Video Overview
Karchung and Jigme Wangchuk from Phongmey, Tashigang sing a Boedra song entitled Jalu Kepai Maja (An Indian-born Peacock). One of them plays a Bhutanese stringed instrument while the other sings. Since it is an old song, its composer and origin are unknown. This song describes the beauty of an Indian Peacock, and recounts a journey from India to China, and then to Tibet. Descriptions include the weather and his need to travel to those places. This kind of song can be performed on any occasion, with five to twenty singers and dancers forming a circle.
བཀྲིས་སྒང་རྫོང་ཁག ་ཕོངས་མེད་རྒེད་འོག་ ལས་ འབད་མི་ དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་གི་ གླུ་གཞས་ རྒྱ་ལུ་སྐྱེས་པའི་རྨྱ་བྱཱ་ ཟེར་མི་འདི་ འཐེན་ནུག། རྣ་བར་ཧན་ཏོག་ཏོ་གོ་ནིའི་ དོན་ལུ་ མི་གཅིག་གི་ རང་ལུགས་ཀྱི་ སྙན་ཆ་ སྒྲ་སྙན་འདི་ བསྐྲོག་དོ་ ཡོདཔ་ཨིན་མས། གླུ་གཞས་འདི་ སྔོན་གོང་ལས་རང་ ཡོདཔ་ལས་ དེའི་འབྱང་ཁུངས་དང ་རྩོམ་པ་པོ་ འདི་ མ་ཤེས་མས། ཞབས་བྲ་འདི ་རྩོམ་པ་པོ་ ཁོ་རའི་ རྒྱ་གར་ལས་རྒྱ་ནག་ དེ་ལས་ བོད་རྒྱལ་ཁབ་ལུ་ ལམ་འགྲུལ་དང་ ག་ནི་བ་ མཛེས་ཏོག་ཏོ་ཡོད་མི་ རྒྱ་གར་གྱི་ རྨྱ་བྱ་ཚུ་གི་ སྐོར་ལས་ འགྲེལ་བཤད་ རྐྱབ་ཨིན་མས། དེ་་མ་ཚད་ ཁོ་གི་ གནམ་གཤིས་གནས་སྟངས་དང་ ས་གནས་འདི་ཚུ་ནང་ ག་ཅི་འབད་ འགྱོ་ཡི་ག་ སྐོར་ལས་ འགྲེལ་བཤད་ རྐྱབ་ཨིན་མས། འདི་བཟུམ་མའི་ ཞབས་བྲ་འདི་ མི་ལྔ་དང་ཉི་ཤུ་ གི་བར་ན་ སྒོར་སྒོམས་ནང་འབད་ དུས་སྟོན་ ག་ཅི་བཟུམ་ནང་ཡང་ རྐྱབ་ནི་ཡོདཔ་ ཨིན་མས།
- Trashigang
- Yabrang
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukརྒྱ་ལུ་སྐྱེས་པའི་རྨ་བྱ། །གསུང་ལ་(དབྱངས་)(དབྱངས་)ཨེ་མོ་རུག་རུག །སོ་ཡ་ལ། སྐྱེས་ཡང་རྒྱ་ལུ་སྐྱེས་སོང་། །སོ་ཡ་ལ། སྐྱེས་ཡང་རྒྱ་ལུ་སྐྱེས་སོང་། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukསྐྱེས་ཡང་རྒྱ་ལུ་སྐྱེས་སོང་། །གསུང་ལ་(དབྱངས་)ཨེ་མོ་རུག་རུག །སོ་ཡ་ལ། རྒྱ་ནག་ཚ་བས་(ཚད་པས་)འགོར་སོང་། །སོ་ཡ་ལ། རྒྱ་ནག་ཚ་བ་(ཚད་པས་)འགོར་སོང་། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukརྒྱ་ནག་ཚ་བས་(ཚད་པས་)འགོར་སོང་། །གསུང་ལ་(དབྱངས་)ཨེ་མོ་རུག་རུག །སོ་ཡ་ལ། སྨན་ཆེན་ག་བུར་དྲན་སོང་། །སོ་ཡ་ལ། སྨན་ཆེན་ག་བུར་དྲན་སོང་། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukསྨན་ཆེན་ག་བུར་དྲན་སོང་། །གསུང་ལ་(དབྱངས་)ཨེ་མོ་རུག་རུག །སོ་ཡ་ལ། གངས་ཅན་བོད་ལུ་སྐྱེས་སོང་། །སོ་ཡ་ལ། གངས་ཅན་བོད་ལུ་སྐྱེས་སོང་། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukསྦོམ་ཡང་བོད་ལུ་སྦོམ་སོང་། །གསུང་ལ་(དབྱངས་)ཨེ་མོ་རུག་རུག །སོ་ཡ་ལ། བོད་ལུ་ཁ་བས་འགོར་སོང་། །སོ་ཡ་ལ། བོད་ལུ་ཁ་བས་འགོར་སོང་། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukབོད་ལུ་ཁ་བས་འགོར་སོང་། །གསུང་ལ་(དབྱངས་)ཨེ་མོ་རུག་རུག །སོ་ཡ་ལ། རྐང་པར་ལྷམ་ཅུང་དྲན་སོང་། །སོ་ཡ་ལ། རྐང་པར་ལྷམ་ཅུང་དྲན་སོང་། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukརྐང་པར་ལྷམ་ཅུང་དྲན་སོང་། །གསུང་ལ་(དབྱངས་)ཨེ་མོ་རུག་རུག །སོ་ཡ་ལ། སྦོམ་ཡང་བོད་ལུ་སྦོམ་སོང་། །སོ་ཡ་ལ། སྦོམ་ཡང་བོད་ལུ་སྦོམ་སོང་། །
- དཀར་ཅུང་དང་ འཇིགས་མེད་དབང་ཕྱུག་ Karchung and Jigme Wangchukསྦོམ་ཡང་བོད་ལུ་སྦོམ་སོང་། །གསུང་ལ་(དབྱངས་)ཨེ་མོ་རུག་རུག །སོ་ཡ་ལ། འབྲུག་ལུ་བསྟན་པ་དར་སོང་། །སོ་ཡ་ལ། འབྲུག་ལུ་བསྟན་པ་དར་སོང་།། །།