Video Overview
Phurpa from Radhi, Tashigang, shares the history of festivals and Ugyen Gatsel Jonla Tshechu of Radhi. The Tsechu was first introduced to Bhutan by the Great Terton Rigzin Chhenmo Terton Pema Lingpa in the 15th century. The first mask dance was performed after Bumthang Choekhor Toe's Tsulhakang was built. Later, the 7th incarnation of Ngawang Choegi Loday had Trongsa Ponlop Ugyen Phuntsho construct Yudru Choeling, and again mask dances were performed. Then, in the time of the second king, mask dance teacher Mithoe introduced the Tshechu to Radhi, where it is still practiced in Jonla Temple. Jonla Tshechu begins with a mask dance called Phag Cham Dance (Pig Dance), because Dakini Dorji Pham helped Terton Pema Lingpa choose a site to bless.
བཀྲིས་སྒང་རྫོང་ཁག རདྷི་རྒེད་འོག་ལས་ཕུར་པ་གི་ ད་རེས་ནང་པ་ཡོད་མི་ ཚེས་བཅུ་འདི ་ག་དེ་འབད་འབྱུང་ཡོདཔ་ཨིན་ན་དང་ རདྷི་རྒེད་འོག་གི་ འབྱོན་ལ་ཨྱོན་དགའ་ཚལ་ཚེས་བཅུ་ འདི་གི་འབྱུང་ཁུངས་བཤདཔ་ཨིན་མས། དེ་ཡང་ རིག་འཛིན་ཆེན་མོ་གཏེར་སྟོན་པརྨ་ལིང་པ་གི་ དུས་རབས་བཅོ་ལྔ་པ་ནང་ རྒྱལ་ཁབ་ནང་ལུ་ འགོ་དང་པ་ངོ་སྤྲོད་མཛད་གནང་ནུག་ཟེར་བཤདཔ་ཨིན་མས། བུམ་ཐང་ ཆོས་འཁོར་རྩེ་གཙུག་ལག་ཁང་བཞེངས་ཚར་བའི་ཤུལ་ལས་ འཆམ་འདི་འགོ་དང་པ་རྐྱབ་གནང་ནུག། ཤུལ་ལས་གསུང་ཁྲིལ་བདུན་པའི་ཡང་སྲིད་ ངག་དབང་ཆོས་སྐྱིད་བླ་གྲོས་ཀྱི་བཀའ་དང་འཁྲིལ་ ཀྲོང་གསར་དཔོན་སློབ་ ཨྱོན་ཕུན་ཚོགས་ཀྱི་ ཡིས་གྲོག་ཆོས་གླིང་ལྷ་ཁང་འདི་ བཞེངས་གནང་ནུག་ དེའི་སྐབས་ དོ་རུང་ཚར་གཅིག་ འཆམ་འདི་རྐྱབ་གནང་ནུག། འབྲུག་རྒྱལ་གཉིས་པ་ འཇིགས་མེད་དབང་ཕྱུགའི་སྐབས་ འཆམ་གི་སློབ་དཔོན་ མིག་ཐོས་ཀྱི་ རདྷི་རྒེད་འོག་ནང་་ཚེས་བཅུ་འདི་འགོ་བཙུགས་གནངམ་ལས་ ད་ལྟོའི་བར་ན་ཡང་ འབྱོན་ལ་ལྷ་ཁང་ནང་ལག་ལེན་འཐབ་ཨིན་མས། འབྱོན་ལ་ཚེས་བཅུ་ནང་ དང་པ་རང་ཕག་འཆམ་གི་འགོ་བཙུགསཔ་ཨིན་མས་ དེ་ཡང་ ཧེ་མ་གཏེར་སྟོན་པ་རྨ་ལིང་པ་འདི་ ས་གནས་ག་འདི་ བྱིན་གྱིས་བརླབ་གནང་གནངམ་ཨིན་ན་ མགུ་རྨོངས་བཞུགས་པའི་སྐབས་ མཁའ་འགྲོ་རྡོ་རྗེ་ཕགམ་གི་ གྲོགས་རམ་ཐོག་ལས་ས་གནས་འདི་ གདམ་ཁ་མཛད་གནང་ནུག། དེའི་ཤུལ་ལས་ འཆམ་སོ་སོ་ཚུ་རྐྱབ་ཨིན་མས།
- Radhi
- Trashigang
- ཕུར་པ་ Phurpaལགས་སོ། ཏེ་ད་ལྟོ་ ང་བཅས་ར་ནཱ་གི་ ཏེ་གོང་ལུ་ཡང་ཞུ་ཡི་ ལོ་བསྟར་གྱི་ཚེས་བཅུ་བཏང་དགོ་པའི་ཁུངས་དང་དགོས་པ་ འབྱུང་ས་འདི་ བསྡོར་བསྡུས་ཅིག་ཞུ་བ་ཅིན་ ཏེ་ང་བཅས་ར་ ཨོ་རྒྱན་དགའ་ཚལ་ འབྱོན་ལ་ལྷ་ཁང་ཨོ་རྒྱན་དགའ་ཚལ་གྱི་ ལོ་བསྟར་གྱི་ཚེས་བཅུ་བཏང་དགོ་པའི་ ཚེས་བཅུ་འདི་ འབྱུང་ས་ག་ཏེ་ལས་སྨོ་ཟེར་བ་ཅིན་ དང་ཕུ་ དུས་རབས་བཅོ་ལྔའི་སྐབས་ལུ་ རིག་འཛིན་ཆེན་པོ་གཏེར་སྟོན་པདྨ་གླིང་པ་གིས་ ང་བཅས་ར་ནཱ་ འབྲུག་ལུ་ ཏེ་བུམ་ཐང་ཆོས་འཁོར་སྡེ་པ་གིས།
- ཕུར་པ་ Phurpaཏེ་ད་ གཙུག་ལག་ཁང་གཅིག་བཞེངས་གནང་དགོ་པས་ ཟེར་ཞུ་བའི་སྐབས་ལུ་ རིག་འཛིན་ཆེན་པོ་པདྨ་གླིང་པ་གིས་ གཏེར་སྟོན་པདྨ་གླིང་པ་གིས་ དབའེ་ ད་འབདན་ བཏུབ་ཟེར་ ཏེ་འ་ནཱི་གཙུག་ལག་ཁང་ ཏེ་བཞེངས་པའི་སྐབས་ལུ་ གཏམས་ཞིང་ལྷུན་གྲུབ་ཆོས་གླིང་གཙུག་ལག་ཁང་བཞེངས་ དུས་རབས་བཅོ་ལྔའི་བསྒང་ལུ་བཞེངས་གནང་ནུག
- ཕུར་པ་ Phurpaདེ་བསྒང་ལུ་ བཞེངསམ་ད་ལུ་ ཏེ་དེ་བསྒང་བྱུང་བའི་འཆམ་ཨིན་མས། འ་ནཱི་འབད་དེ་ ཏེ་འ་ནཱ་ལས་ ཁོ་ར་གི་སྲས་ ཕར་ནབ་སྦྱིས་བསྐོར་ཕུག་ལུ་ གཏེར་སྟོན་པདྨ་གླིང་པ་ཕར་བྱོན་སྦེ་ ཕར་ལུ་ ཏེ་འ་ནཱ་ལས་ ཁོའི་གཏམས་ཞིང་ལྷུན་གྲུབ་ཆོས་གླིང་གཙུག་ལག་ཁང་གི་སྐུ་འཆམ་འདི་ ཕར་ གནང་དགོ་པའི་ལམ་ལུགས་སྲོལ་ཅིག་ ཕར་བཙུགས་ཏེ་ ཕར་ལས་འབད་སྦེ་ ཏེ་ང་བཅས་ར་མར་ ཏེ་གསུང་སྤྲུལ་སྐུ་ཕྲེང་བདུན་པ་ ངག་དབང་ཆོས་ཀྱི་བློ་གྲོས་ཀྱིས་འབད་དེ་
- ཕུར་པ་ Phurpaཏེ་བཀའ་གནང་སྦེ་ ཏེ་ང་བཅས་ར་ ཀྲོང་གསར་དཔོན་སློབ་[རྗེ་གྲོས་?]ཨོ་རྒྱན་ཕུན་ཚོགས་ ཏེ་ཀྲོང་གསར་དཔོན་སློབ་སྦེ་བཞུགས་པའི་སྐབས་ལུ་ ཏེ་འ་ནི་བསྒང་ལུ་ ཏེ་འ་ནཱི་ གཡུང་དྲུང་ཆོས་གླིང་བཞེངས་གནང་སྦེ་ གཡུང་དྲུང་ཆོས་གླིང་བཞེངས་ཚར་ཞིནམ་ལས་ གཏེར་སྟོན་པདྨ་གླིང་པ་གི་སྐུ་གདུང་འདི་ཁེངས་སྟག་མ་ལས་ཚུར་གདན་དྲངས་སྦེ་ འ་ནཱ་ལས་ ཏེ་གཏེར་སྟོན་པདྨ་གླིང་པ་གི་སྐུ་གདུང་ཕར་བཞག་པ་ལས་བརྟེན།
- ཕུར་པ་ Phurpaཏེ་གཡུང་དྲུང་ཆོས་གླིང་ལུ་ ཨ་ནཱི་གཏམས་ཞིང་ལྷུན་གྲུབ་ཆོས་གླིང་གི་གཙུག་ལག་ཁང་གི་སྐུ་འཆམ་འདི་ ཕར་གནང་དགོ་པའི་ལམ་ལུགས་སྲོལ་སྡོད་སྡོདཔ་མས། ཕར་ལས་འབད་བརྒྱུད་དེ་ ད་ཅི་གོང་ལས་ཞུ་དོ་བཟུམ་སྦེ་ འབྲུག་རྒྱལ་གཉིས་པའི་སྐབས་ལུ་ བླ་མའི་དགོན་པ་ དྲག་ཤོས་ཕུན་ཚོགས་དབང་འདུས་ཟེར་མི་འདི་ གོང་སར་ཨོ་རྒྱན་དབང་ཕྱུག་གི་སྲས་མོ་ ཨ་ཞེ་གཡང་མཚོ་ཟེར་མི་གི་སྲས་ བླ་མའི་དགོན་པ་དྲག་ཤོས་ཕུན་ཚོགས་དབང་འདུས།
- ཕུར་པ་ Phurpaཕར་ལུ་ སྐལ་བ་བགོ་བཤའ་འདི་ ཁོ་གི་གཡུང་དྲུང་ཆོས་གླིང་འདི་ ཁོའི་ཁ་ཐུག་ཕོགཔ་ལས་བརྟེན་ཏེ་ ཁོ་གིས་འབད་དེ་ ཏེ་ད་ལྟོ་བཙུགས་ཏེ་ ཁོའི་ཕྱག་ཞུ་མི་ ཏེ་ད་ ང་བཅས་ར་འཆམ་དཔོན་ མིག་ཐད་ཟེར་མི་གིས་ ཏེ་ཚུར་ང་བཅས་ར་ནཱ་ གཡུས་སྒོ་ནང་ན་ བང་ཆེན་ལུ་བཏངམ་ད་ ནཱ་ལྷོད་དེ་ ཁོ་གིས་ནཱ་ལུ་ དེ་བཟུམ་སྦེ་ ནཱ་ལུ་སྟོན་བྱིནམ་ལས་ ཏེ་ད་ལྟོ་ འབྱུང་ས་འདི་ དང་པ་ གཏམས་ཞིང་ལྷུན་གྲུབ་ཆོས་གླིང་ ཕར་བསྐོར་ཕུག་ བསྐོར་ཕུག་ལས་ཚུར།
- ཕུར་པ་ Phurpaགཡུང་དྲུང་ཆོས་གླིང་ གཡུང་དྲུང་ཆོས་གླིང་ལས་རྐྱངམ་ཅིག་ ང་བཅས་ར་ ར་སྡི་རྒེད་འོག་ དེ་ལས་གཡུས་སྒོ་ འབྱོན་ལ་གཙུག་ལག་ཁང་ལུ་སྦེ་ ནཱ་ལུ་གདན་དྲངས་ཞིནམ་ལས་ ལྷབ་པ་ལས་བརྟེན་ ནཱ་ལུ་ལྷབ་དགོ་པའི་རྒྱུ་མཚན་དེ་སྦེ་ཨིན་མས། ཏེ་དང་པ་རང་ ང་བཅས་ར་ནཱ་གི་སྐུ་འཆམ་གི་གོ་དང་ཐོག་རང་ འཐོན་དགོ་པའི་རྒྱུ་མཚན་ག་ཅི་ཡོད་ཟེར་བ་ཅིན་ གཞན་འཆམ་གཅིག་ཡང་མ་རྐྱབ་པའི་གོང་ལས་ ཏེ་ང་བཅས་ར་ ཏེ་བྱིན་རླབས་སྦོམ་ ཏེ་ཕག་འཆམ་ཟེར་མི་ཅིག
- ཕུར་པ་ Phurpaཏེ་རྐྱབ་ནི་གི་ལམ་ལུགས་ཅིག་ཡོད། འ་ནཱི་ཕག་འཆམ་འདི་རྐྱབ་དགོཔ་དང་ བྱིན་རླབས་སྦོམ་འོང་དགོ་པའི་དོན་དག་དང་ རྒྱུ་མཚན་ཞུ་བ་ཅིན་ ཏེ་ང་བཅས་ར་ གཏམས་ཞིང་ལྷུན་གྲུམ་ཆོས་གླིང་གཙུག་ལག་ཁང་ འགོ་དང་ཐོག་ལས་ ཏེ་ས་བཅགས་པའི་བསྒང་ལུ་ གཏོར་སྟོན་པདྨ་གླིང་པ་གིས་ ཡ་ང་ག་དེ་སྦེ་བཞེངསམ་དྲག་ག་ཟེར་ ཐུགས་རྗེ་གནང་སྟེ་ ཐུགས་སྨོན་གནང་བཞུགས་པའི་སྐབས་ལུ།
- ཕུར་པ་ Phurpaཏེ་མཁའ་འགྲོ་རྡོ་རྗེ་ཕག་མོ་གིས་སྤྲུལ་སྦེ་ ཏེ་ཕགཔ་གཅིག་འབྱུང་སྦེ་ དེ་སྦེ་བྱུང་བའི་ལོ་རྒྱུས་འདུག དེ་ལས་འ་ནཱ་ལས་ ཕགཔ་གིས་ག་ཅི་འབད་ཡི་ཟེར་བ་ཅིན་ དང་པ་རང་ ང་བཅས་ར་ཕག་འཆམ་ཟེར་མི་འདི་ ཟུར་བཞི་ཟུར་བཞི་སྦེ་བཟུང་ནི་ཡོད། དང་པ་རང་ ཏེ་འཐོན་འཆམ་ [ལམ་སྒྲིག་?]གིས་འགོ་བཙུགས་ཏེ་ དེ་ལས་འ་ནཱ་ལས་ཟུར་ཟུར་སྦེ་བཟུང་དགོ་མི་འདི་ དོན་དག་ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ར་ གཙུག་ལག་ཁང་འདི་ གྲུ་བཞི་སྦེ་བཞེངས་དགོཔ་ལས་བརྟེན་ཏེ།
- ཕུར་པ་ Phurpaདེ་ལས་ཁོ་གི་ ཟུར་བཞི་ཟུར་བཞི་དང་པ་རང་ ཏེ་ཕག་འཆམ་གྱི་ལེའུ་འདི་ དང་པ་རང་ ཏེ་ས་འདུལ་ཕག་འཆམ་ཟེར་བརྩི་འོང་ དེ་ལས་གཙུག་ལག་ཁང་བཞེངས་ནི་གི་ཟུར་ལུ་ ཏེ་ང་བཅས་ར་ ས་སྨད་ཟེར་ ཟུར་ཁ་ལུ་ཙོག་པུ་སྦེ་སྡོད་སྦེ་ ཁོ་ལུ་གཡུག་ནི་ཅིག་ཡོད། འ་ནཱི་འདི་ རྨང་རྡོ་བཙུགས་ནི་གི་དོན་ལས་ ཏེ་འ་ནཱི་གཡུག་སྟེ་ ས་དོང་བརྐོ་བའི་ཚུལ་ཨིན།
- ཕུར་པ་ Phurpaདེ་ལས་ རྨང་རྡོ་བཙུགས་པའི་ཚུལ་ལས་ འ་ནཱི་ཚར་ཞིནམ་ལས་ ག་ཅི་ཡོད་ཟེར་བ་ཅིན་ བགེགས་བསྐྲོད་ཟེར་ཡོད་ ཏེ་ལགཔ་ལས་མེ་འབར་ནི་ཡོདཔ་སྦེ་ བཏང་ནི་ཅིག་ཡོད། འ་ནཱི་འདི་ གནས་བདག་གཞི་བདག་ཚུ་ ནཱ་ལུ་མ་བཞུགས་ འདྲེ་ཟུར་ད་ ཕར་ཚུར་ཟུར་ད་ ནཱ་ལུ་སངས་རྒྱས་ཀྱི་བསྟན་པ་ པད་གླིང་གི་བསྟན་པ་འདི་བཞེངས་ནི་ཨིན་ཟེར་ ཁྱེད་ཚུ་འ་ནཱིའི་བར་ན་མ་བཞུགས་ཟེར་ འབད་བའི་ཚུལ་བཞིན་དུ་ཨིན། དེ་ལས་འ་ནཱི་གི་ཤུལ་ལས་ འདོམ་བརྒྱད་ཟེར་ཡོད།
- ཕུར་པ་ Phurpaཏེ་ད་ གཙུག་ལག་ཁང་ སྦོམ་ཆུང་ འདོམ་ག་དེམ་ཅིག་འགྱོ་ནི་ཨིན་ན་ ཏེ་འདོམ་འཇལ་ཟེར་ ཏེ་དེ་སྦེ་འབད་བའི་ཚུལ་བཞིན་དུ་ཡོད་ འ་ནཱ་ལས་ འདོམ་འཇལ་ཚར་ཞིནམ་ལས་ དེ་ལས་འདི་ ཁོའི་བར་ན་ལས་ཚུར་ [ཕྱག་འཚལ་?]ཟེར་བརྩི་ནི་ ཡི་གེ་ཆ་བཟུམ་སྦེ་འཛུལ་དགོཔ་ཅིག་ཡོད། ཡ་ད་ ནཱ་འདོམ་ཡང་འཇལ་ཚར་ཡི་ དེ་ལས་གནས་བདག་གཞི་བདག་ཡང་ ཕར་ཚུར་བདའ་ཚར་ཡི་ དེ་ལས་འ་ནཱ་ལས་ ཏེ་ས་ཟུར་ རྩིགཔ་ཚུ་ དོང་ཚུ་ཡང་བརྐོ་ཚར་ཡི།
- ཕུར་པ་ Phurpaཏེ་ད་ འ་ནཱི་སངས་རྒྱས་བསྟན་པ་ ང་བཅས་ར་གཏེར་སྟོན་པད་མ་གླིང་པ་གི་པད་གླིང་གི་གདན་ས་འདི་ ཆགས་ནི་གི་དོན་ལས་ ཏེ་དོང་ག་ར་བརྐོ་ཚར་ཡི་ དེ་ལས་ འ་ནཱི་བརྐོ་ཚར་ཞིནམ་ལས་ ཁོ་འདི་ དེ་ལས་ག་ཏེ་འབྱོན་མ་འབྱོནམ་རང་མ་ཤེསཔ་སྦེ་ དེམ་ཅིག་སྦེ་ཡལ་ཏེ་ཡར་སོ་ཡི་ཟེར་ ཏེ་འ་ནཱི་ཡི་གེ་ཆ་བཟུམ་སྦེ་ ཡ་བཏུབ་ཅིག་སྨེ་ཟེར་ དེ་སྦེ་འབད་ནི་དེ་གིས་ གཏེར་སྟོན་པདྨ་གླིང་པ་གིས།
- ཕུར་པ་ Phurpaཐུགས་སྨོན་འདི་བཟུམ་གནང་ཞིནམ་ལས་ འ་ནཱི་བཟུམ་སྦེ་བྱུངམ་ལས་ དེ་ལས་རྐྱངམ་ཅིག་མཁའ་འགྲོམ་ཚུ་གིས་ རྩིགཔ་རྐྱབ་སྟེ་ གཏམས་ཞིང་ལྷུན་གྲུབ་ཆོས་གླིང་གཙུག་ལག་ཁང་འདི་ འ་ནཱི་བཞེངས་ཚར་ཡི་ཟེར་ཨིན་མས་ལགས་ ལས་རིམ་དང་པ་ དེ་ལས་ད་ གཤིན་རྗེ་ཟེར་མི་འདི་ ད་ང་བཅས་ར་གཙུག་ལག་ཁང་བཞེངས་སར་ སངས་རྒྱས་ཀྱི་བསྟན་པ་ལུ་ ཆོས་ཅིག་གནང་ནི་ཨིན་རུང་ ག་ཅི་ཨིན་རུང་ ས་བཅད་གཤིན་རྗེ་ཟེར་ ས་བཅད་པའི་ཚུལ་བཞིན་དུ་ཨིན་ཟེར་ གཤིན་རྗེ་ཟེར་ཡོད་ལགས།
- ཕུར་པ་ Phurpaགཤིན་རྗེ་ནང་ལས་ཡང་ པད་གླིང་གཤིན་རྗེ་དང་ ལྷ་ལུང་གཤིན་རྗེ་ཟེར་གཉིས་ཡོད། ལྷ་ལུང་གཤིན་རྗེ་ཟེར་ གཉིས་འོང་དགོ་པའི་རྒྱུ་མཚན་ག་ཅི་ཨིན་ན་ པད་གླིང་གཤིན་རྗེ་ཟེར་མི་འདི་ ང་བཅས་ར་འབྲུག་ལུ་ གཏམས་ཞིང་ལྷུན་གྲུབ་ཆོས་གླིང་གི་གཙུག་ལག་ཁང་ ཏེ་འ་ནཱི་གི་ ནཱ་འབྲུག་ལུ་གནང་བའི་ པད་གླིང་གཤིན་རྗེ་ཨིན་མས།
- ཕུར་པ་ Phurpaལྷ་ལུང་གཤིན་རྗེ་ཟེར་ གཏེར་སྟོན་པདྨ་གླིང་པ་ ཡར་ བོད་ལྷ་ལུང་ལུ་བྱོན་ཏེ་ ལྷ་ལུང་ལུ་གནང་བའི་གཤིན་རྗེ་ དགེ་སློང་ཚུ་གིས་གནང་བའི་ ཏེ་ལྷ་ལུང་གཤིན་རྗེ་ཟེར་ ཏེ་ལམ་ལུགས་སྲོལ་གཉིས་དེམ་ཅིག་འདུག དེ་ལས་ ཤ་ཟམ་ཟེར་ ཏེ་ཤ་ཟམ་ཡང་ང་བཅས་ར་ག་ར་ ཏེ་ཨོ་རྒྱན་གུ་རུ་རིན་པོ་ཆེ་དང་ ནམ་མཁའ་སྙིང་པོ་སྐུ་ཕྲེང་དང་པ་གིས་གཏེར་བཞེས་སྦེ་ ཤ་བ་དཀརཔོ་ལུ་ཆིབས་ཏེ་ ང་བཅས་ར་ འདྲེ་སྲིན་གདུག་པ་ཅན་ག་ར།
- ཕུར་པ་ Phurpaདམ་ལུ་བཏགས་ནི་གི་དོན་ལས་ ཤ་ཟམ་ཟེར་བྱུང་བའི་ལོ་རྒྱུས་འདུག དེ་ལས་འ་ནཱི་གི་ཤུལ་ལས་ག་ཅི་ཡོད་ཟེར་བ་ཅིན་ པདྨ་གླིང་པ་རྔ་འཆམ་ཟེར་མི་ཅིག་ཡོད། དེ་ལས་སངས་རྒྱས་གླིང་པའི་རྔ་འཆམ་ཟེར་ཡོད། དེ་ལས་ གྲི་གིང་ རྒྱུག་གིང་ དེ་ལས་དུར་བདག་ཟེར་ཡོད། ཏེ་འ་ནཱི་གི་སྐབས་ལུ་ པདྨ་གླིང་པ་རྔ་འཆམ་འདི་ ཁོ་ར་པད་གླིང་ཁོ་ར་གི་ ཏེ་དེ་སྦེ་གནང་གནངམ་གི་ ཏེ་དེ་ཡང་ པདྨ་གླིང་པ་རྔ་འཆམ་དང་ སངས་རྒྱས་གླིང་པ་རྔ་འཆམ་འདི་ ག་དེ་སྦེ་བྱུང་ཡི་ཟེར་བ་ཅིན་ ཏེ་གཏམས་ཞིང་ལྷུན་གྲུབ་ཆོས་གླིང་གཙུག་ལག་ཁང་འདི་བཞེངས་ཚར་སྦེ།
- ཕུར་པ་ Phurpaབཞེངས་ཚར་བའི་ཤུལ་ལས་ རབས་གནས་གནང་བའི་བསྒང་ལུ་ ཏེ་བཞེངས་ཚར་ཞིནམ་ལས་ མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར་དང་ གཏེར་སྟོན་པདྨ་གླིང་པ་ཁོང་གཉིས་ ཏེ་མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར་གདན་དྲངས་སྦེ་ ཏེ་དེ་བསྒང་རབས་གནས་གནང་སྟེ་ གནང་བའི་སྐབས་ལུ་ ཏེ་དེ་བསྒང་ལུ་ གཏེར་སྟོན་སངས་རྒྱས་གླིང་པ་ཡང་བཞུགསཔ་ལས་བརྟེན་ཏེ་ གཅིག་པདྨ་གླིང་པ་རྔ་འཆམ་ པད་གླིང་གི་
- ཕུར་པ་ Phurpaགཅིག་གཏེར་སྟོན་སངས་རྒྱས་གླིང་པ་བཞུགསཔ་ལས་ གཏེར་སྟོན་སངས་རྒྱས་གླིང་པའི་རྔ་འཆམ་ཟེར་གཉིས་ རྔ་འཆམ་གཉིས་མཛད་དགོ་འདི་ འ་ནཱི་རབས་གནས་སྐབས་ལུ་ སྤྲོ་བ་ དེ་ལས་འ་ནཱི་བཟུམ་ གནང་མི་ ཏེ་གླུ་བྲོ་གར་གྱི་མཆོད་པ་ཟེར་ དེ་ལས་འདི་ ད་ལྟོ་གླུ་གཞས་ འཆམ་གཉིས་ གཅིག་ཁར་འཐོན་དགོ་མི་འདི་ དུས་རབས་བཅོ་ལྔའི་སྐབས་ལུ་ གཙུག་ལག་ཁང་བཞེངས་ཏེ་ རབས་གནས་གནང་མི་ མཁན་ཆེན་ཚུལ་ཁྲིམས་དཔལ་འབྱོར་དང་ གཏེར་སྟོན་པདྨ་གླིང་པ།
- ཕུར་པ་ Phurpaདེ་ལས་ ད་ང་བཅས་ར་བུམ་ཐང་སྡེ་བཞི་ལུ་ ཧེ་མ་ མི་ཚུ་ དེ་ལས་འ་ནཱ་ལས་ སློབ་མ་དག་པ་ཅིག་ འ་ནཱི་བཞུགས་པའི་སྐབས་ལུ་ ཏེ་སློབ་མ་ཚུ་ལུ་སྟོན་གནང་སྟེ་ གཏེར་ཁ་འདི་བཟུམ་བཞེས་བཞེསཔ་དང་ ཏེ་གླུ་གཞས་དང་འཆམ་བསླ་བསྲེས་སྦེ་ ཏེ་ད་འཆམ་འཛུལ་ཞིནམ་ལས་གླུ་གཞས་ གླུ་བྲོ་གར་གྱི་མཆོད་པ་ གླུའི་མཆོད་པ་ཕུལ་དགོ་མི་འདི་ དེ་བསྒང་ལས་ཡར་ ཏེ་བྱུང་བའི་ལོ་རྒྱུས་ འདི་བཟུམ་ཅིག་འདུག་ ཟེར་ཞུ་ནི་ལགས།
- ཕུར་པ་ Phurpaདེ་ལས་འ་ནཱ་ལས་ ལས་རིམ་གཉིས་པ་ ད་ང་བཅས་ར་ མེས་མེས་འཆམ་ཟེར་མི་ཅིག་ཡོད། ཏེ་མེས་མེས་འཆམ་ཟེར་མི་འདི་ ག་དེ་སྦེ་སྨོ་ཟེར་བ་ཅིན་ ཏེ་ད་ མ་པ་ཕོ་ལེགས་མོ་ལེགས་ཀྱི་དོན་ལས་ཨིན་མས། ཕོ་ལེགས་མོ་ལེགས་ཚུ་མ་འཐོན་པའི་གོང་ལས་ ཏེ་མེས་མེས་འཆམ་འདི་ ཁོ་གི་ ཏེ་བཤད་པ་དང་སྦྲགས་ཏེ་ཡོད། ལེའུ་དང་སྦྲགས་ཏེ་ཡོད། ཕྱག་མཚན་འདི་ ཏེ་ཕྱག་གི་འདི་ ང་བཅས་ར་ ཕོ་མཚན་འབག་དགོ་པའི་རྒྱུ་མཚན་དང་སྦྲགས་ཏེ་འབད་བ་ཅིན།
- ཕུར་པ་ Phurpaཏེ་ད་ང་བཅས་ར་ བླམ་འབྲུག་པ་ཀུན་ལེགས་དང་ བློ་གྲོས་ ག་ཅི་ལོ་ འ་ནཱི་རྒྱལ་བ་བློ་ འ་ནཱི་གཉིས་ གཉིས་ཀྱིས་འབད་ བླམ་འབྲུག་པ་ཀུན་ལེགས་ལུ་གཏན་ལ་ཕབ་ཏེ་ [སྤོ་ཆེན་?]རྒྱལ་བ་བློ་གྲོས་ཀྱི་རྣམ་ཐར་ལས་སྦེ་ ཏེ་ཁོ་འདི་ རྣམ་ཐར་ལས་བྱུང་བའི་སྐུ་འཆམ་གྲངས་སུ་བརྩི་འོང་། དེ་ལས་ ད་ལྟོ་ ཧེ་མའི་ཕག་འཆམ་འདི་ གཏེར་སྟོན་དག་སྣང་བྱུང་བྱུངམ་དང་ དེ་ལས་པདྨ་གླིང་པ་ སངས་རྒྱས་གླིང་པ་རྔ་འཆམ་འདི་ གཏེར་སྟོན་དག་སྣང་ལས་བྱུང་བའི་འཆམ་ ཟེར་བརྩི་ནི་འདུག
- ཕུར་པ་ Phurpaདེ་ལས་ མེས་མེས་འཆམ་འདི་ རྣམ་ཐར་ལས་བྱུང་བའི་འཆམ་ ཟེར་བརྩི་ནི་འདུག ཏེ་འ་ནཱི་འདི་རྣམ་ཐར་ ག་དེ་སྦེ་བྱུང་ཡི་ཟེར་བ་ཅིན་ ཏེ་ང་བཅས་ར་ བླམ་འབྲུག་པ་ཀུན་ལེགས་དང་ [སྤོ་ཆེན་?]རྒྱལ་བ་བློ་གྲོས་གཉིས་ཀྱིས་ དེ་ལས་ང་བཅས་ར་ ཕོ་མཚན་འབག་དགོ་པའི་རྒྱུ་མཚན་འདི་ བསྟན་པ་འདི་ ང་བཅས་མི་ལུས་རིན་པོ་ཆེ་ ག་ཅི་གིས་དརཝ་སྨོ་ཟེར་བ་ཅིན་ ཏེ་ཕོ་མཚན་གྱིས་ འ་ནཱི་བཟུམ་ དཔེ་འ་ནཱི་བཟུམ་ཨིན་ཟེར།
- ཕུར་པ་ Phurpaཏེ་ཁོ་གི་བཤད་པ་ནང་ག་དེ་སྦེ་ཡོད་ཟེར་བ་ཅིན་ ཏེ་ཁོ་གི་འ་ནཱི་འཆམ་འབག་སྟེ་ ཏེ་བསྐོར་རོ་རོ་རྐྱབ་སྦེ་ ཏེ་བཤད་པ་ནང་ན་ག་ཅི་ཡོད་ཟེར་བ་ཅིན་ ཁོ་གི་ཏེ་དགོད་བྲོ་ཟེར་ཡོད་ཟེར་ མགུ་ཏོ་མར་ལྟ་སྟེ་ཡོད་ཟེར་ དེ་ལས་བུམོ་ཁལ་ལྔའི་བདག་པོ་ཁོ་ཨིན་ ཨིན་རུང་ བུམོ་ཁལ་ལྔཔོ་འདི་ རྐྱབ་ནི་འདི་ཚར་གཅིག་ཡང་ང་མ་ཐོབ་ཟེར་ དེ་ལས་ བསང་བཏང་མི་ཁལ་ལྔ་འདུག ཏེ་ང་བཅས་ར་དུ་པ་འདི་ ང་གིས་མ་མཐོང་ཟེར་ཡོད།
- ཕུར་པ་ Phurpaཚོགས་ཆང་དྲངས་མི་ཁལ་ལྔ་འདུག ཏེ་ཆང་ཕོརཔ་གཅིག་ཡང་ང་འཐུང་མ་མྱོང་ཟེར་ཡོད། དེ་ལས་ ཁོ་རའི་ ག་ཅི་ཨིནམ་ཟེར་བ་ཅིན་ རྒྱ་ཚ་མིན་ཁལ་ལྔ་འདུག ནོར་ལོངས་སྤྱོད་ཀྱི་ཐོག་ལས་འབད་བ་ཅིན་ རྒྱ་ཚ་མིན་ཁལ་ལྔ་འདུག འ་ནཱི་རྒྱ་ཚ་མིན་ཁལ་ལྔ་ཡོད་རུང་ དརཝ་ཕོརཔ་གཅིག་ཡང་ང་གིས་འཐུང་མ་མྱོང་ཟེར་ཡོད། དེ་འབདཝ་ལས་ རྣམ་ཐར་ནང་ན་ མ་པ་ ག་ར་ མི་དགའ་ཡིད་སྤྲོ་བ་ངང་ལུ་བྱུང་སྟེ་ ག་ར།
- ཕུར་པ་ Phurpaམྱ་ངན་ཕོག་མི་ཡང་ སྡུག་བསྔལ་ལས་འགྲོལ་ནིའི་འགྲོལ་ཐབས་འབད་ ཏེ་འ་ནཱི་བཟུམ་མའི་སྤྱོད་ངན་འབད་དེ་ ཏེ་དགོད་བྲོ་སྦེ་གསུངས་པའི་ལོ་རྒྱུས་ བླ་མ་འབྲུག་པ་ཀུན་ལེགས་དང་ [སྤོ་ཆེན་?]རྒྱལ་བ་བློ་གྲོས་གཉིས་ཀྱི་རྣམ་ཐར་ནང་ལས་གཉིས་བསྡོམས་སྦེ་ ཏེ་འ་ནཱི་བཟུམ་བཟོ་གནང་གནངམ་ ཏེ་རྣམ་ཐར་ལས་བྱུང་བའི་སྐུ་འཆམ་འདི་བཟུམ་འདུག དེ་ལས་མཇུག་ལུ་འདི་ ཏེ་ཁོ་གི་ ཏེ་འ་ནཱི་ལུ་ ང་བཅས་ར་ འ་ནཱི་ཕོ་མཚན་སྦོམ་པའི་སྟབས་ཀྱིས།
- ཕུར་པ་ Phurpaབུམོ་ཚུ་གིས་རྩ་ལས་རང་ ཁོ་དགོ་མ་བཏུབ་ཟེར་ ཏེ་འ་ནཱི་བཟུམ་ ཏེ་ང་འ་ནཱི་བཟུམ་ཨིན། མི་རྒས་རུང་རང་ ང་བཅས་ཀྱི་ཕོ་མཚན་འདི་ རྒས་རྒསཔ་མེད་ཟེར་ ཁོ་གི་ འ་ནཱི་བཤད་པ་ནང་ རྒད་པོ་རྒས་ཀྱང་རྩ་མི་རྒས། །རྩ་ཆེན་སྡོང་པོ་ཕི་རི་རི། །ཟེར་ ཏེ་འ་ནཱི་བཟུམ་མའི་ལོ་རྒྱུས་ ཏེ་གཏམ་ང་བཅས་ར་བཤད་པ་ནང་ན་ འ་ནཱི་བཟུམ་ཡོད་ འདི་དང་སྦྲགས་ཏེ་འཆམ་ དེ་སྦེ་ཡོད་ཟེར་ཞུ་ནི། ཏེ་འ་ནཱི་འཆམ་འདི་[སྤོ་ཆེན་?]རྒྱལ་བ་བློ་གྲོས་དང་ བླ་མ་འབྲུག་པ་ཀུན་ལེགས་གཉིས་ཀྱིས་ ཏེ་རྣམ་ཐར་ལུ།
- ཕུར་པ་ Phurpaབཙུགས་གནངམ་ལས་ མི་ག་ར་ སེམས་དགའ་ནི་གི་དོན་ལས་ མྱ་ངན་ལ་སོགས་པ་མེད་པར་ དགའ་ཞིང་སྤྲོ་བའི་ངང་ལུ་བསྐྱེལ་སྦེ་ ཏེ་ཐར་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་གི་དོན་ལས་ སྡུག་བསྔལ་མེདཔ་སྦེ་སྡོད་ནི་གི་དོན་ལས་ ཏེ་འ་ནཱི་བཟུམ་མའི་སྤྱོད་ངན་འབད་དེ་ མཛད་གནང་བའི་རྣམ་ཐར་ནང་ལས་བྱུངམ་ལས་བརྟེན་ཏེ་ མེས་མེས་འཆམ་ཟེར་མི་ཅིག་ འདི་བཟུམ་ཡོད་ཟེར་ཞུ་ནི། དེ་ལས་ད་ མཇུག་ལུ་ ང་བཅས་ར་ལས་དགེ་སྡིག་དཀར་ནག་ལས།
- ཕུར་པ་ Phurpaཏེ་རག་ཤ་དམངས་འཆམ་ གཏེར་སྟོན་ཀརྨ་གླིང་པ་གིས་ གཏེར་ཁ་ལས་བྱུང་བྱུངམ་ དུས་རབས་འབད་བ་ཅིན་ བཅུ་གསུམ་ལུ་བྱུང་བའི་སྐུ་འཆམ་འདི་ ཏེ་སྤྱིར་འགྲོ་བ་རིགས་དྲུག་སེམས་ཅན་ག་ར་གི་དོན་ལས་ ལས་དཀརཔོ་དང་ ཏེ་ངནཔ་ ནགཔོ་གཉིས་ཀྱི་བཟང་ངན་ དབྱེ་བ་ཕྱེ་སྟེ་ ཏེ་ད་ལྟོ་ ང་བཅས་ར་ སྤྱིར་ག་ར་གི་ ཏེ་མི་ཚུ་གི་དོན་ལས་ ལས་དགེ་སྡིག་སྤང་ནི་གི་དོན་ལས་ ཏེ་རག་ཤ་དམངས་འཆམ་ཟེར་ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་ རག་ཤ་དམངས་འཆམ་ཟེར་ ཞུ་ནི་ཅིག་འདུག
- ཕུར་པ་ Phurpaཏེ་དེ་འབདཝ་ལས་བརྟེན་ཏེ་ རག་ཤ་དམངས་འཆམ་ཟེར་མི་འདི་ ཏེ་གྲུབ་ཐོབ་ཀརྨ་གླིང་པ་གིས་ གཏེར་ཁ་ལས་ སྲིད་པའི་བར་དོ་དགེ་སྡིག་[རང་སོ་བཏོན་པའི་?]ཞག་གྲངས་ཉི་ཤུ་རྩ་གཅིག་ཤི་སྟེ་ ཡང་ན་ བཞི་བཅུ་ཞེ་དགུ་ ཏེ་དེ་ཡང་ སྡིག་པ་གནམ་མེད་ས་མེད་མ་འབད་མི་དང་ ཏེ་དགེ་བ་གནམ་མེད་ས་མེད་མེད་མི་ ཏེ་ད་བླ་མ་བཟངཔོ་ ས་བཅུ་བྱང་ཆུམ་སེམས་དཔའ་ རང་དབང་ཐོབ་པའི་བླ་མ་རེ་ཨིན་པ་ཅིན་ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་རག་ཤ་གླང་མགོའི་སྐུ་མདུན་ལུ་ འཐོན་མ་དགོཔ་ཅིག་ཨིན་མས།
- ཕུར་པ་ Phurpaཚད་ཚད་མེད་པའི་སྡིག་པ་ ཆུང་ཀུའི་བསྒང་ལས་རང་སྡིག་པ་འབདཝ་འབད་ས་རང་ འབད་དེ་རང་ཤི་མི་ མི་ཚུ་འདི་ རག་ཤ་གླང་མགོའི་སྐུ་མདུན་ལུ་འཐོན་ནི་མེདཔ་ཨིན་མས། ད་ལྟོ་ང་བཅས་ཚུ་ གནམ་མེད་ས་མེད་ སྡིག་པ་ཡང་མ་འབད་ དགེ་བ་ཡང་གནམ་མེད་ས་མེད་ མ་འབད་མི་མི་འདི་ ཏེ་ཞག་གྲངས་ཉི་ཤུ་རྩ་གཅིག་དང་ བཞི་བཅུ་དགུའི་བར་ན་འཆར་ཏེ་ ཏེ་དེ་བཟུམ་མའི་ རག་ཤ་དམངས་འཆམ་ ཟེར་མི་འདི་རྐྱབ་དགོ་པའི་རྒྱུ་མཚན་འདི་ ལས་བཟང་པོ་ ངན་པ་འབད་བའི་ཤན་ཕྱེ་སྦེ་ ཏེ་སྡིག་པ་འ་ནཱིམ་ཅིག་འབད་ནུག་ཟེར་ འདྲེ་ནག་གིས།
- ཕུར་པ་ Phurpaདེ་ལས་ དགེ་བ་འ་ནཱིམ་ཅིག་འབད་ནུག་ཟེར་ ལྷ་དཀར་གྱིས། དེ་ལས་ད་ འ་ནཱི་གཉིས་མ་འགྲིགཔ་ལས་བརྟེན་ཏེ་ སྤྱ་གིས་སྲང་འཇལ་ ཏེ་རག་ཤ་གིས་ གཤིན་རྗེ་ཆོས་ཀྱི་རྒྱལ་པོ་གིས་རག་ཤ་ལུ་བཀའ་གནང་སྟེ་ རག་ཤ་གིས་ [དུག་པ་དྲིལ་བུ?]ལུ་བཀའ་གནང་སྟེ་ [དུག་པ་དྲིལ་བུ་?]གིས་ འགན་ཁུར་ གསལ་བའི་མེ་ལོང་འབག་སྟེ་ འགན་ཁུར་འབད་མི་འདི་ ཏེ་ཁོ་གི་རིགས་དང་ ཁོ་གཡུས་ག་ཏེ་ལས་འོང་ཡི་ག་ དབྱེ་བ་ཕྱེ་སྟེ་འབད་མི་འདི་ ཏེ་ད་ རག་ཤ་དམངས་འཆམ་ཟེར་ མཇུག་ལུ་ ཏེ་ཉིནམ་མཇུག་གི་ཉིནམ་ལུ་གནང་དགོ་པའི་རྒྱུ་མཚན་དེ་སྦེ་ཨིན།
- ཕུར་པ་ Phurpaདེ་ལས་ ཞྭ་ནག་རྔ་འཆམ་ཅིག་ཡོད། དེ་ལས་ གིང་ཚོགས་ལིང་ཡོད་ གུ་རུ་མཚན་བརྒྱད་ཡོད་ལགས། དེ་ལས་ གུ་རུ་མཚན་བརྒྱད་ཚུ་ག་ར་ ཁ་ཙ་ཞུ་དོ་བཟུམ་སྦེ་ སྤྲུལ་པའི་རྫུ་འཕྲུལ་གྱི་གར་འཆམ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་གཙོ་བོ་ཁོ་ར་འབདཝ་ལས་ ཁོ་གིས་སྤྲུལ་ཏེ་ དེ་ལས་ཡན་ལག་ལེ་ཤཱ་ པདྨ་འབྱུང་གནས། བློ་ལྡན་མཆོག་སྲེད། ཉི་མ་འོད་ཟེར། གུ་རུ་རྡོ་རྗེ་གྲོ་ལོད། སེངྒེ་སྒྲ་སྒྲོག་ཟེར་ ཁྲོ་བོ་སྦེ་འབྱོན་དགོ་མི་འདི།
- ཕུར་པ་ Phurpaབགེགས་ དགྲ་བགེགས་ག་ར་ དགྲ་དང་བགེགས་ཚུ་ག་ར་དབང་དུ་བསྡུས་ནིའི་དོན་ལས་ ལ་ལུ་ཁྲོ་སྦེ་འབྱོན་ ལ་ལུ་ཞི་བ་སྦེ་འབྱོན་པའི་ལས་རིམ་གཅིག་དེ་སྦེ་འདུག དེ་ལས་ གིང་ཚོགས་ལིང་གཉིསཔོ་འདི་ རྐྱབ་དགོ་པའི་རྒྱུ་མཚན་ ག་ཅི་སྨོ་ཟེར་བ་ཅིན་ ང་བཅས་ར་ བོད་བསམ་ཡས་བཞེངས་པའི་སྐབས་ལུ་ ཏེ་རྒྱལ་པོ་ཁྲི་སྲོང་བཙན་དང་ དེ་ལས་མཁན་ཆེན་བོ་དྷི་སཏྭ་གཉིས་ཀྱིས་ གཙུག་ལག་ཁང་བཞེངས་པའི་སྐབས་ལུ་ ལྷ་མ་སྲིན་སྡེ་བརྒྱད་ཚུ་གིས་ ལྷ་འདྲེ་མི་གསུམ་ཚུ་གིས་ རྩ་ལས་རང་བཞེངས་མ་བཅུག་པར་ ཆོས་ལུ་བར་ཆད་འབདཝ་ལས་བརྟེན་ཏེ།
- ཕུར་པ་ Phurpaདེ་ལས་ཨོ་རྒྱན་གུ་རུ་རིན་པོ་ཆེ་ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས་ལས་ཡར་གདན་དྲངས་ཏེ་ ཁོང་གཉིས་ཀྱིས་ཡར་ དེ་ལས་ད་ བཞེངས་བཅུག་ནི་གི་དོན་ལས་ དེ་བཟུམ་མའི་སྤྲུལ་པའི་རྫུ་འཕྲུལ་གྱི་གར་འཆམ་ཟེར་ ཏེ་ལ་ལུ་མཚོ་ལིང་ མཚོ་ནང་ལས་ཐོན་ཏེ་ དེ་ལས་ལ་ལུ་གིང་སྦེ་འཐོན་ བྱུང་སྟེ་ འདི་བཟུམ་མའི་སྤྲུལ་པའི་རྫུ་འཕྲུལ་གྱི་གར་འཆམ་འབདཝ་ལས་བརྟེན་ཏེ་ ལྷ་མ་སྲིན་སྡེ་བརྒྱད་ཚུ་ཡེངས་ཏེ་ འ་ནཱི་ལུ་བལྟ་སྦེ་ཡེངས་ཏེ་ དམག་རྐྱབ་རྐྱབ་ཅོག་ར་འཐདཔ་སྦེ་ ཏེ་དེ་བཟུམ་སྦེ་སྤྲུལ་ཏེ།
- ཕུར་པ་ Phurpaདེ་སྦེ་གནངམ་ལས་བརྟེན་ཏེ་ འ་ནཱི་གནང་དགོ་པའི་རྒྱུ་མཚན་འདི་ བོད་བསམ་ཡས་བཞེངས་ གཙུག་ལག་ཁང་བཞེངས་ཏེ་ སངས་རྒྱས་ཀྱི་བསྟན་པ་ ཏེ་ག་ཅི་ལོ་ གོང་འཕེལ་འགྱོ་ནི་དང་ དེ་ལས་ སངས་རྒྱས་བསྟན་པ་བཞེངས་ཞིནམ་ལས་ བྱིན་གྱིས་བརླབས་སྦེ་ ཏེ་ང་བཅས་ག་ར་ ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་གྲོལ་ཏེ་ སེམས་ཅན་ག་ར་ ཐར་པའི་སངས་རྒྱས་གོ་འཕང་འཐོབ་ནིའི་དོན་ལས་ འ་ནཱི་བཟུམ་མཛད་གནང་ནུག
- ཕུར་པ་ Phurpaདེ་ལས་ ང་བཅས་ར་[ཁྱུང་ཟམ་?]ཟེར་མི་དེ་ཡང་ ཏེ་ག་ཅི་སྨོ་ཟེར་བ་ཅིན་ འ་ནཱི་ཡང་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་སྤྲུལ་པའི་རྫུ་འཕྲུལ་གྱི་གར་འཆམ་ཨིན། ཏེ་ད་ལྟོ་ རྔ་འཆམ་གྱི་སྐབས་ལུ་ གངས་ཆེན་སེང་གེ་དཀར་མོ་གིས་འགོ་འཁྲིད་འབད་དེ་དང་ ཏེ་ཁྱུང་འདི་མཇུག་ལས་འཐོན་འབད་དགོ་པའི་ རྩ་ཆེ་ཤོས་འདི་ ག་ཅི་སྨོ་ཟེར་བ་ཅིན་ ཏེ་ད་ལྟོ་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་སྤྲུལ་པ་འབདཝ་ལས་ ཏེ་ཕྱིའི་གཟུགས་འདི་ བྱ་ཁྱུང་ལུ་སྤྲུལ་ཏེ་འབྱོན་རུང་ ནང་འདི་ ཨོ་རྒྱན་གུ་རུ་རིན་པོ་ཆེ་ དངོས་སུ་ཨིནམ་པ་ལས་བརྟེན་ཏེ།
- ཕུར་པ་ Phurpaབྱིན་རླབས་ག་ཅི་བ་སྦོམ་ དེ་ལས་དགྲ་བགེགས་འབྱུང་པོ་ཚུ་ག་ར་དབང་དུ་བསྡུས་ཏེ་ དེ་ལས་ ང་བཅས་ར་ལྷ་དང་ཀླུ་ཚུ་ཡང་ག་ར་འདྲོག་སྟེ་ དེ་ལས་འ་ནཱི་བཟུམ་འབདཝ་ལས་ ཕྱག་གཡས་པ་གིས་ དུག་སྦྲུལ་འདི་བཟུང་ གཡོན་པ་གིས་ དུག་སྦྲུལ་གྱི་མཇུག་མ་བཟུང་ དེ་ལས་ཞལ་གྱིས་ དུག་སྦྲུལ་བར་ན་ལས་ ཞལ་གྱིས་ཁྱུང་གིས་གཏམས་འབག་འོང་དགོ་མི་འདི་ ཨོ་རྒྱན་གུ་རུ་རིན་པོ་ཆེ་དངོས་སུ་བྱོན་ཏེ་ ཀླུའི་རྒྱལཔོ་འདི་ འདྲོག་དགོ་མི་ དབང་དུ་བསྡུས་ཟིལ་གྱིས་མནན་ཏེ་ དེ་ལས་ ང་བཅས་རའི་ལུང་པ་ལུ་ནད་ཡམས་མུ་གེ་
- ཕུར་པ་ Phurpaཀླུ་ནད་ལ་སོགས་པ་ག་ར་ཞི་ནི་གི་དོན་ལུ་འབདཝ་ལས་བརྟེན་ ཏེ་འདི་བཟུམ་མའི་སྤྲུལ་པའི་རྫུ་འཕྲུལ་གར་འཆམ་ བྱ་ཁྱུང་ ཁྱུང་ཟམ་ཟེར་རྐྱབ་དགོ་པའི་རྒྱུ་མཚན་དེ་སྦེ་ཨིན་མས་ཟེར་ ཏེ་ད་ལྟོ་ ང་གིས་ཡང་གནམ་མེད་ས་མེད་ཅིག་མི་ཤེས་པས། ཨིན་རུང་ ཏེ་ང་ར་ལུ་ རོགས་རྒན་ཤོས་ཚུ་གིས་གསུངས་གསུངསམ་དང་ རྣམ་ཐར་ལས་ བླམ་ཚུ་གིས་གསུངས་གསུངསམ་ མཁས་པ་ཚུ་གིས་གསུངས་གསུངསམ་ དེ་ལས་ད་ གཏེར་སྟོན་པདྨ་གླིང་པའི་རྣམ་ཐར་ ཨོ་རྒྱན་གུ་རུ་རིན་པོ་ཆེའི་རྣམ་ཐར་ སངས་རྒྱས་གླིང་པའི་རྣམ་ཐར་ འུག་པ་གླིང་པའི་རྣམ་ཐར།
- ཕུར་པ་ Phurpaཏེ་ ལེ་ཤ་ཅིག་གསུངས་བཞག་ནུག ཏེ་དེ་སྦེ་འབདཝ་ལས་ ཏེ་མཇུག་མཐའན་མཇུག་ལུ་ལྷོདཔ་ད་ ང་བཅས་སྐུ་འཆམ་གནང་མི་ཚུ་དང་ དེ་ལས་ རྒྱུ་བཏོན་མི་ག་ར་ ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་སྟེ་ ཐར་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ནི་གི་དོན་ལས་ཨིན་མས། ཏེ་ད་ང་བཅས་གི་ ཏེ་འ་ནཱི་རྩ་དང་ལུང་དང་ཐིག་ལེ་ ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལུ་ཕན་ཐོགས་པའི་ རྩ་ལུང་འཁྲུལ་འཁོར་ཟེར་ སྦལཔ་འཁྲུལ་འཁོར་ཟེར་རུང་ དེ་ལས་འཁོར་འདས་རུ་ཤན་ཟེར་རུང་ ག་ར་འ་ནཱི་འཆམ་གྱི་ནང་ན་བསྡུས་བཞགཔ་ལས་བརྟེན་ཏེ།
- ཕུར་པ་ Phurpaསྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་བསྡུས་བཞགཔ་ལས་བརྟེན་ནེ་ ང་བཅས་ར་ ཏེ་གཞན་ག་ཅི་ཡང་འབད་མ་ཚུགས་རུང་ འཆམ་གཅིག་ ལུས་སྦྱངས་(ལུས་འབྱོངས་) ཏེ་སྨན་ཁང་གསོ་བའི་ཁ་ཐུག་ལས་འབད་རུང་ ལུས་སྦྱངས་(ལུས་འབྱོངས་)ཟེར་སླབ་འོང་ལགས། ཏེ་སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ ལུས་ངག་ཡིད་གསུམ་ ཁ་གིས་ཤོབ་ སེམས་ཀྱིས་ཟོགཔ་ ལུས་ཀྱིས་བསདཔ་ལ་སོགས་པ་ འབུབ་ཚུ་བསད་བསདཔ་ལ་སོགས་པ་ག་ར་ བཤགས་ས་ མ་པ་ལས་རང་མེདཔ་ལས་བརྟེན་ ཏེ་ད་ འཆམ་གྱི་ཐོག་ཁར།
- ཕུར་པ་ Phurpaའུ་སྡུག་སྟེ་ རྔུལ་ནག་ཐོན་ཏེ་ དེ་ལས་ཕྱག་རྒྱ་ འགྱིང་སྟབས་ དེ་ལས་རྐང་སྟབས་ ལག་སྟབས་ དེ་ལས་རལ་གསིག་ མར་ལས་ཡར་ ཁམས་གསུམ་འཁོར་བའི་སྡུག་བསྔལ་ནང་འཁྱམས་སྡོད་མི་ཚུ་ག་ར་ མགུ་ཏོ་གི་རལ་གསིག་གིས་ མར་ལས་ཡར་ལྟ་ གཡུག་བཏང་བའི་སྐབས་ལུ་ ཐར་པའི་སངས་རྒྱས་ཀྱི་གོ་འཕང་ལུ་ ཀྲིག་ཀྲི་སྐྱེལ་ནི་གི་ཐུགས་སྨོན་གནང་སྦེ་ ཏེ་འ་ནཱི་བཟུམ་གྱི་དོན་ཁུངས་ དེ་སྦེ་འདུག
- ཕུར་པ་ Phurpaདེ་ལས་ རྔ་འཆམ་ཟེར་ རྔ་བརྡུང་སྟེ་ དེ་སྦེ་རྐྱབ་དགོ་མི་ རྔ་དང་རོལམོ་ དུང་རྒྱ་གླིང་གིས་ག་ཏེ་ཚུན་ཚོད་གོཝ་ཨིན་ན་ དེ་ནང་འཁོར་བ་འཁྱམས་སྡོད་མི་སེམས་ཅན་ག་ར་ ཐར་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་འོང་ཟེར་ དེ་སྦེ་གསུངས་བཞག་ནུག་ཟེར་ འ་ནཱིམ་ཅིག་ཞུ་ནི་ཟེར་ ཞུ་ནི་ཨིན།། །།