོ་དེ་འདྲས་ཟེར་ཕྱག་བཏབ་བཞག
  • བསྟན་འཛིན་ཉི་མ།
    དེ་ནི་དང་པོ་བོད་རྗེ་རིན་པོ་ཆེ་ཐོག་མ་བོད་ལ་ཕེབས་གནང་། བོད་ནས་དེ་ནི་བོད་ནས་པར་དཔེ་ཆ་གཟིགས་བསམ་ཡས་ལ་ཕྱིན། ཡུལ་དགའ་ཆུ་བཞི་ཆུ་ལྷུང་དེ་གས་ལ་དེ་ནི་འཚོ་གསར་གྲུབ་བྱེད་ཀྱི་ཤ་དང་མི་འདྲ་མང་པོ་བསག་བཞག
  • བསྟན་འཛིན་ཉི་མ།
    དེ་ནི་ཤ་དང་མི་འདྲ་བསག་ནས། དེ་ནི་མི་འདྲ་དེ་བསག་ཡོང་དུས། དེ་ནི་རྡོག་ཁ་ནས་དཔེ་གཟིགས་ཏེ་འཚོ་གསར་གྲུབ་ཀྱང་གི་གཉིད་ལ་མཁས་པ་སྡེ་སྣོད་བཞེངས་ནས། དེ་ནི་དེ་ནས་ཡར་གཙང་ལ་ཕེབས་གཙང་ས་སྐྱ་བྱས། བཀྲ་ཤིས་ལྷུན་པོ་བྱས་ཕལ་ཆེར་བོད་གངས་ཅན་ལ་མ་ཕེབས་པའི་ས་ཆ་གཅིག་ཡའི་མི་འདུག
  • བསྟན་འཛིན་ཉི་མ།
    དེ་འདྲས་ཀྱི་བཤད་གྲྭ་ལ་ཕེབས་ཚོགས་བསགས་སྒྲུབ་པ་བྱས། ཕྱག་དཔེ་གཟིགས་བཞིན་གཟིགས་བཞིན་གཟིགས་བཞིན་དེ་འདྲས་ཕེབས་དུས། ད་དེ་ལ་སློབ་མ་སྤྱིར་བཏང་གི་བརྒྱ་ལྷག་ཙམ་ལའི་མེད་པའི་བཟོ་འདྲ་ཅིག
  • བསྟན་འཛིན་ཉི་མ།
    ད་ས་ཆ་དེ་ཤོད་ཡས་མེད་མ་གཞི། སྐབས་གཅིག་སྐབས་དུས་གྲུ་བསྡད་ཡོང་དུས། གྲུ་གླ་དེ་ཚོ་དེ་ནི་སློབ་མ་ཁག་གཅིག་ལ་མ་ལྡང་ནས། གྲུ་གླ་དགོས་ཀྱི་རེད་པ། དེ་ནི་སློབ་མ་རེ་རེ་ལ་གྲུ་གླ་སྤྲད་དགོས་དུས། གྲུ་གླ་མ་ལྡང་ནས་ཡང་མི་ཕྱེད་ཀ་ཕར་ཕེབས་ཕྱེད་ཀ་ཕེབས་མ་ཐུབ་འོ་དེ་འདྲས་བྱས་བཞག
  • བསྟན་འཛིན་ཉི་མ།
    དེ་ནི་མཐར་ལ་དགུང་ལ་ཡར་ཆེ་ཙམ་ཕེབས་ཡོང་དུས། དེ་ནི་དཔེ་གཟིགས་ག་དུས་ལ་ཕེབས་ན། ད་དེ་གས་ཀྱིས་དཔེ་གཟིགས་ཡར་ཞུས་གནང་སློབ་མ་ད་གས། ད་ག་ས་ག་ལ་ཕེབས་ན་ཡོང་གི་མི་འདུག
  • བསྟན་འཛིན་ཉི་མ།
    དེ་ནི་གནས་ལ་འཁེལ་བའི་གྱི་དགོན་པ་ཅིག་ཕྱག་བཏབ་གནང་། དེ་ཡིཡུལ་ན་ཡར་ཙམ་ཡར་གྱི་དེ་ནི། རྒྱ་མ་རིར་དགའ་ལྡན་ཕྱག་བཏབ་ཕྱབ་བཏབ་དུས། དང་པོ་མ་ནས་ཕེབས་ཡོང་དུས་དེ་ནི་སྔོན་མ་བཀའ་ལུང་གནང་མཁན། ལུང་ཟེར་ཡས་དེ་ལ་རྦད་དེ་དེ་ནི་གནས་གཞན་དག་དང་ཁྱོན་ནས་འདྲ་གི་མ་རེད་ཟེར།
  • བསྟན་འཛིན་ཉི་མ།
    གནས་རྩ་ཆེན་པོ་རེད་ཟེར། སྤྱིར་ཟེར་ན་སེ་ར་འབྲས་སྤུངས་གཉིས་ལ་རྩ་ཆེན་པོ་རེད། གདན་ས་ཆེན་པོ་རེད་དའི་ཡིན་ན། མི་གི་ཕར་རྟོག་པ་མཐོན་པོར་སླེབས་ན། ཕར་བྱིན་གྱིས་རླབས་དགོས་རེད་ཟེར། དགའ་ལྡན་ཟེར་ཡས་དེ་རྒྱལ་བའི་ལུང་གིས་ཟིན་པ་ཡིན་ཙང་། ས་ཆ་ཡིས་མི་ལ་ཚུར་གང་ཟག་ལ་ཚུར་སྦྱིན་གྱིས་རླབས་དགོས་རེད་ཟེར། དེ་འདྲས་ཀྱི་ཁྱད་པར་ཡོའོ་རེད་ཟེར།
  • བསྟན་འཛིན་ཉི་མ།
    དེ་ནི་དཔེ་ཆ་དེ་གཟིགས་ཡོང་དུས། དང་པོ་མ་ནས་ཡར་ཕེབས་ནས་ཞོགས་མི་ནས་ཡར། ད་དགོན་པ་མ་ན་ཕྱག་བཏབ་དགོས་གསུང་དུས། དེ་ན་ལ་རྦད་དེ་ཞྭ་མོ། དེ་ནི་ཕོ་རོག་གིས་་དབུ་ཞྭ་དེ་འཁྱེར་ནས་དེ་ནི་འདིར་བཞག་པ་རེད།
  • འཕྲིན་ལས་རབ་རྒྱས།
    གླིང་སྐོར་རྒྱབ་ཕ་གིའི་མཆོད་ཁང་དེའི་ནང་ལ་བཞག་པ་རེད་ཟེར་གྱི་འདུག་ག དགའ་ལྡན་ཕྱི་ལོག་གི་རི་དེར། དེ་ནི་དགའ་ལྡན་རྟེན་འབྲེལ་ལ་ཏོག་ཙ་འཆུག་པ་རེད་ཟེར་གྱི་འདུག འདི་ནང་ལ་བཞག་པ་ཡིན་ན། ཡག་པོ་ཞེ་པོ་གཅིག་ཡོང་གི་ཡོད་པ་འདྲ་འདུག་ག ཕྱི་ལོག་ལ་བཞག་པ་དེ་ཏོག་ཙམ་རྟེན་འབྲེལ་འཆུག་པ་རེད་ཟེར།
  • བསྟན་འཛིན་ཉི་མ།
    དེ་ནི་རྗེས་མ་དེ་ནི་དགོན་པ་འདི་བརྒྱབ་ནས། ཐོག་མར་འདི་བརྒྱབ་པ་རེད་ཟེར་གྱི་འདུག་ག ལྔ་མཆོད་ཁང་དེ་དུས་གྲྭ་པ་ལྔ་དང་དྲུག་དེ་བར་དུ་ཡོའོ་མ་རེད་ཟེར།
  • བསྟན་འཛིན་ཉི་མ།
    དེ་ནི་གྲྭ་པ་དེ་གས་ཁོང་ཚོ་ཁོང་ཚོ་གྲྭ་པ་ཉུང་ཉུང་ཡིན་པའི་སྒང་ལ་ཚང་ཁ་བརྒྱབ་ནས། གྲྭ་པ་གཅིག་རོང་ལ་གཡུག་པ་རེད་ཟེར། དེ་ནི་རྗེ་རིན་པོ་ཆེ་ཨ་འོ་ད་ངའི་དགོན་པ་དེ་ད་གཞན་དང་་མི་འདྲ་བའི་དར་ཁྱབ་ཆེན་པོ་ཡོང་ང་ཟེར།
  • བསྟན་འཛིན་ཉི་མ།
    ད་དེ་རྟེན་འབྲེལ་ཆེན་པོ་ཡིན་ཟེར་གསུང་ནས། དེ་ནི་རྗེས་མ་དེ་འདྲས་ཀྱི་རྒྱལ་ཚབས་རྗེ་མཁས་གྲུབ་རྗེ་ཕ་ནས་ཚུར་ཕེབས་ནས། ཕ་ནས་པཎྜི་ཏ་ཚུར་ཕེབས་ནས། ས་ཁྱབ་རྡོ་ཁྱབ་ཀྱི་སློབ་མ་རེད་འདུག་ག དེ་ནི་བོད་རང་ནས་མཁས་ཤོས་རེད། རྒྱལ་ཚབས་རྗེ་དང་དེ་ནི་མཁས་གྲུབ་རྗེ་གཉིས།
  • བསྟན་འཛིན་ཉི་མ།
    དེ་ནི་ས་སྐྱ་གོང་མར་དེ་དུས་བོད་ཀྱི་དཔེ་ཆ་ད་མཁས་ཤོས་དེ་རེད་འདུག་ག རི་བོ་དགེ་ལུགས་པ་ཡི་བསྟན་པ་ཡོའོ་མ་རེད་པ། ས་སྐྱ་བཀའ་རྒྱུད་རྙིང་མ་དེ་གས་ཡོད་སོང་ཙང་། ས་སྐྱ་པཎྜི་ཏ་ཟེར་ན་ད་མཁས་ཤོས་རེད།
  • བསྟན་འཛིན་ཉི་མ།
    ད་དེ་དུས་ནས་མདོ་སྨད་ནས། ཨམ་མདོ་ནས་ཡར་ཕེབས་པ་དེ་མཁས་པ་གཅིག་རྗེ་རིན་པོ་ཆེ་དེ་ཡོད་པ་འདྲ། ད་དེ་ལ་དཔེར་ན་ཚོད་ཚོད་བྱེད་ལ་འགྲོ་དགོས་ཟེར། དེ་ནི་ཁོང་གཉིས་ཚུར་ཕེབས་དུས། ཆོས་ཀྱི་རྩོད་པ་རྒྱག་དུས། དང་པོ་མ་ནས་རྒྱག་གིས་ལྷ་ས་ལ་ལྷ་ས་ལ་རྒྱག་དུས། དང་པོ་རྗེ་རིན་པོ་ཆེ་གསུང་རྒྱུ་གནང་བཞུགས་བསྡོད་དུས།
  • བསྟན་འཛིན་ཉི་མ།
    རྒྱལ་ཚབས་རྗེ་དེ་ན་ཕེབས་ཡོང་ནས། དེ་ལམ་སང་གི་ང་དང་རྩོད་པ་རྒྱབ་སོང་ན། ཁྲི་སྒང་ལ་དེ་ནི་བཞུགས་བཞག་འདུག་ག དེ་ནི་རྗེ་རིན་པོ་ཆེ་བྱང་ཆུབ་སེམས་དཔའ་སོང་ཙང་ཁོང་ཁྲོ་དང་དེ་གས་ག་གའི་མེད་པར། ཚུར་བསུས་ནས་དེ་ན་བཞུགས་བྱས། དེ་ནི་ཆོས་དེ་ག་རང་གསུང་དུས་ཡོང་དུས་དེ་ནི།
  • བསྟན་འཛིན་ཉི་མ།
    དེ་ནི་ཆོས་དང་དེ་གཞན་དང་མི་འདྲ་པ་གི་ཆོས་ལ་གང་མི་ཚད་གྱི་དེ་འདྲས་ཡོད་འགྲོ་དུས། ཨ་འོ་ད་བླ་མ་འདི་སྟབས་བདེ་པོ་རེད་མི་འདུག ད་དངོས་ནས་སྐྱེ་བུ་དང་པ་ཞེ་པོ་གཅིག་རེད་བཞག་བསམ་ནས། དེ་ནི་གཞི་ནས་མར་ཕེབས་ནས། དེ་ནི་སྐུ་ཕྱག་གསུམ་འཚལ། དེ་ནི་བཞུགས་པ་རེད་ཟེར། མ་གི་ལ་དེ་ནི་ཆོས་བཤད་གནང་།
  • བསྟན་འཛིན་ཉི་མ།
    ད་དེ་ཤོད་དུས། རྒྱལ་ཚབས་རྗེས་ཀྱིས་རྦད་དེ་རྗེ་རིན་པོ་ཆེ་གི་ཁྲི་དེ་རྒྱལ་ཚབས་རྗེ་གིས་ཐོག་མ་ཟིན་ནས། འོ་དེ་དུས་རྟེན་ཅིང་འབྲེལ་པ་རེད་ཟེར།
  • བསྟན་འཛིན་ཉི་མ།
    རྒྱལ་ཚབས་རྗེ་ཟེར་ན་མཁས་པ་གཅིག་རེད་ད་རྗེ་རིན་པོ་ཆེ་གི་དེ་རེད་པ་ལ་སློབ་མ་དེ་ནི་རྗེས་མ་དེ་འདྲས་དེ་འདྲས་ཡར་ཡར་རྒྱས་ནས། དེ་ནི་གྲྭ་ཚང་གཉིས་ཆགས་ཁང་ཚན་ཉི་ཤུ་རྩ་གསུམ་ཆགས་དེ་ནི་ཇེ་ཆེར་ཇེ་ཆེར། དེ་ནི་རྗེས་མ་རྗེ་རིན་པོ་ཆེ་ཡི་སློབ་མ་གཉིས་མར་གཏང་ནས། དེ་ནི་སེར་ར་འབྲས་སྤུངས་གཉིས་ཕྱག་བཏབ།
  • བསྟན་འཛིན་ཉི་མ།
    དེ་ནི་རི་བོ་དགེ་ལུགས་པ་ཟེར་དུས་དང་པོ་ནི་དེ་འདྲས་མ་སོང་ནའི་ཡར་དར་བཞག སྔོན་མ་དགེ་ལུགས་པ་ཟེར་ཡོའོ་མ་རེད་པ། ད་དགེ་ལུགས་པ་ཡི་ཆོས་དེ་ངོ་མ་ཡིན་ན། བཀའ་དམ་གྱི་ཆོས་དང་དགེ་ལུགས་པ་ཡི་ཆོས་དེ་སྤྱིར་ཏང་གི་གཅིག་པ་རེད། ཡིན་ནའི་མིང་དའི་དགེ་ལུགས་པ་རང་ཟེར་ན། དེ་ནི་སྔོན་མ་ཡོའོ་མ་རེད།
  • བསྟན་འཛིན་ཉི་མ།
    དེ་དུས་ཕལ་ཆེར་ཕན་པོ་ཕ་རི་ཕར་བརྩིས་ན། དེ་ནི་བཀའ་གདམས་ཀྱི་དགོན་པ་དེང་སང་གདན་རྭ་སྒྲེང་རྒྱལ་བའི་འབྱུང་གནས་རེད། བཀའ་གདམས་ཀྱི་གདན་ས་དེ་ནི་དགེ་བཤེས་་པོ་ཏོ་བ་འབྲོང་སྟོན་པ་རྒྱལ་བའི་འབྱུང་གནས། དེ་ནི་བཀའ་གདམས་ཀྱི་བླ་མ་ཞེ་དྲག་མི་འདུག་ག
  • བསྟན་འཛིན་ཉི་མ།
    རྗེ་རིན་པོ་ཆེ་དང་པོ་དེ་གས་ལ་ཆོས་ཞུས་བཞག བོད་གང་གར་ཕེབས་ནས། བླ་མ་མཁས་རིང་མཁས་ཚད་ལ་ཆོས་ཞུས་དེ་འདྲས་བྱས་ནས། དེ་ནི་རྒྱལ་བ་རིན་ཆེན་ཁོང་རྣམ་ཚོ་ཕེབས་གནང་། དེ་ནི་དཔེ་གཟིགས་དེ་འདྲས་ལ་མ་སོང་ཞེ་དྲག་བཞུགས་ནས། ད་ལོ་བདུན་ཡིན་ན་མི་ཚད། དེ་ནི་གཙུག་ལག་ཁང་གི་དེར་སྨོན་ལམ་ཆེན་པོ་བཙུགས།
  • བསྟན་འཛིན་ཉི་མ།
    མཇུག་ལ་དེ་ནི་དབུ་ཞྭ་ཕུལ། ཨོ་དེ་འདྲས་བྱས་ནས་དེ་ནས་དགེ་ལུགས་ཀྱི་བསྟན་པ་དེ་གཅིག་དར་དུས། བོད་གངས་ཅན་པ་ཡིས་མ་ཚད་པ། དེ་ནི་སོག་པོ་དང་མར་མདོ་སྨད་ལ་དེ་བྱས་འོ་དེ་འདྲས་བྱས་ནས་དར་བཞག ད་དེ་གས་ཙམ་ཅིག་ལས་ཤོད་ཤས་ཀྱི་མི་འདུག
  • འཕྲིན་ལས་རབ་རྒྱས།
    ད་འདིར་བཞུགས་པའི་སྐབས་ལ། ཁོ་རང་གྱི་ཁང་ཚན་དེ་ཀླུ་འབུམ་ཁང་ཚན། རྗེ་རིན་པོ་ཆེ་ཁང་ཚན། ཀླུ་འབུམ་ཁང་ཚན་རེད་འདུག་ག གྲྭ་ཚང་དེ་བྱང་རྩེ་རེད་འདུག་ག
  • ཚེ་རིང་རྒྱལ་པོ།
    ལགས་རེད། ཤར་རྩེ་དང་བྱང་རྩེ་རེད་པ།
  • འཕྲིན་ལས་རབ་རྒྱས།
    འོ་རེད་རེད་ཁོ་རང་ད།
  • བསྟན་འཛིན་ཉི་མ།
    ཁོང་གི་གྲྭ་ཚང་དེ་བྱང་རྩེ་རེད།
  • འཕྲིན་ལས་རབ་རྒྱས།
    བྱང་རྩེ་རེད་འདུག་ག འོང་རྗེ་རིན་པོ་ཆེ་གྱི། ཁང་ཚན་དེ་ཀླུ་འབུམ་རེད་འདུག་ག་ཁོ་རང་འོང་།
  • བསྟན་འཛིན་ཉི་མ།
    ད་གཅིག་ཁང་ཚན་ཁང་ཚན། གྲྭ་ཚང་ཟེར་རྒྱུ་དེ་ས་ཆ་ཡི་ཐོབ་ཁུངས་ཐོབ་ཁུངས་རེད་པ་ལ། སྔོན་མ་ཡིན་ན་གཅིག་གཅིག་གཅིག་གི་་ཁང་ཚན། མ་གཉིས་གཉིས་ཀྱི་ཁང་ཚན་ཟེར་ཡས་དེ། ད་བོད་གྲོང་དེ་གས་སྤྱིར་བཏང་གི་ག་པ་སོང་སོང་འདྲ་ཅིག་གི ཁང་ཚན་དེ་གས་ད་སྤྱིར་བཏང་གི་ཐག་རིང་ས་ཨམ་མདོ་དང་ཁམས་པ་ཡིས་ས་ཆ། དེ་ལ་དེ་ནི་མི་ཁུངས་ཁུངས་འདུག་ག ཨོའོ་དེ་བྱས།
  • འཕྲིན་ལས་རབ་རྒྱས།
    སོ་སོའི་ཁུངས་དེ་འདི་ནས་ཡར་སླེབས་ཡོང་དུས། ཁང་ཚན་དེ་ཡིན་གཅིག་མི་ཅིག་བདག་པོ་རྒྱབ། གྲྭ་ཆས། ཤག་དེ་ཚོ་སྒང་ག་ཁང་ཚན་དེས་གྲ་སྒྲིག་བྱེད་དགོས་རེད། ཐག་རིང་དེ་ཚོ།
  • བསྟན་འཛིན་ཉི་མ།
    སྔོན་མ་ཁང་ཚན་དགེ་རྒན་ཟེར་ཡས་གཅིག་ཡོའོ་རེད་ཟེར་རེད་། ཁང་ཚན་དགེ་རྒན་ཟེར་ན། གྲྭ་པ་དཀྱུས་མ་དེ་དག་དེའི་ལག་པ་རེད། ཟེར་མ་རེད།
  • འཕྲིན་ལས་རབ་རྒྱས།
    དེའི་ལག་པ་རང་མ་རེད། ཁོ་རང་གི་མཐའ་ཁུངས་དེ་ཡིན་ན། དེའི་ནང་ལ་སླེབས་པའི་གཞུག་གུར་ཁང་ཚན་དེ་གས་སྒོ་འཕྱེ་བྱས། དགེ་རྒན་དེ་ཁང་ཚན་དེའི་ནང་གི་གྲྭ་པ་རྒན་པ་དེ་གས། དེའི་དགེ་ཕྲུག་ལ་ཕར་རྒྱན་རྒྱབ་ཀྱོག འདི་ཁྱེད་རང་གི་དགེ་ཕྲུག་རེད། འདི་ཁྱེད་རའི་དགེ་ཕྲུག་རེད་ཟེར། ཕར་བརྩིས་སྤྲད་བཞག་གི་རེད། དགེ་རྒན་དེ་གས་དེ་ཤག་དང་གྲྭ་ཆས་དང་ཨོའོ་ད་འགྲོ་སྟངས་བྱེད་དགོས་རེད། བཟོ་དགོས་རེད་དེ་གས།
  • ཚེ་རིང་རྒྱལ་པོ།
    སྨོན་ལམ་ཆེན་མོ་དེ་སྔོན་ལ་བཙུགས་པ་རེད། ལྷ་ལྡན་སྨོན་ལམ་ཆེན་མོ་དེ།
  • བསྟན་འཛིན་ཉི་མ།
    དེ་རྗེ་རིན་པོ་ཆེས་བཙུགས་བཞག་ཀྱོག་རེད། དེ་དགའ་ལྡན་ཕྱག་བཏབ་ཚར་ནས་བཙུགས་བཞག་ཀྱོག་རེད།
  • འཕྲིན་ལས་རབ་རྒྱས།
    རེད།
  • ཚེ་རིང་རྒྱལ་པོ།
    ལགས་འོང་སྨོན་ལམ་ཆེན་པོ།
  • བསྟན་འཛིན་ཉི་མ།
    འོང་རྗེ་རིན་པོ་ཆེ་ཡི་མཛད་པ་བདུན་དེ་གས་ནང་ནས།
  • འཕྲིན་ལས་རབ་རྒྱས།
    དང་པོ་དེ་མ་རེད།
  • བསྟན་འཛིན་ཉི་མ།
    འོང་དང་པོ་དེ་ཡིན་པ་སྨོན་ལམ་བཙུགས་ཡས་དེ།
  • འཕྲིན་ལས་རབ་རྒྱས།
    གཉིས་པ་དེ། འདིའི་དགའ་ལྡན་སྟག་རྩེ་གྲོང་ཆོས་ཟེར་གཅིག་ཟླ་གཉིས་པའི་ནང་ལ་བཙུགས་པ་རེད། ཨོའོ་དེ་བཙུགས་པ་རེད་ཟེར། ཨོའོ་དེ་མཛད་པ་གཉིས་པ་དེ་རེད་ཟེར་གྱི་འདུག་ག
  • ཚེ་རིང་རྒྱལ་པོ།
    མཛད་པ་གསུམ་པ་དེ།
  • འཕྲིན་ལས་རབ་རྒྱས།
    གསུམ་པ་དེ་གང་ཟེར། ཕ་གའི་དགའ་ལྡན་ལུང་ར་ཟེར་ཡས་ཀྱི་སྨོན་ལམ་གཅིག་ཡང་ཡའི་སྨོན་ལམ་གཅིག་བཙུགས་པ་རེད་གསུང་གི་འདུག་ག
  • བསྟན་འཛིན་ཉི་མ།
    ལགས་སོ། ཟུང་ཆུང་ལིང་དེ་བར།
  • འཕྲིན་ལས་རབ་རྒྱས།
    མ་རེད།
  • ཚེ་རིང་རྒྱལ་པོ།
    ཆོས་ལུང་དེ་བར་རེད་པས།
  • འཕྲིན་ལས་རབ་རྒྱས།
    ཆོས་ལུང་མ་རེད། དགའ་ལྡན་ཟེར་ལྷོ་ཁ་དེ་བར་དགོན་སྡེ་དེ་ག་པར་ཟེར།
  • ཚེ་རིང་རྒྱལ་པོ།
    སྔགས་རིམ་ཆེན་པོ་དང་དེ་ཚོ་ག་པ་བཙུགས་གནང་པ་རེད།
  • བསྟན་འཛིན་ཉི་མ།
    ལམ་རིམ་དེ་ཕར་ན་རྭ་འབྲེང་ལ་བཙུགས་གནང་པ་རེད། སྔགས་རིམ་ཆེན་པོ་དེ་ག་པ་བཙུགས་གནང་པ་ཡིན་ན།
  • ཚེ་རིང་རྒྱལ་པོ།
    སྔགས་རིམ་ཆེན་པོ་དེ།
  • བསྟན་འཛིན་ཉི་མ།
    ཧ་ལམ་རྦད་དེ་ཨཱ།
  • ཚེ་རིང་རྒྱལ་པོ།
    འོན་ཁ་ལ་ཟེར་ཡས་དའི་ཆོས་ལུང་གི་ས་ཆ་དའི་ཡོད་པ་ཆོས་ལུང་དགོན་པ་ཨོའོ་དེའི་བརྒྱུད་དེ་པར་གཅིག་ཏུ་བཙུགས་བཞག་འཛིང་ཆ་ཟེར་ཡས་ཅིག་འདུག་ག་འཛིང་ཆ།
  • བསྟན་འཛིན་ཉི་མ།
    ལམ་རིམ་ཆེན་པོ་དེ་སྔོན་ལ་བཙུགས་བཞག་ སྔགས་རིམ་དེ་རྗེས་ལ་རེད་འདུག་ག
  • ཚེ་རིང་རྒྱལ་པོ།
    དེ་ནས་དུང་དཀར་གྱི་གནས་ཚུལ་ཅིག་ཡོད་པ། དུང་དཀར་གྱི་དགའ་ལྡན་གྱི།
  • འཕྲིན་ལས་རབ་རྒྱས།
    རེད་རེད་དུང་དཀར་དེ། དུང་དཀར་དེ་ཕ་ནས་ད་ཕ་གིའི་གནས་བསྐོར་རྒྱབ་ལོག་ཕ་གའི་གཅིག་ཡོའོ་རེད། བྲག་སྦྱོར་དེ་ནས་གཏེར་ལ་བཞེས་བྱས། ཨ་ནི་དེའི་དེའི་འོག་ད་ག་གཏེར་ལ་སྦས་པ་རེད་གསུངས་ཀྱི་འདུག་ག ཨ་ནི་དེ་རྗེས་མ་དེ་དུང་དཀར་དེ་འབྲས་སྤུངས་ལ། བྱམས་ཆེན་ཆོས་རྗེས་འབྲས་སྤུངས་ཀྱི་རྟེན་གཙོ་ཡར་བསྐུར་ར་གནང་འདུག་ག
  • ཚེ་རིང་རྒྱལ་པོ།
    ལགས་རེད། གཏེར་ལ་བཞེས་མཁན་དེ་སུ་རེད། སུས་བཞེས་གནང་པ་རེད།
  • འཕྲིན་ལས་རབ་རྒྱས།
    གཏེར་ལ་བཞེས་མཁན་དེ།
  • ཚེ་རིང་རྒྱལ་པོ།
    རྗེ་རིན་པོ་ཆེ།
  • བསྟན་འཛིན་ཉི་མ།
    རྗེ་རིན་པོ་ཆེ་རེད་ཤག ད་ཕར་སྦས་མཁན་དེ་སྔ་རབས་ཀྱི་དེ་ནི་གང་འདྲས་བྱས་སྦས་པ་ཡིན་ན།
  • ཚེ་རིང་རྒྱལ་པོ།
    ལགས་ལགས། ཨོའོ་དེའི་དགའ་ལྡན་དགོན་པའི་དབུ་འཛིན་མཐོ་ཤོས་དེ་ཁྲི་རིན་པོ་ཆེ་རེད་པས།
  • འཕྲིན་ལས་རབ་རྒྱས།
    དགའ་ལྡན་ཁྲི་རིན་པོ་ཆེ་རེད།
  • བསྟན་འཛིན་ཉི་མ།
    རེད་རེད་དགའ་ལྡན་ཁྲི་པ་རེད།
  • འཕྲིན་ལས་རབ་རྒྱས།
    ད་དགའ་ལྡན་ཁྲི་རིན་པོ་ཆེ་དགའ་ལྡན་ཁྲི་རིན་པོ་ཆེ་དེ་སེར་འབྲས་གསུམ་ནས་ལངས་ཡོང་གི་རེད་པ་ལ། ད་དེ་དམ་བཅའ་བཞག་དེ་ནི་ཁོ་ར་རིམ་པ་ཆེན་ཆུང་གི། དེ་ནི་གནས་དེ་བྱས་གནང་ཡོང་གི་རེད་པ་ལགས།
  • འཕྲིན་ལས་རབ་རྒྱས།
    ཁྲི་རིན་པོ་ཆེ་ད་ནམ་ཞག་རྒྱུན་དུ། དགའ་ལྡན་དགོན་པའི་ནང་ལ་གཙོ་བོ་འདྲ་དེ། གྲྭ་ཚང་གཉིས་ཀྱི་མཁན་པོ་རེད། མཁན་པོ་བྱས་མཁན་པོ་གཉིས་བྱས། ད་དེའི་འོག་ལ་ཁྲིམས་གནང་མཁན་འདྲ་དེ། ཆོས་ཀྱི་ཁྲིམས་དེ་གས་སྒང་ག་ད་མཁན་པོ་དང་དེ་ཚོས་གནང་གི་རེད།
  • འཕྲིན་ལས་རབ་རྒྱས།
    ད་སྲིད་ཀྱི་བཟོ་འདྲའི་དེ་ཚོ་དེང་སང་སྲིད་བཟོ་འདྲའི་དེ་དེང་སང་ད་ལྟ་ཞལ་ངོ་གཉིས་ཡོའོ་རེད། ཚོགས་ཆེན་གནང་ལ་ཞལ་ངོ་གཉིས་ཡོའོ་རེད། གྲྭ་ཚང་རེ་རེ་ནང་ལ་དགེ་བཀོད་རེ་རེ་ཡོའོ་རེད། ཚོགས་ཆེན་ནང་ལ་དགོན་པའི་གླིང་སྒང་ག་ཁྲིམས་དེ་ཞལ་ངོ་གཉིས་ཀྱི་གཙོ་བོ་དེ་ཁྲིམས་དེ་ཞལ་ངོ་གཉོས་ཀྱི་གནང་འགྲོ་ཡི་རེད།
  • ཚེ་རིང་རྒྱལ་པོ།
    ལགས་སོ་ལགས་སོ། རེད་རེད། ཨ་ནི་ཞལ་ངོའི་འོག་ལ།
  • འཕྲིན་ལས་རབ་རྒྱས།
    ཞལ་ངོའི་འོག་ལ་གྲྭ་ཚང་སོ་སོའི་ནང་ལ་དགེ་བཀོད་གཉིས་ཡོའོ་རེད། གྲྭ་ཚང་སོ་སོ་དགེ་བཀོད་རེ་རེ་ཨ་ནི་གྲྭ་ཚང་ནང་ལ་ཆོས་ཀྱི་དེ་བར་ཁྲིམས་གནང་ཡས་འདྲ་དེ། དགེ་བཀོད་གིས་གནང་གི་དེ་ནི་ཕྱག་ཁྲིད་བཟོ་དེ་འདྲས་ཡོའོ་རེད། ཚོགས་ཆེན་ནང་ལའི་ཞལ་ངོ་གཉིས་ནང་མ་གཉིས་ཕྱག་ཁྲིད་གཉིས་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    ལགས་སོ།ལགས་སོ། རེད་རེད། སྤྱི་གསོ་དེ་འདྲས་ཡོའོ་རེད།
  • འཕྲིན་ལས་རབ་རྒྱས།
    ལགས། 
  • ཚེ་རིང་རྒྱལ་པོ།
    སྤྱི་གསོ་ཟེར་ཡན་དེ་འདྲས་ཡོའོ་མ་རེད་པས།
  • བསྟན་འཛིན་ཉི་མ།
    སྤྱི་གསོ་བྱས་པ་མི་སེར་ཁོ་ར་ལོག་གར་ཡོའོ་མ་རེད། ལགས།
  • འཕྲིན་ལས་རབ་རྒྱས།
    དེ་དང་ཚོང་རྒྱབ་ན་འགྲིག་མི་འགྲོ་དཔལ་འབྱོར་གྱི་དེ་དང་།
  • བསྟན་འཛིན་ཉི་མ།
    ཨོའོ་རེད།
  • འཕྲིན་ལས་རབ་རྒྱས།
    དགའ་ལྡན་བླ་འཁྱིལ་དེ་བླ་འཁྱིལ་ཕྱག་མཛོད་གཙོ་བོ་དེ་ཚོས་བླ་རྒྱུད་དེ་ཚོས་བྱས་འགྲོ་གི་རེད།
  • ཚེ་རིང་རྒྱལ་པོ།
    ལགས་རེད། ཨ་ནི་དབུ་མཛད་དང་དེ་ཚོ་ཡོའོ་རེད་པ།
  • འཕྲིན་ལས་རབ་རྒྱས།
    ཚོགས་ཆེན་དབུ་མཛད་ཡོའོ་རེད། གྲྭ་ཚང་ལ་གྲྭ་ཚང་རེ་རེ་དབུ་མཛད་རེ་རེ་ཡོའོ་རེད། ཁང་ཚན་སོ་སོའི་ནང་ལའི་ཁང་ཚན་སོ་སོའི་དབུ་མཛད་རེ་རེ་ཡོའོ་རེད། ཁང་ཚན་སོ་སོ་དབུ་མཛད་རེ་རེ་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    ལགས་སོ་ལགས་སོ། རེད་རེད། ཁང་ཚན་ཆེ་ཤོས་དེ་ག་གི་ཡིན་ན།
  • འཕྲིན་ལས་རབ་རྒྱས།
    ཁང་ཚན་ཆེ་ཤོས་དེ་བྱང་རྩེའི་ངོས་ནས་བྱས་ན་ཨམ་མདོ་དང་ཚ་རེད། ཤར་རྩེའི་ངོས་ནས་བྱས་ན་མདོ་སྒང་དང་ཉ་ར་རེད།
  • ཚེ་རིང་རྒྱལ་པོ།
    ཉ་ར་ཟེར་ཡས་དེ་ག་ནས་ཁམས་ནས་རེད།
  • འཕྲིན་ལས་རབ་རྒྱས།
    བྲག་ཡབ་བྲག་ཡབ་ནས་རེད།
  • ཚེ་རིང་རྒྱལ་པོ།
    བྲག་ཡབ་ནས་འོང་། རྡོ་ར་ཟེར་ཡས་དེ།
  • འཕྲིན་ལས་རབ་རྒྱས།
    རྡོ་ཁང་ཟེར་ཡས་དེ་ད་ཅིག་དེ་རེད་རྩེ་པ་གླིང་ང་ཟེར་དགོས་མ་རེད། རྩེ་པ་གླིང་ང་ལིང་ཐང་ཟེར་འདྲ་དེ་འདྲས་རེད།
  • ཚེ་རིང་རྒྱལ་པོ།
    ལིང་ཐང་ཨས། འབའ་ལིང་ཐང་ཨས།
  • འཕྲིན་ལས་རབ་རྒྱས།
    འོང་དེ་འདྲས་ཀྱི་བཟོ་འདྲའི་དེ། ལི་ཐང་དེ་ཡར་ཁག་ཅིག་མདོ་སྒང་ལ་བཏང་གི་འདུག ཁག་ཅིག་ཡང་བྱང་རྩེ་ངོས་ལ་་་་་་་ཟེར་འདྲ་ཅིག་ཡོའོ་རེད་ཚུར་་་་་་་་་ཁག་གཉིས་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    ལགས་སོ། དབུས་གཙང་ངོས་ལ་ཡོད་པའི་དབུས་གཙང་གི་གྲྭ་པ་དེ་གས་སྒང་ག་ལོག་ག་པ་བཞུགས་ཀྱི་ཡོའོ་རེད།
  • འཕྲིན་ལས་རབ་རྒྱས།
    གཙང་པ་དེ་གས་སྒང་ག་དགའ་ལྡན་སེར་འབྲས་གསུམ་ལའི་གཙང་པ་ཁང་ཚན་རེ་རེ་ཡོའོ་རེད། དེ་ནི་དགའ་ལྡན་ཡོད་ན་དགའ་ལྡན་གཙང་པའི་ནང་ལ་འཛུལ་གྱི་རེད། ཁང་ཚན་ཅི་དག་ཨམ་མདོ་ནང་ལ་འཛུལ་གྱི་རེད། དབུས་ཀྱི་དེ་གས་དེ་ཚོ་ཡང་ཁ་ཤས་ཁ་ཤས་འདྲ་ཅིག་མ་གཏོགས་ཐོབ་སོ་སོའི་ཐོབ་ཁུངས་ཟེར་ཡས་ཞེ་དྲག་ཞེ་དྲག་ཡོའོ་མ་རེད།
  • ཚེ་རིང་རྒྱལ་པོ།
    དབུས་གཙང་དེ་མངའ་རིས་དང་སྟོད་ནས་ཡོང་ན་ག་པ་འགྲོ་གི་རེད།
  • འཕྲིན་ལས་རབ་རྒྱས།
    སྟོད་ནས་ཡོང་ན་རང་ཅག་ཚང་ལ་ཡོང་གི་རེད་སྟོད་མངའ་རིས་ཚ་ལ། ཚ་ལ་ཅིག་ཁག་ཅིག་འདིའི་མ་གིའི་ཤར་རྩེ་གོང་ནང་ལ་ཡང་མངའ་རིས་ཟེར་ཡས་ཅིག་ཁང་ཚན་ཅིག་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    མངའ་རིས་ཁང་ཚན་ཟེར་ཡས་ཅིག་ཡོའོ་རེད་པས།
  • འཕྲིན་ལས་རབ་རྒྱས།
    ཡོའོ་རེད། བྱང་རྩེའི་ནང་ལའི་ཡ་གའི་ཚ་མཐོ་བོའི་གྲལ་རེད།
  • ཚེ་རིང་རྒྱལ་པོ།
    ཨ་ལས་ལགས་སོ། གུ་གེ་ཁང་ཚན་ཟེར་ཡས་ཡོའོ་རེད་པས།
  • འཕྲིན་ལས་རབ་རྒྱས།
    ལགས།
  • ཚེ་རིང་རྒྱལ་པོ།
    གུ་གེ་ཁང་ཚན་ཟེར་ཡས།
  • འཕྲིན་ལས་རབ་རྒྱས།
    གུ་གེ་ཁང་ཚན་ཟེར་ཡས་སེར་འབྲས་ལ་ཡོའོ་རེད། ང་ཚོའི་འདའི་ཡོའོ་མ་རེད།
  • ཚེ་རིང་རྒྱལ་པོ།
    ཨ་ལས་ལགས་སོ། རེད་རེད། ་་་་་ཁང་མཚན་དེ།
  • འཕྲིན་ལས་རབ་རྒྱས།
    ཨོའོ་དེ་ཚོ་ང་ཚོའི་འདིའི་ལོག་ཁར་ཡོའོ་མ་རེད་ད་སེར་ར་བྱས་སོང་ན་་་་་་་་་་་གཉིས་ཡོའོ་རེད་པ་དགའ་ལྡན་བྱས་ན་ཁག་གཅིག་ལའི་ཡོའོ་མ་རེད།
  • ཚེ་རིང་རྒྱལ་པོ།
    ལགས་ཟེ་ལགས་ཟེ། རེད་རེད། ད་དེའི་ནང་ནས་གནས་གཙོ་བོ་ཆེ་ཤོས་དེ་དེ་རེད་འདུག་ག་གསེར་གདུང་བཙུགས་རོགས་དེ།
  • འཕྲིན་ལས་རབ་རྒྱས།
    གསེར་གདུང་བྱས་ད་གསེར་གདུང་གི་འོག་ལ་ད་མཐུ་བ་ཚེ་སྒྲུབ་མ་ཟེར་ཡས་ཅིག་ཡོའོ་རེད། དེ་རྗེ་རིན་པོ་ཆེ་གས་སྙན་ཚོགས་ཀྱི་གྲྭ་པ་རང་ལ་སྙན་ཚོགས་ཀྱི་ད་གྲུབ་མཐའ་པ་ལ་གཅིག་གི་ད་གཟེར་ཅིག་སྐུ་གཅིག་ཡོའོ་རེད་མཐུ་བ་གི་སྐུ་གཅིག་ཨོ་དེ་རླེ་རིན་པོ་ཆེས་སྙན་ཚོགས་དེཚོའི་ཐུགས་ཀྱི་འབྲེལ་བ་རེད་ཟེར་གྱི་འདུག་ག་དེ།
  • ཚེ་རིང་རྒྱལ་པོ།
    ལགས་ཟེ་ལགས་ཟེ།
  • བསྟན་འཛིན་ཉི་མ།
    ད་དེ་གསེར་གདུང་གི་ཤར་ལ་ཡོའོ་རེད།
  • འཕྲིན་ལས་རབ་རྒྱས།
    འོང་དེ་གཙོ་བོ་ཆེ་ཤོས་འདྲ་དི་དེ་ཚོ་གཙོ་བོ་འདྲ་དི་ཨོའོ་ཁག་ཅིག་གི་ད་མཐུ་བ་ཚེ་སྒྲུབ་མ་དེ་རེད་ཟེར་གྱི་འདུག་ག
  • ཚེ་རིང་རྒྱལ་པོ།
    དགོན་པ་ཡོངས་ཀྱི་རྟེན་གཙོ་བོ་དེ།
  • འཕྲིན་ལས་རབ་རྒྱས།
    གཙོ་བོ་འདྲ་དི། མཐུ་བ་ཚེ་སྒྲུབ་རེད་ད་དི་ཁོ་རང་གི་རྗེ་རིན་པོ་ཆེ་ཁོ་རང་གི་སྙན་ཚོགས་་་་་་་རེད་པ།
  • བསྟན་འཛིན་ཉི་མ།
    ད་དགེ་སློང་གྲུབ་མཐའ་གང་འདྲས་ཟེར་རེད། དགེ་སློང་གྲུབ་མཐའ་ཐོན་པའི་སྐབས་སུ་རེད་པ། ཨོའོ་ད་དེ་རེད་གསུང་འདུག་ག
  • ཚེ་རིང་རྒྱལ་པོ།
    སྙེ་ལམ་ནང་།
  • བསྟན་འཛིན་ཉི་མ།
    འོང་། དགེ་སློང་གྲུབ་མཐའ།
  • ཚེ་རིང་རྒྱལ་པོ།
    འོང་། དགེ་སློང་གྲུབ་མཐའ།
  • བསྟན་འཛིན་ཉི་མ།
    ད་གལ་སྲིད་དགེ་སློང་ཚོས་གྲྭ་པ་སྒྲུབ་ཡས་ཡོའོ་རེད་པ་དེ་དགེ་སློང་འགྲོ་ག་དུས་མཐུ་དབང་གི་སྐུ་གཅིག་ད་་་་་་་་སྐུ་རེད་པ་ཨོའོ་ད་དའི་་་་་་
  • འཕྲིན་ལས་རབ་རྒྱས།
    སྔོན་མ་ཡིན་ན་དགའ་ལྡན་དགོན་པའི་ནང་ལ་སྤོས་གཙང་མ་ཡིན་པ་ཡིན་ན་སྤོས་ལ་དྲི་མ་མེད་ཟེར་གྱི་ཡོའོ་རེད་དེ་མེད་ཡས་དེ་ག་རེད་ཡིན་ཟེར་ན་ཁྲུལ་བ་ཚུལ་ཁྲིམས་མ་དེ་ཚུལ་ཁྲིམས་ཀྱི་དྲི་མས་དེ་བསད་བཏང་གི་ཡོད་ཟེར་གྱི་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    ཨ་ལས་སྤོས་ཀྱི་དྲི་མ་དེ་ལགས་ཟེར་ལགས་ཟེར། དེ་ནི་དེ་རེད་པ་ཁྲི་རིན་པོ་ཆེ་རྗེ་རིན་པོ་ཆེའི་གསེར་གདུང་དེ་གལ་ཆེན་པོ་ཞེ་པོ་ཅིག་རེད།
  • འཕྲིན་ལས་རབ་རྒྱས།
    རེད་ལ་གདུང་བརྟེན་དེ་རྗེ་རིན་པོ་ཆེ་ཡི་གདུང་རྟེན་རང་རེད་པ་ལ།
  • ཚེ་རིང་རྒྱལ་པོ།
    རེད་རེད་ཨ་ལས་ལགས་ཟེར་ལགས་ཟེར།
  • འཕྲིན་ལས་རབ་རྒྱས།
    གཙོ་གནས་འདྲ་དི་ད་དི་དེ་མིན་པའི་ད་ཅིག་སྔན་མ་དགའ་ལྡན་ཕྱག་བཏབ་པའི་ག་དུས་བྲི་གུང་སྐྱེ་པས་རྗེ་རིན་པོ་ཆེ་ཡི་རྟེན་གཙོ་བ་ལ་ཕག་གྲུ་ཟེར་ཡས་འདྲ་བུ་གཅིག་གི་ད་དེ་ཚོ་སྲུང་སྐྱོབས་པ་འདྲ་དེ་ཚོ་རྩ་ཆེན་པོ་ཅིག་བཞེངས་པ་རེད།
  • བསྟན་འཛིན་ཉི་མ།
    བང་སོ་གཅིག་ཡོའོ་རེད་ཟེར།
  • འཕྲིན་ལས་རབ་རྒྱས།
    ལགས།
  • བསྟན་འཛིན་ཉི་མ།
    བང་སོ།
  • འཕྲིན་ལས་རབ་རྒྱས།
    བང་སོ་རེད་ལགས་འོང་། གླང་པོ་ཆེ་ས་ལ་རབ་བརྟེན་གྱི་་་་་་་་་་་གཉིས་སྒྲུབ་པ་རེད་ཐུབ་བ་ཀྱི་སྐུ་ལྷེབ་བག་དེ་འདྲས་ཅིག་འདུག་ག་ད་དེ་དེང་སང་ཡོའོ་མ་རེད་སྔན་མག་ཡིན་ན་དེ་ཚོ་རྟེན་གཙོ་གཙོ་འདྲ་དི་ཨོའོ་དེ་ཚོ་རེད།
  • ཚེ་རིང་རྒྱལ་པོ།
    ཨ་ལས་རེད་རེད། ཏག་ཏག་རེད། ཁྲི་རིན་པོ་ཆེ་དེ་སྤྱིར་བཏང་འདའི་ལོ་ག་ཚོད་བཞུགས་ཀྱི་ཡོའོ་རེད། ལོ་བདུན་ཙ་བཞུགས་ཀྱི་ཡོའོ་རེད།
  • འཕྲིན་ལས་རབ་རྒྱས།
    ལོ་བདུན་ཙ་བཞུགས་ཀྱི་ཡོའོ་རེད་དའི་ཡིན་ནའི་དབྱར་གནས་ལ་ཡིན་ན་དགའ་ལྡན་ལ་བཞུགས་ཀྱི་རེད། གཞན་མ་ཞིག་དགའ་ལྡན་ལ་ཀང་གི་བཞུགས་ཀྱི་མ་རེད།
  • ཚེ་རིང་རྒྱལ་པོ།
    ཨ་ལས་མར་ལྷས་ས་ལ་འགྲོ་གི་ཡོའོ་རེད།
  • འཕྲིན་ལས་རབ་རྒྱས།
    ལྷས་ས་ཕེབས་བསུ་ཞུ་གྱི་རེད།
  • ཚེ་རིང་རྒྱལ་པོ།
    སེར་འབྲས་ལ་བཞུགས་ཀྱི་རེད་པ།
  • འཕྲིན་ལས་རབ་རྒྱས།
    འོང་སེར་འབྲས་ལ་ད་ཁོ་རང་གི་དགོན་པ་ག་པ་ཡིན་ན་དོ་བག་ཤ་རྟག་དེ་ནི་ལྷ་སའི་དེ་བག་བཟུགས་ཀྱི་རེད་པ། དེ་ནས་ཡང་དགའ་ལྡན།
  • ཚེ་རིང་རྒྱལ་པོ།
    བཞུགས་ས་ཡོད་ཡ་རང་ཡོའོ་རེད་པས།
  • འཕྲིན་ལས་རབ་རྒྱས།
    བཞུགས་ས་རང་དམིགས་བསལ་གྱི་ལོག་ཟེར་རང་ཡོའོ་མ་རེད། ཡོའོ་མ་རེད་ཨ་ནི་ཁོ་རང་དམིགས་བསལ་གྱི་དགའ་ལྡན་ལ་མཛད་སྒོ་འདྲ་དེ་འདྲས་ཡོད་ན་ཁྲི་རིན་པོ་ཆེ་གཙོ་བོ་ཕེབས་དགོས་རེད།
  • ཚེ་རིང་རྒྱལ་པོ།
    ལགས་ཟེར་ལགས་ཟེར། ཨ་ནི་གསུང་ཆོས་དེ་འདྲས་གནང་གི་ཡོད་ཀྱི་རེད།
  • འཕྲིན་ལས་རབ་རྒྱས།
    དབྱར་གནས་ལ་གསུང་ཆོས་ཉིན་མོ་གསུམ་གནང་དགོས་རེད།
  • ཚེ་རིང་རྒྱལ་པོ།
    གསུང་ཆོས་ང་ཚོད་ཟེར་བཞུ་གྱི་ཡོའོ་རེད་དེ་གནང་བྱས།
  • འཕྲིན་ལས་རབ་རྒྱས།
    ཉིན་མ་གསུམ་རེད། བོད་ཟླ་བདུན་པའི་ཚེས་པ་གཅིག་གཉིས་དེ་བག་ཚེས་པ་གཉིས། གཅིག་གཉིས་གསུམ་ནས་ཡིན་ན་ཅིག་ནས་ཁྲི་རིན་པོ་ཆེ་ཡི་གསུང་ཆོས་ཉིན་མ་གསུམ་གནང་གི་རེད།
  • འཕྲིན་ལས་རབ་རྒྱས།
    དེ་ནས་ཆོས་རྗེ་རྣམ་པ་གཉིས་ཡོའོ་རེད་པ་བྱང་རྩེ་ཆོས་རྗེ་ཤར་རྩེ་ཆོས་རྗེ་ཡོའོ་རེད་པ་ཨོའོ་ཁོ་རྣམ་གཉིས་དེའི་གཞུག་གུ་དའི་ཆོས་རྗེ་རྒན་པ་ཟེར་གནང་ཡོའོ་རེད་དའི་ཉིན་མོ་གསུམ་གསུམ་བྱས་གསུང་ཆོས་ཉིན་མོ་དགུ་ཡོའོ་རེད།ས
  • ཚེ་རིང་རྒྱལ་པོ།
    ལགས་ཟེར་ལགས་ཟེར། དབྱར་གནས་སྐབས་ལ་དེ་སྒྲུབ་སོང་ན་ལོག་ཕེབས་ཀྱི་རེད་པ།
  • འཕྲིན་ལས་རབ་རྒྱས།
    ཡང་མར་ལོག་ཕེབས་ཀྱི་རེད།
  • ཚེ་རིང་རྒྱལ་པོ།
    ལགས་ལགས། རྒྱུད་སྟོད་སྨད་ལ་བཞུགས་མེད་འདྲོ།
  • འཕྲིན་ལས་རབ་རྒྱས།
    རྒྱུད་སྟོད་སྨད་ལ་ཅ་བཞུགས་པའི་སྐད་ཆ་མི་འདུག
  • ཚེ་རིང་རྒྱལ་པོ།
    ལགས་ཟེར་ལགས་ཟེར། དེའི་དགའ་ལྡན་དགོན་པའི་དུས་ཆེན་ཆེ་ཤོས་དེ་ག་གི་བརྩི་གྱི་ཡོའོ་རེད།
  • འཕྲིན་ལས་རབ་རྒྱས།
    ད་དུས་ཆེན་ཆེ་ཤོས་དེ་དགའ་ལྡན་གསེར་ཐང་ཨམ་ཆོས་དགའ་ལྡན་ཨམ་ཆོས་ཟེར་ཡས་དེ་རྗེ་རིན་པོ་ཆེ་དགོངས་རྫོགས་རེད། དགོངས་རྫོགས་ཀྱི་དེང་རྒྱུགས་རེད་པ།
  • ཚེ་རིང་རྒྱལ་པོ།
    རེད་རེད་དེ་སྐུ་བཤེགས་པའི་ཉིན་མོས་རང་རེད།
  • བསྟན་འཛིན་ཉི་མ།
    ཨོའོ་དེ་རེད་དེ་ན་རྗེ་རིན་པོ་ཆེ་བཞུགས་རྒྱུའི་དུས་ལ་མ་གཏོགས་ད་དེ་དགོངས་པ་རྫོགས་པའི་དགོངས་རྫོགས་རེད་རེད་པ་མཆོད་མེ་སྤར་ཡས་དེ།
  • ཚེ་རིང་རྒྱལ་པོ།
    དེ་གལ་ཆེ་ཤོས་རེད་རེད་པ།
  • འཕྲིན་ལས་རབ་རྒྱས།
    ཨོང་རེད།
  • ཚེ་རིང་རྒྱལ་པོ།
    དེ་དགའ་ལྡན་གསེར་ཐང་དེ་ག་དུས་བཀྲམས་ཀྱི་ཡོའོ་རེད།
  • འཕྲིན་ལས་རབ་རྒྱས།
    དགའ་ལྡན་གསེར་ཐང་ལ་ཡ་གཙོ་བོ་ཐང་ཀ་གཅིག་སྒང་ལ་གནས་རྟེན་བཅུ་དྲུག་ཐང་ག་གཅིག་བཀྲམས་ཡས་ཡོའོ་རེད། གཙོ་འདྲ་དི་ཨོའོ་དེ་རེད།
  • ཚེ་རིང་རྒྱལ་པོ།
    ག་དུས་བཀྲམས་ཀྱི་ཡོའོ་རེད་དེ་ཚོ་དབྱར་ཁ་རེད་མ་རེད།
  • བསྟན་འཛིན་ཉི་མ།
    རེད་དབྱར་ཁ་དབྱར་གནས་ནང་ལྟར་ཟླ་བ་དྲུག་པའི་ཚེས་པ་བཅོ་ལྔ་ད་དེ་བོད་ཟླ་དྲུག་པའི་ཚེས་པ་བཅོ་ལྔ་ལ།
  • ཚེ་རིང་རྒྱལ་པོ།
    འོང་ད་ལྟའི་གཤམས་ཀྱི་ཡོའོ་རེད།ས
  • འཕྲིན་ལས་རབ་རྒྱས།
    འོང་ད་ལྟ་ཐང་ཀ་དེ་དེང་སང་ཡོའོ་རེད། བཀྲམས་དགོས་རེད་དེ།
  • ཚེ་རིང་རྒྱལ་པོ།
    དེང་སང་གཞན་དགའ་ལྡན་སེར་ཐང་བཀྲམས་ཀྱི་རེད་པས།
  • བསྟན་འཛིན་ཉི་མ།
    འོང་བཀྲམས་ཀྱི་རེད།
  • ཚེ་རིང་རྒྱལ་པོ།
    འོང་བོད་ཟླ་དྲུག་པའི་ཚེས་པ་བཅོ་ལྔ་ལ།
  • འཕྲིན་ལས་རབ་རྒྱས།
    འོང་། དེ་ཚོགས་ཆེན་ནང་ལ་བཀྲམས་ཀྱི་རེད་འདིའི་ནང་ལ་འོང་ཐང་ཀ་གནས་རྟེན་བཅུ་དྲུག་
  • ཚེ་རིང་རྒྱལ་པོ།
    འོང་ལྷ་ས་ག་ས་ག་ནས་ཞུགས་ཡོང་གི་རེད་ཆོས་མཇལ་ལ།
  • བསྟན་འཛིན་ཉི་མ།
    འོང་མང་པོ་ཡོང་གི་རེད། རེད་ད་དེ་སྤྱིར་བཏང་དེང་སང་ཆ་བཞག་ན་མང་ཤོས་དེ་གས་ཡོང་གས་དུས་ཚོད་དེ་ནམ་དུས་གཅིག་པ་རེད་པ་དབྱར་ཁ། ཨམ་ཆོས་ད་གཅིག་ལ་འགྲོ་དུས་ཙམ་ནས་མང་ཆེ་བ་གྲོང་གསེབ་པ་ཡོང་གི་འདུག་ལ། དེ་ནི་ལྷ་ས་རང་དེ་ད་ག་དུས་ཨམ་ཆོས་དེ་ཟླ་བ་དྲུག་པའི་ཚེས་པ་བཅོ་ལྔ་དེ་ལ་མང་ཤོས་ཡོང་གི་འདུག་ག་ལ། ད་དུས་ཆེན་ཆེ་བ་ཟེར་དེ་གསུམ་རེད།
  • ཚེ་རིང་རྒྱལ་པོ།
    ལགས་ཟེར་ལགས་ཟེར་། ཨམ་ཆོས་བྱས་བྱས།
  • བསྟན་འཛིན་ཉི་མ།
    ཨམ་ཆོས་བྱས་བྱས་ཟླ་བ་བཅུ་པ་ཡི་ཚེས་པ་ཉི་ཤུ་ལྔ་བྱས་དེ་ནི་ཟླ་བ་གཉིས་པ་ཡི་ཚེས་པ་བདུན་ནས་བཅོ་ལྔ་བར་དུ་བྱས་་་་་་་་ཟེར་ན་དུས་ཡུན་རིང་ཤོས་རེད། གསེར་ཐང་ཟེར་ན་ད་སྐུ་དྲུག་པ་བཅོ་ལྔ་དེ་རང་རེད་པ་ཉིན་མ་བརྒྱད་རང་རེད། ཟླ་བ་དྲུག་པའི་ཚེས་པ་བཅོ་ལྔ་བྱས།
  • ཚེ་རིང་རྒྱལ་པོ།
    རེད་རེད་འཆམ་འཁྲབ་་ཀྱི་ཡོའོ་རེད་པས།
  • འཕྲིན་ལས་རབ་རྒྱས།
    འཆམ་འཁྲབ་ཀྱི་ཡོའོ་མ་རེད།
  • ཚེ་རིང་རྒྱལ་པོ།
    འོང་། ཡོའོ་མ་རེད་པས།
  • འཕྲིན་ལས་རབ་རྒྱས།
    ཡོའོ་མ་རེད་འཆམ་གྱི་ལུགས་སྲོལ་གཅིག་ཡའི་ཡོའོ་མ་རེད། 
  • ཚེ་རིང་རྒྱལ་པོ།
    ཨ་ལས་ལགས་ཟེར་ལགས་ཟེར།
  • འཕྲིན་ལས་རབ་རྒྱས།
    ད་འབྲོམ་ཆོས་དེ་སྔན་མ་ཡིན་ན་ཟླ་བ་གཉིས་པའི་ཚེས་པ་གསུམ་ལ་འགོ་ཆོས་བྱས་བཞི་ནས་ཚོགས་དགོས་རེད། བཞི་ནས་བཅོ་ལྔ་བར་དུ་རེད། ད་དེང་སང་ཚེས་པ་བདུན་ནས་བཅོ་ལྔ་བར་དུ་རེད།
  • བསྟན་འཛིན་ཉི་མ།
    དཀྱིལ་འཁོར་བཞགས་འབྲོམ་ཆོས་བརྩིས་ནས་ཡང་སྔར་གྱི་དའི་གནས་ཚུལ་དང་དེ་འདྲས་དཀྱིལ་འཁོར་བཞགས་ཡས་རྫོགས་པ་རེད།
  • འཕྲིན་ལས་རབ་རྒྱས།
    སྔོན་མ་ཡིན་ན་དེ་བར་ཆོས་གྲྭ་་་་་་ཁྱེད་ར་དེ་བག་གཅིག་གི་མི་སྒྲུབ་པ་ཟེར་ཡས་ཅིག་ཆོས་གྲྭ་སྒང་ག་བརྩིས་ནས་ཆོས་གྲྭ་བཅུ་གསུམ་ཙ་ཅིག་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    ལགས་ཟྭེ་ལགས་ཟེར་དེ་ག་དུས་གནང་གི་ཡོའོ་རེད། 
  • བསྟན་འཛིན་ཉི་མ།
    ཟླ་བ་གཉིས་པའི་ནང་ལ་གནང་གི་ཡོའོ་རེད་ཟླ་བ་གཉིས་པའི་ཚེས་པ་བཅི་ལྔ་ལ། དེ་ནི་ཆོས་གྲྭ་མི་འདྲ་སོང་ཙང་ཁོ་ར་ཚོགས་དེ་གའི་ཁག་ཁག་ཚོགས་དགོས་ཀྱི་འདུག་ག་དེང་སང་་་་་་་་གསུམ་དེ་ནི་ཁག་གསུམ་ཚོགས་ད་ཁག་མང་པོ་དེ་གྲ་པ་མང་པོ་ཡོའོ་མ་རེད་པ་དེ་བྱེད་དུས་ཁག་གསུམ་ནས་ཚོགས་ཨོའོ་དེ་བྱེད་དགོས་རེད་བཞགས་མ་བདུན་བརྒྱད་རེད།
  • ཚེ་རིང་རྒྱལ་པོ།
    ལགས་ཟེར། གྲྭ་ཚང་ག་ས་གང་ནས་ཡོང་ཁང་མཚན་དེ་ཚང་མ་ཡོའོ་རེད་པ།
  • བསྟན་འཛིན་ཉི་མ།
    འོང་སྒང་ག་དགོངས་པ་འདྲིས།
  • ཚེ་རིང་རྒྱལ་པོ།
    དགོངས་པ་འདྲིས་བྱས།
  • བསྟན་འཛིན་ཉི་མ།
    རེད།
  • ཚེ་རིང་རྒྱལ་པོ།
    ལགས་ཟེར་ཨ་ནི་དགུ་ཐོགས་ཟེར་ཡས་དེ་འདྲས་ཡོའོ་མ་རེད་པས།
  • བསྟན་འཛིན་ཉི་མ།
    དགུ་ཐོགས་ཟེར་ཡས་ཡོའོ་མ་རེད། ཡོའོ་མ་རེད་སྐྱོ་ངག་རྙིང་མ་དེ་ལ་དེ་ཕུལ་གྱི་རེད་རྒྱན་མཚན་རེད་པ་ལ། རེད།
  • ཚེ་རིང་རྒྱལ་པོ།
    ལགས་ལགས། རྗེས་བསྲེས་ཀྱི་ཆོ་ག་དེ་གང་འདྲས་གང་འདྲས་བྱེད་དགོས་རེད། 
  • འཕྲིན་ལས་རབ་རྒྱས།
    དེ་ནི་དེ་དེང་སང་ཡིན་ན་དེང་སང་བྱེད་བཟོ་གཅིག་གོ་རེད། སྔོན་མ་ཡིན་ན་ཞེ་དྲག་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    ལགས་ཟེར་ལགས་ཟེར། སྔོན་མ་ག་རེ་ག་རེ་གནང་གི་ཡོའོ་རེད། 
  • འཕྲིན་ལས་རབ་རྒྱས།
    སྔོན་མ་ད་་་་་་། སྨན་ལྷ། ཀུང་གོ རྡོ་དབྱིངས། ཨ་ནི་གནས་འཇོ། འོང་གནས་བླ་མ་ཆོས་པ་ཁག་གཉིས་ཡོའོ་རེད། མི་སྒྲུབ་པ་ཟེར་ཡས་འདྲ་བུ། རྣ་མང་ཟེར་ཡས་འདྲ་བུ་ཁག་མང་པོ་གང་བྱས་ཁག་བཅུ་གསུམ་ཙམ་ཅིག་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    ཁག་བཅུ་གསུམ་ཙམ་ཅིག་འོ་ཙིས་བགྱིས་པ་ལ་སྒང་ག་ལོག་གནང་གི་ཡོའོ་རེད་པ་ལ། 
  • འཕྲིན་ལས་རབ་རྒྱས།
    རེད་སོ་སོ་ཁང་ཆེན་སོ་སོ་འཕྲོས་ཁུངས་འཕྲོས་ཁུངས་ཡོའོ་རེད། 
  • ཚེ་རིང་རྒྱལ་པོ།
    ལགས་ཟེར་ལགས་ཟེར། ད་ལྟ་སང་དེ་་་་་་་་་་དཀྱིལ་འཁོར་དེ་ག་དུས་བཞེངས་ཀྱི་ཡོའོ་རེད་དེང་སང་བཞེངས་ཀྱི་ཡོའོ་རེད་པས།
  • འཕྲིན་ལས་རབ་རྒྱས།
    དཀྱིལ་འཁོར་དེང་སང་ཡའི་བཞེངས་ཀྱི་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    ག་དུས་བཞེངས་ཀྱི་རེད་དཀྱིལ་འཁོར་དེ།
  • འཕྲིན་ལས་རབ་རྒྱས།
    དཀྱིལ་འཁོར་བཞེངས་ཡས་དེ་ཟླ་བ་གཉིས་པའི་ཚེས་པ་གཅིག་ནས་བྱས་བཞེངས་ཀྱི་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    བོད་ཟླ་གཉིས་པའི་ཚེས་པ་གཅིག་རེད།
  • འཕྲིན་ལས་རབ་རྒྱས།
  • ཚེ་རིང་རྒྱལ་པོ།
    རེད་རེད་རེད། དཀྱིལ་འཁོར་སྒང་ནས་བཞེངས་དགོས་རེད་ས་གནས་དཀྱིལ་འཁོར་ཚང་མ་བཞེངས་དགོས་རེད།
  • འཕྲིན་ལས་རབ་རྒྱས།
    རེད་རེད་ཁག་གསུམ་བཞེངས་དགོས་རེད། 
  • ཚེ་རིང་རྒྱལ་པོ།
    ཁག་གསུམ། ཨ་ལས་དེ་འདྲས་བཞེངས་ཐུབ་ཡན་ཡོའོ་རེད་པ་ད་ལྟ།
  • འཕྲིན་ལས་རབ་རྒྱས།
    ཡོའོ་རེད་ཡོའོ་རེད། ད་འོ་ཚོས་ཚུར་དགོན་པ་རྒྱབ་བཟོ་བྱས་དགོན་པ་དེ་བྱས་ད་སྔན་མ་དེ་དེ་ཚོ་སྔན་མ་བླ་རྒན་དེ་འདྲས་དེ་དགེ་རྒན་ཆེན་པོ་དེ་ཚོའི་ལྟོ་དེ་ཚོ་ཡོའོ་རེད་པ་དེ་ཚོ་སློབ་བྱས་དེང་སང་སྤུ་གུ་དེ་ཚོ་ལ་ད་དེང་སང་སྤུ་གུ་དེ་ཚོ་གནང་དག་རྒྱུ་ནས་ཡོའོ་མ་རེད། 
  • ཚེ་རིང་རྒྱལ་པོ།
    ལགས་ཟེར་ལགས་ཟེར། སྒང་ག་ལ་འགྲོ་གི་ཡོའོ་རེད་པ། སྔན་མ་སེར་འབྲས་དགའ་དང་དའི་ག་རེ་ཟ་སེར་འབྲས་དང་དགའ་ལྡན་བར་ལ་འབྲེལ་བ་ཆེ་ཤོས་ག་རེ་ཡོའོ་རེད། དགའ་ལྡན་དགོན་པ།
  • འཕྲིན་ལས་རབ་རྒྱས།
    ད་ཅིག་གི་སྨོན་ལམ་ཚོགས་ཡས་དེ་འབྲེལ་བ་ཆེ་ཤོས་ཅིག་རེད་ད།
  • ཚེ་རིང་རྒྱལ་པོ།
    མཉམ་དུ་རེད་པ།
  • འཕྲིན་ལས་རབ་རྒྱས།
    སྨོན་ལམ་ཚོགས་ཆོས་ཟེར་ཚོགས་ཡས་རེད་པ། སྨོན་ལམ་ཚོགས་དེ་ནས་ཟླ་བ་གཉིས་པའི་ནང་ལ་མར་ཚོགས་འཇུག་ཚོགས་ཀྱི་རེད་པ་འོ་ད་དེ་དུས་མཉམ་དུ་ཚོགས་བྱས་འབྲེལ་བ་ཆེ་ཤོས་འདྲ་དི་འོ་དེ་རེད།
  • བསྟན་འཛིན་ཉི་མ།
    དེ་ནི་་་་་་་་་་ཟླ་བ་བཅུ་གཅིག་པའི་ནང་ལ་མ་རས་ལ། རེད་ལ་ཟླ་བ་བཅུ་གཅིག་པའི་ནང་ལ་ཚོགས་ཀྱི་རེད་པ་ལ། ་་་་་་་་་དེ་ནི་པལ་ཤག་༼དངུལ་༽རིགས་དེ་མཚན་ཉིད་ལྟ་བུ་དེ་མཚན་ཉིད་ལྟ་བུ་ཁ་ཚང་འགྲོ་དགོས་རེད། སྨོན་ལམ་ཟེར་ན་ད་གྲྭ་པ་ཡོངས་རྫོགས་འགྲོ་དགོས་ཀྱི་འདུག་ག ད་དེ་སྐུག་ལ་མདོན་པ་དོན་ཡས་དེ་རེད་པ་ལ། དི་ན་ལ་མཚན་ཉིད་རྩོད་ཡས་དེ་རེད་པ་ལ་འཇམ་དབྱངས་ཀུན་རྗེ།
  • ཚེ་རིང་རྒྱལ་པོ།
    རེད་རེད་དགའ་ལྡན་གྲྭ་པ་ཚང་མ་མར་འགྲོ་དགོས་ཀྱི་ཡོའོ་རེད་པ།
  • བསྟན་འཛིན་ཉི་མ།
    འོང་སྒང་ག་
  • ཚེ་རིང་རྒྱལ་པོ།
    སེར་ར་འགྲོ་དགོས་རེད་འབྲས་སྤུངས་པ་འགྲོ་དགོས་རེད།
  • འཕྲིན་ལས་རབ་རྒྱས།
    སེར་འབྲས་དགའ་གསུམ་སྒང་ག་ལ་ཡོའོ་རེད་ད།
  • བསྟན་འཛིན་ཉི་མ།
    ད་སྨོན་ལམ་ཚོགས་རྒྱུ་དེ་གཙུག་ལག་ཁང་ལ་ཚོགས་ཀྱི་རེད་པ་འ། ད་འཇམ་དབྱངས་ཀུན་རྗེ་མ་ནས་འཇམ་དབྱངས་ལ་འགྲོ་དགོས་འདུག་ག་ད་ད་དེ་དུས་ཙམ་ནས་འགྲོ་དགོས་རེད། 
  • ཚེ་རིང་རྒྱལ་པོ།
    འཇམ་དབྱངས་ཟེར་ན་འབྲས་སྤུངས་ལ་རེད་པ་ལ། 
  • བསྟན་འཛིན་ཉི་མ།
    མ་རེད་ལ་མ་རེད་མ་རེད་འཇམ་དབྱངས་ཀུན་རྗེ་ཟེར་ན།
  • ཚེ་རིང་རྒྱལ་པོ།
    ཆུ་ཤུལ་འཇམ་ཨ་ལས་རེད་རེད་འཇམ་ཟེར་ཡས་དེ་ཏག་ཏག་རེད་རེད། དེ་སྨོན་ལམ་གཞུག་ལ་འགྲོ་དགོས་ཀྱི་ཡོའོ་རེད་པ། 
  • བསྟན་འཛིན་ཉི་མ།
    རེད་ལ་ཟླ་བ་བཅུ་གཅིག་པ་ནས་རེད།
  • ཚེ་རིང་རྒྱལ་པོ།
    ཟླ་བ་བཅུ་གཅིག་ནང་ལ། ཉིན་མ་ག་ཙས་ཙ་བཞུགས་ཀྱི་ཡོའོ་རེད་ད་དའི།
  • བསྟན་འཛིན་ཉི་མ།
    སྔོན་མ་སླ་བ་གཉིས་ཙམ་ཟ་རེད་མ་རེད་གས།
  • འཕྲིན་ལས་རབ་རྒྱས།
    སྔོན་མ་ཟླ་བ་གཉིས་ཀྱི་ཟེར་འདྲའི་ཅིག
  • བསྟན་འཛིན་ཉི་མ།
    ད་ད་རེ་སང་ཉི་སུ་རྩ་ལྔ། 
  • ཚེ་རིང་རྒྱལ་པོ།
    ཨ་ལས་དའི་སེར་འབྲས་དགའ་གསུམ་གྱི་སྒང་གས་གྲྭ་པ་ཚང་མ་འགྲོ་དགོས་རེད།
  • འཕྲིན་ལས་རབ་རྒྱས།
    རེད་ར་སྟོད་དང་།
  • ཚེ་རིང་རྒྱལ་པོ།
    ད་དེ་དུས་དགེ་གཤེགས་གཏང་གི་ཡོའོ་རེད་པ་ད།
  • འཕྲིན་ལས་རབ་རྒྱས།
    རེད་མཚན་ཉིད་རྩོད་རྒྱུ་རེད།
  • བསྟན་འཛིན་ཉི་མ།
    ད་གལ་སྲིད་གཏང་པ་རང་མ་རེད་ད་མཚན་ཉིད་རྩོད་ནས་རྒྱང་ཐག་བྱེད་དགོས་རེད་ད་གཏང་རྒྱུ་རང་དེ་མ་ཡར་གཏང་གི་རེད་པ་ལ་རེད་པ་ལ་གཙུག་ལག་ཁང་ནང་ལ།
  • ཚེ་རིང་རྒྱལ་པོ།
    གཙུག་ལག་ཁང་ནང་ལ།
  • བསྟན་འཛིན་ཉི་མ།
    འོང་རེད་ལ།
  • ཚེ་རིང་རྒྱལ་པོ།
    ཨ་ལས་ལགས་ཟེར་ལགས་ཟེར་ལོ་རེ་རེ་ག་ཚོད་ཙམ་ཅིག་གཏང་དགོས་ཀྱི་རེད་དགེ་གཤེགས།
  • འཕྲིན་ལས་རབ་རྒྱས།
    སྔོན་མ་ཡིན་ན་དགེ་གཞེགས་ཧ་ལམ་དགོན་པ་རེ་རེ་ནས་བཅོ་ལྔ་བཅུ་དྲུག་ཡོད་ཀྱི་རེད་པ། ཚད་ཨ་ཡོང་ཚད་ན་ཡོད་ཀྱི་རེད། 
  • ཚེ་རིང་རྒྱལ་པོ།
    ལོ་རེ་རེ་ནང་ལ།
  • འཕྲིན་ལས་རབ་རྒྱས།
    འོང་དགོན་པ་རེ་རེ་ནང་ནས་ག་ཚད་དགའ་ལྡན་ནང་ནས་ག་ཚད་ད་སེར་འབྲས་ནའི་ད་ག་ཡོའོ་རེད་པ།
  • ཚེ་རིང་རྒྱལ་པོ།
    རེད་རེད་རེད། རེད་རེད་རེད། འོ་ད་རྒྱ་ཆེན་པོ་ཡོའོ་རེད་རེད་པ་ལ་རེད་རེད་དེ་ནས་དགའ་ལྡན་ལ་དགོན་ལྷག་ག་ཚོད་ཙམ་ཅིག་ཡོད་ན་སྔོན་མ།
  • འཕྲིན་ལས་རབ་རྒྱས།
    ད་དགའ་ལྡན་ལ་དགོན་ལྷག་ཅིག་གི་ཆེ་ང་ཆུང་ག་འདྲ་དེ་འདྲས་ཁ་ཤས་ཡོའོ་རེད་ད།
  • ཚེ་རིང་རྒྱལ་པོ།
    ལགས་ཟའི་དེ་ནི་རྒྱ་ཙམ་ཡོད་ན།
  • འཕྲིན་ལས་རབ་རྒྱས།
    བརྒྱ་ཙའི་བརྒྱ་རང་ཡོད་འདྲ་ད།
  • ཚེ་རིང་རྒྱལ་པོ།
    ད་ལྟ་དགོན་ལྷག་མང་ཆེ་བ་ག་པ་ཡོའོ་རེད། གཙང་ངོས་ལ་ཞེ་དྲག་ཡོད་ཀྱི་མ་རེད་པ།
  • འཕྲིན་ལས་རབ་རྒྱས།
    གཙང་ངོས་ལ་ཞེ་དྲག་ཡོའོ་མ་རེད་ད། གཙང་ངོས་ལ་དགའ་ལྡན་དགོན་ལྷག་ཡོའོ་མ་རེད་ད།
  • ཚེ་རིང་རྒྱལ་པོ།
    སྟོད་དང་གཙང་ངོས་ལ་མང་ཆེ་བ་་་་་་་་་་ད།
  • འཕྲིན་ལས་རབ་རྒྱས།
    ད་འདི་་་་་་་་་་་མེ་འགྲོ་གོང་དཀར་རྒྱུད་དེ་བག་ལ་གཅིག་གཉིས་རེད་ད།
  • འཕྲིན་ལས་རབ་རྒྱས།
    ཁམས་ངོས་ལ་ཡོད་ན།
  • འཕྲིན་ལས་རབ་རྒྱས།
    ཁམས་ངོས་དེ་བག་གང་འདྲས་ད་དེ་ཚོ་ཡོད་ན་་་་་་་་་་་་་་་ལྷ་རྩེ་ཁོང་རེ་བྱས་བྱང་རྩེ་ཁོང་རེ་བྱས་དི་རུ་འདུག་ག་འདི་རུ་འདུག་ག
  • ཚེ་རིང་རྒྱལ་པོ།
    ལགས་ལགས་དགའ་ལྡན་ཤར་རྩེ་ཁོང་རེད་དགའ་ལྡན་བྱང་རྩེ་ཁོང་རེད་ཟེར་རེད་རེད། ཏག་ཏག་རེད་དགོན་པའི་དི་གཞི་ཀ་དེ་མང་ཆེ་བ་་་་་་་་་ཆོས་གཞིས་རེད་དེའི་རྒྱུད་དེ་ཧ་གོ་གི་ཡོད་ན།
  • འཕྲིན་ལས་རབ་རྒྱས།
    ཆོས་གཞིས་ད་དེ་བར་ད་གའི་རྒྱུད་དེ་བག་ཡོའོ་རེད་ད་དའི་གཙང་མདོ་ཟེར་ཡས་འདྲ་བུ་དགའ་ལྡན་བླ་རྒྱུད་ཆོས་གཞིས་རེད་གཙང་མདོ་ཡའི་གཙོ་བོ་ཅིག་རེད། ད་དེ་ཡར་བྱ་དཀར་ཟེར་ཡས་འདྲ་བུ་དེ་འདྲས་ཕར་གཙང་ལ་ཡོད་དུས་གཙང་དུམ་བུ་གཞི་ཀ་ཟེར་ཡས་འདྲ་བུ་དེ་ཚོ་རེད།
  • ཚེ་རིང་རྒྱལ་པོ།
    ལགས་ཟེར་གཙང་ངོ་ལ་ཡོའོ་རེད་པ་ཁག་གཅིག
  • འཕྲིན་ལས་རབ་རྒྱས།
    འོང་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    ཨ་ལས་རྒྱང་རྩེ་ངོས་དེ་བག་ལའི་ཡོད་ཀྱི་རེད།
  • འཕྲིན་ལས་རབ་རྒྱས།
    ད་དེ་གཙང་གཙང་མདོ་པ་ཤེས་རབ་ཟེར་ཡས་དེ་འདུག་དི་ནི་དེ་མིན་པའི་དགོན་པ་གཞན་དག་
  • ཚེ་རིང་རྒྱལ་པོ།
    གཙང་མདོ་པ་ཤེས་རབ།
  • འཕྲིན་ལས་རབ་རྒྱས།
    འོང་།
  • ཚེ་རིང་རྒྱལ་པོ།
    ལྷོ་ཁ་ངོས་ལ་ཡོད་ན།
  • འཕྲིན་ལས་རབ་རྒྱས།
    ལྷོ་ཁ་ངོས་ལ་ཡོད་པའི་སྐད་ཆ་མི་འདུག་ད་དི་གའི་ཉེ་མས་འདྲ་ཞིག་རེད་ཤག
  • ཚེ་རིང་རྒྱལ་པོ།
    རེད་རེད་རེད། རྗེ་རིན་པོ་ཆེ་ཡི་སྒྲུབ་ཕུབ་ཅིག་ཡོའོ་མ་རེད་པས་ཕར་ཕྱོགས་དའི།
  • འཕྲིན་ལས་རབ་རྒྱས།
    ཕ་ཕྱོགས་དའི་རྗེ་རིན་པོ་ཆེ་ཡི་སྒྲུབ་ཕུབ་ཅིག་ཡོའོ་རེད། 
  • ཚེ་རིང་རྒྱལ་པོ།
    སྒྲུབ་ཕུབ་དའི་རྗེ་རིན་པོ་ཆེ་ཡི་སྒྲུབ་པ་སྐྱོན་ནས་མང་པོ་བཞུགས་ཡོའོ་རེད་པས།
  • འཕྲིན་ལས་རབ་རྒྱས།
    ད་རྗེ་རིན་པོ་ཆེ་སྒྲུབ་པ་སྐྱོན་མང་པོ་བཞུགས་ད་ཅིག་ཟེར་སྲོལ་འདྲ་ཅིག་བྱས་ན་ད་དམ་ཆེན་ཆོས་རྒྱལ་ཁོ་རང་གས་སྒྲུབ་པ་སྐྱོན་གཞུག་དེ་བག་དགེ་ཕྲུག་བྱས་བཞུགས་པ་རེད་ཟེར་གྱི་འདུག་ག་ལ།
  • ཚེ་རིང་རྒྱལ་པོ།
    ལགས་ཟེར།
  • བསྟན་འཛིན་ཉི་མ།
    དུང་བཞག་ལྷ་གསུམ་བཅུ་སོ་ལྔ་ཁོ་ཡའི།
  • འཕྲིན་ལས་རབ་རྒྱས།
    ད་དུང་བཞག་ལྷ་གསུམ་བཅུ་སོ་ལྔ་ཡའི་དི་དེ་ནས་ཞལ་གཟིགས་པ་རེད་ཟེར་གྱི་འདུག་ག་ལ། 
  • ཚེ་རིང་རྒྱལ་པོ།
    ལགས་ཟེར་ལགས་ཟེར་རེད་རེད། ཨ་ནི་མཁས་གྲུབ་རྗེ་དང་རྒྱལ་ཚབ་རྗེ་ཡའི་དེ་ལ་ཡོའོ་རེད་པས་སྒྲུབ་ཕུབ།
  • འཕྲིན་ལས་རབ་རྒྱས།
    སྒྲུབ་ཕུབ་ཡོའོ་མ་རེད་དེ་གཉིས་སྒྲུབ་ཕུབ་མི་འདུག་རྗེ་རིན་པོ་ཆེ་གཅིག་གོ་མ་གཏོགས་སྒྲུབ་ཕུབ་མི་འདུག་
  • ཚེ་རིང་རྒྱལ་པོ།
    རེད་རེད་སྐུ་ཞབས་རྣམ་གཉིས་སྐུ་ཞབས་ལགས་ཀྱི་མཚན་ལ་ག་རེ་ཞུ་གྱི་ཡོའོ་རེད།
  • འཕྲིན་ལས་རབ་རྒྱས།
    ཁྲིམས་ལས་རབ་རྒྱས་ཟེར་གྱི་ཡོད།
  • ཚེ་རིང་རྒྱལ་པོ།
    ཁྲིམས་ལས་རབ་རྒྱས་ལགས།
  • འཕྲིན་ལས་རབ་རྒྱས།
    འོང་། 
  • ཚེ་རིང་རྒྱལ་པོ།
    དགུང་ལོ་ང་ཚོད་ལ་ཕེབས་ཀྱི་ཡོད་ན།
  • འཕྲིན་ལས་རབ་རྒྱས།
    དྲུག་བཅུ་རེ་དྲུག
  • ཚེ་རིང་རྒྱལ་པོ།
    དྲུག་བཅུ་རེ་དྲུག་ལ་ཕེབས་ཀྱི་ཡོད་པ། འཁྲུངས་ཡུལ་ག་ནས་རེད།
  • འཕྲིན་ལས་རབ་རྒྱས།
    མེ་གྲོ་གོང་དཀར་ཡོའོ་རེད། 
  • ཚེ་རིང་རྒྱལ་པོ།
    མེ་གྲོ་གོང་དཀར་ནས།
  • འཕྲིན་ལས་རབ་རྒྱས།
    འོང་།
  • ཚེ་རིང་རྒྱལ་པོ།
    ལགས་ལགས། སྐུ་ཞབས་ལགས་ཀྱི་མཚན་ལ་ག་རེ་ཞུ་གྱི་ཡོའོ་རེད།
  • བསྟན་འཛིན་ཉི་མ།
    བསྟན་འཛིན་ཉི་མ།
  • ཚེ་རིང་རྒྱལ་པོ།
    བསྟན་འཛིན་ཉི་མ། ལགས་འོང་། འཁྲུངས་ཡུལ་ཁམས་ནས་ཡིན་པ་འདྲ།
  • བསྟན་འཛིན་ཉི་མ།
    རེད་ཁམས་ནས།
  • ཚེ་རིང་རྒྱལ་པོ།
    རེད་པ་ཁམས་ག་ནས་ཡིན་ན།
  • བསྟན་འཛིན་ཉི་མ།
    ཁམས་མཚར་སྤོང་འདྲ་ནས་ཡིན།
  • ཚེ་རིང་རྒྱལ་པོ།
    ཨ་ལས་མཚར་སྤོང་འདྲ་ནས་ཡིན་པ་འདྲ། ཨོའོ་འོང་སྤོང་འདྲ་མཚར་རེད་རེད། དགུང་ལོ་ང་ཚོད་ལ་ཕེབས་ཀྱི་ཡོད་ན།
  • བསྟན་འཛིན་ཉི་མ།
    ལྔ་བཅུ་ང་གཉིས་ལ།
  • ཚེ་རིང་རྒྱལ་པོ།
    ལྔ་བཅུ་ང་གཉིས་ལ། ཨོའོ་འོང་འོང་། ད་དགའ་ལྡན་ལ་ག་དུས་ཕེབས་པ་རེད།
  • བསྟན་འཛིན་ཉི་མ།
    བརྒྱ་བཅུ་ཐམས་པ་ལོ་ལ།
  • ཚེ་རིང་རྒྱལ་པོ།
    རེད་རེད་རེད། དེའི་གོང་ལ་ཁམས་མ་ནས་མར་བཞུགས་པ་རེད།
  • བསྟན་འཛིན་ཉི་མ།
    ཨོའོ་རེད། སྤོམ་མདའ་དགོན་པ་ལ།
  • ཚེ་རིང་རྒྱལ་པོ།
    རེད་རེད་རེད། སྤོམ་མདའ་དགོན་པ་ལ། རེད་རེད་རེད་སྤོམ་མདའ་དགོན་པ་དེ་དགེ་ལུགས་པ་རེད་པ།
  • བསྟན་འཛིན་ཉི་མ།
    རེད་དགེ་ལུགས་པ་རེད།
  • ཚེ་རིང་རྒྱལ་པོ།
    ད་ལྟ་ཕག་པ་གླིང་དགོན་པ་དེ།
  • བསྟན་འཛིན་ཉི་མ།
    དེ་མ་རེད་དེ་ཆབ་མདོ་རེད་པ་ལ།
  • ཚེ་རིང་རྒྱལ་པོ།
    འདི་ཆབ་མདོ་རང་རེད།
  • འཕྲིན་ལས་རབ་རྒྱས།
    སྔ་མ་ཆབ་མདོ་ཡི་ད་དགོན་ལྷག་གཙོ་བོ་དེ་ཆབ་མདོ་ཡར་ཙ་ང་ཚོ་ཕར་ཙ་རེད། ད་ཞེ་དྲག་དཔག་གོ་མ་རེད།
  • ཚེ་རིང་རྒྱལ་པོ།
    ཆབ་མདོ་བྱམས་པ་ཁ་རབས་ཟེར་ཡས་དེ་ལྷོ་ཁ་ནས་དར་བའི་དགོན་པ་ཅིག་རེད་པ།སམ
  • བསྟན་འཛིན་ཉི་མ།
    རེད་རེད་རེད་དེ་རེད་ཆབ་མདོ་བྱམས་པ་གླིང་རེད་པ།
  • ཚེ་རིང་རྒྱལ་པོ།
    ཆབ་མདོ་བྱམས་པ་གླིང་དེ་ཁམས་ངོས་ནས་ཆེ་ཤོས་ཅིག་རེད་འདུག་ག
  • བསྟན་འཛིན་ཉི་མ།
    འོང་དེ་ཆེ་ཤོས་འདྲ་དི་དགེ་ལུགས་པའི་དགོན་པ་ཆེ་ཤོས་འདྲ་དི།
  • ཚེ་རིང་རྒྱལ་པོ།
    རེད་རེད་གཙང་གི་ངོས་ལ་གཙང་བཀྲ་ཤི་ལྷུན་པོ་བྱས།
  • བསྟན་འཛིན་ཉི་མ།
    ཨོའོ་ད་དེ་འདྲས་ཅིག་རེད།
  • ཚེ་རིང་རྒྱལ་པོ།
    ཨམ་མདོ་ངོས་ལ་བླ་བྲང་དགོན་པ་དེ་བྱས།
  • བསྟན་འཛིན་ཉི་མ།
    བླ་བྲང་བདེ་སྐྱིད་དགོན་པོ།
  • ཚེ་རིང་རྒྱལ་པོ།
    རེད་རེད་རྗེ་སྐུ་འབུམ་གླིང་། རེད་རེད། རྗེ་སྐུ་འབུམ་དང་དེ་ནས་སྐུ་ཞབས་ཡོང་གི་རེད་པས་སྔན་མ་སྤྱི་ཚོགས་རྙིང་པའི་སྒང་ལ།
  • འཕྲིན་ལས་རབ་རྒྱས།
    སྔན་མ་དགའ་ལྡན་ལ་གྲྭ་པ་མང་ག་ལ་ཁམས་དང་ཨམ་མདོ་མདོ་སྨད་ཁུལ་ནས་ཤ་ཏག་རེད།
  • ཚེ་རིང་རྒྱལ་པོ།
    ལགས་ཟེར་ལགས་ཟེར། དགའ་ལྡན་གྱི་གྲྭ་པ་མང་ཆེ་བ།
  • འཕྲིན་ལས་རབ་རྒྱས།
    གྲྭ་པ་མང་ཆེ་བ་རེད།
  • ཚེ་རིང་རྒྱལ་པོ།
    ཀང་དེ་བྱས་ན་ཕ་ནས་ཕེབས་ཀྱི་ཡོའོ་རེད་པ།
  • འཕྲིན་ལས་རབ་རྒྱས།
    འོང་ཀང་ཕ་ནས་ཕེབས་ཀྱི་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    ཨ་ནི་དེ་ནས་སློབ་སྦྱོང་དེ་སྦྱངས་ཚར་ནས་ཡང་ཕར་ལོག་འགྲོ་གི་ཡོའོ་རེད།
  • འཕྲིན་ལས་རབ་རྒྱས།
    ད་རྭ་འབྲེང་སྔོན་ལ་ཨོའོ་འདུག་ཟེར་བག་ད་ཡོན་ཏན་ཡར་ཡག་པོ་ཤེས་བྱས་རེ་ཙ་གཉིས་ཙ་ད་གྲྭ་ཚང་ལ་ལོ་གསུམ་བསྡད་གྲྭ་ཚང་ལ་ལོ་གསུམ་བསྡད་ན་ཕ་ནས་ཕར་དཔེ་ཆ་བལྟས་ན་མ་ལྟས་ན་ཁོ་ར་མཐོང་ཆེན་པོ་འདྲ་འདུག་ག་ལ་ད་དེང་སང་དེ་དེ་འདྲས་ཡོའོ་མ་རེད་པ་ད་མར་ད་ལོག་གི་མ་རེད་ལ་ད་མོ་རང་གི།
  • ཚེ་རིང་རྒྱལ་པོ།
    རེད་རེད་རེད། འཇམ་དབྱངས་ཞལ་པ་དེ་འདྲས་ལ་ཕེབས་ཡོང་ཡོད་ཀྱི་རེད་ད། རེད་པ་ལ། ཕེབས་ཡོད་ཀྱི་རེད་དགའ་ལྡན་ལ།
  • འཕྲིན་ལས་རབ་རྒྱས།
    ཕེབས་ཡོང་ཡོའོ་རེད།
  • ཚེ་རིང་རྒྱལ་པོ།
    རེད། ཨམ་མདོ་འཇམ་དབྱངས་ཞལ་པ་དགའ་ལྡན་ལ།
  • འཕྲིན་ལས་རབ་རྒྱས།
    འཇམ་དབྱངས་ཞལ་པ་དགའ་ལྡན་སྐུ་ཐོགས་སྐུ་འཕྲེང་འདི་ལ་ཕེབས་པ་རེད།
  • ཚེ་རིང་རྒྱལ་པོ།
    ཨ་ལས་ལགས་ཟེར་ལགས་ཟེར། རེད་རེད་རེད་སྒང་ག་ལོག་ཚང་མ་དགེ་ལུགས་པ་ཀྱང་ཀྱང་རེད་པ་ལ།
  • འཕྲིན་ལས་རབ་རྒྱས།
    རེད་ལགས།
  • ཚེ་རིང་རྒྱལ་པོ།
    རེད་རེད་རེད། རྫོགས་སོ།