Skip to main content Skip to search
21 Jun 2018
8 min 36 sec
Video Overview
Creators: 
Duptho, Sonam Chophel

Sangay Choden from Radhi Gewog, Tashigang sings an old Boedra song entitled Dradi Dorjidrak (Dorji Cliff). This song is an auspicious song which describes a pasture, in which there is a lake; in that lake, there is a tree, and on the tree sits a bird. The bird lays three eggs, which are offered to the upper, middle and lower realms. Songs like this one are typically performed during auspicious celebrations, occasions or other ceremonies. The song is performed in a circular formation with around five to twenty dancers.

 

བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ སངས་རྒྱས་ཆོས་སྒྲོན་གྱི་ འབོད་སྒྲ་རྙིངམ་ བྲག་འདི་རྡོེ་བྲག་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ བཀྲིས་པའི་ཞབས་ཁྲ་གཅིག་ཨིནམ་ལས་ དེ་ཡང་དང་པ་ར་ སྤང་ཐང་གཅིག་ ངོ་སྤྲོད་འབདཝ་ཨིན་མས། དེ་ལས་ སྤང་ཐང་འདི་ནང་མཚོ་གཅིག་ཡོདཔ་མས་ མཚོ་འདི་ནང་ཤིང་ཡོདཔ་མས་ ཤིང་གུ་བྱཱ་ཡོདཔ་མས། བྱཱ་འདི་གི་ སྒོང་རྡོག་གསུམ་འབུད་ཡོད་མི་འདི་ རྩོམ་པ་པོ་གི་ རྒྱུ་ནོར་ལེ་ཤ་བསག་ནི་དང་ མི་ཚེ་དགའ་ཏོག་ཏོ་འབད་སྡོད་ནིའི་དོན་ལུ་ སྒོང་རྡོག་འདི་ཁམས་གསུམ་ ལུ་འཕུལཝ་ ཨིན་མས། ཞབས་ཁྲ་འདི་ བཀྲ་ཤིས་པའི་ཞབས་ཁྲ་ ཨིནམ་ལས་ རྒྱལ་ཁབ་ནང་འཁོད་ དགའ་སྟོན་དང་རྟེན་འབྲེལ་  ག་ཅི་བཟུམ་ཡོད་རུང་ དེའིསྐབས་འཐེན་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ཁྲབ་སློལ་ཡོདཔ་ཨིན། 

 

Transcript search
No results found for this search
0 of 0
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། བྲག་འདི་རྡོ་རྗེ་བྲག་ལ་ཐང་གཅིག་འདུག་ཡ་ལ་ཐང་གཅིག་འདུག །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། ཐང་འདི་ཐང་ངོ་མ་ཤེས་པདྨ་ཐང་ཡ་ལ་པདྨ་ཐང་། །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། པདྨ་ཐང་གི་ནང་དུ་མཚོ་གཅིག་འདུག་ཡ་ལ་མཚོ་གཅིག་འདུག །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། མཚོ་འདི་མཚོ་ངོ་མ་ཤེས་འོ་མ་(མའི་)མཚོ་ཡ་ལ་འོ་མ་(མའི་)མཚོ། །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། འོ་མ་(མའི་)མཚོ་གི་ནང་དུ་ཤིང་གཅིག་འདུག་ཡ་ལ་ཤིང་གཅིག་འདུག །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། ཤིང་འདི་ཤིང་ངོ་མ་ཤེས་དཔག་བསམ་ཤིང་ཡ་ལ་དཔག་བསམ་ཤིང་། །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། དཔག་བསམ་ཤིང་གི་རྩེ་ལ་བྱ་གཅིག་འདུག་ཡ་ལ་བྱ་གཅིག་འདུག །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། བྱ་འདི་བྱ་ངོ་མ་ཤེས་ལྷ་བྱ་རེད་ཡ་ལ་ལྷ་བྱ་རེད། །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། ལྷ་བྱའི་ཚང་གི་ནང་དུ་སྒོ་ང་གསུམ་ཡ་ལ་སྒོ་ང་གསུམ། །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། སྒོ་ང་དང་པོ་སྟེང་ཕྱོགས་ལྷ་ལུ་ཕུལ་ཡ་ལ་ལྷ་ལུ་ཕུལ། །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། སྟེང་ཐོག་འབྲུ་གིས་གང་བ་(བའི་)བཀྲ་ཤིས་ཤོག་ཡ་ལ་བཀྲ་ཤིས་ཤོག །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། སྒོ་ང་གཉིས་པ་བར་ཕྱོགས་བཙན་ལ་ཕུལ་ཡ་ལ་བཙན་ལ་ཕུལ། །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། བར་ཐོག་མི་གིས་གང་བ་(བའི་)བཀྲ་ཤིས་ཤོག་ཡ་ལ་བཀྲ་ཤིས་ཤོག །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། སྒོ་ང་གསུམ་པ་འོག་ཕྱོགས་ཀླུ་ལ་ཕུལ་ཡ་ལ་ཀླུ་ལ་ཕུལ། །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། འོག་ཐོག་ནོར་གྱིས་གང་བ་(བའི་)བཀྲ་ཤིས་ཤོག་ཡ་ལ་བཀྲ་ཤིས་ཤོག །
  • སངས་རྒྱས་སྒྲོན་ Sangay Choden
    ཨེ་ལེ་གསང་རེད་ལ། མི་ནོར་ཟས་གསུམ་འཛོམས་པའི་གཡང་ཆགས་ཤོག་ཡ་ལ་གཡང་ཆགས་ཤོག །
  • སངས་རྒྱས་སྒྲོན་ Sangay Choden
    ལགས་སོ།། །།