Video Overview
A local scholar points out important sites in and around Chonggyé in the Lhoka region of Central Tibet.
- Lhokha
- Chonggyé Khül
- འདི། འཕྱོངས་རྒྱས་ཀྱི་དགོན་པ་ཆེ་ཤོས་རི་བོ་བདེ་ཆེན་དགོན་པ་ཟེར་འདི་རེད། ཡ་གི། ཁང་པ་ཡ་གི། དཀར་པོ་ཡ་གི། རི་བོ་བདེ་ཆེན་རེད། ཨོའོ་འདི། འདི་རི་བོ་བདེ་ཆེན་རེད།
- ཁརི་བོ་བདེ་ཆེན།
- དགེ་འདུན་རི་བོ་བདེ་ཆེན་རེད་ལགས།
- ཁགཞན་དག། ཁྱེད་རང་ཚོའི།
- དགེ་འདུན་ཨ་ནི་འདི་ཕྱོགས། ཁང་པ་དམར་པོ་འདི། ཨོང་ཁང་པ་དམར་པོ་འདི་རི་བོ་བདེ་ཆེན་གྱི་སྔོན་མ་གི་དགོན་པ་གནས་སའི་ད་གྱང་ཁོག་རེད། གྱང་ཤུལ་རེད། དེ་ད་བཙན་དེ་འདྲས་ཅིག། བཙན་དེ་འདྲས་ཅིག་གནས་ས་ཅིག་རེད། འདི་ཨ་ནི་ཨོང་རྒྱལ་པོ་མེས་ཨག་ཚོམ་གྱི་ད་བཙུན་མོ་ཨོང་རྒྱ་རྗེ་འུན་ཤིང་། ཅིན་ཁྲང་ཀུང་གྲུའུ་ཟེར་ཅིག་ཡོའོ་རེད་པཱ། གྱིམ་ཤིང་ཀོང་ཇོ་གི་ཁོང་གི་བང་སོ་རེད། ཨོའོ་དེའི་ཡོའོ་རེད་ཟེར་གྱིས། ཨོང་དེ་དང་ད་དུང་ཨ་ནི་བཙན་པོའི་སྐབས་ཀྱི་ཨ་ནི་རི་འདིའི་གང་ལ། བཙན་པོའི་སྐབས་ཀྱི་ད་ཕྱིང་བ་སྟག་རྩེའི་གྱང་དེ་རེད། ཕྱིས་ཀྱི་གྱང་། དེའི་ཕྱིང་བ་སྟག་རྩེ་ཡོད་ས་འདི། ས་ཆ་འདི། ཕྱིང་བ་སྟག་རྩེ་ཡོའོ་རེད་པཱ། ཨོང་། དེའི་འདུག།
- ཁའདི་སྤྱི་ཚོགས་རྙིང་པའི་སྐབས་ཀྱི་ས་ཆ་སྟོང་པ་རེད་པས།
- དགེ་འདུན་ཨོའོ་ཕ་གི་སྤྱི་ཚོགས་རྙིང་པའི་སྐབས་ལ། ཨོང་ད་ལྟ་འདི་ཁང་པ་དཀར་པོ་ཡོད་ས་འདི། ཨ་ནི་འཕྱོངས་རྒྱས་རྫོང་གནས་སའི་ས་ཆ་རེད་ལ། དེའི་སྔོན་གྱི་ཕྱིང་བ་སྟག་རྩེའི་ཕོ་བྲང་བརྒྱབ་སའི་ས་ཆ་འདི་ཨོའོ་འདི་རེད། ཨོའོ་འདི། འདིའི་གཤམ་འདི་གས་འདི་ཨ་ནི་འཕྱོངས་རྒྱས་ཀྱི་ཞོལ་རེད། དེའི་ཞོལ་གྱི་མེ་སེར་གྱི་ཁང་པ་རེད།
- ཁད་གཞན་དག་འདུག་གས།
- དགེ་འདུན་ད་གཞན་དག་མི་འདུག།
- ཁའདི་ད་ལྟ་ཁང་པ་གསར་པ་དེ་ཚོ་ཡོའོ་རེད་པཱ། ཨོའོ་འདིའི་ནང་ལ་མིག་མཐོང་གི་འདུག།
- དགེ་འདུན་ཨོང་ཁང་པ་གསར་པ་དེ་ཚོ་ལྕགས་དཀར་གྱི་ཁང་པ་དང་དེ་ཚོ་ཨ་ནི་འཕྱོངས་རྒྱས་དེང་སང་གི་ད་འཕྱོངས་རྒྱས་ཤན་མི་དམངས་སྲིད་གཞུང་གི་ཨ་ནི་ཁང་པ་རེད།
- ཁཨ་ནི་སྤྱི་ཚོགས་རྙིང་པའི་སྐབས་སུ་དེ་ཚོ་གང་ག་ཞིང་ཁང་གང་ག་རེད་པས།
- དགེ་འདུན་སྤྱི་ཚོགས་རྙིང་པའི་སྐབས་ལ་ཨ་ནི་དེའི་རྒྱུད་དེའི་ཁང་པ་ཡོའོ་མ་རེད་ལགས།
- ཁཁང་པ་གཅིག་ཡའི་ཡོའོ་མ་རེད་པས།
- དགེ་འདུན་ཨོང་ཡོའོ་མ་རེད་ལགས། ཨ་ནི་ཡིན་ནའི་ཁ་ཐོར་བྱས། ཁ་ཐོར་བྱས་ཉུང་ཉུང་ལས་ཡོའོ་མ་རེད།ཁང་པ་ཉུང་ཉུང་ལས་ཡོའོ་མ་རེད། མང་པོ་དེ་འདྲས་ཡོའོ་མ་རེད། འདུག་ཟེར་རེད།
- ཁཨ་ནི་དེའི་ནང་ལ་མི་ཁག་གི་ནང་ལ་ཁོང་ཚོས་འདི་ས་ཆ་འདི་ལབ་དགོས་ན་ཁོང་ཚོས་ག་རེ་ལབ་ཀྱི་རེད། རྫོང་ལ་འགྲོ་དགོས་ཀྱི་འདུག། ཤང་ལ་འགྲོ་དགོས་ཀྱི་འདུག། དེ་ཚོ་ཁང་པ་གསར་པ་དེ་ཚོ། དཔེར་ན་ཁང་པ་དེ་ཚོ་རེད་པཱ་ལགས།
- དགེ་འདུན་ཨོའོ་རེད་ལགས། ད་དེ་ཚོརྫོང་མི་དམངས་སྲིད་གཞུང་གི་ཁང་པ་རེད། དེའི་དཀྱིལ་དེ། ཨ་ནི་གཡས་གཡོན་དེ་གས་དེ་མེ་སེར་གྱི་ཁང་པ་རེད། ཆུང་ཆུང་དེ་ཚོ།
- ཁཨ་ནི་དཔེར་ན་ཁ་སྐད་ཀྱི་ནང་ལ་ཨ་ནི་ང་ད་ལྟ་ཕ་གའི་ས་ཆར་འགྲོ་གི་རེད་པཱ། འདི་གང་འདྲས་ཟེར་གྱི་རེད། ང་ཞོལ་ལ་འགྲོ་གི་ཡིན་དང་རྫོང་ལ་འགྲོ་གི་ཡིན།
- དགེ་འདུན་ཨོང་ང་ཨོང་འཕྱོངས་རྒྱས་ཞོལ་ལ་འགྲོ་གི་ཡིན་ཟེར་གྱི་རེད།
- ཁའཕྱོངས་རྒྱས་ཞོལ་ལ་འགྲོ་གི་ཡིན།
- དགེ་འདུན་ཨོང་འཕྱོངས་རྒྱས་ཞོལ་ལ།
- ཁཕ་གིའི་ཕྱིན་པ་ཡིན་ན་ཁ་སྐད་ཐོགས་ནས་གང་འདྲས་ཟེར་ལབ་ཀྱི་རེད།
- དགེ་འདུན་ད་ཁ་སྐད་ཐོགས་ནས་ཨ་ནི་ཤན་ནང་ཁུལ་ལ་འགྲོ་གི་ཡིན་ཟེར་གྱི་རེད། རྫོང་ནང་ཁུལ་ལ་འགྲོ་གི་ཡིན་ཟེར་གྱི་རེད།
- ཁཕ་གིའི་དེ་ཚོ་ཁང་པ་དེ་ངོས་འཛིན་བྱས་སོང་ངས།
- དགེ་འདུན་འདི། འདི་སྲོང་བཙན་སྒམ་པོའི་བང་སོའི་ལྷོ་ལ། ཨོང་ནུབ་ལ་ཡོའོ་རེད། འདི་ཁོང་ཚོ་ཨོང་རྫོང་གི་ད་སློབ་གྲྭ་དེ་འདྲས་རེད། སློབ་གྲྭ་ཁང་འདི། རྫོང་སློབ་གྲྭ་ཁང་དེ་རེད།
- ཁསློབ་ཕྲུག་དེ་ཚོ་ལོ་ག་ཚད་ད་ལོ་རིམ་ག་གའི།
- དགེ་འདུན་ལོ་རིམ་ད་སློབ་གྲྭ་ཆུང་བ། ལོ་རིམ་དང་པོ་ནས་དྲུག་པ་བར་དུ་གི་སློབ་སྦྱོང་བྱེད་ས། ཨོའོ་ད་ཨའོ་དེ་འདྲས་རེད།
- ཁཨ་ནི་བདུན་པ་སླེབས་ནས་སྤུ་གུ་དེ་ཚོ་ག་པར་འགྲོ་གི་ཡོའོ་རེད་པས།
- དགེ་འདུན་ཨ་ནི། ཨོང་། མེ་གའི་རྫོང་གི་སློབ་གྲྭ་འབྲིང་བ་དང་ད་དུང་ཨ་ནི་ས་གནས་ཀྱི། ལྷོ་ཁ་ས་ཁུལ་གྱི་སློབ་གྲྭ་འབྲིང་བ་དེའི་ནང་ལ་འགྲོ་གི་རེད།
- ཁཨ་ནི་དེ་ཚོ་ད་བང་སོ་གི་བར་ཞིང་། ཞིང་མང་པོ་འདུག། རེད་པཱ། ཞིང་དེ་ཚོ་མང་ཆེ་དེ་ལོ་ཏོག་ག་རེ་སྐྱེས་ཀྱི་འདུག།
- དགེ་འདུན་ཨོང་། མང་ཆེ་ཨའེ་ནས་དང་། གྲོ། ཀྲན་མ། ཨ་ནི་ད་དུང་སེར་པོ་དེ་ཚོ་པེ་ཙེ། པད་ཁ། པད་མ་རེད་པཱ། པད་ཁ་ཨོའོ་དེ་ཚོ་བཏབ་ཀྱི་ཡོའོ་རེད། གྲོ་ནས་ཀྲན་གསུམ་གཙོ་བོ་རེད། ཨོའོ་འདི། བང་སོ་ཨོའོ་ཕ་གི། གནམ་རི་སྲོང་བཙན་གྱི་བང་སོ། ཨོའོ་འདི་རེད། གནམ་རི་སྲོང་བཙན། སྲོང་བཙན་སྒམ་པོའི་ཡབ་ཀྱི་བང་སོ་ཨོའོ་འདི་རེད།