31 Jan 2012
2 min 5 sec
Video Overview
Creators:
Unknown
Yanglha interviews an ice cream vendor from Lhoka near the east bridge of Thieves' Island.
- Lhasa
- གཡང་ལྷ་ Yanglhaཁྱེད་རང་ས་ཆ་གང་ནས་ཕེབས་པ་ཡིན་ནམ།Where are you from?
- ཚོང་པ་ Vendorང་ལྷོ་ཁ་ནས་ཡིན།I am from Lhokha.
- གཡང་ལྷ་ Yanglhaལཱ་སེ། ཨཱ་ནི་འདའི་ལྷ་སར་སླེབས་ནས་ལོ་ག་ཚོད་ཕྱིན་སོང་།Okay. How many years have you been in Lhasa?
- ཚོང་པ་ Vendorལྷ་སར་སླེབས་ནས་ལོ་གསུམ་ཙམ།I have been in Lhasa for the past three years.
- གཡང་ལྷ་ Yanglhaལོ་གསུམ་ཙམ་རེད་པཱ།Is it three years?
- ཚོང་པ་ Vendorའོ་འོ།Yes.
- གཡང་ལྷ་ Yanglhaསྔས་མ་ལྷོ་ཁར་ཡཱ་ཕྱག་ལས་ག་རེད་གནང་གི་ཡོད་ནཱ།In Lhokha, what work you used to do?
- ཚོང་པ་ Vendorཨམ། ལྷོ་ཁར་ད་གར་ཞིང་པ་ཡིན།Um, in Lhokha, I was a farmer.
- གཡང་ལྷ་ Yanglhaཨང་། ཨཱ་ནི་ལྷོ་ཁ་ནས་ཚུར་ལྷ་སར་ཚུར་ཕེབས་ཡག་རྒྱུ་མཚན་ག་རེ་ཡིན་ནམ།I see. Why did you move to Lhasa?
- ཚོང་པ་ Vendorཅོག་འདའི་ལྷ་སར་ཡོག་རེད་པཱ།My husband is in Lhasa.
- གཡང་ལྷ་ Yanglhaཨཱ་ནི་ཁྱེད་རང་ད་ལྟ་ལྷ་སར་ཚུར་ཕེབས་ནས་ཕྱག་ལས་ག་རེ་གནང་གི་ཡོད་ནཱ།After moving here in Lhasa, what job do you do?
- ཚོང་པ་ Vendorའོ་འདའི་ཚོང་ལྷེབ་ཙམ་རྒྱག་གི་ཡོད།I have a small business.
- གཡང་ལྷ་ Yanglhaཨང་། ཨཱ་ནི་ཁྱེད་རང་སོ་སོའི་ཕྱག་ལས་དེ་ལ་མཉེས་པོ་ཡོད་ནཱ།Do you like your job?
- ཚོང་པ་ Vendorདགའ་པོ་ཡོད།I like it.
- ང་ཨེ་འདྲས་རྒྱག་ཡག་དགའ་པོ་ཡོད།I like to do this kind of work.
- གཡང་ལྷ་ Yanglhaཨང་། དེ་ཤག་ཚོང་ཡག་ལོད་འདུགI see. How is the business these days?
- ཚོང་པ་ Vendorཨོའོ་ཙམ་འདུགIt is good.
- གཡང་ལྷ་ Yanglhaཨང་དབྱར་ཁའི་ཚོང་ཏིག་ཙམ་ཡག་ག་ཡོད་ཀྱི་རེད།I think the business better in the summer, right?
- ཚོང་པ་ VendorའདུགYes.
- གཡང་ལྷ་ Yanglhaལཱ་སེ། ཨཱ་ནི་ཁྱེད་རང་ད་ལྟ་འདའི་ས་ཆ་འདའི་ཚོང་བསྐྱོན་ཀ་ཕེབས་ཡག་རྒྱུ་མཚན་གང་རེད་དམ། ཡང་མིན་ན་ཚོང་གཞན་དག་ཡོག་རེད་པཱ།Okay. Why did you come here to do your business? You can do other things, right?
- ཚོང་པ་ Vendorའོ།Yes.
- གཡང་ལྷ་ Yanglhaབར་བསྐོར་དང་ཡང་པོ་ཏ་ལའ་མདུན་ལ། ཨཱ་ནི་འདའི་འཇག་མ་གླིང་ཁར་ཕེབས་ཡག་རྒྱུ་མཚན་ག་རེ་ཡིན་ནམ།You could go to Barkor or stay in front of the Potala Palace. Why did you come here to Jakma Lingkha?
- ཚོང་པ་ Vendorའཇག་མ་གླིང་ཁར་། ཨམ། ཅོག་རྒྱ་མི་རེད་པཱ། ཨཱ་ནི་ཅོག་འདའི་རྒྱ་མི་མང་བ་ཡོད་ཙང་འདའི་བསྡད་བྱས།Jakma Lingkha, um, because my husband is Chinese, and there are more Chinese here.
- གཡང་ལྷ་ Yanglhaཨ་ལས། ལཱ་སེ། ལཱ་སེ། ཨམ། ཨཱ་ནི་ཁྱེད་འདའི་འཇག་མ་གླིང་ཁར་ཕེབས་ཡག་དེ། འཇག་མ་གླིང་ཁའི་ཨེ་འདྲས་ལོ་རྒྱུས་བཟོ་ལྟ་དང་ཨེ་འདྲས་ཡང་མིན་ན་འཇག་མ་གླིང་ཁའི་སྐོར་ག་དུས་བཙུགས་ཡོད་མེད་དང་ཨེ་འདྲས་མཁྱེན་གྱི་ཨ་ཡོད།I see, okay. Do you know anything about Jakma Lingkha? About its history or anything like this.
- ཚོང་པ་ Vendorཨེ་འདྲས་མེད།I don't know any.
- གཡང་ལྷ་ Yanglhaལཱ་སེ།Okay.
- ཚོང་པ་ Vendorང་ཡོང་དུས་ཁང་པ་གསར་པ་དེ་ཚོ་གཅས་མི་འདུག སླེབས་ནས་ལྟ་ཁང་པ་དེ་ཚོ་དང་མ་མར་གང་ག་གསར་པ་བརྒྱབ་རྒྱོག་རེད།When I first arrived here, these new buildings are not here. These buildings and those down there are all recently built.
- གཡང་ལྷ་ Yanglhaའོ་འོ། བྱས་ཙང་ལྟ་འདའི་ཨང་ཚུར་ཕེབས་པ་དང་ཕྱག་ལས་ད་ག་གནང་ནས་བཞུགས་པ་རེད་པཱ།I see. After arriving here, have you kept doing the same job?
- ཚོང་པ་ Vendorའོ་ཚུར་སླེབས་ནས་ལོ་གཉིས་ཙམ་འདའི་པིང་ཆི་ལིང་ (འཁྱགས་པ་བྱི་རིལ་) བཙོངས་ནས་ལོ་གཉིས་ཙམ་འགྲོ་གིས།After arriving here, I have been selling ice-creams for the past two years.
- གཡང་ལྷ་ Yanglhaཨང་།Okay.
- ཚོང་པ་ Vendorལོ་གཅིག་ཙམ་ད་ག་སེ་ལས་ཀ་ཕྱིན་བྱས་ནང་ལ་བསྡད་པ་རེད།I stayed at home for about year doing other works.
- གཡང་ལྷ་ Yanglhaཨང་། ཨཱ་ནི་ལོ་གཉིས་ཀྱི་རིང་ལ་གང་ག་ཨཱ་ནི་འདའི་འཇག་མ་གླིང་ཁར་བཞུགས་པ་རེད་པས།I see. So in the last two years, you are here in Jakma Lingkha?
- ཚོང་པ་ Vendorའོ་འོ།Yes.
- གཡང་ལྷ་ Yanglhaལཱ་སེ།Okay.
- ཁྱེད་རང་སྔས་མ་ལྷོ་ཁར་བསྡད་དུས་ཙམ་ལ་ཞིང་ལས་གནང་གི་ཡོག་རེད་པ།While you were in Lhokha, did you cultivate field?
- ཚོང་པ་ Vendorའོ་འོ།Yes.
- གཡང་ལྷ་ Yanglhaལཱ་སེ། དེ་ནས་ལྷ་སར་ཚུར་ཕེབས་ཨེ་འདྲས་ཕྱི་ལོགས་ལ་ཕྱག་ལས་གནང་ག་འདུག་སེ།Okay. You came to Lhasa and started working outside like this?
- ཚོང་པ་ Vendorའོ་འོ།Yes.
- གཡང་ལྷ་ Yanglhaཁྱེད་རང་ཨེ་འདྲས། ཨཱ། སྔས་མ་ཞིང་ལས་གནང་ཡང་ད་ལྟ་ལྷ་སར་ཚུར་ཕེབས་ནས་ཕྱི་ལོགས་ལ་ཕྱག་ལས་གནང་ག་ཕེབས་དུས་ཙམ་ལ་ཨེ་འདྲས་སྤྲོ་པོ་འདུག་གས། ཁྱེད་རང་ཨེ་འདྲས་མ་འགྲིག་ར་ཨེ་འདྲས་གལ་འདུག་གས། སྔས་མ་ནང་ལ་བཞུགས་བཞུགས་པ་རེད་པཱ།Before you cultivate the field, here in Lhasa you are working outside. Are you happy? Are they anything you dislike about this change since you used to stay at home?
- ཚོང་པ་ Vendorནང་ལ། ནང་ལ་བསྡད་ཡག་ལས་ཚུར་སླེབས་ནས་མཐོང་རྒྱ་དེ་ཙམ་བྱས། ཨང་མི་འདྲ་མི་འདྲ་ཐུག སྐྱིད་པ་ར་ཅིག་འདུགAt home, instead of staying at home, it is better here because it increased my perspective. I meet all sort of people, and it is more enjoyable than my place.
- གཡང་ལྷ་ Yanglhaཨོའོ་སོ་སོའི་ཕྱག་ལས་འདའི་དགའ་པོ་ཡོད་པ་རེད།So you like your job?
- ཚོང་པ་ Vendorའོ་འོ། འདའི་དགའ་པོ་ཡོད།Yes, I like it.
- མི་འདྲ་མི་འདྲ་ཐུག ཨཱ་ནི་ས་ཆ་ག་པར་ག་པར་ལས་འགྲོ་ཡག་ཡོད་པ་བྱས།Here you meet all sort of people and can visit various places.
- གཡང་ལྷ་ Yanglhaཨ་ལས། ལཱ་སེ། ལཱ་སེ།Okay, I see.
- ཚོང་པ་ Vendorཕར་གྲོང་གསེབ་འདའི་ལུང་པ་ཆུང་ཆུང་ཞིག་ལས་ཡོག་མ་རེད་པཱ།Back home, it is a tiny village. Right?
- གཡང་ལྷ་ Yanglhaའོ་རེད།Right.
- ཚོང་པ་ Vendorལས་ཀ་དཀའ་ལས་ཁག་པོ་བྱས། འདའི་སླེབས་ནས་སྐྱིད་པ་འདུགAnd work there was very tough. Here I am happier now.
- གཡང་ལྷ་ Yanglhaལཱ་སེ། འོ་ཐུགས་རྗེ་ཆེ།Okay. Thank you very much.