Skip to main content Skip to search
31 Jan 2012
3 min 48 sec
Video Overview
Creators: 
Unknown

An interview between Yanglha and a man from Jomda in the metalworking district on the eastern edge of Thieves' Island.

Transcript search
No results found for this search
0 of 0
  • ཁྱེད་རང་ལུང་པ་གང་ནས་འདའི་ཕེབས་པ་ཡིན་ནམ།
    From which part of the country you come here?
  • ང་ཆབ་མདོ་འཇོ་མདའ།
    I am from Chamdo.
  • ལགས་སེ།
    I see.
  • ཀུ་ས་ཤང་། དུད་ཚང་མཚན།
    My family name is Kusashang
  • ཨ་ལས། ད་ལྟ་ལྷ་ས་ཕེབས་ནས་རྒྱུན་རིང་ལོས་ཐད་ཡོད་དམ།
    I see. How long have you been here?
  • ལྷ་ས་སླེབས་ནས་ཕལ་ཆེར་ལོ་༢༠ཙམ་འགྲོ་ཡོད།
    I came here about 20 years ago.
  • ལོ་༢༠ལགས།
    20 years?
  • འོ། འདའི་ལོ་བརྒྱད་ཙམ་བསྡད་པ་ཡིན།
    Yes, here I stayed here about eight consecutive years.
  • ལཱ་སེ། ལྟ་ད་ལྟ་ལྷ་སར་ཕྱག་ལས་ག་རེ་གནང་གི་ཡོད་ནཱ།
    Okay. What do you do in Lhasa?
  • ང་ལྷ་སར་ཚོང་རྒྱག་གི་ཡོད།
    I am doing business.
  • ཨ་ལས།
    I see.
  • ཚོང་། འདའི་ག་རེ་བྱུང་བྱུང་བྱེད་ཀྱི་ཡོད།
    Here I take whatever business opportunities that are here.
  • ལཱ་སེ། ཨཱ་ནི་སྔས་མ་ཆབ་མདོར་བཞུགས་དུས་ཙམ་ལ་ཁྱེད་རང་ཕྱག་ལས་ག་རེ་གནང་གི་ཡོད་ནཱ། ཚོང་རེད་པས།
    I see. In Chamdo, what was your occupation? Were you a businessman?
  • ཆབ་མདོར་བསྡད་དུས་ལྟ་ང་ཚོ་གྲོང་གསེབ་པ་རེད་པཱ། ལྟ་ཞིང་ལས་བྱེད་ཀྱི་རེད།
    In Chamdo, I lived in a village. So I did farming.
  • ཨ་ལས་ཞིང་ལས་རེད་པཱ།
    Farming?
  • ཞིང་ལས་བྱེད་ཀྱི་རེད། དེ་ནས་ཞིང་ལས་བྱས་པ་མ་གཏོགས། ལྟ་དཀའ་ལས་བརྒྱབ། འཚོ་བ་ར་ཅིག་གང་ག་ཚང་མ་ཆ་སྙོམས་ལ་སྐྱོ་པོ་ཡོག་རེད་པ།
    Yes, only farming. During those days, we were quite impoverished.
  • ལགས་འོང་།
    I see.
  • དེ་ནས་ལྷ་སར་ལ་ཡོང་ཡོང་འབབ་རྗེས་པ་ཕྱུག་པོ་ཆགས།
    Then I came to Lhasa and here I got rich.
  • འོ་རེད། ཨཱ་ནི་ཆབ་མདོ་ནས་ཞིང་ལས་བཞག་བྱས་འདའི་ལྷ་སར་ཚུར་ཕེབས་ཡག་ཨེ་འདྲས་ཡོང་འབབ་བསག་ཡག་ཆེད་དུ་རེད་པ།
    Right. So you moved from Chamdo to Lhasa generate better income. Is that correct?
  • འོ་ཡོང་འབབ་བསག་ཡག་ཆེད་དུ།
    Yes, that is right.
  • ལཱ་སེ། ཨཱ་ནི་ཁྱེད་རང་ལྷ་ས་ཡཱ་མཉེས་པོ་ཡོད་ནཱ།
    Okay. Do you like staying in Lhasa?
  • ལྷ་ས་ལ་མཉེས་པོ་ཡོག་རེད། ང་ཁ་སང་ཕ་ཡུལ་ལ་མར་ཕྱིན་ཟླ་བ་དྲུག་ཙམ་བསྡད་པ་ཡིན།
    Yes, I like here. Recently, I went back to my hometown and spent about six months there.
  • འོ་འོ།
    Okay.
  • མ་ཙང་བྱས་ལྟ་དེ་ནས་ཡར་འགྲོ་དང་། སང་ཡིན་ཡར་འགྲོ་བསམས་བསམས་འདུག་མ་གཏོགས་ཕ་ཡུལ་བསྡད་འདོད་གཅིག་ཀྱང་འགྲོ་གི་མི་འདུག
    When I was there, I wanted to come back to Lhasa all the time and don't feel like staying there.
  • ཨ་ལས།
    I see.
  • ལོ་ཕྱེད་ཀ་ཙམ་ཕ་ཡུལ་ལོ། ཨམ་ཕལ་ཆེར། ལྟ་ང་ད་ལྟ་ལོ་༤༠ཙམ་རེད། འདའི་ལོ་༣༠ཙམ་ཕ་ཡུལ་ལ་བསྡད་པ་རེད།
    I am now in my 40s. I spent about 30 years in my hometown.
  • འོ།
    I see.
  • དེ་ནས་ལྷ་སར་ལོ་ཏིག་ཙམ་ལས་བསྡད་ཡོག་མ་རེད་འདའ་ད་དུང་ལྷ་ས་ལ་ཡར་སང་ཉིན་འགྲོ། གནངས་ཉིན་འགྲོ་བསམས་བསམས་མ་གཏོགས། ཕ་ཡུལ་ལ་བསྡད་བསམས་བསམས་ཤིག་གཅིག་ཀྱང་མི་འདུག
    Although I spent most of my time in my hometown; I always wanted to go to Lhasa, and don't want to stay there.
  • ལཱ་སེ། ལྷ་སར་སྤྲོ་པོ་ཡོད་པ་རེད།
    Okay. So you like here?
  • འོ་མར་ལ་ཁྲེན་ཏུ་ཕྱིན་པ་ཡིན། ཀན་ཛི་ལ་ཕྱིན་པ་ཡིན། ཡར་ཆོ་མ་ལ་ཕྱིན་ཡིན། ལྷ་ས་ལས་སྐྱིད་པ་མི་འདུག
    Yes. I went to Chengdu, Kandze, etc., but nothing compares to Lhasa.
  • ལཱ་སེ།
    Okay.
  • ལྷ་སར་སྐྱིད་ཤོས་རེད་ཤག
    Lhasa is the happiest place for me.
  • ལཱ་སེ།
    Okay.
  • དེ་རེས་ལམ་སང་བསྐོར་ར་བརྒྱབ་ནའི་ལྷ་ས་ལ་རེད་ཡཱ། དེ་ནས་ཇོ་ཁང་ལ་ཕྱིན་མཆོད་མཇལ་ལ་ཕྱིན་ནའང་ལ་ལྷ་ས་ཡག་ཤོས་རེད་པ།
    Whether you want to move around or visit the temple of Jowo (Buddha Shakyamuni), Lhasa is the best place for all such activities.
  • ལཱ་སེ།
    Okay.
  • ལྟ་གཞན་དག་ལ་དེ་འདྲས་ཡོག་མ་རེད།
    In other areas, you don't have that kind of choices.
  • ལཱ་སེ། བྱས་ན་ཁྱེད་རང་ལྷ་སར་བཞུགས་ཡག་ལ་མཉེས་པོ་ཞེ་དྲག་ཡོག་རེད།
    Okay. So you enjoy here very much.
  • ཨཱ་ནི་ཁྱེད་རང་བུ་འདའི་ལག་རྩལ་སྦྱོང་བར་བཏང་གནང་འདུག་ག བུ་འདའི་བཏང་ཡག་གི་རྒྱུ་མཚན་གང་ཡིན་ནམ།
    You sent your son here to master the craft. Why?
  • འདི་རྒྱུ་མཚན་གང་ཡིན་ཟེར་ན་ང་ཚོ་ལུང་པའི་ནང་སྔས་མ་བྱས་ན་སྐྱོ་པོ་སྐྱོ་པོ་རེད། ལྟ་དེང་སང་ཞེ་དྲགས་སྐྱོ་པོ་ཡོག་མ་རེད།
    That is because our hometown used to be a backward place. Nowadays, it got little better.
  • ལོའོ།
    I see.
  • བཟའ་ཡག གྱོན་ཡག ལས་ཀ་དང་ག་རེ་གང་གའི་ཐད་ལ་ཡིན་ན་སྐྱོ་པོ་ཞེ་དྲགས་མ་རེད་འདའི། ཡིན་ནའི་ང་ཚོ་འདའི་ངའི་འོག་མ་འདི་རྒྱ་མ་དེའི་བསྡད་རོགས་རེད།
    Regarding meeting our basic needs and job wise, everything improved a little.
  • ལཱ་སེ།
    Okay.
  • རྒྱ་མི་དེའི་བསྡད་རོགས་རེད་པཱ། དེ་ནས་ངས་སྤུ་གུ་ཡར་འཁྲིད་གོ་ལབ་ཏིག་ཙམ་འདི་འདྲས་འདའི་ཏིག་ཙམ་བཟོ་འདི་སྦྱངས། དེ་ནས་རྗེས་མ་ཡག་པོ་ཆགས་སོང་ན་ལྟ་ཁོ་རྩེ་གྲ་ཞིག་བྱེད་དགོས་ཀྱི་རེད། རྩེ་གྲྭ་ཞིག་བྱེད་དགོས་ཀྱི་རེད། ཁོས་ཡག་པོ་ཤེས་སོང་ན་ད་དུང་ད་དུང་དགེ་ཕྲུག་མུ་མཐུད་ད་དུང་སློབ་ཡག་གི་ཆ་རྐྱེན་རྒྱུ་མཚན་འདི་འདྲ་ཡིན། ཨཱ་ནི་དེ་ནས་རྗེས་མ་ཡག་པོ་ཆགས་སོང་ན། དེ་ནས་སོ་སོས་ལྷ་སར་བསྡད་བྱས་ལྷ་ས་ལ་འཚོ་བ་སྐྱེལ་བསྡད་ན་བསྡད་ཆོག་ན་དེ་ནས་ཡང་མར་འགྲོ་ཕ་ཡུལ་ལ་ད་དུང་ཁོ་ཚོ་དགེ་རྒན་བྱས་ནས། གང་ཟེར་དགོས་ཀྱི་རེད། སྤུ་གུ་གཞན་དག་ཚོ་གྲོང་གསེབ་ནང་ལྟ་སྐྱོ་པོ་ཡོག་མ་རེད་པས། དེ་ཚོ་ཚུར་འགུག་ནས་དེ་ནས་སློབ་སྦྱོང་བྱེད་དུ་འཇུག་གི་ཡིན། ངའི་དམིགས་ཡུལ་དེ་འདྲ་ཡིན། ང་དང་ངའི་འོག་གཉིས་གྲོས་བྱས་པ་ཡིན།
    I stay with a Chinese. I said that I would bring the son here to train him in the craft. If everything is successful and he learned the skill, he can continue his learning. Once he mastered it, he can choose to stay in Lhasa if that is possible. Or he can go back to his hometown train the needy children in the village. That's my objective, and I had discussed the matter with my brother.
  • ལཱ་སེ། ལགས་འོང་། ཐུགས་རྗེ་གནང་།
    I see, thank you.
  • ཁྱེད་རང་འཇག་མ་གླིང་ཁར་ཨེ་འདྲས་འདའི་ས་ཆ་འདའི་ཡ་མཉེས་པོ་ཡོད་ནཱ། ཡང་མིན་ན་ཁྱེད་རང་ཨེ་འདྲས་བཙུགས་ཏེ་ཕེབས་ཀྱི་ཡོད་ནཱ། གང་འདྲ་ཡིན་ནམ།
    Do you like this place, Jakma Park? And do you come here frequently?
  • དགའ་པོ་ལྟ་ཞེ་དྲགས་མེད་འདའི་བཙུགས་ཏེ་ཡོང་གི་ཡོད།
    I don't like that much, but I come here quite often.
  • ལཱ་སེ། རྒྱུ་མཚན་ག་རེ་ཡིན་ནམ།
    I see. Can you tell me the reason?
  • རྒྱུ་མཚན་ངའི་འོག་མ་གི་སྤུ་གུ་འདི་ན་ཡོག་རེད་པཱ། དེ་ནས་ངའི་ཚ་བོ་འདི་ནང་གཞུང་གྱི་ཡོག་རེད་དེ་ནས།
    That is because my younger brother's son works here.
  • ལགས་སོ། འདའི་ཕྱག་ལས་གནང་མཁན་ཁོང་རེད་པས།
    I see. Is the one who is working here?
  • འོ། ཕྱག་ལས་གནང་མཁན་ཁོང་བྱས། ངའོ་འོག་མ་གེ་རེད་པ། དེ་སྤུ་བུ་ངའི་ཚ་བོ་རེད།
    Yes, the one who is working here now. He is my nephew.
  • འོ་འོ། བྱས་ཙང་བུ་འདའི་སློབ་སྦྱོང་ལ་བཏང་ཡོག་རེད་པ།
    So he sent his son here for training.