Video Overview
An interview with an elderly former monk in Drakmar Keru Monastery.
- Drakmar
- ཐུབ་བསྟན་འཇིགས་མེདངའི་མིང་ལ་ཐུབ་བསྟན་འཇིགས་མེད་ཟེར་གྱི་ཡོད། དེ་ནི་ང་ལོ་བདུན་ཅུ་དོན་དྲུག་ཡིན།
- བུ་ཆུངཨ་ལའི་བསྒུག་གནང་པཱ་ལགས། འགོ་བཙུགས་སོང་ངས།
- ཐུབ་བསྟན་འཇིགས་མེདདོན་ཅུ་དོན་དྲུག་ཡིན། དེ་ནི་ལྔ་བཅུ་ང་དགུའི་ནང་ལ་ཚུར་ལོག་ཡོང་ནས། ནང་ལ་ཚུར་ལོག་ཡོང་པ་ཡིན་ལ། དེ་ནི་གྲྭ་པ་བྱས་ནས་ལོ་ཉི་ཤུ་རྩ་གཉིས་བསྡད་པ་ཡིན། དེ་ནི་ང་ལོ་ཡར་རྒས་ནས་ད། ད་ལོའི་ལོ་བཞི་ཅུ་ཞེ་གཉིས་ཙམ་འགྲོ་གིས།
- བུ་ཆུངལགས་སོ།
- ཐུབ་བསྟན་འཇིགས་མེདལགས་འོང་། དེ་ནི་པུ་གུ་༼ཕྲུ་གུ་༽གཉིས་ལས་མེད་ཡང་། ཕྲུ་གུ་གཉིས་ཡོད། དེ་ནི་འོན་ནང་ལ་ཆ་བཞག་ན། འོན་རྫོང་གི་མངའ་འོག་ལ་དེ་ནི་མདའ་ནས་ཡར་མངའ་རིས་གྲྭ་ཚང་བྱས། དེ་ནས་ཡར་འོན་ཆོས་སྡིངས་ལྷ་ཁང་བྱས། དགོན་པོ་ལ་ཆ་བཞག་ན་དེ་ནི་འོན་ཀེ་རུ་ལྷ་ཁང་བྱས། གྲྭ་པའི་དགོན་པ་གསུམ་བྱས། དེ་ནི་གཞིས་ཀ་རང་ལ་ཆ་བཞག་ན། སྐྱིད་པོ་གཞིས་ཀ་བྱས། ཨ་ནི་འདིའི་བཙན་ཁང་གཞིས་ཀ་བྱས།
- བུ་ཆུངབཙན་ཁང་གཞིས་ཀ།
- ཐུབ་བསྟན་འཇིགས་མེདལགས་འོང་། ལགས་འོང་། གཞིས་ཀ་འོ་དེ་གས་ལ་ཡོའོ་རེད། མཐོང་སྨོན་གཞིས་ཀ་བྱས། ན་འོང་གཞིས་ཀ་བྱས།
- བུ་ཆུངལས་ཟེའེ།
- ཐུབ་བསྟན་འཇིགས་མེདལགས་འོང་ལ། འོ་དེ་གས་དེ་ཡོའོ་རེད་ལ།
- བུ་ཆུངལགས་སོ། ཨ་ནི་དེང་སང་སྐོར་ཏོག་ཙམ་གསུང་རོགས་གནང་།
- ཐུབ་བསྟན་འཇིགས་མེདདེང་སང་ད། དེང་སང་ད། མི་སེར་འདྲ་པོ་ཞིག་མ་གཏོགས་གཞན་དག་གའི་ཡོའོ་མ་རེད། གཞིས་ཀ་ཅིག་དག་ཡོའོ་མ་རེད་ལ།
- བུ་ཆུངལགས་སོ། དེང་སང་འདི་ག་པར་གཏུགས་དགོས་ཀྱི་ཡོད་མིན་དེ།
- ཐུབ་བསྟན་འཇིགས་མེདལའོ། དེང་སང་ཡང་ད། རྫོང་གི་མངའ་འོག་ལ་གཏུགས་དགོས་རེད། རྫོང་ཡང་ལྷོ་སྤྱིའི་མངའ་འོག་ལ་གཏུགས་དགོ་རེད།
- བུ་ཆུངལགས་སོ།
- ཐུབ་བསྟན་འཇིགས་མེདལགས་ལོག་ལ། ལྷོ་ཁའི་སྤྱི་ཁྱབ་པའི་ནང་ལོགས་ལ།
- བུ་ཆུངལྷོ་ཁའི་སྤྱི་ཁྱབ་ཀྱི་ཁོངས་གཏོགས་ལ།
- ཐུབ་བསྟན་འཇིགས་མེདལགས་འོང་། ལྷོ་ཁའི་སྤྱི་ཁྱབ་པའི་འོག་དེ་ན།
- བུ་ཆུངལགས་སོ། ཨ་ནི་པཱ་ལགས། ད་ལྟ་ཕྲུ་གུ་ཁོང་རྣམ་གཉིས་ག་པར་ཡོའོ་རེད་ལ།
- ཐུབ་བསྟན་འཇིགས་མེདལགས། ནང་ལ་ཡོའོ་རེད་ལ།
- བུ་ཆུངགཉིས་ཀ་ད་ག་བསྡད་ཡོའོ་རད།
- ཐུབ་བསྟན་འཇིགས་མེདལགས་འོང་ལ།
- བུ་ཆུངལགས་སོ། ཨ་ནི་ཀི་རུ་ལྷ་ཁང་དེ་སྔོན་མ་དགོན་ལག་ག་གའི་སུའི་་་།
- ཐུབ་བསྟན་འཇིགས་མེདཀི་རུ་ལྷ་ཁང་འདི་སྔོན་མ་རྡོ་རྗེ་བྲག་གི་དགོན་ལག་གྲས། མཁན་་པོ་རྡོ་རྗེ་བྲག་ནས་ཕེབས་དགོ་ཡས་དེ། དེ་ནི་དེ་ཡི་ཕོགས་དེ་ཡ་གའི་ཕུ་ནས་འབྲི་སྒང་གཞིས་ཀ་ཟེར་མཁན། དེ་ནས་བརྒྱབ་དགོས་ཀྱི་ཡོའོ་རེད། གཞིས་ཀ་དགོན་པའི་གཞིས་ཀ་རེད་ལགས།
- བུ་ཆུངཨཱ་ལས། འབྲི་སྒང་།
- ཐུབ་བསྟན་འཇིགས་མེདའབྲི་སྒང་། འབྲི་སྒང་གཞི་ཀ
- བུ་ཆུངཨཱ་ལས་འདིས་ཕོགས་བརྒྱབ་ཀྱི་རེད།
- ཐུབ་བསྟན་འཇིགས་མེདདེས་འདིའི་ཕོགས་བརྒྱབ་ཀྱི་རེད། ལགས་འོང་ལ། གྲྭ་པའི་ཕོགས་དེ། འོ་ཡ་ནས་བརྒྱབ་ཀྱི་ཡོའོ་རེད།
- བུ་ཆུངལགས་སོ། ཨ་ནི་གྲྭ་པ་རེ་རེ་ལ་ཡ་ཕོགས།
- ཐུབ་བསྟན་འཇིགས་མེདད་དེ་ཁ་གྲངས་ཞུ་ཡས་མེད་ལགས། ད་ཕལ་ཆེར་འབྲུ་ཁལ་ཉི་ཤུ་ཙམ་ཡོད་ཀྱི་རེད།
- བུ་ཆུངལགས་སོ།
- ཐུབ་བསྟན་འཇིགས་མེདལགས་འོང་།
- བུ་ཆུངཨ་ནི་དགོན་པའི་ནང་ལོགས་ལ་སྔོན་མ་ལྷ་ཁང་། ཀི་རུ་ལྷ་ཁང་དེའི་སྐུ་ཞབས་ག་ཚོད་ཙམ་ཞིག་ཡོད་ནམ། དེ་གས་ཤིག་གསུང་རོགས་གནང་།
- ཐུབ་བསྟན་འཇིགས་མེདད་བཅུ་གྲངས་ཤིག་ཡོད་འགྲོ་ནམ། བཅུ་གྲངས་ཤིག་ཡོད་ཀྱི་རེད། ད་དེ་ཁ་གྲངས་ཞུ་ཡས་མེད་པ།
- བུ་ཆུངལགས་སོ། ཨ་ནི་རྡོ་རྗེ་བྲག་ནས་མཁན་པོ་ཕེབས་ཀྱི་ཡོད་པ་དེ་གསུང་དང་།
- ཐུབ་བསྟན་འཇིགས་མེདམཁན་པོ་ཕེབས་ཀྱི་རེད་ལ། རྡོ་རྗེ་བྲག་ནས་མཁན་པོ་ཕེབས།
- བུ་ཆུངལོ་ག་ཚོད་ལ་ཕེབ་ས་ཀྱི་ཡོའོ་རེད།
- ཐུབ་བསྟན་འཇིགས་མེདལའོ།
- བུ་ཆུངལོ་ག་ཚོད་ག་ཚོད་ཐོག་ལ་ཡ་ཕེབས་ཀྱི་ཡོའོ་རད།
- ཐུབ་བསྟན་འཇིགས་མེདད་དེ་ལོ་ག་ཚོད་ལ་ཕེབས་ཀྱི་ཡོད་ནམ། ད་དེ་ཞུ་ཡས་མེད་ཡང་།
- བུ་ཆུངལགས་སོ། ཨ་ནི་སེ་རྭ་ཡ། དགོན་པ་ཕེབས་དུས་སེ་རྭ་ག་པར་བཞུགས་པ་རེད། གྲྭ་ཚང་།
- ཐུབ་བསྟན་འཇིགས་མེདལགས། སེ་རྭ་བྱེས།
- བུ་ཆུངསེ་རྭ་བྱེས་ཀྱི་རེད་པས།
- ཐུབ་བསྟན་འཇིགས་མེདལགས་འོང་། སེ་རྭ་བྱེས་བྱས། ཁམས་ཚན་བདེ་འཇུག་པ་ཟེར་མཁན་དེ་ཡིན།
- བུ་ཆུངཨཱ་ལས་ཁྱེད་རང་།
- ཐུབ་བསྟན་འཇིགས་མེདལགས་འོང་།
- བུ་ཆུངལགས་སོ། ཕ་གའི་དགོན་པ་སེ་རྭ་ལ་ཐད་དུས་ཁྱོད་རང་དགུང་ལོ་ག་ཚོད་རེད།
- ཐུབ་བསྟན་འཇིགས་མེདལོ་བཅུ་གཅིག་ཡིན། ལགས།
- བུ་ཆུངལོ་བཅུ་གཅིག་སེ་ར་ཐད་པ་རེད་པཱ།
- བུ་ཆུངཨ་ནི་ཚུར་ཕེབས་དུས་དགུང་ལོ་ག་ཚོད་རེད།
- ཐུབ་བསྟན་འཇིགས་མེདསུམ་ཅུ་སོ་གཉིས་ཡིན། ལགས།
- བུ་ཆུངསུམ་ཅུ་སོ་གཉིས་ལ་ཚུར་ཕེབས་པ་རེད་པཱ། ཨ་ལས།
- བུ་ཆུངཨ་ནི་མདའ་ནས་ཕུ་བར་དུ་ལུང་པ་ག་རེ་ག་རེ་ཡོའོ་རེད།
- ཐུབ་བསྟན་འཇིགས་མེདཨ་ནི་འདི་ཡག་པོ་གཅིག་ཞུ་ཡས་མེད་ལགས།
- བུ་ཆུངཁྱེད་རང་གིས་མཁྱེན་པ་དེ་གས་དེ་གཅིག་གསུངས་དང་།
- ཐུབ་བསྟན་འཇིགས་མེདད་ཕུ་ལ་་བྱས་ན་ཨ་སྒོར་ཟེར་མཁན་གཅིག་ཡོའོ་རེད། ཨ་སྒོར་བྱས་དེ་ནས། གྲམ་རྡོ་བྱས། དེ་ནས་འབྲི་སྒང་བྱས། དེ་ནས་སྨོན་མདོ་བྱས། དེ་ནས་སྡིངས་མ་བྱས། བླ་བྲང་བྱས། དེ་ནས་མར་ཡོང་ནས་དེ་ནི།
- ཐུབ་བསྟན་འཇིགས་མེདདཔལ་ཆུང་ཟེར་ཡས་གཅིག་བྱས། གྲའུ་བྱས། ཆུ་དྲུག བཞད་པ་སྟེང་ག ལགས་འོང་། དེ་ནས་མར། ཆ་ཚང་། འཇག་སྒ ལགས་འོང་།
- ཐུབ་བསྟན་འཇིགས་མེདདེ་ནས་ཆུ་ཆུ་འོག དེ་ནས་ཕ་གའི་འཇག་སྒང་། དེ་ནི་རྒྱལ་བཟང་། ལགས་འོང་།
- ཐུབ་བསྟན་འཇིགས་མེདདེ་ནི་སྐྱིད་བུ། ལྟམ་ཆུ་རྒྱས། དེ་ནི་ལྷ་སྒང་ཞོལ་པ་བྱས། འདི་རུ་མི་སེར་དེ་གས་དེ་ལྷ་ཁང་ཞོལ་པ་རེད།
- ཐུབ་བསྟན་འཇིགས་མེདལགས་འོང་།
- ཐུབ་བསྟན་འཇིགས་མེདདེ་ནི་དེ་ནས་མར་བྱས་ཤང་དགའ། ལྡན་དགའ། དེ་ནི་སྦྱིན་འབག སྦྱིན་འབག་འོན་ཀོང་ཟེར་ཡས་གཅིག་བྱས། གཉིས་ཡོའོ་རེད།
- ཐུབ་བསྟན་འཇིགས་མེདལགས་འོང་། དེ་ནས་མར་བྱས་དེ་ནི་སྨིན་དྲུག་གྲོང་ཚོ་གཅིག་བྱས། དེ་ནི་ཕར་བྱས་བྱང་ཆུབ་བློ་ཚེ་ཟེར་མཁན་གཅིག་ཡོའོ་རེད།
- ཐུབ་བསྟན་འཇིགས་མེདདེ་ནས་མར་བྱས་དེ་ནི་སྙུང་རུ། ལགས་འོང་། མཐོང་སྨོན། དེ་ནི་དེ་ནས་མར་བྱས་གང་ཟེར། བྱ་སྒང་ཁ་ཚར། དེ་ནི་ནག་ཕུག སྟོད་ཞིང་། དེ་ནི་འོན་དགྲ་ལྷ་ཞོལ། དེ་ནས་ཡ་གའི་འོང་། ཕྱག་འཚལ། དེ་ནས་གྲོང་ཚོ་ལྟེ་བ་དེ། ལགས་འོང་།
- ཐུབ་བསྟན་འཇིགས་མེདཨ་ནི་ད་ག་རེད་པཱ།