Skip to main content Skip to search
15 Dec 2011
18 min 12 sec
Video Overview
Creators: 
Unknown

An interview with a monk at Samyé Monastery.

Transcript search
No results found for this search
0 of 0
  • བུ་ཆུང
    སྐུ་ཞབས་ཁྱེད་རང་གི་མཚན་ལ་ག་རེ་ཞུ་གི་༿ཡི་༾ཡོད་༿དམ་༾ནམ།
    sku zhabs khyed rang gi mtshan la ga re zhu gi {yi }yod {dam }nam/
  • སྐུ་ཞབས
    ངའི་མིང་ལ་ཐུབ་བརྟན་རབ་གསལ་ཞུ་གི་༿ཡི་༾ཡོད།
    nga'i ming la thub brtan rab gsal zhu gi {yi }yod/
  • བུ་ཆུང
    ལགས་སོའོ། ཨ་ནི་་་་།ད་ལོ་དགུང་ལོ་ག་ཚོད་ཕེབས་ཡོད་༿དམ་༾ནམ།
    lags so'o/_a ni /da lo dgung lo ga tshod phebs yod {dam }nam/
  • སྐུ་ཞབས
    ད་ལོ་ལོའོ་སུམ་ཅུ་ཐམ་པཱ་སླེབས་ཡོད།
    da lo lo'o sum cu tham pA slebs yod/
  • བུ་ཆུང
    སུམ་ཅུ་ཐམ་པ།
    sum cu tham pa/
  • སྐུ་ཞབས
    འོ་ཨོ།༿རེད།༾
    'o o/{red/}
  • བུ་ཆུང
    ཨ་ནི་་་་་ཐོག་མར་དགོན་པར་ཕེབས་དུས་དགུང་ལོ་ག་ཚོད་ཡིན་ནམ།
    a ni thog mar dgon par phebs dus dgung lo ga tshod yin nam/
  • སྐུ་ཞབས
    དང་ཐོག་སོ་སོ་རང་གི་དཱ་དགོན་པའི་ནང་ལ་གྲལ་ཚབ་ཞུ་དུས་༿གྲྭ་ཚབ་བཞུགས་དུས་༾ལོ་བཅོ་བརྒྱད་ནས་བསྡད་པ་ཡིན།
    dang thog so so rang gi dA dgon pa'i nang la gral tshab zhu dus {grwa tshab bzhugs dus }lo bco brgyad nas bsdad pa yin/
  • བུ་ཆུང
    བཅོ་བརྒྱད་ནས།
    bco brgyad nas/
  • སྐུ་ཞབས
    འོ་ཨོ།༿རེད།༾
    'o o/{red/}
  • བུ་ཆུང
    ལགས་སོའོ། ཨ་ནི་་་།ཨོའོ་་་་།ཁྱེད་རང་འཁྲུངས་ཡུལ་ག་ནས་རེད། ལགས།
    lags so'o/_a ni /o'o /khyed rang 'khrungs yul ga nas red/_lags/
  • སྐུ་ཞབས
    འཁྲུངས་ཡུལ་གོང་དཀར་ཤན་༼རྗོང་༽ལྕེ་བདེ་ཞོལ།
    'khrungs yul gong dkar shan (rjong )lce bde zhol/
  • བུ་ཆུང
    ལྕེ་བདེ་ཞོལ་ནས།
    lce bde zhol nas/
  • སྐུ་ཞབས
    འོ་ཨོ།༿རེད།༾
    'o o/{red/}
  • བུ་ཆུང
    ལགས་སོ། འདིར་དགོན་པར་ཕེབས་དུས་ལོ་བཅོ་བརྒྱད་བརྩིས་བྱས་སླེབས་ཀྱི་ཡོའོ་༿ཡོད་༾རེད།རེད་པཱ་ལགས།
    lags so/_'dir dgon par phebs dus lo bco brgyad brtsis byas slebs kyi yo'o {yod }red/red pA lags/
  • སྐུ་ཞབས
    ཨོའོ།ང་རང་གི་ཕ་ཡུལ་ལྕེ་བདེ་ཞོལ་བྱས་དགོན་པ་རང་རྡོ་ཕུད་ཆོས་འཁོར་ཟེར།
    o'o/nga rang gi pha yul lce bde zhol byas dgon pa rang rdo phud chos 'khor zer/
  • བུ་ཆུང
    རྡོ་ཕུད་ཆོས་འཁོར།
    rdo phud chos 'khor/
  • སྐུ་ཞབས
    རྡོ་ཕུད་ཆོས་འཁོར་དགོན་པ་རང་སྒྲིག་འཛུགས་ལ།སྒྲིག་འཛུགས་ལ་བསྡད་བསྡད་ཀྱི་ཡོད་པཱ།
    rdo phud chos 'khor dgon pa rang sgrig 'dzugs la/sgrig 'dzugs la bsdad bsdad kyi yod pA/
  • བུ་ཆུང
    ཨ་ལས།
    a las/
  • སྐུ་ཞབས
    བསམ་ཡས་རང་ལ་མར་སླེབས་དུས་ལོ་དཱ་ཉི་ཤུ་དེར་སླེབས། ཉི་ཤུ་རྩ་ལྔ་ལ།
    bsam yas rang la mar slebs dus lo dA nyi shu der slebs/_nyi shu rtsa lnga la/
  • བུ་ཆུང
    ཉི་ཤུ་རྩ་ལྔ་ལ།
    nyi shu rtsa lnga la/
  • སྐུ་ཞབས
    འོ་ཨོའོ།༿རེད།རེད།༾
    'o o'o/{red/red/}
  • བུ་ཆུང
    གདན་ས་མ་གའི་༿གིར་༾ཕེབས་པ་རེད་པཱ།
    gdan sa ma ga'i {gir }phebs pa red pA/
  • སྐུ་ཞབས
    འོ་ཨོ།༿རེད།༾
    'o o/{red/}
  • བུ་ཆུང
    ལགས་སོའོ། ཨ་ནི་་་་་བསམ་ཡས་ལ་ཕེབས་ནས་དཱ་ལྟ་བར་དུ་དཱ་ཨོའོ་་་་་སྔོན་ནས་ཕ་གའི་༿གིར་༾ཕར་བཞུགས་ཀྱི་ཡོའོ་༿ཡོད་༾རེད། དཱ་འདིའི་བཤད་གྲྭ་གླིང་འདིར་ག་ཚོད་ལ་ཕེབས་པ་རེད།
    lags so'o/_a ni bsam yas la phebs nas dA lta bar du dA o'o sngon nas pha ga'i {gir }phar bzhugs kyi yo'o {yod }red/_dA 'di'i bshad grwa gling 'dir ga tshod la phebs pa red/
  • སྐུ་ཞབས
    ཨོའོ། བཤད་གྲྭ་གླིང་ལ་དཱ་འདིའི།འདིའི།བཤད་གྲྭ་རང་ལ་དཱ་འདི་གསར་པ་གཅིག་བཙུགས་ནས་ཨོའ་ཨོ། བཤད་གྲྭར་སླེབས་ནས་ད་ལོས་ལོ་དཱ་ལྔ་འགྲོ་གྲབས་ཡོའོ་༿ཡོད་༾རེད་ལགས།
    o'o/_bshad grwa gling la dA 'di'i/'di'i/bshad grwa rang la dA 'di gsar pa gcig btsugs nas o' o/_bshad grwar slebs nas da los lo dA lnga 'gro grabs yo'o {yod }red lags/
  • བུ་ཆུང
    ལོ་ལྔ་འགྲོ་གྲབས་ཡོའོ་༿ཡོད་༾རེད་པས། ལས་ལགས་སོ། ཨ་ནི་་་་་འདི་ཐོག་མར་ཡཱ་༿ལ་༾བཤད་གྲྭ་གླིང་ཟེར་གྱི་རེད།ག་རེ་ཟེར་གྱི་རེད། འདིར་ཡཱ།
    lo lnga 'gro grabs yo'o {yod }red pas/_las lags so/_a ni 'di thog mar yA {la }bshad grwa gling zer gyi red/ga re zer gyi red/_'dir yA/
  • སྐུ་ཞབས
    ཨོའོ་་་་་ད་ཁོ་རང་།ཨོའོ་་་་་ཁོ་རའི་མིང་ལ་བྱས་ན་བཤད་གྲྭ་གླིང་ཟེར་དཱ། ང་ཚོའི་བྱས་ན་དཱ་ནང་བསྟན་སློབ་གྲྭ་རེད་པཱ་ལགས།
    o'o da kho rang /o'o kho ra'i ming la byas na bshad grwa gling zer dA/_nga tsho'i byas na dA nang bstan slob grwa red pA lags/
  • བུ་ཆུང
    ཨ་ལས།
    a las/
  • སྐུ་ཞབས
    ནང་བསྟན་སློབ་གྲྭ་ཟེར། ཨ་ནི་་་།བཤད་གྲྭ་གླིང་ཟེར་ཡས་ཁོ་རང་གང་ཡིན་བྱས་ན། དཱ་ཆོས་ཕར་ཚུར་བཤད་ཉན་བྱེད་སའི་གྲྭ་ཟེར་དུས་དཱ་ཁོ་རང་ཚོགས་པ་འདི་འདྲས་ལ་ཡ་གོ་ཡས་རེད་པཱ།
    nang bstan slob grwa zer/_a ni /bshad grwa gling zer yas kho rang gang yin byas na/_dA chos phar tshur bshad nyan byed sa'i grwa zer dus dA kho rang tshogs pa 'di 'dras la ya go yas red pA/
  • སྐུ་ཞབས
    སློབ་གྲྭ་ཟེར་དུས་སློབ་སྦྱོང་བྱེད་སའི་གྲྭ་ཟེར། ཚོགས་པ་ལ་ཟེར་གྱི་རེད་པཱ།
    slob grwa zer dus slob sbyong byed sa'i grwa zer/_tshogs pa la zer gyi red pA/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    སྒྲུབ་གྲྭ་གང་ཡིན་ཟེར།ཟེར་ཡིན་བྱས་པ་ཡིན་ན། དཱ།སྒྲུབ་པ་རྒྱག་སའི་ཚོགས་པ་འདི་འདྲས་ལ་ཟེར་གྱི་རེད་པཱ།
    sgrub grwa gang yin zer/zer yin byas pa yin na/_dA/sgrub pa rgyag sa'i tshogs pa 'di 'dras la zer gyi red pA/
  • བུ་ཆུང
    སྒྲུབ་པ་རྒྱག་སའི་ཚོགས་པ།
    sgrub pa rgyag sa'i tshogs pa/
  • སྐུ་ཞབས
    ཨོང་།བཤད་གྲྭ་ཁང་ཟེར་དུས་ད་ཁོ་ཆོས་བཤད་ཉན་བྱེད་སའི་གྲྭའམ་ཚོགས་པ་འདི་འདྲས་གཅིག་ལ་བཤད་གྲྭ་ཁང་ཟེར་གྱི་རེད། གཞན་ནི་ཐོག་མའི་བྱས་ན་དཱ་ནང་བསྟན་སློབ་གྲྭ་བཟོ་འདྲའི་ཅིག་རེད།
    ong /bshad grwa khang zer dus da kho chos bshad nyan byed sa'i grwa'am tshogs pa 'di 'dras gcig la bshad grwa khang zer gyi red/_gzhan ni thog ma'i byas na dA nang bstan slob grwa bzo 'dra'i cig red/
  • བུ་ཆུང
    འོང་་་། ནང་པའི་སློབ་གྲྭ། ལགས་སོ།
    'ong /_nang pa'i slob grwa/_lags so/
  • བུ་ཆུང
    ཨ་ནི་་་་།འདི་གཞན་དག་གི་འདི་འདི་འདྲས་ཡོའོ་༿ཡོད་༾རེད་པས་ལགས། དཔེ་ཆ་བཞག་ན་དགོན་པའི་ནང་ལ་ཡ་བཤད་གྲྭ་གླིང་མིན་པའི་གྱི་༿ཡོ་༾སློབ་སྦྱོང་བྱེད་ས་འདི་འདྲས་ཡོའོ་༿ཡོད་༾རེད་པས་ལགས།
    a ni /'di gzhan dag gi 'di 'di 'dras yo'o {yod }red pas lags/_dpe cha bzhag na dgon pa'i nang la ya bshad grwa gling min pa'i gyi {yo }slob sbyong byed sa 'di 'dras yo'o {yod }red pas lags/
  • སྐུ་ཞབས
    དཱ་འདི་དགོན་པ་གཞུང་རང་ལ་དཱ་འདིའི་ཆེད་དུ་དཱ་དགོན་པ་རང་གིས་ཡ་ནས་མར་འགྲོ་སོང་གནང་།འདི་འདྲས་ཨན་་་་་ཁ་ལག་དང་འདི་འདྲས་དུས་ཐོག་དུས་ཐོག་གནང་ཏེ་དཱ་འདིར་ཆེད་མངགས་སློབ་གྲྭ་ཚུགས་འདི་འདྲས་བྱས་པ་རེད།
    dA 'di dgon pa gzhung rang la dA 'di'i ched du dA dgon pa rang gis ya nas mar 'gro song gnang /'di 'dras an kha lag dang 'di 'dras dus thog dus thog gnang te dA 'dir ched mngags slob grwa tshugs 'di 'dras byas pa red/
  • སྐུ་ཞབས
    གཞན་དགོན་པ་རང་ལ་ཨོའོ། དཱ་འདི་ཨོའོ། ཁོ་རང་ཚོ་ནམ་རྒྱུན་ད་ཚོགས་དང་འདི་འདྲས་ལ་ཕེབས་དགོས་རེད་པཱ།
    gzhan dgon pa rang la o'o/_dA 'di o'o/_kho rang tsho nam rgyun da tshogs dang 'di 'dras la phebs dgos red pA/
  • བུ་ཆུང
    འོ།རེད་པཱ་ལགས།
    'o/red pA lags/
  • སྐུ་ཞབས
    དེ་ནི་ཞར་དང་ཞོར་ལ་ཡང་རིག་གནས་ཀྱི་དགེ་རྒན་འདི་འདྲས་གདན་འདྲེན་ཞུས་བྱས། ཨོའོ་་་་།སུམ་ཅུ་པ་དང་སྙན་ངག་ཟེར་མཁན་འདི་འདྲས། དེ་ནི་རྩིས། སྐར་མ་ཟེར་མཁན་འདི་འདྲས།འདི་འདྲས་ཡང་འཁྲིད་ཀྱི་ཡོའོ་༿ཡོད་༾རེད།ཞར་དང་ཞོར་ལ་ཡང་།
    de ni zhar dang zhor la yang rig gnas kyi dge rgan 'di 'dras gdan 'dren zhus byas/_o'o /sum cu pa dang snyan ngag zer mkhan 'di 'dras/_de ni rtsis/_skar ma zer mkhan 'di 'dras/'di 'dras yang 'khrid kyi yo'o {yod }red/zhar dang zhor la yang /
  • བུ་ཆུང
    འཁྲིད་ཀྱི་ཡོའོ་༿ཡོད་༾རེད་པས།དགོན་པ་ཡར། ལགས་སོ།འདིར་ཡང་འཁྲིད་ཀྱི་རེད་པས།
    'khrid kyi yo'o {yod }red pas/dgon pa yar/_lags so/'dir yang 'khrid kyi red pas/
  • སྐུ་ཞབས
    འོང་། འདི་ལ་ཡང་འཁྲིད་ཀྱི་རེད།
    'ong /_'di la yang 'khrid kyi red/
  • བུ་ཆུང
    འདི་ལ་ཡང་འཁྲིད།དགོན་པ་ཁོ་རང་ཚོ་ལའི་འཁྲིད།
    'di la yang 'khrid/dgon pa kho rang tsho la'i 'khrid/
  • སྐུ་ཞབས
    འོང་། དཱ་འདིར་ཆེད་མངགས་ཨོའོ་་་་།དགོན་པ་རང་གི་འགྲོ་སོང་བཏང་བྱས་ཡང་ཁོ་རང་ཚོགས་པ་གཅིག་བཙུགས་ཡོའོ་༿ཡོད་༾རེད་པཱ།
    'ong /_dA 'dir ched mngags o'o /dgon pa rang gi 'gro song btang byas yang kho rang tshogs pa gcig btsugs yo'o {yod }red pA/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    དཱ།ཡ་གའི་ཁོ་རང་ཚོ་ཡང་ལས་ཀ་དང་། དེ་ནི་ཚོགས་དང་འདི་འདྲས་ཀྱི་ཞོར་ལ་བཟོ་འདྲའི་གཅིག་རེད་ལགས།
    dA/ya ga'i kho rang tsho yang las ka dang /_de ni tshogs dang 'di 'dras kyi zhor la bzo 'dra'i gcig red lags/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཆེད་མངགས་ཡང་ཁོ་འགྲོ་སོང་དང་འདི་འདྲས་ཟེར་ཡོའོ་༿ཡོད་༾མ་རེད་ལགས།
    ched mngags yang kho 'gro song dang 'di 'dras zer yo'o {yod }ma red lags/
  • བུ་ཆུང
    ཡོའོ་༿ཡོད་༾མ་རེད་པཱ་ལགས།
    yo'o {yod }ma red pA lags/
  • སྐུ་ཞབས
    འོང་། ལགས།
    'ong /_lags/
  • བུ་ཆུང
    ལགས་སོ། ཨ་ནི་་་་་འདི་ང་རྣམས་ཚོའི་འདི་ག་དུས་བཙུགས་པ་རེད་པས་ལགས།
    lags so/_a ni 'di nga rnams tsho'i 'di ga dus btsugs pa red pas lags/
  • སྐུ་ཞབས
    ཨོའོ།འདིའི་ཆིག་སྟོང་དགུ་བརྒྱ་ད་དགུ་བཅུ་དགུ་བརྒྱད་༿༡༩༩༨༾ཀྱི་བོད་ཟླ་དང་པོའི་ཚེས་པ་བཅུ་བདུན་ལ་ཨོའོ།བཤད་གྲྭ་འདི་དངོས་སུ།དངོས་སུ། དཱ།
    o'o/'di'i chig stong dgu brgya da dgu bcu dgu brgyad {1998}kyi bod zla dang po'i tshes pa bcu bdun la o'o/bshad grwa 'di dngos su/dngos su/_dA/
  • བུ་ཆུང
    དངོས་སུ་མགོ་བཙུགས་པ་རེད།རེད་པཱ། ཨོའོ་འོ།
    dngos su mgo btsugs pa red/red pA/_o'o 'o/
  • སྐུ་ཞབས
    དེ་དུས་ཨཱ་དཱ་འདི་བཤད་གྲྭའི་ཚུགས་སྟངས་ལ་རྟེན་འབྲེལ་དང་འདི་འདྲས་ལ་བྱེད་དགོས་རེད་པཱ་ལགས།
    de dus A dA 'di bshad grwa'i tshugs stangs la rten 'brel dang 'di 'dras la byed dgos red pA lags/
  • བུ་ཆུང
    ཨོའོ་རེད།
    o'o red/
  • སྐུ་ཞབས
    དེ་དུས་སྐབས་ལ། དེ་ནི་སྨན་རྩིས་ཁང་གི་མཁས་དབང་མཁན་རིན་པོ་ཆེ་ཚུལ་ཁྲིམས་རྒྱལ་མཚན་གདན་འདྲེན་ཞུས།
    de dus skabs la/_de ni sman rtsis khang gi mkhas dbang mkhan rin po che tshul khrims rgyal mtshan gdan 'dren zhus/
  • བུ་ཆུང
    རང་སྐྱོང་ལྗོངས་སྨན་རྩིས་ཁང་གི།
    rang skyong ljongs sman rtsis khang gi/
  • སྐུ་ཞབས
    ཨོའོ།༿རེད།༾
    o'o/{red/}
  • བུ་ཆུང
    ཨ་ལས་ལས།ལགས་སོ།
    a las las/lags so/
  • སྐུ་ཞབས
    མཁས་དབང་ཚུལ་ཁྲིམས་རྒྱལ་མཚན།
    mkhas dbang tshul khrims rgyal mtshan/
  • བུ་ཆུང
    འདིར་ཕེབས་པ་རེད་པས།
    'dir phebs pa red pas/
  • སྐུ་ཞབས
    འོ་ཨོ།༿རེད།༾
    'o o/{red/}
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    འདིར་གདན་འདྲེན་ཞུས། ཨ་ནི་་་་་ཁོང་གིས་ད་ལྟའི་ཆོས་གྲྭ་ཐོག་མར་འཛུགས་དུས་ཀྱི་དེ་ནི་འདི་ལ་སློབ་མ་རྣམས་ལ་མར་ཆོས་འདི་གསུངས།
    'dir gdan 'dren zhus/_a ni khong gis da lta'i chos grwa thog mar 'dzugs dus kyi de ni 'di la slob ma rnams la mar chos 'di gsungs/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    དེ་ནི་ཁོ་རང་གིས་དབུ་རྩ་འཛུགས་ཡས་ཀྱི་རྟེན་འབྲེལ་དེའི་མཛད་སྒོར་ཕེབས་པ་རེད།
    de ni kho rang gis dbu rtsa 'dzugs yas kyi rten 'brel de'i mdzad sgor phebs pa red/
  • བུ་ཆུང
    ཨ་ལས།ལགས་སོ།ལགས་སོ། ཨ་ནི་་་་།འདིར་ཨོའོ་་་་་ང་རྣམས་ཚོའི་འདིའི་བཤད་གྲྭ་འདིའི་ཡ་འདི་ཡོའོ་༿ཡོད་༾རེད་པས་ལགས། ཨོའོ་་་་།སྐུ་ཞབས་ག་ཚོད་ཙམ་ཅིག་ཡོའོ་༿ཡོད་༾རེད། ད་ལྟ།
    a las/lags so/lags so/_a ni /'dir o'o nga rnams tsho'i 'di'i bshad grwa 'di'i ya 'di yo'o {yod }red pas lags/_o'o /sku zhabs ga tshod tsam cig yo'o {yod }red/_da lta/
  • སྐུ་ཞབས
    སྐུ་ཞབས་དཱ་ལྟ་བསྡོམས་པའི་གྱི་དཱ་བདུན་ཅུ་བདུན་བཞི་ཙམ་ཅིག་སླེབས་ཀྱི་ཡོའོ་༿ཡོད་༾རེད།
    sku zhabs dA lta bsdoms pa'i gyi dA bdun cu bdun bzhi tsam cig slebs kyi yo'o {yod }red/
  • བུ་ཆུང
    ལགས་སོ། ཨ་ནི་་་་་འདི་གྱད་ཚང་མ་དེའི་བསམ་ཡས་དགོན་པའི་རེད།
    lags so/_a ni 'di gyad tshang ma de'i bsam yas dgon pa'i red/
  • སྐུ་ཞབས
    མ་རེད་ལགས།
    ma red lags/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    དཱ་འདིའི་བསམ་ཡས་དགོན་པ་རང་གི་སུམ་ཅུ་ཙམ་ཅིག་སླེབས་ཀྱི་འདུག་གཱ་ལགས།
    dA 'di'i bsam yas dgon pa rang gi sum cu tsam cig slebs kyi 'dug gA lags/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    དེ་ནི་ཁམས་ནས་ཡར་ཕེབས་པའི་དཱ་ཉི་ཤུ་རྩ་ལྔ་ཙམ་གཅིག་བྱས།
    de ni khams nas yar phebs pa'i dA nyi shu rtsa lnga tsam gcig byas/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཨ་ནི་་་་།དེ་ནས་ཡང་དགོན་པ་ད་ནི། དཱ་ང་ཚོའི་ལྷོ་རྒྱུད་དང་འདི་འདྲས་ལ་དགོན་པ་གཅིག་ཡོའོ་༿ཡོད་༾རེད་པཱ། དཱ།
    a ni /de nas yang dgon pa da ni/_dA nga tsho'i lho rgyud dang 'di 'dras la dgon pa gcig yo'o {yod }red pA/_dA/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཨོའོ་་་་།དཱ་འདི། གོང་དཀར་ཤན་༼རྒྱ་སྐད་ཀྱི་སྒྲ་བོད་སྐད་རང་ལ་གོང་དཀར་རྫོང་༽ནས་གནའ་རབ་དྭགས་པོ་གྲྭ་ཚང་ཟེར་མཁན། རྡོ་ཕུད་ཆོས་འཁོར་ཟེར་མཁན་འདི་འདྲས། རྭ་སྨད་དགོན་པ་ཟེར་མཁན་འདི་འདྲས། ཨ་ནི་་་་་འདི་འདྲས་ནས་ཕྱོགས་ཁག་ཚང་མ་ནས་ཨཱ་དཱ་གདན་འདྲེན་ཞུས་བྱས་བུ་སློབ་སུམ་ཅུ་ཙམ་ཅིག་འོ་་་་འདི་འདྲས་ཅིག་ཡོའོ་༿ཡོད་༾རེད།
    o'o /dA 'di/_gong dkar shan (rgya skad kyi sgra bod skad rang la gong dkar rdzong )nas gna' rab dwags po grwa tshang zer mkhan/_rdo phud chos 'khor zer mkhan 'di 'dras/_rwa smad dgon pa zer mkhan 'di 'dras/_a ni 'di 'dras nas phyogs khag tshang ma nas A dA gdan 'dren zhus byas bu slob sum cu tsam cig 'o 'di 'dras cig yo'o {yod }red/
  • བུ་ཆུང
    ཨ་ལས།ལགས་སོ། ཨ་ནི་་་་འདི་ལ་ཕེབས་པ་འདི་འདིར་ང་རྣམས་ཚོ་གཙོ་བོ་དཔེ་ཆ་ག་རེ་ག་རེ་སྦྱངས་གནང་དགོས་རེད།
    a las/lags so/_a ni 'di la phebs pa 'di 'dir nga rnams tsho gtso bo dpe cha ga re ga re sbyangs gnang dgos red/
  • སྐུ་ཞབས
    དཱ་གཙོ་བོ་ཆེ་ཤོས་དཱ་འདིའི་ས་སྐྱ་དཱ་འདིའི་བཤད་གྲྭ་རང་བྱས་ན་ད་ཁོ། ཨཱ་མཁན་རིན་པོ་ཆེ་དཱ་འདིའི་རྫོང་གསར་་ནས་ཡར་ཕེབས་པ་འདི་འདྲས་རེད་པཱ། རྫོང་གསར་སློབ་གྲྭ་ཟེར་མཁན་འདི་ནས་རེད་འདུག ཁམས་ཀྱི་རྫོང་གསར་སློབ་གྲྭ་ཟེར་མཁན་འདི་ནས།
    dA gtso bo che shos dA 'di'i sa skya dA 'di'i bshad grwa rang byas na da kho/_A mkhan rin po che dA 'di'i rdzong gsar nas yar phebs pa 'di 'dras red pA/_rdzong gsar slob grwa zer mkhan 'di nas red 'dug_khams kyi rdzong gsar slob grwa zer mkhan 'di nas/
  • སྐུ་ཞབས
    ཨ་ནི།ཨོང་་་་་ཁོ་རང་དཱ་གྲུབ་མཐའ་རང་བྱས་ན་དཱ་ས་སྐྱའི་གྲུབ་མཐའི་བཟོ་འདྲའི་གཅིག་རེད་པཱ།
    a ni/ong kho rang dA grub mtha' rang byas na dA sa skya'i grub mtha'i bzo 'dra'i gcig red pA/
  • བུ་ཆུང
    ཨ་ལས། ས་སྐྱའི་གྲུབ་མཐའ།
    a las/_sa skya'i grub mtha'/
  • སྐུ་ཞབས
    དེ་ནི་མ་གའི་ཨོང་། འདི་གའི་བཤད་གྲྭའི་དཱ་འདིའི་སྒྲིག་འཛུགས་དང་འདི་འདྲས་སྐོར་ལའི་གཙོ་བོ་ཆེ་ཤོས་དཱ་འདིའི་རྫོང་གསར་་སློབ་གྲྭའི་དཱ་སྒྲིག་འཛུགས་གཞིར་བཞག་གི་བཟོ་འདྲའི་རེད།
    de ni ma ga'i ong /_'di ga'i bshad grwa'i dA 'di'i sgrig 'dzugs dang 'di 'dras skor la'i gtso bo che shos dA 'di'i rdzong gsar slob grwa'i dA sgrig 'dzugs gzhir bzhag gi bzo 'dra'i red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    དེ་ནི་འདི་གིའི་གཙོ་བོ་ཆེ་ཤོས་དཔེ་ཆ་འཁྲིད་ཡས་ལ་ཆ་བཞག་ན་ལའི་དཱ་ཁོ་རང་ཨཱ་་་་་དགེ་ལུགས་པ་ཡིན་ན། དེ་ནི་དཱ་གཞུང་བཀའ་པོད་ལྔ་ཟེར་མཁན་འདི་འདྲས་ཟེར་གྱི་རེད་པཱ།
    de ni 'di gi'i gtso bo che shos dpe cha 'khrid yas la cha bzhag na la'i dA kho rang A dge lugs pa yin na/_de ni dA gzhung bka' pod lnga zer mkhan 'di 'dras zer gyi red pA/
  • བུ་ཆུང
    གཞུང་བཀའ་པོད་ལྔ། འོ་་་་རེད།
    gzhung bka' pod lnga/_'o red/
  • སྐུ་ཞབས
    སྤྱིར་གཞུང་བཀའ་པོད་ལྔ་དཱ་གྲུབ་མཐའ་ཐམས་ཅད་ཀྱི་སློབ་སྦྱོང་བྱེད་ཀྱི་རེད་དའི་ཡང་གཙོ་བོ་སོ་སོ་སོའི་གྲུབ་མཐའི་ཡང་མིང་འབོད་ཚུལ་ཁག་ཁག་འདི་འདྲས་ནི་ཡོང་གི་རེད་པཱ།
    spyir gzhung bka' pod lnga dA grub mtha' thams cad kyi slob sbyong byed kyi red da'i yang gtso bo so so so'i grub mtha'i yang ming 'bod tshul khag khag 'di 'dras ni yong gi red pA/
  • བུ་ཆུང
    འོ་་་་་རེད་པཱ་ལགས། ང་རྣམས་ཚོའི་དགོན།
    'o red pA lags/_nga rnams tsho'i dgon/
  • སྐུ་ཞབས
    ཡང་ཁོ་ར་ཁག་ཅིག་གི་ཡིན་ན་གཞུང་ཆེན་བཅུ་གསུམ་འདི་འདྲས་ཟེར་གྱི་རེད་པཱ། དཱ་ང་ཚོའི་ས་སྐྱ་རང་ལ་བྱས་ན་གཞུང་གྲགས་ཆེན་བཅོ་བརྒྱད་ཟེར་གྱི་རེད།
    yang kho ra khag cig gi yin na gzhung chen bcu gsum 'di 'dras zer gyi red pA/_dA nga tsho'i sa skya rang la byas na gzhung grags chen bco brgyad zer gyi red/
  • བུ་ཆུང
    གཞུང་གྲགས་ཆེན་བཅོ་བརྒྱད།
    gzhung grags chen bco brgyad/
  • སྐུ་ཞབས
    འོང་། དཱ་བརྗོད་བྱ་ནང་ནས་ཚུར་བསྡུས་པ་ཡིན་ན། ཕར་ཚད་འདུལ་མངོན་དབུ་མ་མདོ་གསུམ་ཟེར་བྱས་པོད་ཆེན་དྲུག་ཟེར་བྱས།
    'ong /_dA brjod bya nang nas tshur bsdus pa yin na/_phar tshad 'dul mngon dbu ma mdo gsum zer byas pod chen drug zer byas/
  • བུ་ཆུང
    ཕར་ཚད་འདུན་མངོན་དབུ་མ་མདོ་གསུམ་ཟེར་བྱས། འོང་།
    phar tshad 'dun mngon dbu ma mdo gsum zer byas/_'ong /
  • སྐུ་ཞབས
    དཱ་ཁོ་ཕར་རྒྱས་པར་ཕྱེ་ན་དེ་ནི་པོད་ཆེན་དྲུག་འདི་ཕར་རྒྱས་པར་ཕྱེ་ནས། དེ་ནི་གཞུང་གྲགས་ཆེན་བཅོ་བརྒྱད་ཟེར་གྱི་འདུག་གཱ
    dA kho phar rgyas par phye na de ni pod chen drug 'di phar rgyas par phye nas/_de ni gzhung grags chen bco brgyad zer gyi 'dug gA
  • བུ་ཆུང
    ཨ་ལས།
    a las/
  • སྐུ་ཞབས
    དེ་ནི་གཙོ་བོ་ཆེ་ཤོས་ད་གིན་འདིར་ཐོས་བསམ་བྱེད་ཡས་བཟོ་འདྲའི་གཅིག་རེད།
    de ni gtso bo che shos da gin 'dir thos bsam byed yas bzo 'dra'i gcig red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    དཱ་ན་ནིང་ད་ལྟ་ཨོ་་་་་ཐོས་བསམ་བྱས་པའི་ནང་ལ་ད་ལྟ་གཞུང་གྲགས་ཆེན་བཅོ་བརྒྱད་ཆ་ཚང་ཕྱིན་ཡོའོ་༿ཡོད་༾མ་རེད།
    dA na ning da lta o thos bsam byas pa'i nang la da lta gzhung grags chen bco brgyad cha tshang phyin yo'o {yod }ma red/
  • བུ་ཆུང
    ཕྱིན་ཡོའོ་༿ཡོད་༾མ་རེད་པས།
    phyin yo'o {yod }ma red pas/
  • སྐུ་ཞབས
    འོང་་་་་ལགས།
    'ong lags/
  • བུ་ཆུང
    དཱ་འདི་ལོ་ཚད་ག་ཚོད་ཡིན་ནམ། ང་རྣམས་ཚོའི་འདི། འདི་བཤད་གྲྭ་གླིང་འདི།
    dA 'di lo tshad ga tshod yin nam/_nga rnams tsho'i 'di/_'di bshad grwa gling 'di/
  • སྐུ་ཞབས
    དཱ་འདི་ཁོ་རང་རང་གི་དཱ་འདི་ཐོག་མའི་དབུ་བཙུགས་ནས་བྱས་དཱ་ལོ་དྲུག་གི་འཆར་གཞིའི་ནང་ལ་དེ་ནི་ཚང་མ་དཱ། གཞུང་གྲགས་ཆེན་བཅོ་བརྒྱད་ཆ་ཚང་གཅིག་ཕྱིན་བྱས། དེ་ནི་ཕར་ཐོན་ཐུབ་ཡས་ཀྱི་དཱ་འདིའི་ཐོག་མའི་འཆར་གཞི་ར་ཅིག་གཅིག་བྱས་ན་འདི་འདྲས་གཅིག་བཞག་གནང་ཡོའོ་༿ཡོད་༾རེད།
    dA 'di kho rang rang gi dA 'di thog ma'i dbu btsugs nas byas dA lo drug gi 'char gzhi'i nang la de ni tshang ma dA/_gzhung grags chen bco brgyad cha tshang gcig phyin byas/_de ni phar thon thub yas kyi dA 'di'i thog ma'i 'char gzhi ra cig gcig byas na 'di 'dras gcig bzhag gnang yo'o {yod }red/
  • བུ་ཆུང
    ལགས་སོ།  ཨ་ནི་་་་།ག་རེ་ཟེར། འདིའི་ལོ་དྲུག་འདི་འདིའི་ཐོན་ནས་ཨ་ནི་་་་་ང་རྣམས་ཚོ་གང་འདྲས་རེད་ལགས། དགོན་པར་ཡར་ཕེབས་ཀྱི་ཡོའོ་༿ཡོད་༾རེད། སོ་སོ་སོའི་དགོན་པར་ཕེབས་ཀྱི་རེད། ཡང་མིན་ན་གང་འདྲས་བཀོད་སྒྲིག་གནང་གི་ཡོའོ་༿ཡོད་༾རེད།
    lags so/__a ni /ga re zer/_'di'i lo drug 'di 'di'i thon nas a ni nga rnams tsho gang 'dras red lags/_dgon par yar phebs kyi yo'o {yod }red/_so so so'i dgon par phebs kyi red/_yang min na gang 'dras bkod sgrig gnang gi yo'o {yod }red/
  • སྐུ་ཞབས
    ཨོའོ་་་་་ད་ལོ་དྲུག་ནས་ད་ཁོ་རང་གི་ཆུ་ཚད་བཟོ་འདྲས་འདི་ལ་ཏོག་ཙམ་བལྟ་ཡི་རེད་པཱ་ལགས།
    o'o da lo drug nas da kho rang gi chu tshad bzo 'dras 'di la tog tsam blta yi red pA lags/
  • བུ་ཆུང
    ཨ་ལས།ལགས་སོ།
    a las/lags so/
  • སྐུ་ཞབས
    དེ་ནི་ཁོང་དཔེ་ཆ་དེ་ནི་ཡག་པོ་འདི་འདྲས་ཡང་མཁས་པ་ཆེན་པོ་འདི་འདྲས་ཤར་༿ཆགས་༾ན། དཱ་ཁོ་དགོན་པ་ཁག་གི་འདི་འདྲས་ཡང་མཁན་པོ་དང་འདི་འདྲས་ལ་བཏང་ཡས་ཀྱི་དམིགས་ཡུལ་བཟོ་འདྲའི་གཅིག དཱ་ཁ་ཅིག་ཡང་སོ་སོ་སོའི་དགོན་པས་ཡང་སོ་སོའི་དགོན་པར་ཡར་ལོག་ཡོང་དགོས་ཡོད། འདི་འདྲས་བཟོ་འདྲའི་འདི་འདྲས་ཟེར་གྱི་རེད་པཱ་ལགས།
    de ni khong dpe cha de ni yag po 'di 'dras yang mkhas pa chen po 'di 'dras shar {chags }na/_dA kho dgon pa khag gi 'di 'dras yang mkhan po dang 'di 'dras la btang yas kyi dmigs yul bzo 'dra'i gcig_dA kha cig yang so so so'i dgon pas yang so so'i dgon par yar log yong dgos yod/_'di 'dras bzo 'dra'i 'di 'dras zer gyi red pA lags/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    འོ་་་་་འདི་འདྲས་བྱས། ཨ་ནི་་་་།ཡང་ཁ་ཅིག་ཡང་སླར་ཡང་དཱ་ལོ་དྲུག་ནས་ཡང་བཤད་གྲྭ་ཡང་སློབ་མ་གསར་པ་སླེབས་བྱས་འདིར་ཅིག་བསྡུ་ཀྱི་༿ཡི་༾རེད་པཱ།
    'o 'di 'dras byas/_a ni /yang kha cig yang slar yang dA lo drug nas yang bshad grwa yang slob ma gsar pa slebs byas 'dir cig bsdu kyi {yi }red pA/
  • བུ་ཆུང
    ཡང་བསྐྱར་ཚུར་སླེབས།
    yang bskyar tshur slebs/
  • སྐུ་ཞབས
    ཨ་ནི་་་་་དེ་དུས་ནས་ཡང་སོ་སོའི་རེ་བ་ཞུས་བྱས་བཤད་གྲྭ་ཁང་ལ་བསྡད་མཁན་འདི་འདྲས་ཡོད་ན། ཡང་བསྡད་ཆོག་པའི་འདི་འདྲས་འདི་འདྲས་རེད་འདུག
    a ni de dus nas yang so so'i re ba zhus byas bshad grwa khang la bsdad mkhan 'di 'dras yod na/_yang bsdad chog pa'i 'di 'dras 'di 'dras red 'dug
  • བུ་ཆུང
    ལགས་སོ་ལགས་སོ། ཨ་ནི་་་་།དེའི་ཡ་ད་ལྟ་འདི་འདིའི་ང་རྣམས་ཚོའི་འདི་ལ། ཨ་་་་་སློབ་ཚན་འཁྲིད་གནང་དུས་དཱ་གཙོ་་བོ་སུས་འཁྲིད་གནང་གི་ཡོད་༿དམ་༾ནམ།
    lags so lags so/_a ni /de'i ya da lta 'di 'di'i nga rnams tsho'i 'di la/_a slob tshan 'khrid gnang dus dA gtso bo sus 'khrid gnang gi yod {dam }nam/
  • སྐུ་ཞབས
    གཙོ་བོ་འདི་དཱ་ཁམས་ནས་ཕེབས་པའི་མཁན་རིན་པོ་ཆེ་ཨ་དཀར་རྡོ་རྗེ་ཞེས་ཞུ་མཁན་གཅིག་ཡོའོ་༿ཡོད་༾རེད། ཁོང་གི་མཚན་ལའི་ཨ་དཀར་རྡོ་རྗེ་ཞུ་གི་༿ཡི་༾རེད།
    gtso bo 'di dA khams nas phebs pa'i mkhan rin po che a dkar rdo rje zhes zhu mkhan gcig yo'o {yod }red/_khong gi mtshan la'i a dkar rdo rje zhu gi {yi }red/
  • བུ་ཆུང
    ཨ་དཀར་རྡོ་རྗེ། ཁོང་གི་མཚན་ལ་ཨ་དཀར་རྡོ་རྗེ།
    a dkar rdo rje/_khong gi mtshan la a dkar rdo rje/
  • སྐུ་ཞབས
    འོང་།
    'ong /
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཁོང་ད་ལྟའི།ད་ལྟའི་འཇོམ་མདའ་ཤན་གྱི་ཁོངས་ནས་རེད།
    khong da lta'i/da lta'i 'jom mda' shan gyi khongs nas red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཨཱ་་་་་མདོ་སྨད་ཁྲི་གཙུག་དགོན་ཟེར་མཁན་འདིའི།
    A mdo smad khri gtsug dgon zer mkhan 'di'i/
  • བུ་ཆུང
    ཁྲི་གཙུག་དགོན།
    khri gtsug dgon/
  • སྐུ་ཞབས
    འོང་།
    'ong /
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    དེ་ནི་ཁོང་བཤད་གྲྭ་ཁོ་རང་སློབ་གྲྭ་ཐོན་ཡས་འདི་ད་ལྟའི་ཁམས་ཀྱི་རྫོང་གསར་སློབ་གྲྭ་ཟེར་མཁན་འདི་ནས།
    de ni khong bshad grwa kho rang slob grwa thon yas 'di da lta'i khams kyi rdzong gsar slob grwa zer mkhan 'di nas/
  • བུ་ཆུང
    རྫོང་གསར་བསླབ་༿སློབ་༾གྲྭ་ནས།
    rdzong gsar bslab {slob }grwa nas/
  • སྐུ་ཞབས
    འོང་། ཨ་ནི་་་་་ཁོང་གི་འདི་ལ་གཙོ་བོ་བྱས་བྱས་དཱ་ཨོའོ། སློབ་ཚན་འཁྲིད་གནང་།
    'ong /_a ni khong gi 'di la gtso bo byas byas dA o'o/_slob tshan 'khrid gnang /
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཡང་ཁོ་རང་ང་ཚོའི་འདི་བར་ཡང་སྙན་ངག་སུམ་རྟགས་དང་འདི་འདྲས་རྩིས་དཀར་ནག་འདི་འདྲས་འཁྲིད་ཀྱི་རེད་པཱ།
    yang kho rang nga tsho'i 'di bar yang snyan ngag sum rtags dang 'di 'dras rtsis dkar nag 'di 'dras 'khrid kyi red pA/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    དེ་དུས་སྐབས་ནི་ཡང་ནི་རིག་གནས་ཀྱི་དགེ་རྒན་འདི་འདྲས་ཡང་ཟུར་དུ་གདན་འདྲེན་ཞུ་གི་༿ཡི་༾ཡོའོ་༿ཡོད་༾རེད། ཞུས་བྱས་ཡང་འཁྲིད་ཀྱི་རེད།
    de dus skabs ni yang ni rig gnas kyi dge rgan 'di 'dras yang zur du gdan 'dren zhu gi {yi }yo'o {yod }red/_zhus byas yang 'khrid kyi red/
  • བུ་ཆུང
    ཨ་ལས་གཟའ་སྐར་རེ་རེ་ཙམ་དཱ་ཡིན་ནའི་སྐར་རྩིས་དང་འདི་ཚོ་འགང་ག་༿ཚང་མ་༾ཟུར་དུ་ཡང་གདན་འདྲེན་ཞུ་ཡི་ཡོའོ་༿ཡོད་༾རེད་པས། ག་ནས་ཞུ་གི་༿ཡི་༾རེད་གདན་འདྲེན།
    a las gza' skar re re tsam dA yin na'i skar rtsis dang 'di tsho 'gang ga {tshang ma }zur du yang gdan 'dren zhu yi yo'o {yod }red pas/_ga nas zhu gi {yi }red gdan 'dren/
  • སྐུ་ཞབས
    ཨཱ་་་་་འདི་ད་ལྟའི། ད་ལྟའི་ལྷ་སའི་ད་ལྟ་སྨན་རྩིས་ཁང་གི་མཁན་པོ་ཚུལ་ཁྲིམས་རྒྱལ་མཚན་ཟེར་མཁན་ཞུ་མཁན་གཅིག་ཡོའོ་༿ཡོད་༾རེད་པཱ། ཁོ་རང་གི་སློབ་མ་དཱ་འདིའི་རྒན། ཨཱ་་་་་རྣམ་ཐར་གྱི་དགེ་བཤེས་ཟླ་བ་ལགས་ཟེར་མཁན་གཅིག་ཡོའོ་༿ཡོད་༾རེད།
    A 'di da lta'i/_da lta'i lha sa'i da lta sman rtsis khang gi mkhan po tshul khrims rgyal mtshan zer mkhan zhu mkhan gcig yo'o {yod }red pA/_kho rang gi slob ma dA 'di'i rgan/_A rnam thar gyi dge bshes zla ba lags zer mkhan gcig yo'o {yod }red/
  • བུ་ཆུང
    ཨ་ལས་ལས།
    a las las/
  • སྐུ་ཞབས
    ཨ་ནི་་་་་འདི་ཁོ་རང་ཡང་རིག་གནས་དང་འདི་འདྲས་ལ་མཁས་པ་ཆེན་པོ་རེད། ཨ་ནི་་་་་ཁོ་རང་གདན་འདྲེན་ཞུས། ཡང་རིག་གནས་འཁྲིད་འདི་འདྲས་བྱེད་ཀྱི་ཡོའོ་༿ཡོད་༾རེད།
    a ni 'di kho rang yang rig gnas dang 'di 'dras la mkhas pa chen po red/_a ni kho rang gdan 'dren zhus/_yang rig gnas 'khrid 'di 'dras byed kyi yo'o {yod }red/
  • བུ་ཆུང
    ཨ་ལས།
    a las/
  • སྐུ་ཞབས
    གཙོ་བོ་ཆེ་ཤོས་གཞན་འདིའི་རིག་གནས་དང་འདི་འདྲས་ལ་ཡང་ཨོའོ་་་་།གཙོ་བོ་ཆེ་ཤོས་བྱེད་ཀྱི་མ་རེད།
    gtso bo che shos gzhan 'di'i rig gnas dang 'di 'dras la yang o'o /gtso bo che shos byed kyi ma red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ནང་པའི་རང་གི། ཨཱ་་་་་འདིའི་ནང་ཆོས་གཅིག་ཡོའོ་༿ཡོད་༾རེད་པཱ། དེབ་འདི་རང་གིས་འཁྲིད་མ་གཞི། ཡང་རིག་གནས་ལ་གཙོ་བོ་ཆེ་ཤོས་བྱེད་ཀྱི་མ་རེད།
    nang pa'i rang gi/_A 'di'i nang chos gcig yo'o {yod }red pA/_deb 'di rang gis 'khrid ma gzhi/_yang rig gnas la gtso bo che shos byed kyi ma red/
  • བུ་ཆུང
    ཨ་ལས།ལགས་སོ།
    a las/lags so/
  • སྐུ་ཞབས
    དཱ་སྐབས་རེ་ཡང་མཁན་པོ་སྐུ་སྙུང་པའི་བཟོ་འདྲ་དང་། འདི་འདྲས་བྱས་པ་ཡིན་ནའི་ལའི་བཤད་གྲྭ་ཕར་ཨཱ་སློབ་ཚན་མེད་པ་བྱས་ནི་བཞག་ཀྱི་མ་རེད།
    dA skabs re yang mkhan po sku snyung pa'i bzo 'dra dang /_'di 'dras byas pa yin na'i la'i bshad grwa phar A slob tshan med pa byas ni bzhag kyi ma red/
  • བུ་ཆུང
    ལགས་སོ། ཚོགས་ཀྱི་ཡོའོ་༿ཡོད་༾རེད་པས།
    lags so/_tshogs kyi yo'o {yod }red pas/
  • སྐུ་ཞབས
    ཡང་རིག་གནས་དགེ་རྒན་གདན་འདྲེན་ཞུས་བྱས་ཡང་ཚོགས་ཀྱི་ཡོའོ་༿ཡོད་༾རེད་ལགས།
    yang rig gnas dge rgan gdan 'dren zhus byas yang tshogs kyi yo'o {yod }red lags/
  • བུ་ཆུང
    ལགས་སོ། ཨ་ནི་་་་་འདིའི་ང་རང་ཚོའི་དེའི་བཤད་གྲྭ་གླིང་དེའི་ནང་ལ་ཡ་ཨ་ནི་་་་་སྒྲིག་གཞི་བཟོ་འདྲ་འདི་གང་འདྲས་ཡིན་ནམ། ལགས།
    lags so/_a ni 'di'i nga rang tsho'i de'i bshad grwa gling de'i nang la ya a ni sgrig gzhi bzo 'dra 'di gang 'dras yin nam/_lags/
  • སྐུ་ཞབས
    སྒྲིག་འཛུགས་ཡིན་ན་དཱ་བཤད་གྲྭ་ཁག་སོ་སོ་དཱ་ཡིན་ཡས་སྒྲིག་འཛུགས་མི་འདྲ་བ་འདི་འདྲས་ཡིན་གྱི་རེད་པཱ་ལགས། ད་འདིའི་སྒྲིག་འཛུགས་འདི་རྫོང་གསར་གྱི་ད་ལྟ་མཁན་རིན་པོ་ཆེ་ཁོ་རང་དཱ་རྫོང་གསར་སློབ་གྲྭ་ནས་ཡར་ཕེབས་པ་རེད་པཱ་ལགས།
    sgrig 'dzugs yin na dA bshad grwa khag so so dA yin yas sgrig 'dzugs mi 'dra ba 'di 'dras yin gyi red pA lags/_da 'di'i sgrig 'dzugs 'di rdzong gsar gyi da lta mkhan rin po che kho rang dA rdzong gsar slob grwa nas yar phebs pa red pA lags/
  • བུ་ཆུང
    འོ་ལགས་སོ།
    'o lags so/
  • སྐུ་ཞབས
    དེ་ནི་སྒྲིག་འཛུགས་ཚང་མ་དཱ་རྫོང་གསར་སློབ་གྲྭ་གཞིར་བཞག་བཟོ་འདྲའི་གཅིག་རེད།
    de ni sgrig 'dzugs tshang ma dA rdzong gsar slob grwa gzhir bzhag bzo 'dra'i gcig red/
  • བུ་ཆུང
    ལགས་སོའོ།
    lags so'o/
  • སྐུ་ཞབས
    དེ་ནི་འདི་བྱས་ནས་དཱ་ཡང་དེང་དུས་ཀྱི་དཱ་སྤྱི་ཚོགས་དང་ཡང་ཕར་ཚུར་ཏིག་ཙམ་ཏིག་ཙམ་བསྟུན་དགོས་རེད་པཱ།
    de ni 'di byas nas dA yang deng dus kyi dA spyi tshogs dang yang phar tshur tig tsam tig tsam bstun dgos red pA/
  • བུ་ཆུང
    རེད་པཱ་ལགས།
    red pA lags/
  • སྐུ་ཞབས
    དེ་ནི་ད་ལྟའི་སློབ་ཚན་ཁོ་རའི་དུས་ཚོད་བྱས་པ་ཡིན་ན། ཞོགས་ཀས་༿པ་༾ད་འདི་ཆུ་ཚོད་ལྔ་དང་ཕྱེད་ཀ་ལ་ད་ཡར་ལངས་ཡས་ཀྱི་དུས་ཚོད་རེད།
    de ni da lta'i slob tshan kho ra'i dus tshod byas pa yin na/_zhogs kas {pa }da 'di chu tshod lnga dang phyed ka la da yar langs yas kyi dus tshod red/
  • བུ་ཆུང
    ཞོགས་ཀས་༿པ་༾
    zhogs kas {pa }
  • སྐུ་ཞབས
    འོང་། ཡར་ལངས་ནས་ད་འདི། དཱ་འདི་དགུན་ཁ་ཡིན་ན་ད་ཆུ་ཚོད་བཅུ་དང་ཕྱེད་ཀ་ལ་སློབ་ཚན་འདི་དངོས་སུ། དཱ་འདི་མཁན་རིན་པོ་ཆེས་ཀྱིས་སློབ་ཚན་འཁྲིད་ཀྱི་རེད་པཱ། འཁྲིད་ཡས་དེ་ཆུ་ཚོད་བཅུ་དང་ཕྱེད་ཀ་རེད།
    'ong /_yar langs nas da 'di/_dA 'di dgun kha yin na da chu tshod bcu dang phyed ka la slob tshan 'di dngos su/_dA 'di mkhan rin po ches kyis slob tshan 'khrid kyi red pA/_'khrid yas de chu tshod bcu dang phyed ka red/
  • བུ་ཆུང
    བཅུ་དང་ཕྱེད་ཀ།
    bcu dang phyed ka/
  • སྐུ་ཞབས
    དབྱར་ཁ་ཉིན་མ་རིང་དུ་ཕྱིན་ནས་དེ་ནི་ཆུ་ཚོད་བཅུ་པ་ལ་ཚོགས། འདི་འདྲས་བྱེད་ཀྱི་རེད། ཚུགས་ནས་ད་ཆུ་ཚོད་བཅུ་གཉིས་ཙམ་གཅིག་སློབ་ཚན་དུས་ཚོད་རེད།
    dbyar kha nyin ma ring du phyin nas de ni chu tshod bcu pa la tshogs/_'di 'dras byed kyi red/_tshugs nas da chu tshod bcu gnyis tsam gcig slob tshan dus tshod red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    དེ་ནས་མར། དཱ་སློབ་ཚན་མར་གྲོལ་ནས་དེ་ནི། དེ་ནས་ཡང་བསམ་བློའི་ངལ་གསོ་འདྲ་གཅིག་བྱས་ཏོག་ཙམ་བསྡད།
    de nas mar/_dA slob tshan mar grol nas de ni/_de nas yang bsam blo'i ngal gso 'dra gcig byas tog tsam bsdad/
  • བུ་ཆུང
    ཨ་ལས།ལགས་སོ། ཆུ་ཚོད་གཅིག་བསྡད་ཀྱི་ཡོད་ན།
    a las/lags so/_chu tshod gcig bsdad kyi yod na/
  • སྐུ་ཞབས
    ཨོའོ།ཆུ་ཚོད་ཕྱེད་ཀ་ཙམ་བསྡད་ཀྱི་རེད། ཡང་ཆུ་ཚོད་གཅིག་ཙམ་བསྡད་ཀྱི་རེད།
    o'o/chu tshod phyed ka tsam bsdad kyi red/_yang chu tshod gcig tsam bsdad kyi red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    སྐབས་རེ་སློབ་ཚན་ལ་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་ཙམ་འགོར་གྱི་རེད།
    skabs re slob tshan la chu tshod bcu gnyis dang phyed ka tsam 'gor gyi red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    གཏན་འཁེལ་ཟེར་ཞེ་དྲག་ཟེར་ཡོའོ་༿ཡོད་༾མ་རེད།
    gtan 'khel zer zhe drag zer yo'o {yod }ma red/
  • བུ་ཆུང
    ལགས་ལགས།
    lags lags/
  • སྐུ་ཞབས
    ཆུ་ཚོད་དང་པོ་ལ་འདི་ནས་ཁ་ལག་བཏང་གི་རེད།
    chu tshod dang po la 'di nas kha lag btang gi red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཁ་ལག་གཏང་ནས། དེ་ནི་ཆུ་ཚོད་དང་པོ་ལ་ཁ་ལག་བཟས་ནས། ཆུ་ཚོད་དང་པོ་ནས་གཉིས་པ་བར་དེའི་ཡང་ཁོ་རའི་ངལ་གསོའི་དུས་ཚོད་འཁྱུག་ཙམ་ཡོའོ་༿ཡོད་༾རེད།
    kha lag gtang nas/_de ni chu tshod dang po la kha lag bzas nas/_chu tshod dang po nas gnyis pa bar de'i yang kho ra'i ngal gso'i dus tshod 'khyug tsam yo'o {yod }red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    གཉིས་པ་ལ་ཡང་གཉིད་འདི་འདྲས་ཏོག་ཙམ་འདྲ་ཅིག་ཉལ།
    gnyis pa la yang gnyid 'di 'dras tog tsam 'dra cig nyal/
  • བུ་ཆུང
    ཨ་ལས་ལས། ལགས་སོ།
    a las las/_lags so/
  • སྐུ་ཞབས
    ཀླད་པའི་ངལ་གསོ་འདྲ་གཅིག་བྱས་བྱས། དེ་ནི་ཆུ་ཚོད་གཉིས་པ་ནས་ད་འདིའི་ཆུ་ཚོད་བཞི་པ། བཞི་པ་བར་དུ་སོ་སོ་སོའི་ཤག་ནང་ལ་ང་ཚོས་བྱས་ན་དཱ་ཐུན་ཚུགས་པ་ཟེར་གྱི་རེད།
    klad pa'i ngal gso 'dra gcig byas byas/_de ni chu tshod gnyis pa nas da 'di'i chu tshod bzhi pa/_bzhi pa bar du so so so'i shag nang la nga tshos byas na dA thun tshugs pa zer gyi red/
  • བུ་ཆུང
    ཐུན་ཚུགས་པ།
    thun tshugs pa/
  • སྐུ་ཞབས
    འོང་། རང་སྦྱོང་ཚུགས་པ་རེད། སོ་སོ་ཞོགས་ཀས་མར་མཁན་པོས་དཔེ་ཆ་འཁྲིད་པ་གཅིག་ཡོའོ་༿ཡོད་༾རེད་པཱ།
    'ong /_rang sbyong tshugs pa red/_so so zhogs kas mar mkhan pos dpe cha 'khrid pa gcig yo'o {yod }red pA/
  • བུ་ཆུང
    འོང་། རེད་པཱ་ལགས།
    'ong /_red pA lags/
  • སྐུ་ཞབས
    དེ་ནི་རང་སྦྱོང་ཚུགས་ནས་དེ་ནི་ཕར་ཚུར་སྒོ་དང་ཚང་མ་བཀག་བྱས་ཕར་ཚུར་སྐད་ཕྱིན་ཆོག་ཡས་ཡོའོ་༿ཡོད་༾མ་རེད། ཆུ་ཚོད་གཉིས།
    de ni rang sbyong tshugs nas de ni phar tshur sgo dang tshang ma bkag byas phar tshur skad phyin chog yas yo'o {yod }ma red/_chu tshod gnyis/
  • བུ་ཆུང
    ཨ་ལས། ཆུ་ཚོད་གཉིས་བར་དུ།
    a las/_chu tshod gnyis bar du/
  • སྐུ་ཞབས
    དཱ་གཉིས་པ་ནས་བཞི་པ་བར་དུ་རེད། དེ་ནི་བཞི་པ་ནས་མར་ད་ཐུན་འདི་གྲོལ་པ་རེད། གྲོལ་ནས་དཱ་འདི་ཆོས་ཁྲིམས་ཟེར་དགོས་རེད་དགེ་བསྐོས་ཡོའོ་༿ཡོད་༾རེད་པཱ།
    dA gnyis pa nas bzhi pa bar du red/_de ni bzhi pa nas mar da thun 'di grol pa red/_grol nas dA 'di chos khrims zer dgos red dge bskos yo'o {yod }red pA/
  • བུ་ཆུང
    འོ་རེད།
    'o red/
  • སྐུ་ཞབས
    དགེ་སྐོས་ཀྱིས་མར་བརྡ་གཅིག་གཏང་ཡས་ཡོའོ་༿ཡོད་༾རེད། བརྡ་འདི་གཏང་ནས། ཨ་ནི་་་་་ཚང་མ་མར་གྲོལ་ནས་ཡང་ཚང་མ་གཉམ་དུ་ཆབ་གསང་ལ་ཕེབས་ཀྱི་རེད། གཅིན་པ་གཏང་གར་༿བར་༾ ཨ་ནི་་་་དེ་ནས་ཚུར་ཕེབས་ནས་དེ་ནི་དཱ་འདི་སྐྱོར་དཔོན་གྱི་ཡོའོ་༿ཡོད་༾རེད་པཱ།
    dge skos kyis mar brda gcig gtang yas yo'o {yod }red/_brda 'di gtang nas/_a ni tshang ma mar grol nas yang tshang ma gnyam du chab gsang la phebs kyi red/_gcin pa gtang gar {bar }_a ni de nas tshur phebs nas de ni dA 'di skyor dpon gyi yo'o {yod }red pA/
  • སྐུ་ཞབས
    ད་སྐྱོར་དཔོན་གྱིས་ཞོགས་ཀས་མཁན་རིན་པོ་ཆེས་ཀྱིས་མར་བཀའ་ཆོས་གནང་པ་གཅིག་ཡོའོ་༿ཡོད་༾རེད་པཱ། ཨ་ནི་་་་་ཡང་བསྐྱར་ཡང་སློབ་མ་ཚོ་ལ་ཕར་འདིའི་ཚུར་དཱ་འཁྲིད། འཁྲིད་རྒྱུ་ཟེར་དགོས་རེད་པཱ། རང་སྦྱོང་བྱེད་བསྐྱོར་གཅིག་བྱས། འདི་འདྲས་འཁྲིད།
    da skyor dpon gyis zhogs kas mkhan rin po ches kyis mar bka' chos gnang pa gcig yo'o {yod }red pA/_a ni yang bskyar yang slob ma tsho la phar 'di'i tshur dA 'khrid/_'khrid rgyu zer dgos red pA/_rang sbyong byed bskyor gcig byas/_'di 'dras 'khrid/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    དེ་ནི་དེ་ནས་འདི་འཁྲིད་ཚར་སོང་ན། ད་འདི་འདྲས་ཡང་ཁ་ཅིག་གཞན་དག་འདི་འདྲས་ཀྱིས་འདོན་པ་འདོན་རོགས་བྱེད་ཟེར་མཁན་འདི་འདྲས། ཡང་སྒྲོལ་མ་འདོན་རོགས་བྱེད་ཟེར་མཁན་འདི་འདྲས། ལྡོག་རུས་བསགས་རོགས་བྱེད་ཟེར་མཁན་འདི་འདྲས་ཡོང་གི་རེད་པཱ།
    de ni de nas 'di 'khrid tshar song na/_da 'di 'dras yang kha cig gzhan dag 'di 'dras kyis 'don pa 'don rogs byed zer mkhan 'di 'dras/_yang sgrol ma 'don rogs byed zer mkhan 'di 'dras/_ldog rus bsags rogs byed zer mkhan 'di 'dras yong gi red pA/
  • བུ་ཆུང
    འོ་རེད།
    'o red/
  • སྐུ་ཞབས
    ཏོག་ཙམ་བདོན། ཡང་འདི་འདྲས་ལ་ཏོག་ཙམ་བདོན།
    tog tsam bdon/_yang 'di 'dras la tog tsam bdon/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཡང་དེ་ནས་ཆུ་ཚོད་དཱ་བཞི་པ་ནས་ལྔ་པ་བར་དུ་འདི་འདྲས་གཅིག་ཚོགས་ཀྱི་རེད།
    yang de nas chu tshod dA bzhi pa nas lnga pa bar du 'di 'dras gcig tshogs kyi red/
  • བུ་ཆུང
    ཨ་ལས།
    a las/
  • སྐུ་ཞབས
    དེ་ནི་དེ་ནས་ལྔ་པ་ནས་མར་དཱ་འདི་ཨོའོ་་་་་སྐྱོར་དཔོན་གྱི་དཱ་རང་སྦྱོང་བྱེད་ཡས་གཅིག་ཡོའོ་༿ཡོད་༾རེད་པཱ། འདི་མར་གྲོལ་དེ་ནི་ལྔ་པ་ནས་དྲུག་པའི་བར་འདིར་རྩོད་གྲྭ་ཚུགས་ཀྱི་རེད། རྟགས་གསལ་བཏང་གི་རེད།
    de ni de nas lnga pa nas mar dA 'di o'o skyor dpon gyi dA rang sbyong byed yas gcig yo'o {yod }red pA/_'di mar grol de ni lnga pa nas drug pa'i bar 'dir rtsod grwa tshugs kyi red/_rtags gsal btang gi red/
  • བུ་ཆུང
    ཨ་ལས།ང་ཚོ་འདིའི་ནང་ལ། འདི་གའི་ནང་ལོགས་ལ་རྩོད་གྲྭ་ཚུགས་ཀྱི་རེད་པཱ། ཨོའོ།
    a las/nga tsho 'di'i nang la/_'di ga'i nang logs la rtsod grwa tshugs kyi red pA/_o'o/
  • སྐུ་ཞབས
    ཨོའོ་་་་རྡོ་གཅལ་ནང་ལ་རྟགས་གསལ་གཏང་། དཱ་ཁོ་རང་འཆར་གཞི་བྱས་ན་ལྔ་པ་ནས་དྲུག་པའི་བར་དུ་རྟགས་གསལ་དུས་ཚོད་རེད།
    o'o rdo gcal nang la rtags gsal gtang /_dA kho rang 'char gzhi byas na lnga pa nas drug pa'i bar du rtags gsal dus tshod red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཡིན་ནའི་ཡང་ཁོ་རང་དཱ་རྟགས་གསལ་ཡང་ཁག་གཅིག་གི་རིག་པ་འདི་འདྲས་འཕྲོས་བྱས་འདི་འདྲས་བསྡད་ཀྱི་རེད་པཱ། འཕྲོས་བྱས་ཡང་འདི་འདྲས་ཚད་ཀྱི་མ་རེད་ཆུ་ཚོད་བདུན་པ་བརྒྱད་པ་ཙམ་བསྡད་ཀྱི་རེད།
    yin na'i yang kho rang dA rtags gsal yang khag gcig gi rig pa 'di 'dras 'phros byas 'di 'dras bsdad kyi red pA/_'phros byas yang 'di 'dras tshad kyi ma red chu tshod bdun pa brgyad pa tsam bsdad kyi red/
  • བུ་ཆུང
    ཨ་ལས།
    a las/
  • སྐུ་ཞབས
    དེ་ནི་ཨོང་་་་་དྲུག་པ་བར་དུ་ད་ཁོ་རང་འཆར་གཞི་རང་སློབ་གྲྭའི་འཆར་གཞིར་ཆུ་ཚོད་དྲུག་པ་བར་དུ་རེད།
    de ni ong drug pa bar du da kho rang 'char gzhi rang slob grwa'i 'char gzhir chu tshod drug pa bar du red/
  • བུ་ཆུང
    ཆུ་ཚོད་དྲུག་པ་བར་དུ། ལགས་སོ།
    chu tshod drug pa bar du/_lags so/
  • སྐུ་ཞབས
    དེ་ནི་དེ་ནས། ཨོའོ་་་་་དྲུག་པ་ནས་དཱ་མར་གྲོལ་ནས་དཱ་དྲུག་དང་ཕྱེད་ཀ་ཙམ་ལ་ཡང་དགོང་དག་ཆུ་ཁོལ་ལེན་ཡས་ཡོའོ་༿ཡོད་༾རེད། སོ་སོ་ཤག་ལ་བསྐོལ་དགོས་མ་རེད།
    de ni de nas/_o'o drug pa nas dA mar grol nas dA drug dang phyed ka tsam la yang dgong dag chu khol len yas yo'o {yod }red/_so so shag la bskol dgos ma red/
  • བུ་ཆུང
    ཨ་ལས།ཆེད་མངགས་དགོན་པར་ཡར་ལེན་ཁར་༿བར་༾ཕྱིན། ཨོའོ།
    a las/ched mngags dgon par yar len khar {bar }phyin/_o'o/
  • སྐུ་ཞབས
    དེ་ནས་དེ་ནི་ཆུ་ཚོད་བདུན་པར་ཨོང་་་་་ཕྱི་དྲོའི་དཱ་འདིའི་ཁ་ལག་གཅིག་ཡོའོ་༿ཡོད་༾རེད་པཱ།
    de nas de ni chu tshod bdun par ong phyi dro'i dA 'di'i kha lag gcig yo'o {yod }red pA/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    དེ་དུས་ཁ་ལག་དེ་བཏང་གི་རེད།
    de dus kha lag de btang gi red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཁ་ལག་བཏང་ནས་དེ་ནི་ཆུ་ཚོད་བདུན་པར་ཁ་ལག་དེ་བཟས། ཆུ་ཚོད་བདུན་པ་ནས། དཱ་འདི་དགུན་ཁ་དང་འདི་འདྲས་ཡིན་ན་ཡང་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་ཡང་ཡར་ཚུགས་ཀྱི་རེད།
    kha lag btang nas de ni chu tshod bdun par kha lag de bzas/_chu tshod bdun pa nas/_dA 'di dgun kha dang 'di 'dras yin na yang chu tshod bdun dang phyed ka nas yang yar tshugs kyi red/
  • བུ་ཆུང
    ཡར་ཚུགས་ཀྱི་རེད་པས།
    yar tshugs kyi red pas/
  • སྐུ་ཞབས
    དེ་ནི་དབྱར་ཁར་དུས་ཚོད་ཡང་ཨོའོ།ཉི་མ་ཏིག་ཙམ་རིང་གི་རེད་པཱ། ཡང་།ཆུ་ཚོད་བརྒྱད་པ་ནས་ཡར་ཚུགས་ཀྱི་རེད།
    de ni dbyar khar dus tshod yang o'o/nyi ma tig tsam ring gi red pA/_yang /chu tshod brgyad pa nas yar tshugs kyi red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཨོའོ་་་་།བདུན་ནས་ཚུགས་དུས་བདུན་པ་ནས་དགུ་དང་ཕྱེད་ཀ་བར་དུ་ཡང་ཡར་གཅིག་ཚོགས་ཀྱི་རེད།
    o'o /bdun nas tshugs dus bdun pa nas dgu dang phyed ka bar du yang yar gcig tshogs kyi red/
  • བུ་ཆུང
    ཨ་ལས།དགོང་དག་གི་འདི།ལགས་སོ།
    a las/dgong dag gi 'di/lags so/
  • སྐུ་ཞབས
    བརྒྱད་པར་ཚུགས་པ་ཡིན་ན་བརྒྱད་པ་ནས་བཅུ་པ་བར་དུ་ཡང་ཆུ་ཚོད་གཅིག་ཡར་ཏག་ཏག་ཚོགས་ཀྱི་རེད། འདིས་ཀྱི་ཆུ་ཚོད་གཉིས་རེད། ཆུ་ཚོད་གཉིས་ཀྱི་དུས་ཚོད་ལ་ཡང་ཕར་ཚུར་རྒྱུ་འགྲུལ་སྐད་ངག་བྱས་ཆོག་གི་མ་རེད།
    brgyad par tshugs pa yin na brgyad pa nas bcu pa bar du yang chu tshod gcig yar tag tag tshogs kyi red/_'dis kyi chu tshod gnyis red/_chu tshod gnyis kyi dus tshod la yang phar tshur rgyu 'grul skad ngag byas chog gi ma red/
  • བུ་ཆུང
    ཨ་ལས།
    a las/
  • སྐུ་ཞབས
    སྒོ་ཚང་མ་བསྡམས། ཨ་ནི་་་་།སོ་སོའི་ཤག་ནང་ལ་བསྡད། གཅིན་པ་བྲོ་བ་ཡིན་ནའི་ལའི་དེ་གར་སོ་སོའི་ཤག་ནང་ལ་ད་སྒོའི་གཅིན་ཏོག༿ཆབ་ཏོག་གམ་གཅིན་སྣོད་༾འདི་འདྲས་ཉར་བསྡད་ཀྱི་རེད།
    sgo tshang ma bsdams/_a ni /so so'i shag nang la bsdad/_gcin pa bro ba yin na'i la'i de gar so so'i shag nang la da sgo'i gcin tog{chab tog gam gcin snod }'di 'dras nyar bsdad kyi red/
  • བུ་ཆུང
    ཨ་ལས།
    a las/
  • སྐུ་ཞབས
    འདི་འདྲས་ལ་བཏང་ཡས་མ་གཞི་ཕྱི་ལོགས་ལ་ཕྱིན་ཆོག་གི་ཡོའོ་༿ཡོད་༾མ་རེད།
    'di 'dras la btang yas ma gzhi phyi logs la phyin chog gi yo'o {yod }ma red/
  • བུ་ཆུང
    ཕྱི་ལོགས་ལ་འགྲོ་ཆོག་གི་མ་རེད་པཱ་ལགས། ཨོའོ་་་་།དམ་པོ་རེད་བཞག
    phyi logs la 'gro chog gi ma red pA lags/_o'o /dam po red bzhag
  • སྐུ་ཞབས
    དེ་ནི་ཨོང་་་་་ཆུ་ཚོད་དཱ་འདི་བཅུ་པ་ནས་དཱ། ཡང་མར་གཅིག་གྲོལ་གྱི་རེད། ཡང་།དགེ་སྐོས་ཀྱི་བརྡ་འདི་གཏང་གི་རེད། གཏང་ནས་ཚང་མ་མཉམ་དུ་ཡང་ཕྱི་ལོགས་ལ་ཆབ་གསང་ལ་ཕེབས་ཀྱི་རེད།
    de ni ong chu tshod dA 'di bcu pa nas dA/_yang mar gcig grol gyi red/_yang /dge skos kyi brda 'di gtang gi red/_gtang nas tshang ma mnyam du yang phyi logs la chab gsang la phebs kyi red/
  • བུ་ཆུང
    ཨ་ལས།ལགས་སོ།
    a las/lags so/
  • སྐུ་ཞབས
    ཡང་དེ་ནས་ཡང་ཡར་གཅིག་ཚོགས་ནས། དེ་ནི་སང་ཉིན་ཆུ་ཚོད་ལྔ་དང་ཕྱེད་ཀ་བར་དུ་ཕྱི་ལོགས་ལ་གཅིག་ཡའི་༿ཀྱང་༾དོན་ཆོག་གི་མ་རེད། དཱ་སོ་སོའི་ནང་ལ་བསྡད་ཀྱི་རེད།
    yang de nas yang yar gcig tshogs nas/_de ni sang nyin chu tshod lnga dang phyed ka bar du phyi logs la gcig ya'i {kyang }don chog gi ma red/_dA so so'i nang la bsdad kyi red/
  • བུ་ཆུང
    རྦད་དེ་སོ་སོའི་ཤག་ལ་བསྡད་ཀྱི་རེད་པས། ཨོའོ།
    rbad de so so'i shag la bsdad kyi red pas/_o'o/
  • སྐུ་ཞབས
    དེ་ནི་སྒོམ་ཡའི་ད་འདི་ཨོའོ་སློབ་གྲྭར་དཱ་འདིའི་གློག་དང་འདི་འདྲས་ཀྱི་ཆ་རྐྱེན་ཡག་པོ་ཡོའོ་༿ཡོད་༾རེད། དེ་ནི་ཨོང་།འདི་འདྲས་ཨོའོ། སློབ་སྦྱོང་བྱེད་ཡས་ཀྱི་དུས་ཚོད་རང་སློབ་གྲྭའི་འཆར་གཞི་རང་འདི་དགོང་མོས་ཆུ་ཚོད་བཅུ་གཉིས་དང་ཕྱེད་ཀ་བར་དུ་རེད།
    de ni sgom ya'i da 'di o'o slob grwar dA 'di'i glog dang 'di 'dras kyi cha rkyen yag po yo'o {yod }red/_de ni ong /'di 'dras o'o/_slob sbyong byed yas kyi dus tshod rang slob grwa'i 'char gzhi rang 'di dgong mos chu tshod bcu gnyis dang phyed ka bar du red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    བཅུ་གཉིས་དང་ཕྱེད་ཀ་ནས་དེ་ནི། ཨོའོ་་་་།ད་ལྟ་གློག་འདི་བསད་ཀྱི་རེད།
    bcu gnyis dang phyed ka nas de ni/_o'o /da lta glog 'di bsad kyi red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཡང་།བསྡད་མཁན་ཡོད་ན་ཡང་སོ་སོ་ཨོའོ་་་།བཞུ་མར་འདི་འདྲས་སྤར་བྱས་བསྡད་ཡས་རེད། གཞན་སློབ་གྲྭའི་འཆར་གཞི་རང་དགོང་མོས་ཆུ་ཚོད་དཱ་འདིའི་བཅུ་གཉིས་དང་ཕྱེད་ཀ་ནས་གློག་བསད་ཀྱི་རེད། འདི་འདྲས་རེད།
    yang /bsdad mkhan yod na yang so so o'o /bzhu mar 'di 'dras spar byas bsdad yas red/_gzhan slob grwa'i 'char gzhi rang dgong mos chu tshod dA 'di'i bcu gnyis dang phyed ka nas glog bsad kyi red/_'di 'dras red/
  • བུ་ཆུང
    ལགས་སོ། དཱ་འདི་འདྲས་གནང་དུས་ཨ་ནི་་་་་ང་རྣམས་ཚོའི་འདིའི་ནང་ལ་ཡ་གཙོ་བོ་དཱ། ད་དུང་ཨོའོ།བཀོད་སྒྲིག་གནང་མཁན་ཕྱོགས་ལ་ཡ་དགེ་བསྐོས་བྱས། སྐྱོར་དཔོན་བྱས། མཁན་པོ་བྱས་འདི་གྱད་རེད་པས་ལགས།
    lags so/_dA 'di 'dras gnang dus a ni nga rnams tsho'i 'di'i nang la ya gtso bo dA/_da dung o'o/bkod sgrig gnang mkhan phyogs la ya dge bskos byas/_skyor dpon byas/_mkhan po byas 'di gyad red pas lags/
  • སྐུ་ཞབས
    འོང་། གཙོ་བོ་ཁོ་རང་ཚོ་བྱས་དེ་ནི་ད་འདི་ད། ལོ། ད་ལྟ་བཤད་གྲྭ་ཚུགས་ནས་ལོ་ལྔ་ཙམ་ཅིག་འགྲོ་གི་༿ཡི་༾ཡོའོ་༿ཡོད་༾རེད་པཱ།
    'ong /_gtso bo kho rang tsho byas de ni da 'di da/_lo/_da lta bshad grwa tshugs nas lo lnga tsam cig 'gro gi {yi }yo'o {yod }red pA/
  • བུ་ཆུང
    ལགས་རེད།
    lags red/
  • སྐུ་ཞབས
    ད།ཨོང་།ཆོས་ཁྲིམས་འདི་དགེ་སྐོས་ཀྱིས་བྱེད་ཀྱི་ཡོའོ་༿ཡོད་༾རེད་པཱ།
    da/ong /chos khrims 'di dge skos kyis byed kyi yo'o {yod }red pA/
  • བུ་ཆུང
    འོ་རེད།
    'o red/
  • སྐུ་ཞབས
    ཡང་།ལོ་རེ་རེའི་ཐོག་ལ་ཡང་ཁོ་བརྗེ་དགོས་རེད།
    yang /lo re re'i thog la yang kho brje dgos red/
  • བུ་ཆུང
    ལོ་རེ་རེའི་ཐོག་ལ་ཡ་དགེ་བསྐོས་རེ་རེ་བརྗེ་དགོས་རེད་པས།
    lo re re'i thog la ya dge bskos re re brje dgos red pas/
  • སྐུ་ཞབས
    ད་ལོ་ཁོ་ད་ལོའི་ལོའི་བཟོ་འདྲའི་གཅིག་བྱས་ན། ད་ལོའི་ལོའི་ཆོས་ཁྲིམས་ཀྱི་དགེ་བསྐོས་གཅིག་ཡོའོ་༿ཡོད་༾རེད་པཱ།
    da lo kho da lo'i lo'i bzo 'dra'i gcig byas na/_da lo'i lo'i chos khrims kyi dge bskos gcig yo'o {yod }red pA/
  • བུ་ཆུང
    འོ་རེད།
    'o red/
  • སྐུ་ཞབས
    འདིས་ཀྱིས་འགན་གཙོ་བོ་དེ་འཁྱེར་དཱ་ཆོས་ཁྲིམས་རྙིང་པ་འདི་འདྲས་ཐོན་པ་འདི་འདྲས་ཡོའོ་༿ཡོད་༾རེད་པཱ། ཡང་ཁོ་རང་ཚོས་མཉམ་དུ་རོགས་བྱས་བྱས་ཡང་སྒྲིག་འཛུགས་ཐོག་ལ། ཁོ་རང་ཚོ་ད་སྒྲིག་འཛུགས་ཨོའོ་་་་ཁག་ཅིག་འཐུས་སྒོ་ཚང་དང་འདི་འདྲས་གཏོང་དགོས་ཡས་འདི་ཡོའོ་༿ཡོད་༾རེད་པཱ།
    'dis kyis 'gan gtso bo de 'khyer dA chos khrims rnying pa 'di 'dras thon pa 'di 'dras yo'o {yod }red pA/_yang kho rang tshos mnyam du rogs byas byas yang sgrig 'dzugs thog la/_kho rang tsho da sgrig 'dzugs o'o khag cig 'thus sgo tshang dang 'di 'dras gtong dgos yas 'di yo'o {yod }red pA/
  • བུ་ཆུང
    འོ་རེད་པཱ།
    'o red pA/
  • སྐུ་ཞབས
    དེ་ནི་ཚང་མ་མཉམ་དུ་གྲོས་བསྡུར་བྱས་བྱས་ཡང་སྒྲིག་འཛུགས་བཟོ་ཡས་འདི་འདྲས་ཆགས་ཀྱི་རེད།
    de ni tshang ma mnyam du gros bsdur byas byas yang sgrig 'dzugs bzo yas 'di 'dras chags kyi red/
  • བུ་ཆུང
    ཨ་ལས་དཱ་དགེ་བསྐོས་ཟེར་མཁན་འདི་གཙོ་བོ་ག་རེ་གནང་མཁན་རེད། ཕྱག་ལས།
    a las dA dge bskos zer mkhan 'di gtso bo ga re gnang mkhan red/_phyag las/
  • སྐུ་ཞབས
    དགེ་བསྐོས་ཟེར་གཙོ་བོ་ཆེ་ཤོས་དཱ་གྲྭ་པའི་ཨ་་་་སྒྲིག་འཛུགས་དང་འདི་གྱད་དང་ཐོག་འདི་བྱེད་མཁན་རེད།དཱ།མར་འདི་བྱེད་མཁན་རེད།
    dge bskos zer gtso bo che shos dA grwa pa'i a sgrig 'dzugs dang 'di gyad dang thog 'di byed mkhan red/dA/mar 'di byed mkhan red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཆོས་ཁྲིམས་ཟེར་ཡས་དང་ཆོས་ཀྱི་ཁྲིམས་ཕར་ཚུར་བཟོ་མཁན་འདི་འདྲས་ཡིན་པའི་ཁུལ་རེད།
    chos khrims zer yas dang chos kyi khrims phar tshur bzo mkhan 'di 'dras yin pa'i khul red/
  • བུ་ཆུང
    ཨ་ལས།ལགས་སོ། ཨ་ནི།སྐྱོར་དཔོན།
    a las/lags so/_a ni/skyor dpon/
  • སྐུ་ཞབས
    སྐྱོར་དཔོན་ཟེར་ཡས་འདི་ད་གཙོ་བོ་ཆེ་ཤོས་ད་ཁོ་རང་མཁན་པོས་ཞོགས་ཀས་མར་ཨ་་་་དཔེ་འཁྲིད་གཅིག་གནང་པ་རེད་པཱ། དཱ་མི་རེར་འཁྲིད་དགོས་རེད་པཱ། ཡང་བསྐྱར་འཁྲིད་མཁན་འདིར་ཟེར་གྱི་རེད། ཡང་བསྐྱར་འཁྲིད་མཁན་འདིའི་ཀྱི་མིང་ལ་སྐྱོར་དཔོན་ཟེར་གྱི་རེད།དཱ།
    skyor dpon zer yas 'di da gtso bo che shos da kho rang mkhan pos zhogs kas mar a dpe 'khrid gcig gnang pa red pA/_dA mi rer 'khrid dgos red pA/_yang bskyar 'khrid mkhan 'dir zer gyi red/_yang bskyar 'khrid mkhan 'di'i kyi ming la skyor dpon zer gyi red/dA/
  • བུ་ཆུང
    ཨ་ལས།
    a las/
  • སྐུ་ཞབས
    རང་སྦྱོང་བྱས་ནས་སྐྱོར་ཟེར་དུས་དཱ་བསྐྱར་ཟེར་མཁན་བཟོ་འདྲའི་གཅིག་ཕྱིན་ཡོད་པཱ། བསྐྱར་དཔོན་ཟེར་མཁན་བཟོ་འདྲའི་གཅིག།དཱ།
    rang sbyong byas nas skyor zer dus dA bskyar zer mkhan bzo 'dra'i gcig phyin yod pA/_bskyar dpon zer mkhan bzo 'dra'i gcig/dA/
  • བུ་ཆུང
    དཱ་སྐྱོར་དཔོན་ཟེར་ལབ་པ་མ་གཏོགས་བསྐྱར་དཔོན་ཟེར་འདྲའི་གཅིག་ལར་བསྐྱར་འཁྲིད་ཟེར་དཱ་བསྐྱར་དུ་འཁྲིད་པའི་རེད་པཱ།
    dA skyor dpon zer lab pa ma gtogs bskyar dpon zer 'dra'i gcig lar bskyar 'khrid zer dA bskyar du 'khrid pa'i red pA/
  • སྐུ་ཞབས
    འོ་་་།དཱ།ཁོ་རང་འོ་་་་འདི་འདྲས་བསྐྱར་དུ་འཁྲིད་མཁན་གྱི་ད་ལྟའི་སློབ་དཔོན་བཟོ་འདྲའི་གཅིག་ཟེར་དགོས་རེད་པཱ། དཱ་འདི་འདྲས་རིགས་ལ་སྐྱོར་དཔོན་ཟེར་མིང་བཏགས་པ་རེད།
    'o /dA/kho rang 'o 'di 'dras bskyar du 'khrid mkhan gyi da lta'i slob dpon bzo 'dra'i gcig zer dgos red pA/_dA 'di 'dras rigs la skyor dpon zer ming btags pa red/
  • བུ་ཆུང
    ཨ་ནི་་་་མཁན་པོ་འདི་གང་འདྲས་ཟེར་གོ་བ་ལེན་དགོས་རེད་ལགས།
    a ni mkhan po 'di gang 'dras zer go ba len dgos red lags/
  • སྐུ་ཞབས
    མཁན་པོ་ཟེར་བྱས་དཱ་ཁོ་རང་རང་མཁན་པོ་ཟེར་བྱས་ན་ནི་ད་ཨ་་་་་བླ་མ་སློབ་མ་དང་འདི་འདྲས་ལ་ཆོས་འཆད་མཁན་གྱི། དཱ་པོ་ཟེར་དུས་ང་ཚོས་བདག་པོའི་སྒྲ་རེད་པཱ།
    mkhan po zer byas dA kho rang rang mkhan po zer byas na ni da a bla ma slob ma dang 'di 'dras la chos 'chad mkhan gyi/_dA po zer dus nga tshos bdag po'i sgra red pA/
  • བུ་ཆུང
    ཨོ།རེད།རེད།
    o/red/red/
  • སྐུ་ཞབས
    བྱེད་པ་པོའི་སྒྲ་རེད་ཟེར། ཆོས་འཆད་མཁན་གྱི་བྱེད་པ་པོའི་ཟེར་མཁན་བཟོ་འདྲའི་ཅིག་བཤད། འོ་་་་འདི་འདྲས་བཟོ་འདྲའི་ཅིག་ཕྱིན་པ་རེད།
    byed pa po'i sgra red zer/_chos 'chad mkhan gyi byed pa po'i zer mkhan bzo 'dra'i cig bshad/_'o 'di 'dras bzo 'dra'i cig phyin pa red/
  • བུ་ཆུང
    ལགས་སོ། 
    lags so/_
  • སྐུ་ཞབས
    མཁན།མཁན།ཟེར་ཡས་འདི་ད་ཁོ་རང་ཨོའོ་་་།ཆོས་དང་འདི་འདྲས་འཆད་མཁན་མཁན་འདི་ལ་གོ་ན་འགྲིག་གི་ཡོའོ་༿ཡོད་༾རེད།
    mkhan/mkhan/zer yas 'di da kho rang o'o /chos dang 'di 'dras 'chad mkhan mkhan 'di la go na 'grig gi yo'o {yod }red/
  • བུ་ཆུང
    ཨ་ལས།ལགས་སོ།
    a las/lags so/
  • སྐུ་ཞབས
    པོ་ཟེར་ཡས་འདི་དཱ་ཁོ་རང་བདག་པོའི་སྒྲ་ལ་ཕྱིན་པ་རེད།
    po zer yas 'di dA kho rang bdag po'i sgra la phyin pa red/
  • བུ་ཆུང
    ལགས་སོ་ལགས་སོ། མཁན་པོ་འདི།
    lags so lags so/_mkhan po 'di/
  • སྐུ་ཞབས
    འོ་ལགས།
    'o lags/
  • བུ་ཆུང
    ལགས་སོ། ཨ་ནི་་་་འདིའི་ཨོའོ་་་་བཤད་གྲྭ་གླིང་འདི་ཐོག་མར་ཡ་དེའི་ཡ་སྔགས་པ་གླིང་ཟེར་ཡས་ཅིག་ཟེར་གྱི་རེད་པས།
    lags so/_a ni 'di'i o'o bshad grwa gling 'di thog mar ya de'i ya sngags pa gling zer yas cig zer gyi red pas/
  • སྐུ་ཞབས
    འོ་་་་རེད་ལགས། དཱ་ཨཱ་་་་བསམ་ཡས་དཱ་འདིའི་ལོ་རྒྱུས་ཀྱི་བྱས་པ་ཡིན་ན། དཱ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་ལ་དཱ་ཨཱ་གང་ཡིན་བྱས་ན། གླིང་བཞི་དང་གླིང་ཕྲན་བརྒྱད་ལ་དཔེ་བླངས་ནས། དེ་ནི་ཕྱོགས་བཞིའི་ལྷ་ཁང་འདི་གས་བཞེངས་བཞག་བྱས་པ་རེད་པཱ།
    'o red lags/_dA A bsam yas dA 'di'i lo rgyus kyi byas pa yin na/_dA chos rgyal khri srong lde btsan skabs la dA A gang yin byas na/_gling bzhi dang gling phran brgyad la dpe blangs nas/_de ni phyogs bzhi'i lha khang 'di gas bzhengs bzhag byas pa red pA/
  • སྐུ་ཞབས
    ཨ་ནི་་་་དབུ་རྩེ་རིགས་གསུམ་དཱ་རི་རབ་ཀྱི་ཚུལ་དུ་བཞེངས་བྱས་དེ་ནི་དེ་ནས་ཤར་སྒོ་འཇམ་དཔལ་གླིང་ནས། དེ་ནས་ཤར་ལུས་འཕགས་པོ་རྣམས་དེ་འདྲས་གླིང་ཕྲན་བརྒྱད་ལ་དཔེ་བླངས་ནས་བཟོས་འདུག་གཱ་གླིང་བཞི།
    a ni dbu rtse rigs gsum dA ri rab kyi tshul du bzhengs byas de ni de nas shar sgo 'jam dpal gling nas/_de nas shar lus 'phags po rnams de 'dras gling phran brgyad la dpe blangs nas bzos 'dug gA gling bzhi/
  • སྐུ་ཞབས
    ཨ་ནི་་་་་འདི་བཟོ་དུས་སྐབས་ལ་ད་ལྟའི་ང་ཚོའི་བཤད་གྲྭ་ཁང་འདི་ཆགས་སའི་ས་ཆ་རང་འདི་བྱས་ན་བདེ་འདུན་སྔགས་པ་གླིང་སྟེང་དུ་ཆགས་ཡོའོ་༿ཡོད་༾རེད་ཟེར་གྱི་འདུག
    a ni 'di bzo dus skabs la da lta'i nga tsho'i bshad grwa khang 'di chags sa'i sa cha rang 'di byas na bde 'dun sngags pa gling steng du chags yo'o {yod }red zer gyi 'dug
  • བུ་ཆུང
    ཨ་ལས།
    a las/
  • སྐུ་ཞབས
    བདེ་མདུན་སྔགས་པ་གླིང་འདི་དཱ་ས་ཆ་གཅིག་གཅིག་ཀྱང་ཆགས་ཡོའོ་༿ཡོད་༾མ་རེད་ཟེར། བདེ་འདུན་སྔགས་པ་གླིང་འདི་ད་ལྟའི་ང་ཚོའི་གཞོགས་ཤར་དེར་ཏོག་ཙམ་ས་ཆ་དེ་བསྡད་ཡོའོ་༿ཡོད་༾རེད་ཟེར་གྱི་འདུག
    bde mdun sngags pa gling 'di dA sa cha gcig gcig kyang chags yo'o {yod }ma red zer/_bde 'dun sngags pa gling 'di da lta'i nga tsho'i gzhogs shar der tog tsam sa cha de bsdad yo'o {yod }red zer gyi 'dug
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    རྗེས་མ་བཞེངས་ཡས་བྱས་པ་ཡིན་ན་ལའི་ཡང་ཁོ་རང་ས་ཆ་གཅིག་ཡོའོ་༿ཡོད་༾རེད་ཟེར་གྱི་འདུག གཞན་སྔོན་ས་ཆ་འདི་གའི་བཟོ་འདྲའི་གཅིག་རེད། ད་ཁུངས་འདྲ་ཅིག་འདི་ས་ཆ་འདིའི་ཁུངས་ལ་སླེབས་ཀྱི་རེད། གླིང་ཕྲན་ཁུངས་ཟེར་སླེབས་ཀྱི་རེད།
    rjes ma bzhengs yas byas pa yin na la'i yang kho rang sa cha gcig yo'o {yod }red zer gyi 'dug_gzhan sngon sa cha 'di ga'i bzo 'dra'i gcig red/_da khungs 'dra cig 'di sa cha 'di'i khungs la slebs kyi red/_gling phran khungs zer slebs kyi red/
  • བུ་ཆུང
    ལགས་སོ། ཨ་ནི་་་་བསམ་ཡས་ལ་གླིང་བཞི་གླིང་ཕྲན་བརྒྱད་དེ་ག་རེ་ག་རེ་ཡིན་ནམ། ལགས།
    lags so/_a ni bsam yas la gling bzhi gling phran brgyad de ga re ga re yin nam/_lags/
  • སྐུ་ཞབས
    གླིང་བཞི་གླིང་ཕྲན་བརྒྱད་ཟེར། དཱ་ས་ཁོངས་ཁོ་རང་རང་ད་ཁོ་རང་ང་ཚོའི་ཆོས་ལུགས་ཀྱི་ནང་དཱ།རིའི་རྒྱལ་པོ་རི་རབ་དང་འདི་འདྲས་བརྩིས་དུས། སྤྱིའི་དཀྱིལ་ལ་རིའི་རྒྱལ་པོ་རི་རབ་རེད་པཱ།
    gling bzhi gling phran brgyad zer/_dA sa khongs kho rang rang da kho rang nga tsho'i chos lugs kyi nang dA/ri'i rgyal po ri rab dang 'di 'dras brtsis dus/_spyi'i dkyil la ri'i rgyal po ri rab red pA/
  • སྐུ་ཞབས
    ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་གླང་སྤྱོད། བྱང་སྒྲ་མི་སྙན་ཟེར་དེ་ནི་ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ། ཞང་ཞུང་འདས་དང་༿གཡོ་ལྡན་དང་༾ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་ཡང་དག་ཟེར་བྱས་ལས་འབྲས་བརྒྱད་དེ་འགྲོ་དགོས་རེད་པཱ།
    shar lus 'phags po/_lho 'dzam bu gling /_nub ba glang spyod/_byang sgra mi snyan zer de ni lus dang lus 'phags/_rnga yab dang rnga yab/_zhang zhung 'das dang {g.yo ldan dang }lam mchog 'gro/_sgra mi snyan dang sgra mi yang dag zer byas las 'bras brgyad de 'gro dgos red pA/
  • བུ་ཆུང
    རེད།རེད།
    red/red/
  • སྐུ་ཞབས
    དཱ།ང་ཚོའི་འདི་གིའི་ནང་ལ་བྱས་ན་ཤར་སྒོ་འཇམ་དཔལ་གླིང་བྱས།
    dA/nga tsho'i 'di gi'i nang la byas na shar sgo 'jam dpal gling byas/
  • བུ་ཆུང
    ཤར་སྒོ་འཇམ་དཔལ་གླིང་།
    shar sgo 'jam dpal gling /
  • སྐུ་ཞབས
    ལྷོ་སྒོ་རྟ་མགྲིན་གླིང་།
    lho sgo rta mgrin gling /
  • བུ་ཆུང
    ལྷོ་སྒོ་རྟ་མགྲིན་གླིང་།
    lho sgo rta mgrin gling /
  • སྐུ་ཞབས
    ནུབ་སྒོ་བྱམས་པ་གླིང་། བྱང་སྒོ་སངས་རྒྱས་གླིང་ཟེར་བྱས་པ་རེད་པཱ།
    nub sgo byams pa gling /_byang sgo sangs rgyas gling zer byas pa red pA/
  • བུ་ཆུང
    ཨ་ལས་ལགས་སོ།
    a las lags so/
  • སྐུ་ཞབས
    དཱ།ཤར་ལ།ཤར་ལ་ཁོ་རའི་གླིང་ཕྲན་གཉིས་ཡོའོ་༿ཡོད་༾རེད་པཱ།
    dA/shar la/shar la kho ra'i gling phran gnyis yo'o {yod }red pA/
  • བུ་ཆུང
    ལགས་རེད།
    lags red/
  • སྐུ་ཞབས
    གླིང་ཕྲན་གཅིག་གི་དཱ་འདི་འདི་རེད། ཨོའོ་་་་།རྣམ་དག་ཁྲིམས་ཁང་གླིང་རེད།
    gling phran gcig gi dA 'di 'di red/_o'o /rnam dag khrims khang gling red/
  • བུ་ཆུང
    རྣམ་དག་ཁྲིམས་ཁང་གླིང་།
    rnam dag khrims khang gling /
  • སྐུ་ཞབས
    ཤར་ལ། འོ་ཨོ།༿རེད།༾རྣམ་དག་ཁྲིམས་ཁང་གླིང་ཟེར་མཁན་འདི་སྔོན་མ་དཱ་འདི་མཁན་པོ་དཱ་བོ་དྷི་ས་ཏྭ་བོད་ལ་ཕེབས་པ་རེད་པཱ།
    shar la/_'o o/{red/}rnam dag khrims khang gling zer mkhan 'di sngon ma dA 'di mkhan po dA bo d+hi sa twa bod la phebs pa red pA/
  • སྐུ་ཞབས
    ཁྲི་སྲོང་ལྡེ་བཙན་འདི་ཚོས་གདན་འདྲེན་ཞུས་ནི། ཨ་ནི་་་།དེ་དུས་སྐབས་ལ་བོད་ཀྱི་ད་སད་མི་མི་བདུན་རབ་ཏུ་བྱུང་བ་རེད་པཱ། ཨ་ནི་་་་སད་མི་ཟེར་དུས་དཱ་ཁོ་རང་ཉམས་སད་མཁན་ཚོད་ལྟའི་མི་རེད་པཱ། དཱ།
    khri srong lde btsan 'di tshos gdan 'dren zhus ni/_a ni /de dus skabs la bod kyi da sad mi mi bdun rab tu byung ba red pA/_a ni sad mi zer dus dA kho rang nyams sad mkhan tshod lta'i mi red pA/_dA/
  • བུ་ཆུང
    འོ་རེད།
    'o red/
  • སྐུ་ཞབས
    ཨ་ནི་་་་འདི་རབ་རབ་ཏུ་བྱུང་བའི་རྐྱེན་གྱི་བྱུང་སའི་ཁང་པ་དེ་རེད། རྣམ་དག་ཁྲིམས་ཁང་གླིང་ཟེར་འདི་ས་ཆ་དེ་རེད། དེ་ནི་འདིའི་དེ་ནས་གླིང་ཕྲན་གཅིག་ལ་བརྡ་སྦྱོར་ཚངས་པ་གླིང་རེད།
    a ni 'di rab rab tu byung ba'i rkyen gyi byung sa'i khang pa de red/_rnam dag khrims khang gling zer 'di sa cha de red/_de ni 'di'i de nas gling phran gcig la brda sbyor tshangs pa gling red/
  • བུ་ཆུང
    བརྡ་སྦྱོར་ཚངས་པ་གླིང་།
    brda sbyor tshangs pa gling /
  • སྐུ་ཞབས
    གང་ཟེར་ཁ་ཅིག་ནང་བརྡ་སྦྱོར་ཚངས་མངས་གླིང་ཟེར་གྱི་འདུག ཁ་ཅིག་གིས་བྱས་ན་བརྡ་སྦྱོར་ཚངས་པ་གླིང་ཟེར་ཕལ་ཆེར་སྔོན་མ་བོད་ཀྱི་བོད་ཕྲུག་དེ་ཚོ་ཕལ་ཆེར་རིག་གནས་དང་འདི་འདྲས་སྦྱངས་སའི་ཁང་པ་ཡིན་ས་རེད།
    gang zer kha cig nang brda sbyor tshangs mangs gling zer gyi 'dug_kha cig gis byas na brda sbyor tshangs pa gling zer phal cher sngon ma bod kyi bod phrug de tsho phal cher rig gnas dang 'di 'dras sbyangs sa'i khang pa yin sa red/
  • སྐུ་ཞབས
    བོད་ཕྲུག་ དེ་ཚོ་བརྡ་སྦྱོར་ཚངས་པ་གླིང་ཟེར་བྱས་ཟེར་གྱི་འདུག་གཱ་ཁ་ཅིག་གིས། བརྡ་སྦྱོར་ཚངས་པ་གླིང་ཟེར།
    bod phrug _de tsho brda sbyor tshangs pa gling zer byas zer gyi 'dug gA kha cig gis/_brda sbyor tshangs pa gling zer/
  • སྐུ་ཞབས
    དཱ།ཤར་གྱི་གླིང་ཕྲན་གཉིས་དེ་འདི་རེད་པཱ།
    dA/shar gyi gling phran gnyis de 'di red pA/
  • བུ་ཆུང
    འོ་རེད།
    'o red/
  • སྐུ་ཞབས
    ལྷོར་དཱ་གླིང་ཕྲན་གཉིས་ཡོའོ་༿ཡོད་༾རེད་པཱ། ལྷོ་ལ་སྒོ་རྭ་དཀྱིལ་འདི་ལ་རྟ་མགྲིན་གླིང་རེད་པཱ།
    lhor dA gling phran gnyis yo'o {yod }red pA/_lho la sgo rwa dkyil 'di la rta mgrin gling red pA/
  • བུ་ཆུང
    འོ་རེད།
    'o red/
  • སྐུ་ཞབས
    དེ་ནི་འདི་གའི་གཞོགས་འདིའི་ཡ་གཅིག་ལ་བདེ་འདུན་སྔགས་པ་གླིང་བྱས།
    de ni 'di ga'i gzhogs 'di'i ya gcig la bde 'dun sngags pa gling byas/
  • བུ་ཆུང
    སྔགས་པ་གླིང་བྱས།
    sngags pa gling byas/
  • སྐུ་ཞབས
    གཞོགས་གཅིག་ལ་སྒྲ་བསྒྱུར་རྒྱ་གར་གླིང་འདི་རེད་འདུག་གཱ
    gzhogs gcig la sgra bsgyur rgya gar gling 'di red 'dug gA
  • བུ་ཆུང
    འོ་རེད།
    'o red/
  • སྐུ་ཞབས
    བདེ་འདུན་སྔགས་པ་གླིང་ལ་སྔོན་མ་གཙོ་བོ་ཆེ་ཤོས་དཱ་ཁོ་རའི་ཨ་་་་་འདི་བྱས་པ་ཡིན་ན། ཆོ་ག་ཕྱག་ལེན་དང་འདི་འདྲས་ཨ་་་་རྒྱུན་འདི་ཡིན་ས་རེད། གྲྭ་ཚང་བཟོ་འདྲའི་འདི་ཡིན་ས་རེད།
    bde 'dun sngags pa gling la sngon ma gtso bo che shos dA kho ra'i a 'di byas pa yin na/_cho ga phyag len dang 'di 'dras a rgyun 'di yin sa red/_grwa tshang bzo 'dra'i 'di yin sa red/
  • སྐུ་ཞབས
    སྒྲ་བསྒྱུར་རྒྱ་གར་གླིང་འདི་དཱ་བོད་ཀྱི་དཱ་འདིའི་རྒྱ་གར་དང་འདི་འདྲས་ཀྱི་རིག་གནས་ཚུར་བསྒྱུར་ས་དེ་སྒྲ་བསྒྱུར་རྒྱ་གླིང་འདིར་ཐོག་མ་ཚུར་བསྒྱུར་ས་དེ་རེད་པཱ། སྒྲ་བསྒྱུར་རྒྱ་གར་གླིང་།
    sgra bsgyur rgya gar gling 'di dA bod kyi dA 'di'i rgya gar dang 'di 'dras kyi rig gnas tshur bsgyur sa de sgra bsgyur rgya gling 'dir thog ma tshur bsgyur sa de red pA/_sgra bsgyur rgya gar gling /
  • སྐུ་ཞབས
    དཱ་ནུབ་ལ་ཡང་ཁོ་དཀྱིལ་ལ་ཁོ་རང་གླིང་བྱས་ན། ནུབ་སྒོ་བྱམས་པ་གླིང་འདིར་འགྲོ་དགོས་རེད་པཱ། ནུབ་སྒོ་བྱམས་པ་གླིང་བྱས།
    dA nub la yang kho dkyil la kho rang gling byas na/_nub sgo byams pa gling 'dir 'gro dgos red pA/_nub sgo byams pa gling byas/
  • སྐུ་ཞབས
    དེ་ནི་དེ་ལ་གླིང་གཡོག་གཉིས་ཅིག་ཡོའོ་༿ཡོད་༾རེད་པཱ། གླིང་གཡོག་གཉིས་ཡོའོ་༿ཡོད་༾རེད། གཅིག་དཔའ་བོ་བཻ་ཙ་གླིང་ཟེར་གྱི་རེད་པཱ།
    de ni de la gling g.yog gnyis cig yo'o {yod }red pA/_gling g.yog gnyis yo'o {yod }red/_gcig dpa' bo bai tsa gling zer gyi red pA/
  • བུ་ཆུང
    དཔའ་བོ་བཻ་ཙྭ་གླིང་། འོ།
    dpa' bo bai tswa gling /_'o/
  • སྐུ་ཞབས
    དཱ་འདིའི་གཞོགས་འདིར་གླིང་ཕྲན་གཅིག་ཡོའོ་༿ཡོད་༾རེད་པཱ། གཞོགས་ཨཱ་འདིའི་དཔའ་བོ་བཻ་ཙྭ་གླིང་བྱས། གཞོགས་འདི་གའི་གླིང་ཕྲན་འདིའི་མིང་ལ་འདི་ཟེར་གྱི་རེད།
    dA 'di'i gzhogs 'dir gling phran gcig yo'o {yod }red pA/_gzhogs A 'di'i dpa' bo bai tswa gling byas/_gzhogs 'di ga'i gling phran 'di'i ming la 'di zer gyi red/
  • སྐུ་ཞབས
    ཨ་་་་ད་ནི་གླིང་ཕྲན་འདིའི་མིང་ད་གའི་དྲན་ཁག་པོ་འདྲ་ཅིག་བྱས་སོང་།
    a da ni gling phran 'di'i ming da ga'i dran khag po 'dra cig byas song /
  • བུ་ཆུང
    ཨ་་་་གའི་གནང་གི་མ་རེད།༿སྐྱོན་གང་ཡང་ཡོའོ་མ་རེད།༾
    a ga'i gnang gi ma red/{skyon gang yang yo'o ma red/}
  • སྐུ་ཞབས
    ཨན།དཔའ་བོ། དཔའ་བོ་བཻ་ཙྭ་གླིང་དང་ད་འདི་འདྲས་གཅིག་གི་མིང་འདི་འདི་རེད།
    an/dpa' bo/_dpa' bo bai tswa gling dang da 'di 'dras gcig gi ming 'di 'di red/
  • སྐུ་ཞབས
    ཨ་ནུབ་འདི་རེད་པཱ། དཔའ་བོ་བ་ཙྭ། མིའུ་བསམ་གཏན་གླིང་།
    a nub 'di red pA/_dpa' bo ba tswa/_mi'u bsam gtan gling /
  • བུ་ཆུང
    མིའུ་བསམ་གཏན་གླིང་། ཨ་ལས།ལགས་སོ།
    mi'u bsam gtan gling /_a las/lags so/
  • སྐུ་ཞབས
    མིའུ་བསམ་གཏན་གླིང་། འོ་་་་འདི་འདྲས་གཉིས་རེད་པཱ། དཱ།བྱང་ལ་གླིང་ཕྲན་ཟེར། དཱ།གླིང་གཅིག་དང་གླིང་གཡོག་གཉིས་ཀྱི་བཟོ་འདྲའི་རེད་པཱ།
    mi'u bsam gtan gling /_'o 'di 'dras gnyis red pA/_dA/byang la gling phran zer/_dA/gling gcig dang gling g.yog gnyis kyi bzo 'dra'i red pA/
  • སྐུ་ཞབས
    འོ་་་།དཀྱིལ་དེ་ལ་བྱང་སྒོ་སངས་རྒྱས་གླིང་རེད། དཀྱིལ་སངས་རྒྱས་གླིང་དེ་ལ་དེ་ནི་གཞོགས་གཅིག་ལ་ད་འདིའི་དེ་རེད་པཱ། དེ་ནི་ཨོའོ་་་་གཞོགས་འདི་དཔལ་མཁར་དཀོར་མཛོད་གླིང་རེད་པཱ།
    'o /dkyil de la byang sgo sangs rgyas gling red/_dkyil sangs rgyas gling de la de ni gzhogs gcig la da 'di'i de red pA/_de ni o'o gzhogs 'di dpal mkhar dkor mdzod gling red pA/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    འོ་་་།དཔལ་མཁར་དཀོར་མཛོད་གླིང་དང་གཞོགས་འདི་ལ་དཱ་འདིའི་འདི་རེད་པཱ། ཨ་་་་འདི་རེད།གང་ཟེར།
    'o /dpal mkhar dkor mdzod gling dang gzhogs 'di la dA 'di'i 'di red pA/_a 'di red/gang zer/
  • སྐུ་ཞབས
    ངོ་མཚར་ཐུགས་རྗེ་གླིང་རེད་འདུག
    ngo mtshar thugs rje gling red 'dug
  • བུ་ཆུང
    ངོ་མཚར་ཐུགས་རྗེ་གླིང་ཏག་ཏག་རེད་ཤག ལགས་སོ།
    ngo mtshar thugs rje gling tag tag red shag_lags so/
  • སྐུ་ཞབས
    འོ་་་་འདི་འདྲས་རེད་འདུག ངོ་མཚར།ངོ་མཚར་ཐུགས་རྗེ་གླིང་། ངོ་མཚར་ཐུགས་རྗེ་གླིང་ཡིན་ས་མ་རེད།
    'o 'di 'dras red 'dug_ngo mtshar/ngo mtshar thugs rje gling /_ngo mtshar thugs rje gling yin sa ma red/
  • སྐུ་ཞབས
    དཱ་ལྷ་ཁང་འདིའི་མིང་ད་གའི་ཡང་བརྗེད་གྲབས་བྱེད་ཀྱི་འདུག
    dA lha khang 'di'i ming da ga'i yang brjed grabs byed kyi 'dug
  • བུ་ཆུང
    ལགས་སོ། གའི་གནང་གི་མ་རེད། ཨ་ནི་་་།ཤར་ལ། ཤར་དང་འདིའི་ཡར་བྱང་ལ་ཡ།
    lags so/_ga'i gnang gi ma red/_a ni /shar la/_shar dang 'di'i yar byang la ya/
  • སྐུ་ཞབས
    བྱང་ལ་ཨོའོ་་་།ད་ལྟའི་འདི་རེད། བྱང་སྒོ་བྱང་སྒོ་སངས་རྒྱས་གླིང་རེད་པཱ། གཞོགས་འདིའི་ཡར་དཀོར་མཛོད་གླིང་རེད་པཱ།
    byang la o'o /da lta'i 'di red/_byang sgo byang sgo sangs rgyas gling red pA/_gzhogs 'di'i yar dkor mdzod gling red pA/
  • བུ་ཆུང
    འོ་་་་རེད།
    'o red/
  • སྐུ་ཞབས
    ཡར་དཀོར་མཛོད་གླིང་དང་།གཞོགས་འདིའི་ད་ལྟའི་འདི་རེད། ཨ་་་ལྷ་ལྔ་མཆོད་འཇུག་འདི། ད་ལྟ་དེང་སང་བྱས་ན་རྫོགས་ཆེན་ལྷ་ཁང་ཟེར།ཟེར་གྱི་རེད་དའི། དཱ་འདི་གླིང་ཕྲན་ཁག་ལ་མིང་གཅིག མིང་འདི་ཡོའོ་༿ཡོད་༾རེད། ང་མིང་འདི་ལམ་སེང་བརྗེད་འགྲོ་གི་༿ཡི་༾འདུག
    yar dkor mdzod gling dang /gzhogs 'di'i da lta'i 'di red/_a lha lnga mchod 'jug 'di/_da lta deng sang byas na rdzogs chen lha khang zer/zer gyi red da'i/_dA 'di gling phran khag la ming gcig_ming 'di yo'o {yod }red/_nga ming 'di lam seng brjed 'gro gi {yi }'dug
  • བུ་ཆུང
    ཨོའོ།ལགས་སོ། གའི་༼གང་ཡང་༽གནང་གི་མ་རེད། ལགས་སོ་ལགས་སོ།
    o'o/lags so/_ga'i (gang yang )gnang gi ma red/_lags so lags so/
  • བུ་ཆུང
    ཨ་ནི་་་།དེ་ནས་གླིང་ཕྲན་འདི་གི།
    a ni /de nas gling phran 'di gi/
  • སྐུ་ཞབས
    གླིང་ཕྲན་འོ་་་་འདི། བརྒྱད་པོ་འདི་གས་དེ་རེད།
    gling phran 'o 'di/_brgyad po 'di gas de red/
  • བུ་ཆུང
    དེ་ནི་མཆོད་རྟེན།
    de ni mchod rten/
  • སྐུ་ཞབས
    མཆོད་རྟེན་བཞི་ཡོའོ་༿ཡོད་༾རེད་པཱ།
    mchod rten bzhi yo'o {yod }red pA/
  • བུ་ཆུང
    མཆོད་རྟེན་བཞི་ཡོའོ་༿ཡོད་༾རེད་པས།
    mchod rten bzhi yo'o {yod }red pas/
  • སྐུ་ཞབས
    དཱ།འོང་་་་ད་ལྟའི་མཆོད་རྟེན་དཀར་པོ་དང་། མཆོད་རྟེན་དཀར་པོ་སེང་གེ་བརྒྱད་ཀྱི་རྒྱན་ཟེར་བྱས། དཱ།ཁོ་ལ་ཕྱོགས་བཞི་ལ་སེང་གེ་བརྒྱད་བརྒྱད་ཀྱི་རྒྱན་འདུག་གཱ ཕྱོགས་རེ་རེར་སེང་གེ་གཉིས་གཉིས་བྱས་བྱས་ཕྱོགས་རེ་རེར། སེང་གེ་བརྒྱད་བརྒྱད་རྒྱན་མགོ་དང་བརྟེན་ད་ལྟའི་འདིའི་ལོགས་ལ་མཆོད་རྟེན་དམར་པོ་རེད་པཱ།
    dA/'ong da lta'i mchod rten dkar po dang /_mchod rten dkar po seng ge brgyad kyi rgyan zer byas/_dA/kho la phyogs bzhi la seng ge brgyad brgyad kyi rgyan 'dug gA_phyogs re rer seng ge gnyis gnyis byas byas phyogs re rer/_seng ge brgyad brgyad rgyan mgo dang brten da lta'i 'di'i logs la mchod rten dmar po red pA/
  • བུ་ཆུང
    མཆོད་རྟེན་དམར་པོ།
    mchod rten dmar po/
  • སྐུ་ཞབས
    མཆོད་རྟེན་དམར་པོ་མཆོད་རྟེན་སྟོང་གི་རྒྱན་ཟེར་བྱས་བྱས་ཁོ་རང་།
    mchod rten dmar po mchod rten stong gi rgyan zer byas byas kho rang /
  • བུ་ཆུང
    མཆོད་རྟེན་དམར་པོ་མཆོད་རྟེན་སྟོང་གི་རྒྱན།
    mchod rten dmar po mchod rten stong gi rgyan/
  • སྐུ་ཞབས
    ཨཱ་ཁོ་རང་ཉིད་ལ་ཡང་མཆོད་རྟེན་སྟོང་ཕྲག་གཅིག་འདུག་གཱ
    A kho rang nyid la yang mchod rten stong phrag gcig 'dug gA
  • བུ་ཆུང
    ཨ་ལས། ལགས་སོ་ཏག་ཏག།
    a las/_lags so tag tag/
  • སྐུ་ཞབས
    འོ་་་་འདི་རེད། པདྨ་སྟོང་གི་རྒྱན་རེད།
    'o 'di red/_pad+ma stong gi rgyan red/
  • བུ་ཆུང
    པདྨ་སྟོང་གི་རྒྱན།
    pad+ma stong gi rgyan/
  • སྐུ་ཞབས
    ཨོའོ་་་་ཁོ་རང་པདྨ་མཆོད་རྟེན་རེད།
    o'o kho rang pad+ma mchod rten red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཨོའོ་་་་ད་ལྟའི་འདིའི་མཆོད་རྟེན་འདི་གཅིག་ཡོའོ་༿ཡོད་༾རེད་པཱ། ནག་པོ་མཆོད་རྟེན་ནག་པོ་མཆོད་རྟེན་སྟོང་གི་རྒྱན་ཟེར་བྱས། ཁོ་འདི་རེད་འདུག། བཟོ་ལྟ་བྱས་ན་མྱང་འདས་མཆོད་རྟེན་རེད་འདུག
    o'o da lta'i 'di'i mchod rten 'di gcig yo'o {yod }red pA/_nag po mchod rten nag po mchod rten stong gi rgyan zer byas/_kho 'di red 'dug/_bzo lta byas na myang 'das mchod rten red 'dug
  • བུ་ཆུང
    མྱང་འདས་མཆོད་རྟེན།
    myang 'das mchod rten/
  • སྐུ་ཞབས
    འོང་་་་་དེ་ནི་ཁོ་རང་ནི་ཡང་མཆོད་རྟེན་སྟོང་གི་བརྒྱན་འདུག་གཱ
    'ong de ni kho rang ni yang mchod rten stong gi brgyan 'dug gA
  • བུ་ཆུང
    ཨ་ལས། ལགས་སོ།
    a las/_lags so/
  • སྐུ་ཞབས
    འོང་་་་དེ་ནི་ཨོའོ་་་།མཆོད་རྟེན་དཱ་འདིའི་སྔོན་པོ་གཅིག་ཡོའོ་༿ཡོད་༾རེད་པཱ། མཆོད་རྟེན་སྔོན་པོ་ལྷ་ཁང་བཅུ་དྲུག་གི་རྒྱན་ཟེར་བྱས་ཁོ་རང་ལྷ་ཁང་བཅུ་དྲུག།
    'ong de ni o'o /mchod rten dA 'di'i sngon po gcig yo'o {yod }red pA/_mchod rten sngon po lha khang bcu drug gi rgyan zer byas kho rang lha khang bcu drug/
  • བུ་ཆུང
    མཆོད་རྟེན་སྔོན་པོ་བླ་བྲང་ལས་མིང་ལྷ་ཁང་བཅུ་དྲུག་གི་རྒྱན།
    mchod rten sngon po bla brang las ming lha khang bcu drug gi rgyan/
  • སྐུ་ཞབས
    འོང་།༿རེད།༾
    'ong /{red/}
  • བུ་ཆུང
    ཨ་ལས།ལགས་སོ་ལགས་ལགས།
    a las/lags so lags lags/
  • སྐུ་ཞབས
    ཁོ་རང་ལའི་༿ལ་ཡང་༾ཡང་ལྷ་ཁང་བཅུ་དྲུག་འདུག
    kho rang la'i {la yang }yang lha khang bcu drug 'dug
  • བུ་ཆུང
    ལགས་སོ། ཨ་ནི་་་་།འདི་གས་བསམ་ཡས་དགོན་པ་རང་འདི་གཙུག་ལག་ཁང་རང་འདི། ཨཱ་རྟེན་གཙོ་བོ་དང་གཅིག་ངོ་སྤྲོད་ཞིག་གནང་རོགས།
    lags so/_a ni /'di gas bsam yas dgon pa rang 'di gtsug lag khang rang 'di/_A rten gtso bo dang gcig ngo sprod zhig gnang rogs/
  • སྐུ་ཞབས
    དཱ།ཁོ་རང་རང་ཨཱ་བསམ་ཡས་གཙུག་ལག་ཁང་རང་གི་རྟེན་གྱི་གཙོ་བོ་ཆེ་ཤོས་ཇོ་བོ་བྱང་ཆུབ་ཆེན་པོ་འདི་རེད་འདུག་གཱ
    dA/kho rang rang A bsam yas gtsug lag khang rang gi rten gyi gtso bo che shos jo bo byang chub chen po 'di red 'dug gA
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ཇོ་བོ་བྱང་ཆུབ་ཆེན་པོ་ར་འདི་སྔོན་ནས། སྔོན་མ་བྱས་ན་དཱ་བསམ་ཡས་གཙུག་ལག་ཁང་བཞེངས་ནས་ཧད་པོ་རི་ནས་རང་བྱོན་ལ་འཁྲུངས་འདུག་གཱ རྡོ་སྐུ་རང་བྱོན་རེད་འདུག
    jo bo byang chub chen po ra 'di sngon nas/_sngon ma byas na dA bsam yas gtsug lag khang bzhengs nas had po ri nas rang byon la 'khrungs 'dug gA_rdo sku rang byon red 'dug
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    རྡོ་སྐུ་རང་བྱོན་བྱས་བྱས། དཱ་འདི་ཕྱིས་སུ་དཱ་ང་ཚོའི་དཱ་བོད་དང་རྒྱ་གར་ནང་འདི་འདྲས་བཟོ་བོ་མཁས་པ་འདི་འདྲས་ཡོའོ་༿ཡོད་༾རེད་པཱ།
    rdo sku rang byon byas byas/_dA 'di phyis su dA nga tsho'i dA bod dang rgya gar nang 'di 'dras bzo bo mkhas pa 'di 'dras yo'o {yod }red pA/
  • བུ་ཆུང
    འོ་ཨོ་རེད།
    'o o red/
  • སྐུ་ཞབས
    ཡང་ཁོ་རང་ཚོ་ཚུར་རྣམ་པ་འདི་གསལ་དུ་གཏང་པ་ཡིན་ས་རེད། ཐོག་མ་བྱས་ན་དཱ་རྡོ་སྐུ་རང་བྱོན་བྱས། དེ་ནི་རྗེས་ལ་ཚུར་རྣམ་པ་འདི་གསལ་དུ་བཏང་ནས་དེ་ནི་བསམ་ཡས་གཙུག་ལག་ཁང་འདིར་དེང་སང་ཡང་ད་ག་རང་རེད།
    yang kho rang tsho tshur rnam pa 'di gsal du gtang pa yin sa red/_thog ma byas na dA rdo sku rang byon byas/_de ni rjes la tshur rnam pa 'di gsal du btang nas de ni bsam yas gtsug lag khang 'dir deng sang yang da ga rang red/
  • བུ་ཆུང
    ལགས་སོ།
    lags so/
  • སྐུ་ཞབས
    ད་སྔོན་མ་དཱ་འདིའི་དོན་འགྱུར་བྱུང་བ་རེད་པཱ། དཱ་རིག་གནས་གསར་བརྗེ་ཆེན་པོའི་འདི་འདྲས་སྐབས་ལ། དེ་ནི་ཡང་གཏོར་པ་རེད་ཟེར། འདི་བྱས།དཱ་འདིའི་དབུ་འདི་སྔོན་མ་གཏོར་པ་རེད་ཟེར་གྱི་འདུག་རིག་གནས་གསར་བརྗེའི་སྐབས་ལ།
    da sngon ma dA 'di'i don 'gyur byung ba red pA/_dA rig gnas gsar brje chen po'i 'di 'dras skabs la/_de ni yang gtor pa red zer/_'di byas/dA 'di'i dbu 'di sngon ma gtor pa red zer gyi 'dug rig gnas gsar brje'i skabs la/
  • སྐུ་ཞབས
    དེང་སང་དབུ་འདི་དཱ་འདི་རེད། རིན་ཆེན་དང་འདི་འདྲས་དང་འདི་འདྲས་ཀྱི་འཇིམ་པ་སྣ་མིན་སྣ་ཚོགས་ཀྱི་བཞེངས་བཞག་པ་འདི་འདྲས་རེད་འདུག
    deng sang dbu 'di dA 'di red/_rin chen dang 'di 'dras dang 'di 'dras kyi 'jim pa sna min sna tshogs kyi bzhengs bzhag pa 'di 'dras red 'dug
  • བུ་ཆུང
    གསར་པ་བཞེངས་བྱས། ལགས་སོ།
    gsar pa bzhengs byas/_lags so/
  • སྐུ་ཞབས
    གཞན། སྐུ་གཟུགས་རང་འདི་སྔོན་མ་དཱ་ག་རང་འཇགས།རང་འཇགས་རེད་འདུག
    gzhan/_sku gzugs rang 'di sngon ma dA ga rang 'jags/rang 'jags red 'dug
  • བུ་ཆུང
    ལགས།ལགས།ལགས། ལགས།ཐུགས་ཆེ་གནང་། ལགས། ཐུགས་ཆེ་གནང་།
    lags/lags/lags/_lags/thugs che gnang /_lags/_thugs che gnang /