Skip to main content Skip to search
15 Dec 2011
4 min 50 sec
Video Overview
Creators: 
Unknown

An interview with an elderly former monk in Drakmar Keru Monastery.

老人土旦次仁来简介碗吉如乡的过去历史和现在的情况以及自己的人生经历。老人土旦次仁今年到了76岁,他11岁的时在色拉寺当和尚,1959年把回到了自己家现在他有了两个孩子。碗吉如乡有三个寺庙,已前还有四个庄子,碗吉如寺有十几个和尚。 老人土旦次仁来简介碗吉如乡以及自己的人生经历。

Transcript search
No results found for this search
0 of 0
  • ཐུབ་བསྟན་འཇིགས་མེད
    ངའི་མིང་ལ་ཐུབ་བསྟན་འཇིགས་མེད་ཟེར་གྱི་ཡོད། དེ་ནི་ང་ལོ་བདུན་ཅུ་དོན་དྲུག་ཡིན།
    nga'i ming la thub bstan 'jigs med zer gyi yod/_de ni nga lo bdun cu don drug yin/
  • བུ་ཆུང
    ཨ་ལའི་བསྒུག་གནང་པཱ་ལགས། འགོ་བཙུགས་སོང་ངས།
    a la'i bsgug gnang pA lags/_'go btsugs song ngas/
  • ཐུབ་བསྟན་འཇིགས་མེད
    དོན་ཅུ་དོན་དྲུག་ཡིན། དེ་ནི་ལྔ་བཅུ་ང་དགུའི་ནང་ལ་ཚུར་ལོག་ཡོང་ནས། ནང་ལ་ཚུར་ལོག་ཡོང་པ་ཡིན་ལ། དེ་ནི་གྲྭ་པ་བྱས་ནས་ལོ་ཉི་ཤུ་རྩ་གཉིས་བསྡད་པ་ཡིན། དེ་ནི་ང་ལོ་ཡར་རྒས་ནས་ད། ད་ལོའི་ལོ་བཞི་ཅུ་ཞེ་གཉིས་ཙམ་འགྲོ་གིས།
    don cu don drug yin/_de ni lnga bcu nga dgu'i nang la tshur log yong nas/_nang la tshur log yong pa yin la/_de ni grwa pa byas nas lo nyi shu rtsa gnyis bsdad pa yin/_de ni nga lo yar rgas nas da/_da lo'i lo bzhi cu zhe gnyis tsam 'gro gis/
  • བུ་ཆུང
    ལགས་སོ།
    lags so/
  • ཐུབ་བསྟན་འཇིགས་མེད
    ལགས་འོང་། དེ་ནི་པུ་གུ་༼ཕྲུ་གུ་༽གཉིས་ལས་མེད་ཡང་། ཕྲུ་གུ་གཉིས་ཡོད། དེ་ནི་འོན་ནང་ལ་ཆ་བཞག་ན། འོན་རྫོང་གི་མངའ་འོག་ལ་དེ་ནི་མདའ་ནས་ཡར་མངའ་རིས་གྲྭ་ཚང་བྱས། དེ་ནས་ཡར་འོན་ཆོས་སྡིངས་ལྷ་ཁང་བྱས། དགོན་པོ་ལ་ཆ་བཞག་ན་དེ་ནི་འོན་ཀེ་རུ་ལྷ་ཁང་བྱས། གྲྭ་པའི་དགོན་པ་གསུམ་བྱས། དེ་ནི་གཞིས་ཀ་རང་ལ་ཆ་བཞག་ན། སྐྱིད་པོ་གཞིས་ཀ་བྱས། ཨ་ནི་འདིའི་བཙན་ཁང་གཞིས་ཀ་བྱས།
    lags 'ong /_de ni pu gu (phru gu )gnyis las med yang /_phru gu gnyis yod/_de ni 'on nang la cha bzhag na/_'on rdzong gi mnga' 'og la de ni mda' nas yar mnga' ris grwa tshang byas/_de nas yar 'on chos sdings lha khang byas/_dgon po la cha bzhag na de ni 'on ke ru lha khang byas/_grwa pa'i dgon pa gsum byas/_de ni gzhis ka rang la cha bzhag na/_skyid po gzhis ka byas/_a ni 'di'i btsan khang gzhis ka byas/
  • བུ་ཆུང
    བཙན་ཁང་གཞིས་ཀ།
    btsan khang gzhis ka/
  • ཐུབ་བསྟན་འཇིགས་མེད
    ལགས་འོང་། ལགས་འོང་། གཞིས་ཀ་འོ་དེ་གས་ལ་ཡོའོ་རེད། མཐོང་སྨོན་གཞིས་ཀ་བྱས། ན་འོང་གཞིས་ཀ་བྱས།
    lags 'ong /_lags 'ong /_gzhis ka 'o de gas la yo'o red/_mthong smon gzhis ka byas/_na 'ong gzhis ka byas/
  • བུ་ཆུང
    ལས་ཟེའེ།
    las ze'e/
  • ཐུབ་བསྟན་འཇིགས་མེད
    ལགས་འོང་ལ། འོ་དེ་གས་དེ་ཡོའོ་རེད་ལ།
    lags 'ong la/_'o de gas de yo'o red la/
  • བུ་ཆུང
    ལགས་སོ། ཨ་ནི་དེང་སང་སྐོར་ཏོག་ཙམ་གསུང་རོགས་གནང་།
    lags so/_a ni deng sang skor tog tsam gsung rogs gnang /
  • ཐུབ་བསྟན་འཇིགས་མེད
    དེང་སང་ད། དེང་སང་ད། མི་སེར་འདྲ་པོ་ཞིག་མ་གཏོགས་གཞན་དག་གའི་ཡོའོ་མ་རེད། གཞིས་ཀ་ཅིག་དག་ཡོའོ་མ་རེད་ལ།
    deng sang da/_deng sang da/_mi ser 'dra po zhig ma gtogs gzhan dag ga'i yo'o ma red/_gzhis ka cig dag yo'o ma red la/
  • བུ་ཆུང
    ལགས་སོ། དེང་སང་འདི་ག་པར་གཏུགས་དགོས་ཀྱི་ཡོད་མིན་དེ།
    lags so/_deng sang 'di ga par gtugs dgos kyi yod min de/
  • ཐུབ་བསྟན་འཇིགས་མེད
    ལའོ། དེང་སང་ཡང་ད། རྫོང་གི་མངའ་འོག་ལ་གཏུགས་དགོས་རེད། རྫོང་ཡང་ལྷོ་སྤྱིའི་མངའ་འོག་ལ་གཏུགས་དགོ་རེད། 
    la'o/_deng sang yang da/_rdzong gi mnga' 'og la gtugs dgos red/_rdzong yang lho spyi'i mnga' 'og la gtugs dgo red/_
  • བུ་ཆུང
    ལགས་སོ།
    lags so/
  • ཐུབ་བསྟན་འཇིགས་མེད
    ལགས་ལོག་ལ། ལྷོ་ཁའི་སྤྱི་ཁྱབ་པའི་ནང་ལོགས་ལ།
    lags log la/_lho kha'i spyi khyab pa'i nang logs la/
  • བུ་ཆུང
    ལྷོ་ཁའི་སྤྱི་ཁྱབ་ཀྱི་ཁོངས་གཏོགས་ལ།
    lho kha'i spyi khyab kyi khongs gtogs la/
  • ཐུབ་བསྟན་འཇིགས་མེད
    ལགས་འོང་། ལྷོ་ཁའི་སྤྱི་ཁྱབ་པའི་འོག་དེ་ན།
    lags 'ong /_lho kha'i spyi khyab pa'i 'og de na/
  • བུ་ཆུང
    ལགས་སོ། ཨ་ནི་པཱ་ལགས། ད་ལྟ་ཕྲུ་གུ་ཁོང་རྣམ་གཉིས་ག་པར་ཡོའོ་རེད་ལ།
    lags so/_a ni pA lags/_da lta phru gu khong rnam gnyis ga par yo'o red la/
  • ཐུབ་བསྟན་འཇིགས་མེད
    ལགས། ནང་ལ་ཡོའོ་རེད་ལ། 
    lags/_nang la yo'o red la/_
  • བུ་ཆུང
    གཉིས་ཀ་ད་ག་བསྡད་ཡོའོ་རད།
    gnyis ka da ga bsdad yo'o rad/
  • ཐུབ་བསྟན་འཇིགས་མེད
    ལགས་འོང་ལ། 
    lags 'ong la/_
  • བུ་ཆུང
    ལགས་སོ། ཨ་ནི་ཀི་རུ་ལྷ་ཁང་དེ་སྔོན་མ་དགོན་ལག་ག་གའི་སུའི་་་།
    lags so/_a ni ki ru lha khang de sngon ma dgon lag ga ga'i su'i /
  • ཐུབ་བསྟན་འཇིགས་མེད
    ཀི་རུ་ལྷ་ཁང་འདི་སྔོན་མ་རྡོ་རྗེ་བྲག་གི་དགོན་ལག་གྲས། མཁན་་པོ་རྡོ་རྗེ་བྲག་ནས་ཕེབས་དགོ་ཡས་དེ། དེ་ནི་དེ་ཡི་ཕོགས་དེ་ཡ་གའི་ཕུ་ནས་འབྲི་སྒང་གཞིས་ཀ་ཟེར་མཁན། དེ་ནས་བརྒྱབ་དགོས་ཀྱི་ཡོའོ་རེད། གཞིས་ཀ་དགོན་པའི་གཞིས་ཀ་རེད་ལགས།
    ki ru lha khang 'di sngon ma rdo rje brag gi dgon lag gras/_mkhan po rdo rje brag nas phebs dgo yas de/_de ni de yi phogs de ya ga'i phu nas 'bri sgang gzhis ka zer mkhan/_de nas brgyab dgos kyi yo'o red/_gzhis ka dgon pa'i gzhis ka red lags/
  • བུ་ཆུང
    ཨཱ་ལས། འབྲི་སྒང་།
    A las/_'bri sgang /
  • ཐུབ་བསྟན་འཇིགས་མེད
    འབྲི་སྒང་། འབྲི་སྒང་གཞི་ཀ
    'bri sgang /_'bri sgang gzhi ka
  • བུ་ཆུང
    ཨཱ་ལས་འདིས་ཕོགས་བརྒྱབ་ཀྱི་རེད།
    A las 'dis phogs brgyab kyi red/
  • ཐུབ་བསྟན་འཇིགས་མེད
    དེས་འདིའི་ཕོགས་བརྒྱབ་ཀྱི་རེད། ལགས་འོང་ལ། གྲྭ་པའི་ཕོགས་དེ། འོ་ཡ་ནས་བརྒྱབ་ཀྱི་ཡོའོ་རེད།
    des 'di'i phogs brgyab kyi red/_lags 'ong la/_grwa pa'i phogs de/_'o ya nas brgyab kyi yo'o red/
  • བུ་ཆུང
    ལགས་སོ། ཨ་ནི་གྲྭ་པ་རེ་རེ་ལ་ཡ་ཕོགས།
    lags so/_a ni grwa pa re re la ya phogs/
  • ཐུབ་བསྟན་འཇིགས་མེད
    ད་དེ་ཁ་གྲངས་ཞུ་ཡས་མེད་ལགས། ད་ཕལ་ཆེར་འབྲུ་ཁལ་ཉི་ཤུ་ཙམ་ཡོད་ཀྱི་རེད།
    da de kha grangs zhu yas med lags/_da phal cher 'bru khal nyi shu tsam yod kyi red/
  • བུ་ཆུང
    ལགས་སོ།
    lags so/
  • ཐུབ་བསྟན་འཇིགས་མེད
    ལགས་འོང་།
    lags 'ong /
  • བུ་ཆུང
    ཨ་ནི་དགོན་པའི་ནང་ལོགས་ལ་སྔོན་མ་ལྷ་ཁང་། ཀི་རུ་ལྷ་ཁང་དེའི་སྐུ་ཞབས་ག་ཚོད་ཙམ་ཞིག་ཡོད་ནམ། དེ་གས་ཤིག་གསུང་རོགས་གནང་།
    a ni dgon pa'i nang logs la sngon ma lha khang /_ki ru lha khang de'i sku zhabs ga tshod tsam zhig yod nam/_de gas shig gsung rogs gnang /
  • ཐུབ་བསྟན་འཇིགས་མེད
    ད་བཅུ་གྲངས་ཤིག་ཡོད་འགྲོ་ནམ། བཅུ་གྲངས་ཤིག་ཡོད་ཀྱི་རེད། ད་དེ་ཁ་གྲངས་ཞུ་ཡས་མེད་པ།
    da bcu grangs shig yod 'gro nam/_bcu grangs shig yod kyi red/_da de kha grangs zhu yas med pa/
  • བུ་ཆུང
    ལགས་སོ། ཨ་ནི་རྡོ་རྗེ་བྲག་ནས་མཁན་པོ་ཕེབས་ཀྱི་ཡོད་པ་དེ་གསུང་དང་།
    lags so/_a ni rdo rje brag nas mkhan po phebs kyi yod pa de gsung dang /
  • ཐུབ་བསྟན་འཇིགས་མེད
    མཁན་པོ་ཕེབས་ཀྱི་རེད་ལ། རྡོ་རྗེ་བྲག་ནས་མཁན་པོ་ཕེབས།
    mkhan po phebs kyi red la/_rdo rje brag nas mkhan po phebs/
  • བུ་ཆུང
    ལོ་ག་ཚོད་ལ་ཕེབ་ས་ཀྱི་ཡོའོ་རེད།
    lo ga tshod la pheb sa kyi yo'o red/
  • ཐུབ་བསྟན་འཇིགས་མེད
    ལའོ།
    la'o/
  • བུ་ཆུང
    ལོ་ག་ཚོད་ག་ཚོད་ཐོག་ལ་ཡ་ཕེབས་ཀྱི་ཡོའོ་རད།
    lo ga tshod ga tshod thog la ya phebs kyi yo'o rad/
  • ཐུབ་བསྟན་འཇིགས་མེད
    ད་དེ་ལོ་ག་ཚོད་ལ་ཕེབས་ཀྱི་ཡོད་ནམ། ད་དེ་ཞུ་ཡས་མེད་ཡང་།
    da de lo ga tshod la phebs kyi yod nam/_da de zhu yas med yang /
  • བུ་ཆུང
    ལགས་སོ། ཨ་ནི་སེ་རྭ་ཡ། དགོན་པ་ཕེབས་དུས་སེ་རྭ་ག་པར་བཞུགས་པ་རེད། གྲྭ་ཚང་།
    lags so/_a ni se rwa ya/_dgon pa phebs dus se rwa ga par bzhugs pa red/_grwa tshang /
  • ཐུབ་བསྟན་འཇིགས་མེད
    ལགས། སེ་རྭ་བྱེས།
    lags/_se rwa byes/
  • བུ་ཆུང
    སེ་རྭ་བྱེས་ཀྱི་རེད་པས།
    se rwa byes kyi red pas/
  • ཐུབ་བསྟན་འཇིགས་མེད
    ལགས་འོང་། སེ་རྭ་བྱེས་བྱས། ཁམས་ཚན་བདེ་འཇུག་པ་ཟེར་མཁན་དེ་ཡིན། 
    lags 'ong /_se rwa byes byas/_khams tshan bde 'jug pa zer mkhan de yin/_
  • བུ་ཆུང
    ཨཱ་ལས་ཁྱེད་རང་།
    A las khyed rang /
  • ཐུབ་བསྟན་འཇིགས་མེད
    ལགས་འོང་།
    lags 'ong /
  • བུ་ཆུང
    ལགས་སོ། ཕ་གའི་དགོན་པ་སེ་རྭ་ལ་ཐད་དུས་ཁྱོད་རང་དགུང་ལོ་ག་ཚོད་རེད། 
    lags so/_pha ga'i dgon pa se rwa la thad dus khyod rang dgung lo ga tshod red/_
  • ཐུབ་བསྟན་འཇིགས་མེད
    ལོ་བཅུ་གཅིག་ཡིན། ལགས། 
    lo bcu gcig yin/_lags/_
  • བུ་ཆུང
    ལོ་བཅུ་གཅིག་སེ་ར་ཐད་པ་རེད་པཱ།
    lo bcu gcig se ra thad pa red pA/
  • བུ་ཆུང
    ཨ་ནི་ཚུར་ཕེབས་དུས་དགུང་ལོ་ག་ཚོད་རེད།
    a ni tshur phebs dus dgung lo ga tshod red/
  • ཐུབ་བསྟན་འཇིགས་མེད
    སུམ་ཅུ་སོ་གཉིས་ཡིན། ལགས།
    sum cu so gnyis yin/_lags/
  • བུ་ཆུང
    སུམ་ཅུ་སོ་གཉིས་ལ་ཚུར་ཕེབས་པ་རེད་པཱ། ཨ་ལས།
    sum cu so gnyis la tshur phebs pa red pA/_a las/
  • བུ་ཆུང
    ཨ་ནི་མདའ་ནས་ཕུ་བར་དུ་ལུང་པ་ག་རེ་ག་རེ་ཡོའོ་རེད།
    a ni mda' nas phu bar du lung pa ga re ga re yo'o red/
  • ཐུབ་བསྟན་འཇིགས་མེད
    ཨ་ནི་འདི་ཡག་པོ་གཅིག་ཞུ་ཡས་མེད་ལགས།
    a ni 'di yag po gcig zhu yas med lags/
  • བུ་ཆུང
    ཁྱེད་རང་གིས་མཁྱེན་པ་དེ་གས་དེ་གཅིག་གསུངས་དང་།
    khyed rang gis mkhyen pa de gas de gcig gsungs dang /
  • ཐུབ་བསྟན་འཇིགས་མེད
    ད་ཕུ་ལ་་བྱས་ན་ཨ་སྒོར་ཟེར་མཁན་གཅིག་ཡོའོ་རེད། ཨ་སྒོར་བྱས་དེ་ནས། གྲམ་རྡོ་བྱས། དེ་ནས་འབྲི་སྒང་བྱས། དེ་ནས་སྨོན་མདོ་བྱས། དེ་ནས་སྡིངས་མ་བྱས། བླ་བྲང་བྱས། དེ་ནས་མར་ཡོང་ནས་དེ་ནི།
    da phu la byas na a sgor zer mkhan gcig yo'o red/_a sgor byas de nas/_gram rdo byas/_de nas 'bri sgang byas/_de nas smon mdo byas/_de nas sdings ma byas/_bla brang byas/_de nas mar yong nas de ni/
  • ཐུབ་བསྟན་འཇིགས་མེད
    དཔལ་ཆུང་ཟེར་ཡས་གཅིག་བྱས། གྲའུ་བྱས། ཆུ་དྲུག བཞད་པ་སྟེང་ག ལགས་འོང་། དེ་ནས་མར། ཆ་ཚང་། འཇག་སྒ ལགས་འོང་།
    dpal chung zer yas gcig byas/_gra'u byas/_chu drug_bzhad pa steng ga_lags 'ong /_de nas mar/_cha tshang /_'jag sga_lags 'ong /
  • ཐུབ་བསྟན་འཇིགས་མེད
    དེ་ནས་ཆུ་ཆུ་འོག དེ་ནས་ཕ་གའི་འཇག་སྒང་། དེ་ནི་རྒྱལ་བཟང་། ལགས་འོང་། 
    de nas chu chu 'og_de nas pha ga'i 'jag sgang /_de ni rgyal bzang /_lags 'ong /_
  • ཐུབ་བསྟན་འཇིགས་མེད
    དེ་ནི་སྐྱིད་བུ། ལྟམ་ཆུ་རྒྱས། དེ་ནི་ལྷ་སྒང་ཞོལ་པ་བྱས། འདི་རུ་མི་སེར་དེ་གས་དེ་ལྷ་ཁང་ཞོལ་པ་རེད།
    de ni skyid bu/_ltam chu rgyas/_de ni lha sgang zhol pa byas/_'di ru mi ser de gas de lha khang zhol pa red/
  • ཐུབ་བསྟན་འཇིགས་མེད
    ལགས་འོང་།
    lags 'ong /
  • ཐུབ་བསྟན་འཇིགས་མེད
    དེ་ནི་དེ་ནས་མར་བྱས་ཤང་དགའ། ལྡན་དགའ། དེ་ནི་སྦྱིན་འབག སྦྱིན་འབག་འོན་ཀོང་ཟེར་ཡས་གཅིག་བྱས། གཉིས་ཡོའོ་རེད།
    de ni de nas mar byas shang dga'/_ldan dga'/_de ni sbyin 'bag_sbyin 'bag 'on kong zer yas gcig byas/_gnyis yo'o red/
  • ཐུབ་བསྟན་འཇིགས་མེད
    ལགས་འོང་། དེ་ནས་མར་བྱས་དེ་ནི་སྨིན་དྲུག་གྲོང་ཚོ་གཅིག་བྱས། དེ་ནི་ཕར་བྱས་བྱང་ཆུབ་བློ་ཚེ་ཟེར་མཁན་གཅིག་ཡོའོ་རེད།
    lags 'ong /_de nas mar byas de ni smin drug grong tsho gcig byas/_de ni phar byas byang chub blo tshe zer mkhan gcig yo'o red/
  • ཐུབ་བསྟན་འཇིགས་མེད
    དེ་ནས་མར་བྱས་དེ་ནི་སྙུང་རུ། ལགས་འོང་། མཐོང་སྨོན། དེ་ནི་དེ་ནས་མར་བྱས་གང་ཟེར། བྱ་སྒང་ཁ་ཚར། དེ་ནི་ནག་ཕུག སྟོད་ཞིང་། དེ་ནི་འོན་དགྲ་ལྷ་ཞོལ། དེ་ནས་ཡ་གའི་འོང་། ཕྱག་འཚལ། དེ་ནས་གྲོང་ཚོ་ལྟེ་བ་དེ། ལགས་འོང་།
    de nas mar byas de ni snyung ru/_lags 'ong /_mthong smon/_de ni de nas mar byas gang zer/_bya sgang kha tshar/_de ni nag phug_stod zhing /_de ni 'on dgra lha zhol/_de nas ya ga'i 'ong /_phyag 'tshal/_de nas grong tsho lte ba de/_lags 'ong /
  • ཐུབ་བསྟན་འཇིགས་མེད
    ཨ་ནི་ད་ག་རེད་པཱ།
    a ni da ga red pA/