Skip to main content Skip to search
13 Feb 2012
14 min 59 sec
Video Overview
Creators: 
Wendekhar

Derdak Dawa Tsering talks about the Tibetan geomancy tradition in Zangkar village, Kakhok County, Amdo

Transcript search
No results found for this search
0 of 0
  • ད་སྤྱིར་རང་གི་བསམ་པའམ་མིག་གིས་མཐོང་བ་ཙམ་བཤད་ན།
  • རི་དྭགས་རྣམས་ལ་མཚོན་ན།
  • ང་ཚོའི་ས་གནས་འདིར་བལྟས་ན།
  • རྒོད་དེ་རྣམས་ནི་ལུག་ཁྱུ་དང་འདྲ་སྟེ་ལུག་དེད་ནས་འགྲོ་བ་བཞིན་ཁྱུ་དང་ཁྱུ་བྱས་ནས་ཡོད།
  • རྒོད་དེའི་མང་ཉུང་བཤད་ན།
  • དེ་ནས་ཅི་རེད་ཟེར་ན་ང་རང་གིས་ཁྱིམ་ཚང་འདྲ་ཞིག་ཡིན་ན།
  • བྲ་ཁྱོམ་བསོད་ནམས་དོན་གྲུབ་ཟེར་བ་སྟེ་མིང་ཆུང་ལ་བསོད་དོན་ཟེར་བ་རེད།
  • དེ་ལ་མཛོ་སྟག་རིས་བ་ཞིག་ཡོད་པ།
  • དེ་ཡར་སོང་ན་ཁྱོད་ཚོའི་ནོར་རྭའི་ས་ན་ལྷུན་པོའི་ནང་ན་བསོད་དོན་གད་པ་ཟེར་བ་ཞིག་ཡོད་པ་རེད།
  • ཚང་མས་བསོད་དོན་གད་པ་ཟེར་བ་དེ་ཁྱོད་ཚང་གི་རྒད་པོ་ཞིག་ཡིན་པ་རེད་ལ།
  • ང་ཚོས་དེ་ནི་ཀན་ཞོའི་རྒྱ་རྒན་ཞིག་བསད་ས་ཡིན་སོང་བསམས་སོང་།
  • དེ་མ་རེད་ཁྱོད་ཚང་གི་ཨ་ཡེ་ཚེ་ལེ་མ་དང་གཉིས་ཀ་མོས་མཚན་རེད།
  • བསོད་དོན་གད་པ་ཟེར་བ་ནི་དེས་མཛོ་བཟུང་ནས་ལྷུན་པོའི་ཡུལ་ནས་ལྷུན་ཆས་མར་དེད་ན།
  • མཛོ་རྒན་དང་རྟ་དེད་དེ་སོང་ན་རྒོད་མང་བོ་ཉིས་བརྒྱ་སུམ་བརྒྱ་བྱས་ནས་ཐོན་ཡོངས་དུས།
  • དེ་ཕར་སོང་ན་ཕར་གྱི་གད་པའི་ཐོག་བཞག་ན་ཆོག་གི་རེད།
  • འདི་ཕྱོགས་ཀྱི་གད་ནག་ནང་གྱེན་དུ་སོང་ན་མང་བོ་ཚོགས་ཡོད་དུས་ཕུབས་སུ་བཅུག་ན།
  • དེ་ཁེར་མའི་ལྔ་རེ་དྲུག་རེ་གསོད་ནི་རེད།
  • དེ་ནས་མཛོ་རྒན་དེ་ལ་བཅུ་གཉིས་བཅུ་གསུམ་རེ་བཀལ་ནས་ཐོན་ཡོང་བ་རེད།
  • རྒོད་དེའི་མང་ཉུང་བཤད་ན་དེ་འདྲ་རེད།
  • དེ་ཁ་ཤའར་ཏེ་ན་དེ་འདྲ་མང་པོ་ཡོད་པ་རེད།
  • དེ་རུ་བུ་རྔོན་པ་ཡོད་པ་ཚོས་ཡར་མགོར་བུད་ནས་ཤྭ་བ་བསད་པ་རེད།
  • ང་ལ་ཁ་བརྡ་འདི་ལྟར་བྱས་སོང་།
  • ཆུང་དུས་ན་པིས་མོ་བརྐོ་རུ་སོང་དུས་ལུང་ཟུའི་ཁ་སྐྱ་སྒོ་སྐྱ་གཉིས་བར་ནས་བགོས་ན།
  • ཁོས་བསད་རྒྱུ་ཆུད་ཀྱི་མ་རེད།
  • ཤྭ་ཏག་ཏག་པོ་ཤྭ་བཅུ་བཞི་བ་བརྒྱད་བཅུ་ཐམ་པ་བསད་མྱོང་།
  • དྲུག་ལག་དང་བཞི་ཚིགས་ཟེར་བ་སྐོང་ཐོ་ཟེར་བ་ཡ་རུ་ཤེད་ཅན་ཚང་མ་ཁོས་བསད་མྱོང་བ་རེད།
  • ཤྭ་ཡོད་ཚུལ་དེ་འདྲ་རེད།
  • རི་དྭགས་སྟག་གཟིག་དྲེད་མོང་ལ་སོགས་ང་ཚོའི་ས་རུ་མང་པོ་འདུག།
  • གཟིག་དྲེད་མོང་སྟག་ལ་སོགས་པ་རོང་ས་ན་ཡོད་པ་མ་གཏོགས་འདི་རུ་ཡོད་རྒྱུ་མ་རེད་མོད།
  • སྟག་རྒན་ཚོ་མིག་གིས་མཐོང་རྒྱུ་ཡོད་པ་རེད་འདི་རུ་མཉམ་ལས་ཁང་གི་ལས་བྱེད་པ།
  • ང་ཚོའི་བློ་བཟང་ཟེར་བ་ཞིག་གིས་ཁོ་ཚོས་འབྲི་ཞིག་གཟིག་གིས་ཟོས་བསྡད་ཡོད་པ་མཐོང་།
  • གཟིག་མི་འགྲོ་གི་ཟེར་ནས་ཁོ་ཚོས་མེ་འདའ་དང་སྟ་རེ་སོགས་བཟུང་ནས་དེ་བསད་དེ།
  • མར་ཁྱེར་ཡོང་ནས་རྐང་ལག་སོགས་བགོས་ནས་ཁྱེར་བ་རེད།
  • ཕྱུགས་རྭའི་ས་ལུང་ཟུའི་ཆུའི་ཕར་བཅད་ཡོད་པ་མཆོད་རྟེན་ཞིང་ལ་ཕར་སོང་ན།
  • གཟིག་མང་ཟེར་བའི་ཕྱུགས་རྭའི་མིང་དེ་དེ་ལྟར་བཏགས་ཡོད་པ་རེད།
  • དེར་བལྟས་ན་གཟིག་མང་བ་གསལ་བ་རེད།
  • ཕག་རྒོད་ནི་སྔོན་ནས་བཤད་ན་ཁྱུ་དང་ཁྱུ་བྱས་ནས་ཡོད་པ་རེད།
  • ཁ་སང་དེ་རིང་ཡང་མཐོང་རྒྱུ་ཡོད་པ་རེད།
  • ངའི་དགུན་སའི་ཁང་བའི་ནང་ནས་སྔ་མོ་ཡར་ལངས་ཏེ་སྒོར་བུད་ན།
  • ངའི་ཁང་བའི་ཟུར་གྱི་ས་འཁྱགས་རེངས་སོང་བ་དེ་སློག་སློག་ནས་བཞག་ཡོད་པ་རེད།
  • ང་མར་བུད་ཡོང་ན་བུ་མོ་དང་ཨ་ཡེ་སོགས་སོང་དུས་ཡང་ཁོ་མོ་ཚོས།
  • ཕག་མའི་ཕག་ཕྲུག་རྣམས་ཁྲིད་དེ་ཁོ་མོ་ཚོས་ཟོག་གི་ནང་ཐོན་ཐ་ཟེར་རྒྱུ་འདུག།
  • དེ་ལྟར་ཁ་སང་དེ་རིང་ཡང་ཁྱུ་དང་ཁྱུ་བྱས་ནས་ཡོད་གི།
  • དེར་མི་བཟང་བ་ཞིག་ཡོད་པ་ནི་ཅི་རེད་ཟེར་ན།
  • དེའི་མཆུ་ཏོས་ཤུགས་ཀྱིས་ས་སློག་ནས་རྩྭ་ཐང་ཁ་ལོ་བསྐོར་འཇོག་གི།
  • ང་ཚོའི་རྩྭ་སར་གནོད་པ་ཆེན་པོ་བཟོས་འཇོག་གི།
  • རྒྱལ་ཁབ་ཀྱིས་བོའུ་ཐམས་ཅད་པོ་བསྡུ་ལེན་བྱས་སོང་།
  • ད་དེ་ཚོ་བསད་བྱེད་ཀྱི་ལག་ཆ་མི་འདུག།
  • ད་ནི་རི་དྭགས་མང་པོ་ཚུར་ཐོན་ཡོང་གི།
  • རྒོད་ནི་ང་ཚོའི་ཟོག་ཡོད་དུས་ཡོང་བའམ་ང་ཚོའི་རུ་བཀལ་ཤུལ་དུ་ཡོང་བ།
  • ལོ་འདི་འདྲ་ཞིག་གི་སྐབས་ཡིན་ས་རེད་༡༩༧༠ནང་ལ་རྒོད་བཞི་བཅུ་ལྔ་བཅུ་ཡོད།
  • དེའི་སྐབས་ནས་བཟུང་དེ་ཚོ་མཐོང་རྒྱུ་ཡོད་མ་སོང་།
  • ཕལ་ཆེར་ས་ཆ་གཞན་ལ་རུ་སྤར་བའམ་ནད་ཡོང་ནས་ཤི་སོང་བའམ།
  • དེའི་རྭ་རུས་པ་ཅི་ཡང་མཐོང་མ་སོང་།
  • ད་བར་ཡང་ཁེར་བུ་མ་ཞིག་ཐོན་ཡོད་གི་ཟེར།
  • ཡ་གའི་ནོར་ཆེན་གྱི་ས་རུ་རྒོད་ཁེར་མ་ཞིག་ཡོད་གི་ཟེར།
  • ཕ་གའི་ཨ་མཆོག་ཕྱུགས་རྭ་དང་སང་ཁྱིམ་གྱི་བར་དེ་རུ་རྒོད་ཁེར་མ་རེ་ཐོན་ཡོད་ཟེར།
  • སྔོན་ལ་རི་དྭགས་སྣ་མ་སྣ་ཚོགས་དང་ནགས་དང་རྩྭ་སོགས་ང་ཚོའི་ས་རུ་མོད་པོ་ཡོད།
  • དམུ་དགེའི་སར་མཚོན་ན་ནགས་ཀྱིས་ཁ་གསོས་ཡོད་པ་རེད།
  • དེ་ལ་ཉིན་རེར་མར་རྒྱ་མ་གང་རེ་སྟེར་བའི་དཔེ་ཡོད་པ་རེད།
  • དེར་ཁོ་ཚོས་ལན་དུ་ཁང་བ་དང་ཕྱུགས་རྭ་ཕུབ་བྱེད་ལ་ནགས་ཅུང་ཙམ་རེ་སྟེར་བ་རེད།
  • ང་ཚོའི་ས་རུ་འོ་ཐོ་རྐྱང་བས་རྭ་ཕུབ་མི་ཐུབ་པ་རེད།
  • དེ་བས་ནགས་དགོས་པ་རེད།
  • ས་ལ་མཚོན་ན་ས་སྟོབས་ཆེན་ཡིན་ཚུལ་བཤད་ན་ང་ཚོའི་བར་སྨད་ཁེ་གསུམ་དུ་བཤད་ན།
  • ཕ་གིའི་ཨ་ཕྱིའི་ཉག་གའི་ཚུན་ཆད་དང་ཨ་མོའི་དགོད་སྒྲ་ཡན་ཆད།
  • དཔུང་ཁའི་བཅད་ཁ་ཚུན་ཆད་མདའ་རྒྱོང་མགོ་བའི་ཚུན་ཆད།
  • ཤེས་རབ་རྒྱལ་སྒོའི་ཡན་ཆད་དེ་ནས་སྨད་ཀྱི་མཁར་སྒོའི་ཤུལ་ཁའི་ཡན་ཆད།
  • དེ་ནི་ས་ཆེན་སོ་མང་ཚང་གི་དངོས་ཁྲིད་དབལ་བདུན་ཟེར་བ་རེད་ཟངས་དཀར་སྟོད་མ་སྟེ།
  • ཟངས་དཀར་སྟོད་མའི་ས་དེ་སྟོབས་མི་སྟོབས་དེ་འདྲ་ཞིག་རེད།
  • དེ་ལྟར་བཤད་ན་མིས་འདི་ལྟར་འདྲི་བ་རེད།
  • དེ་ན་བར་སྨད་ཁེ་རྩེགས་ཚུན་ཆད་དང་ཨ་ཕྱིའི་ཉག་གའི་ཚུན་ཆད་པོ་ཡོད་ན།
  • དེ་ན་ཨ་མཆོག་ཚོ་བ་གསུམ་དེའི་སྟེང་དུ་ཐོན་ཡོད་པ་རེད།
  • དེ་གནམ་ནས་ལྷུང་བ་ཡིན་ནམ་ས་ནས་སྐྱེས་བ་ཡིན་ཟེར་ནས།
  • གལ་ཏེ་མི་ཞིག་གིས་དེ་ལྟར་ང་ལ་དྲིས་ན་ངས་ཁོ་ལ་འདི་ལྟར་ལན་རྫོགས་པ་ཡིན།
  • ཨ་མཆོག་ཚོ་བ་བདུན་པོ་དེ་འཇམ་དབྱངས་སྨྲ་ཚང་གླིང་དེ་མ་བཏབས་པའི་སྔོན་ལ།
  • སྒྲོལ་མ་ནོར་བུ་གླིང་ཟེར་བ་རེད།
  • ཨ་མཆོག་ཚོ་བ་བརྒྱད་ཡོད་པ་རེད་དེ་ཝ་ཁོག་ན་ཡོད་པ་རེད།
  • དམེ་ཚང་གིས་བཙན་གྱིས་མར་དེད་ནས་ང་ཚོའི་ས་ཐོག་ཏུ་ཕུད་པ་རེད།
  • དགོན་པ་ཡང་མར་དེད་དེ་འཇམ་དབྱངས་སྨྲ་ཚང་གླིང་ཟེར་བ་མར་བསྣུར་བ་རེད།
  • ང་ཚོའི་ས་དེ་སྟོད་ནས་བཤད་ན།
  • ཨ་མོའི་དགོད་སྒྲ་དང་དཔུང་ཁའི་བཅད་ཁ་གཉིས་ཀྱི་ཡན་ཆད།
  • དེ་ང་ཚོའི་ས་ཡིན་ཟེར་བ་དང་མདའ་རྒྱོང་མགོ་བའི་ཚུན་ཆད་ཡང་ཡིན་ཟེར་ན།
  • ཝ་ཤུལ་དམེ་བ་ཨ་མོའི་སར་ཐོན་ཡོད་གི་ལུང་རིང་ཞང་ཐོན་ཡོད་གི།
  • དེ་ཅི་རེད་ཟེར་ན་ང་ཚོ་རབ་བྱུང་བཅུ་དྲུག་གི་སྐབས་སུ་ཝ་ཤུལ་དམེ་བ་གྱོད་ལ་ཐུག་ནས།
  • དེ་ནས་ཕམ་མཁན་ཚོ་རུ་ལྡོམ་གྱི་ཚུལ་དུ་ང་ཚོའི་ས་ཐོག་ཏུ་ཐོན་ཡོང་ནས།
  • དེ་ནས་ས་དེ་ཕར་ཤོར་སོང་བ་རེད།
  • དེ་ནས་ང་ཚོའི་འདི་རུ་བར་སྨད་ཁེ་རྩེགས་དང་ཚུན་ཆད་ནས་བཤད་ན།
  • རོང་རུ་མས་བཤད་ན་ལུང་ཟུའི་མཁར་ཆགས་ཚུན་ཆད་ཁོ་ཚོའི་ཡིན་ཟེར་བ་རེད།
  • ང་ཚོས་བཤད་ན་བར་སྨད་ཁེ་རྩེགས་ཚུན་ཆད་ང་ཚོའི་ཡིན་ཟེར་བ་རེད།
  • དེ་ནས་ཡང་རྗེས་སུ་ཟངས་དཀར་མ་དང་རོང་རུ་མ་གཉིས་གྱོད་ལ་ཐུག་པ་རེད།
  • ཟངས་དཀར་མར་བློ་དཀར་བ་ཞིག་ཡོད་པ་ནི་རྒྱལ་རོང་ཁྲོ་ཆུ་རེད་ཁྲོ་ཆུའི་དམག་ཡོང་བ་རེད།
  • རོང་རུ་མར་བློ་དཀར་བ་མཆོག་རྩེ་ཚང་རེད་མཆོག་རྩེའི་དམག་ཐོན་པ་རེད།
  • བོའུ་ཁ་གཏུགས་ལ་ཉེ་དུས་དམེ་རྒྱལ་བོ་དང་མཁར་དགུ་ཚང་གཉིས་ཀྱིས་གྱོད་བཤད་ནས།
  • དེ་ནས་ས་དེ་ཚྭ་དགུའི་ཆུ་ཡིས་བཅད་པ་རེད།
  • སྔོན་གྱི་ས་དེར་རྩྭ་དང་ཆུ་དང་ནགས་རི་དྭགས་སོགས་ཡོད་ཚུལ་བཤད་ན་དེ་འདྲ་རེད།
  • སྔོན་ལ་ལུང་ཟུའི་ཁོག་འདི་ཁེར་མ་རེད་བགོད་དགོས་པ་མ་རེད།
  • ཨ་མཆོག་སྟོད་ན་རྒད་པོ་ལུག་འཚོ་སྐྱོང་བྱེད་མཁན་ཕྱུག་པོ་ཞིག་ཡོད་པ་རེད།
  • བྲ་ཁྱོམ་ལ་ཤ་གཟན་ཞིག་བཤས་ནས་བྱིན་ན་འདི་ལུང་ཁོག་ཀུན་པོ་ཁོའི་ས་རེད།
  • དབྱར་ཧྲིལ་པོར་ས་འདི་ཐམས་ཅད་པོ་ཁོའི་ས་རེད་ས་སྟོབས་ནི་རེད།
  • རྩྭ་མོད་ཀྱང་ཟ་མཁན་ཟོག་ནི་ཤིན་ཏུ་ཉུང་བ་རེད་དེར་སུའང་འགྲོ་ཐུབ་གི་མ་རེད།
  • ས་འདི་ནས་ཡར་སོང་ན་འུ་ཚོ་ས་ཆ་གཉིས་ཀྱི་བར་དེ་རུ་ཡར་སོང་ན་ལ་གྱེན་དུ་འགོ་དགོས་པ་དེ།
  • དེར་བྲག་ཁ་བཀབ་ཟེར་བ་རེད་ཁོའི་ཁང་བ་དེར་ཡོད་པ་རེད།
  • སྲོག་ཆགས་དང་རྩྭ་དང་ནགས་ཀྱི་སྐོར་སོགས་དེ་སྔོན་ས་དེར་ཡོད་ཚུལ་དེ་འདྲ་རེད།
  • ས་དེའི་བདག་པོ་སུ་ཡིན་ཟེར་ན་ས་ཆེན་སོ་མང་ཚང་རེད།
  • བེད་སྤྱོད་མཁན་ཟངས་དཀར་ཁག་གསུམ་པོ་ཡིན་པ་ཁོ་ཐག་རེད།
  • དེ་སྔོན་རྩྭ་མོད་པས་བྱིས་པ་ལོ་བརྒྱད་ཅན་ནང་དུ་སོང་ན་དེའི་མགོ་མི་མཐོང་བ་རེད།
  • དེའི་རྩྭར་སྐྱེས་སྟོབས་ཆེ་བས་རྟ་སོང་ན་རྟ་མགོ་མ་གཏོགས་མཐོང་རྒྱུ་མི་འདུག་ཟེར་སྲོལ་ཡོད།
  • ས་དེའི་རྩྭ་སྐྱེས་སྟོབས་དང་མེ་ཏོག་སོགས་ཡོད་ཚུལ་བཤད་ན་དེ་འདྲ་རེད།
  • ཟངས་དཀར་ཁོག་ཏུ་དམེ་ཁྲོ་ཆུ་གཉིས་ཀྱིས་རྒྱག་རེས་བྱས་རྗེས།
  • ལོ་བཞིར་ས་འདི་སྟོང་བར་བསྐྱུར་བ་རེད།
  • དེ་ནས་ང་ཚོ་ཡར་འདིར་ཡོང་དུས་གླང་རྫིའི་ནང་དུ་ཡོངས་དུས་མེ་ཏོག་བཞད་པ།
  • ཤར་ཚེའི་མཛོ་སེར་བོ་ཞིག་བཟུང་ཡོད་གི།
  • ང་ནི་དེ་དུས་ལོ་བཅུ་གཅིག་བཅུ་གཉིས་ཡར་མར་དེ་འདྲ་ཞིག་རེད།
  • རྐང་ཐང་ལ་དེར་ཡོངས་དུས།
  • ད་མེ་ཏོག་འདིའི་མིག་ལོང་བར་འགྲོ་ཉེན་ཆེ་ཟེར་བ་རེད།
  • ལོ་དེ་མང་ལ་བསྐྱུར་བས་མེ་ཏོག་ཁྲ་ཁྲ་མ་ཁྲ་རྩྭ་དྲིའི་བྲོ་བས་ཁེངས་ཡོད།
  • དེ་ནས་ཨ་མཆོག་ཚང་གིས་ད་ནི་མ་འགྲིག་པ་རེད།
  • ད་འདིའི་མེ་ཏོག་མ་ལྷུང་བར་དུ་ཁོ་དེའི་ནང་བསྡད་ནས་པར་ཞིག་རྒྱག་དགོས་ཟེར་ནས།
  • རྟ་སོགས་ཡོད་པ་ཞིག་ལེན་དགོས་ཟེར་ནས་ཁོང་ཚང་མེ་ཏོག་གི་གསེབ་ནས་པར་བླངས།
  • ཁོང་ཚོ་ཕ་ཡུལ་ན་མེ་ཏོག་འདི་འདྲ་མང་པོ་ཡོད་པའི་ས་ཆ་ཡོད་ཚུལ་བཤད་ན།
  • རྒྱ་གར་སོགས་ས་ཆ་གཞན་གྱི་མི་རྣམས།
  • འདི་འདྲའི་ས་བསོད་ནམས་ཅན་ཡོད་པར་ཡ་མཚར་གྱིན་འདུག་ཟེར།
  • དེང་སང་མི་རྣམས་ལ་རྒྱུ་ཡོད་ཆེ་བ་དང་ཕྱུགས་མང་བས།
  • རྩྭ་དང་མེ་ཏོག་སོགས་ལ་ཀྱག་ཀྱག་བྱས་འདུག།
  • ས་དེར་རྒྱལ་ཁབ་གྱིས་ཀྱང་རྩྭ་འདེབས་རྒྱུ་སོགས་རྒྱབ་སྐྱོར་མང་བོ་ཡོད་ཀྱང་།
  • ས་དེའི་སྔོན་གྱི་ཡོན་ཏན་བཤད་ན་དེ་འདྲ་རེད།
  • ད་ང་ཚོས།
  • ཟངས་དཀར་གྱི་གཞི་བདག་ཚོ་བཤད་ན།
  • གཞི་བདག་གི་རབ་འབྲིང་གི་གོ་གནས་དེད་ན།
  • གཡུལ་སྐྱོང་དགྲ་སྡེའི་རྒྱལ་བོ་འོད་འབར་རེད།
  • འོད་འབར་དེ་མཛོ་དགེ་ཁྲི་ཆུང་ཚང་ལ་དབང་བ་རེད།
  • དེར་སྐྱེ་བུ་དམ་པ་བླ་མ་བཅུ་གསུམ་གྱི་རོགས་རམ་འོག་ས་བཅུ་བ་ཐོབ་ཡོད་ཟེར་བ་རེད།
  • གཞི་བདག་ཁོ་སྟག་ཟླའི་ཚེས་གསུམ་ལ་མཛོ་དགེ་ཁྲི་ཆུང་ཚང་གིས།
  • དེར་གསོལ་དགོས་ཅེས་བཀའ་བགོས་དམ་བཅའ་གནང་བ་རེད།
  • ང་ཚོ་བོད་ཡིན་ན་བླ་མར་དད་ནི་རེད་དེའི་བཀའ་བགོས་དམ་བཞག་ལ།
  • ཉིན་གྲངས་ཚེས་གྲངས་དེའི་ཐོག་དེར་ཁྱོད་ལ་མཆོད་རྒྱུ་ཡིན།
  • དེའི་ཡུལ་སྡེ་དེར་ཁྱོད་ཀྱིས་བལྟ་སྐྱོང་བྱ་དགོས་པ་དང་དགྲ་རྐུན་ཡོད་ན་ཤོར་ཏུ་མི་འཇུག་པ།
  • རུ་སྡེ་དེའི་མཚན་སྙན་གྲགས་ཀྱི་ཆེད་དུ་རྒྱུགས་དགོས་པ།
  • འཇིག་རྟེན་མི་ཡུལ་འདིའི་ལམ་འོག་ཏུ་སོང་ན་དེ་ལམ་སྟེང་དུ་ཕུད་མཁན་ཁྱོད་ཡིན།
  • ཚེ་ཕྱི་མར་སོང་ན་གཞི་བདག་དེར་བླ་མའི་ཚུལ་དུ་ཐུགས་རྗེ་ཅན་ཞེས་དད་པ་བྱེད་རྒྱུ་ཡོད་པ་མ་རེད།
  • ཁོ་ཚོ་ནི་ང་ཚོ་འཇིག་རྟེན་གྱི་མི་རེད་ང་ཚོ་དང་འདྲ་འདྲ་རེད།
  • ཤི་དུས་མི་དང་གཞི་བདག་གཉིས་ཀ་འགྲོ་ས་ཨ་ན་མ་ན་རེད།
  • མཚན་སྙན་གྲགས་ཐོབ་གོ་ས་ཟེར་བ་གཤིན་རྗེ་ཆོས་རྒྱལ་གྱི་མདུན་དུ་ཡོད་པ་མ་རེད།
  • འཇིག་རྟེན་འདིའི་ཐོག་ཏུ་ཁོ་རང་གྲོགས་ཏུ་གྱུར་ནས་གསོལ་ཡུལ་དང་མཆོད་ཡུལ་རེད།
  • དེའི་འཕྲོར་རིམ་པ་ལྟར་ཡོང་ན་ང་ཚོའི་རྡོ་ཀེར་རེད།
  • ཁོ་རང་ཧེ་ཚང་མཁས་གྲུབ་རྒྱ་མཚོས་ཕངས་བ་རེད།
  • ཁོང་ཚང་གི་སྐུ་གོང་མ་རེད།
  • ཧེ་ཚང་མཁས་གྲུབ་རྒྱ་མཚོ་ཟེར་བ་མདོ་སྨད་ཆོས་འབྱུང་དུ་གསུངས་ཡོད་པ་རེད།
  • ཨ་ཕྱི་སྒོམ་ཆེན་ཟེར་བ་དེ་ཧེ་ཚང་མཁས་གྲུབ་རྒྱ་མཚོ་དེའི་ནང་དུ།
  • སྒོམ་མང་པོ་བརྒྱབ་པས་དེ་ལྟར་མིང་དེ་ཐོགས་པ་རེད།
  • ཧེ་ཚང་སྒོམ་ཆེན་གྱི་ལོ་རྒྱུས་རགས་རམ་ཙམ་བཤད་ན།
  • ཨ་སྐྱོང་དཔལ་ཆེན་མགོན་པོ་ཟེར་བ་དེ་མགོ་ལོག་གི་ཚོང་བ་བུ་རྒོད་པོ་ཞིག་ཟུང་ཆུར་ཚོང་ལ་སོང་དུས།
  • ལམ་བར་དུ་ཇག་པས་བསད་པ་རེད།
  • དེའི་རོ་དེ་ཚུར་བཀལ་ནས་ཡོངས་དུས་དེའི་ཁྲག་ཅུང་ཙམ་སའི་སྟེང་དུ་ཐིག་པ་ན།
  • དེའི་ཤུལ་དུ་ཤུག་པ་ཤིག་སྐྱེས་པ་རེད།
  • དེ་ནས་དམུ་དགེ་ནོར་བ་ཞིག་གིས་བསང་ཤིང་དགོས་ནས་ཤུག་པ་དེ་བཅོམ་པ་ན།
  • དམུ་དགེ་ནོར་བ་དེའི་ཁྱིམ་ཚང་ལ་རོ་དགུ་ཐོན་པ་རེད།
  • དེ་ནས་ས་དེའི་མིང་ལ་ཤུག་པ་རོ་དགུ་ཞེས་བཏགས་པ་རེད།
  • དེ་ལྟར་བྱས་པ་ནས་ཧེ་ཚང་མཁས་གྲུབ་རྒྱ་མཚོས་དེ་ལྟར་མིང་བཏགས་ན་མི་འགྲིག་གི།
  • ཁོང་གིས་ལྟས་ངན་གཡང་ལ་བསྒྱུར་བ་ཡིན་ཟེར་ནས་མིང་ཡག་པོ་ཞིག་འདོགས་དགོས།
  • ཅེས་གསུངས་བ་མདོ་སྨད་ཆོས་འབྱུང་དུ་གསུངས་ཡོད་པ་རེད།
  • དེ་ནས་ཤུག་པ་མིང་ཡག་ཟེར་བའི་མིང་བཏགས་པ་རེད།
  • ཧེ་ཚང་མཁས་གྲུབ་རྒྱ་མཚོ་ཟེར་བ་ཧ་ཅང་གི་མཚན་སྙན་གྲགས་ཅན་ཞིག་དང།
  • རྟོགས་པ་མཐོན་པོ་ཅན་ཞིག་རེད་དེ་ཇི་ལྟར་ཟེར་ན།
  • ང་ཚོ་ལ་ལུང་མའི་ནང་དུ་རྒད་པོ་ཨ་ལྕོགས་ཟེར་བ་ཞིག་ཡོད་པ་དེ།
  • དེ་དུས་ན་ཁོང་ཚང་གི་རྟ་དང་དྲེལ་སོགས་ཟོག་འཚོ་མཁན་ཡིན་པ་རེད།
  • དེ་ཝ་ཁོག་ཏུ་སོང་ནས་མཚམས་ལ་བསྡད་ཡོད་དུས།
  • ཝ་ཁོག་གི་ནགས་དེའི་འདབས་མར་ཐང་ལ་ཐུག་དུས་ན།
  • འདིའི་ཝ་ཁོག་རྔ་བ་གྱེན་དུ་ས་འཛིན་པ་རེད་ཅེས་ལུང་བསྟན་པ་རེད།
  • དེ་ནས་ནགས་དེ་མར་ཐང་དུ་ཐོན་དུ་ཝ་ཤུལ་མའི་རུ་དེར་ཐོན་པ་རེད།
  • དེ་ལྟར་ཧེ་ཚང་མཁས་གྲུབ་རྒྱ་མཚོའི་ལོ་རྒྱུས་བཤད་ན་དེ་འདྲ་རེད།
  • ང་ཚོའི་བློན་ཆེན་ལབ་ཙེ་དེ་གཉན་པོ་གཡུ་རྩེ་ནས་བསྐོས་ཁྱེར་ཡོང་བ་རེད།
  • ཧེ་ཚང་མཁས་གྲུབ་རྒྱ་མཚོས་ཕངས་པ་རེད།
  • རྡོ་ཀེར་ཧེ་ཚང་མཁས་གྲུབ་རྒྱ་མཚོས་ཕངས་པ་རེད།
  • བཀྲ་ཤིས་གཡང་ལུང་ཟེར་བ་ཀུན་མཁྱེན་འཇམ་དབྱངས་བཞད་པ་བསྟན་པའི་རྒྱལ་མཚན།
  • སྐུ་ཕྲེང་ལྔ་བས་ཕངས་པ་རེད།
  • ལུང་ཟུའི་གད་དམར་དེ་སོ་མང་རྒྱལ་བོ་ཁམས་གསེང་དུ་དབྱར་ཁ་ཡོང་ནས་དེར་བསྡད་དེ།
  • སྦྲ་གུར་སོགས་ཕུབ་པ་དང་བསང་ཁྲི་བརྩིགས་ནས།
  • རྟེན་འབྲེལ་གྱིས་དེར་བསང་ཕུད་དེ་ཡར་གཏེར་བདག་རི་རྒྱལ་ལྷུན་པོའི་རྩེ་རུ་འགྲོ་མི་ཐུབ་གི།
  • མདུན་སྟོད་བྱས་ན་ཆོག་གི་ཟེར་ནས་དེ་ལྟར་བྱས།
  • ལུང་ཟུའི་ནོར་སྨིན་དེ་བླ་མ་སུས་ཕངས་བ་ལོ་རྒྱུས་སུ་བཀོད་མེད་གི་འདྲི་སའང་མེད་གི།
  • ལོ་རྒྱུས་རིང་བས་དེ་ལ་གསལ་ཆ་ཡོད་པའི་མི་སུ་མེད་གི།
  • བསང་ཡིག་ལ་བལྟས་ན་སྐུ་ཕྱོགས་ཐེ་བོ་ཚང་གིས་བསང་ཡིག་གསུངས་པ་ཡིན་ཞེས་བཤད་ཡོད།
  • དེ་ཚང་གིས་ཕངས་བ་མ་རེད་བླ་མ་འདི་ཚང་གིས་ཕངས་བ་རེད་ཟེར་བའི་གསལ་ཆ་མེད།
  • མི་ཤེས་བ་དེ་དེ་ལྟར་འཇོག་རྒྱུ་མ་གཏོགས་སྔོན་གྱི་མཁས་པས་ཀྱང་།
  • ཤེས་པ་དེ་ཤེས་ཡང་དག་ཅིག་དང་མི་ཤེས་བ་དེ་མི་ཤེས་ཡང་དག་ཅིག་བྱ་དགོས་པ་རེད།
  • དེ་ལ་བསང་ཡིག་གསུངས་མཁན་སྐུ་ཕྱོགས་ཐེ་བོ་ཚང་ཡིན་ཞེས་བཤད་ཡོད་གི།
  • དེ་བླ་བྲང་གི་བླ་མ་ཞིག་ཨེ་ཡིན་བསམས་གི།
  • དེ་ནས་གཞི་བདག་གི་སྐོར་བཤད་ན་ཕལ་ཆེར་འདི་འདྲ་ཞིག་རེད།